བི་མའི་ཡང་ཏིག་གི་བརྒྱུད་འདེབས་ཡེ་ཤེས་མཆོག་སྩོལ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-093
Wylie title bi ma'i yang tig gi brgyud 'debs ye shes mchog stsol JKCL-KABUM-03-GA-093.pdf
Location chos kyi blo gros bka' 'bum
Volume 3, Text 93, Pages 375 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bi ma'i yang tig gi brgyud 'debs ye shes mchog stsol. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 375. Bir, H.P.: Khyentse Labrang, 2012.
Genre Lineage Supplications - brgyud 'debs
Colophon

།ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་འདི་ཡི་བསྙེན་སྒྲུབ་ལ་གཞོལ་བ་ན་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །

/ces pa'ang pad+ma ye shes rdo rjes 'di yi bsnyen sgrub la gzhol ba na gsol ba btab pa dge legs su gyur cig__/

1 Texts in this Section (sde tshan or chos tshan)

[edit]
བི་མའི་ཡང་ཏིག་གི་བརྒྱུད་འདེབས་ཡེ་ཤེས་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །ཀུན་ཏུ་བཟང་པོ་སྟོན་པ་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་བདུད་འདུལ་སེང་གདོང་མ། །གསང་བདག་དཔའ་བོ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད། །མཉྫུ་མི་ཏྲ་དཔལ་གྱི་སེང་གེ་དང་། །བི་མ་མི་ཏྲ་ཆོས་རྒྱལ་ཡབ་སྲས་དང་། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད། །འོད་གསལ་ཀློང་ནས་སྤྲུལ་པའི་རྡོ་རྗེ་ཤར། །རྣམ་པར་སྣང་མཛད་པདྨ་གར་གྱི་དབང་། །དམ་འཛིན་རྣམ་རོལ་རཏྣ་ཨཀྵ་ར། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད། །བླ་མ་དཔལ་ཆེན་ཌཱ་ཀི་འབུམ་གྱི་ཚོགས། །དགྱེས་པས་བྱིན་རློབས་ཡེ་ཤེས་བཅུད་དུ་སྨིན། །རིག་སྟོང་འོད་གསལ་ཆོས་སྐུར་རྫོགས་པ་དང་། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་འདི་ཡི་བསྙེན་སྒྲུབ་ལ་གཞོལ་བ་ན་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག ། །།

Footnotes

Other Information