JKCL-KABUM-03-GA-084: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: . Bir, H.P.: Khyentse Labrang, 2012. | |fulltitletib=རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་ལ་གསང་རྣམ་གྱི་སྒོ་ནས་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག། | ||
|fulltitle=rje btsun dpal ldan bla ma dam pa 'jam pa'i dbyangs chos kyi blo gros la gsang rnam gyi sgo nas gsol ba 'debs pa byin rlabs myur 'jug | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rje btsun dpal ldan bla ma dam pa 'jam pa'i dbyangs chos kyi blo gros la gsang rnam gyi sgo nas gsol ba 'debs pa byin rlabs myur 'jug''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: 295-329. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 16: | Line 18: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=084 | |textnuminvol=084 | ||
|pagenumbers=295-329 | |||
|totalpages=35 | |||
|beginfolioline=1a | |||
|endfolioline=18a6 | |||
|totalfolios=18 | |||
|multivolumework=No | |||
|colophontib=།ཅེས་རྗེ་བཙུན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསང་རྣམ་གྱི་སྒོ་ནས་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ནི། ཡུལ་མདོ་ཁམས་སུ་སྐྱེས་ཤིང་བླ་མ་རྡོ་རྗེ་འཆང་གི་ཞལ་སློབ་ཀྱི་གྲལ་མཐར་མཆིས་པ་ཀུན་དགའ་དབང་ཕྱུག་གིས། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ནག་ཟླའི་ཚེས་ནང་རྗེ་བླ་མའི་ཞལ་གསུང་ཕྱག་བསྟར་དངོས་ཀྱི་ཤོག་དྲིལ་ནང་འཁོད་ཀྱི་གསང་རྣམ་དཀྱུས་སུ་བསྒྲིགས་སྐབས་སུ་རང་གི་དད་པའི་གསོས་འཛིན་དུ་བཅུད་བསྡུས་གསོལ་འདེབས་ཚིག་བཅད་མགྱོགས་བསྟར་བགྱིས་པར། ལོ་དེའི་མཇུག་ཏུ་རྣམ་ཐར་ཆེན་མོ་ཞིབ་མཇལ་སྐབས། སླར་ཡང་དེའི་ནང་ནས་ཀྱང་ཁ་ཤས་བླངས་ཤིང་གོང་དང་གཤམ་དུ་བསྒྲིགས་ཏེ་བསྣན་འཕྲི་ཅུང་ཟད་བཅས་སྤེལ་བར་རྗེ་གང་གི་སློབ་གྲོགས་བརྒྱུད་བཅས་ལ་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། | |||
|colophonwylie=/ces rje btsun bla ma rdo rje 'chang 'jam dbyangs chos kyi blo gros la gsang rnam gyi sgo nas gsol ba 'debs pa byin rlabs myur 'jug ces bya ba 'di ni/__yul mdo khams su skyes shing bla ma rdo rje 'chang gi zhal slob kyi gral mthar mchis pa kun dga' dbang phyug gis/__rab byung bcu drug pa'i chu byi nag zla'i tshes nang rje bla ma'i zhal gsung phyag bstar dngos kyi shog dril nang 'khod kyi gsang rnam dkyus su bsgrigs skabs su rang gi dad pa'i gsos 'dzin du bcud bsdus gsol 'debs tshig bcad mgyogs bstar bgyis par/__lo de'i mjug tu rnam thar chen mo zhib mjal skabs/__slar yang de'i nang nas kyang kha shas blangs shing gong dang gsham du bsgrigs te bsnan 'phri cung zad bcas spel bar rje gang gi slob grogs brgyud bcas la bla ma'i byin rlabs myur du 'jug pa'i rgyur gyur cig__/sarba mang+ga laM// | |||
|pdflink=File:JKCL-KABUM-03-GA-084.pdf | |pdflink=File:JKCL-KABUM-03-GA-084.pdf | ||
}} | }} | ||
Line 21: | Line 31: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་ལ་གསང་རྣམ་གྱི་སྒོ་ནས་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་ཞེས་བྱ་བ་བཞུགས་སོ། ། | ||
ཨོཾ་སྭསྟི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཡི། །ཡེ་ཤེས་སྐུ་ཅན་མཁྱེན་བརྩེ་ནུས་པའི་གཏེར། །རིགས་དང་དཀྱིལ་འཁོར་ཀུན་ཁྱབ་དྲིན་ཅན་རྗེ། །བླ་མ་འཇ༵མ་པའི་དབྱང༵ས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་། །འཁོར་ལོ་སྡོམ་པ་བླ་མའི་སྐུར་སྣང་བ། །ཆོས༵་ཀྱི༵་བློ༵་གྲོས༵་ཞབས་ལ་གསོལ་བ་འདེབས། །འཇ༵མ་དཔལ་དབྱང༵ས་དངོས་མཁྱེན༵་བརྩེའི༵་དབ༵ང་པོ༵་ཞེས། །འགྲོ་ཀུན༵་དགའ༵་བའི་གཉེན་མཆོག་རིས་མེད་ཀྱི། །བསྟན༵་པའི༵་རྒྱལ༵་མཚན༵་ཆེར་བསྒྲེངས་དཔ༵ལ་བཟ༵ང་པོའི༵། །ཕྲིན་ལས་རྣམ་འཕྲུལ་ཆེན་པོར་གསོལ་བ་འདེབས། །དགོས་འདོད་ཀུན་འབྱུང་བསམ་འཕེལ་དབང་གི་རྒྱལ། །འབྲེལ་ཚད་དོན་ལྡན་འཇམ་དབྱངས་བླ་མ་ཡི། །བསམ་གྱིས་མི་ཁྱབ་གསང་བའི་རྣམ་ཐར་མཆོག །ཡིད་ལ་དྲན་ཅིང་གུས་པས་གསོལ་བ་འདེབས། །མཉམ་རྗེས་དབྱེར་མེད་བདེ་ཆེན་ཆོས་སྐུའི་ཀློང་། །སྣོད་བཅུད་སྣང་བ་ལྷ་དང་གཞལ་ཡས་ཁང་། །གྲགས་སྟོང་སྐྱེ་མེད་སྔགས་ཀྱི་རང་སྒྲ་སྒྲོགས། །དག་པ་རབ་འབྱམས་ཁྱེད་ལ་གསོལ་བ་འདེབས། །ཐུབ་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་། །བི་མ་མི་ཏྲ་ལྷ་བཙུན་ཀློང་ཆེན་པ། །རྗེ་བཙུན་མི་ལ་ལམ་འབྲས་བླ་མ་སོགས། །དགྱེས་ཞལ་ཡང་ཡང་མཇལ་ལ་གསོལ༴ །ཐང་སྟོང་རྒྱལ་པོས་རིག་པ་ངོ་སྤྲོད་དང་། །མཁྱེན་བརྩེའི་དབང་པོར་ཚེ་དབང་དཔལ་སྤྲུལ་ལས། །ཀློང་སྙིང་སྔོན་ཁྲིད་གནུབས་ཆེན་སྔགས་གཞུང་སོགས། །དག་སྣང་ཉེ་བརྒྱུད་སྩལ་ལ༴ །འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏས། །ལན་གཅིག་ཚད་མ་རིག་གཏེར་བཤད་ཁྲིད་དང་། །སྐབས་འགར་དབང་དང་བྱིན་རླབས་རིག་གཏད་གནང་། །ངོ་བོ་དབྱེར་མེད་བཞུགས་ལ༴ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས། །ཀྱེ་རྡོར་དབང་དང་ལམ་འབྲས་ལྟ་ཁྲིད་དང་། །རྒྱུད་གསུམ་མནོས་ཤིང་ཚར་ཆེན་ཆོས་རྗེ་ལས། །དབང་བླངས་གཉིས་མེད་གྱུར་ལ༴ །རྡོ་རྗེ་འཆང་དངོས་ཀུན་དགའ་བཟང་པོ་ལས། །སོ་ཐར་བསྙེན་པར་རྫོགས་ཤིང་དེ་ཡི་མཚན། །ཀུན་དགའ་ཕྲིན་ལས་རྒྱ་མཚོ་དོན་འགྲུབ་ནི། །དབང་གི་རྒྱལ་པོ་གསོལ་ལ༴ །མདུན་མཁར་འཇའ་ཟེར་ཀློང་དུ་འགྲོ་འདུལ་རྗེ། །དཔའ་བོ་རྡོ་རྗེ་སྐུ་མདོག་དམར་སྨུག་ཅན། །སྐྲ་དཀར་ཐོར་ཅོག་རུས་པའི་རྒྱན་གྱིས་སྤྲས། །མཁའ་འགྲོའི་ཚོགས་བཅས་གཟིགས་ལ༴ །ཕྱག་གཡས་སྙན་གྱི་ཐད་ཀར་ཌཱ་རུ་དཀྲོལ། །གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས། །སྙན་འགྱུར་རྡོ་རྗེའི་གླུ་ཡིས་གསང་བ་ཡི། །ཟབ་མོའི་གདམས་ངག་སྩལ་ལ༴ །བླ་མ་འཁོར་ལོ་བདེ་མཆོག་འཁོར་དང་བཅས། །ཡང་ཡང་གཟིགས་ཤིང་དབང་བསྐུར་བྱིན་གྱིས་བརླབས། །རེས་འགའ་ཐ་དད་རེས་འགའ་གཅིག་ཏུ་གྱུར། །གཉིས་མེད་གཉིས་སུ་སྣང་ལ༴ །འཇིགས་བྲལ་རྣལ་འབྱོར་དབང་ཕྱུག་བིཪྺ་པ། །ཕྱག་གཉིས་ཆོས་འཆད་བརྗིད་ཉམས་ཆེ་བའི་སྐུར། །མོས་གུས་མཛད་པས་ཞལ་དུ་བརྔུབས་ནས་ནི། །གསང་ལམ་ཕྱིར་དབྱུངས་མཛད་ལ༴ །བདེ་གཤེགས་བདུད་རྩི་ཐོད་ཆང་རིག་མ་བསྟིམས། །དཔྲལ་བ་ལ་སོགས་གནས་ནས་འོད་ཟེར་ནི། །དཀར་དམར་མཐིང་གསུམ་དང་ནི་འདྲེས་མ་ཡིས། །དབང་བསྐུར་བྱིན་གྱིས་བརླབས་ལ༴ །དོ་ཧ་རྡོ་རྗེའི་གླུ་དབྱངས་སྒྲོགས་བཞིན་དུ། །བླ་མ་ཧཱུྃ་ཡིག་གཅིག་ཏུ་གྱུར་པའི་མཐར། །ཐིམས་པའི་མོད་ལ་རིག་སྟོང་ནམ་མཁའ་ལྟར། །དབྱེར་མེད་གྱུར་པ་ཁྱེད་ལ༴ །འོད་གསལ་ཀློང་དུ་བླ་མ་ས་ཆེན་གྱིས། །རྣམ་འགྲེལ་བཅུ་གཅིག་པོད་དབང་བྱིན་བརླབ་མཐར། །དགྱེས་པ་རྡོ་རྗེར་གྱུར་ཏེ་ཐིམ་པའི་མོད། །བདེ་སྟོང་ཡེ་ཤེས་རོལ་ལ༴ རྣལ་འབྱོར་སྤྱོད་པ་གྲུབ་ཆེན་ནག་པོ་པ། །རུས་པའི་རྒྱན་ཅན་རོ་ལང་ཁྲི་སྟེང་རོལ། །སྟེང་མཁར་གདུགས་དང་བཅས་པའི་སྐུ་ཟིལ་ཅན། །ཤིན་ཏུ་གསལ་བར་གཟིགས་ལ༴ །མཁའ་འགྲོ་སྤྲོས་ཤིང་བདེ་མཆོག་དཀྱིལ་འཁོར་བཞེངས། །སློབ་དཔོན་རང་ཉིད་དཀྱིལ་འཁོར་གཙོ་བོ་ནི། །བདེ་མཆོག་ཞལ་བཞི་བཅུ་གཉིས་ཕྱག་ཅན་གྱིས། །ཁྱེད་ཞལ་བརྔུབས་པར་མཛད་ལ༴ །ཡུམ་མཁར་ཕྱིར་བཏོན་བདེ་མཆོག་ལྷན་སྐྱེས་གྱུར། །སྡོམ་བཟུང་ནས་བརྩམ་རིག་པའི་དབང་ལྔ་དང་། །བརྟུལ་ཞུགས་སྤྱོད་དབང་མཆོག་དབང་གསུམ་དང་བཅས། །དབང་བཞི་རྒྱས་པར་བཞེས་ལ༴ །སླར་ཡང་སློབ་དཔོན་སྔར་བཞིན་གྱུར་པ་ཡིས། །རྒྱུད་ཀྱི་གླེགས་བམ་གཅིག་གི་བཀའ་གཏད་མཐར། །ཁྱེད་སྐུར་ཐིམས་ཤིང་དབྱེར་མེད་གྱུར་པ་ཡིས། །ཡེ་ཤེས་རང་མདངས་གསལ་ལ༴ །ལམ་འབྲས་ཁྲིད་དབུར་རྗེ་བཙུན་གྲགས་རྒྱལ་ཉིད། །བགྲེས་ཉམས་དཀར་ཆས་རྡོ་དྲིལ་ཁ་ཊཱྃ་ཅན། །བརྒྱུད་པའི་བླ་མ་དང་བཅས་ཐིམས་པའི་མོད། །བདེ་ཉམས་བཞེས་པར་མཛད་ལ༴ །མནལ་ལམ་འོད་གསལ་དག་ཏུ་ལན་དུ་མར། །ཁའུ་བྲག་རྫོང་གསལ་ཞིང་དུས་གཅིག་ན། །བླ་མ་ཁའུ་པ་ཡི་སློབ་དུས་ཀྱི། །ས་ཆེན་བག་ཆགས་སད་ལ༴ །རིག་འཛིན་འཇའ་ཚོན་སྙིང་པོས་མདུན་མཁར་གཟིགས། །ཁྱོད་དང་ང་གཉིས་དབྱེར་མེད་གཅིག་ཅེས་སོགས། །གསུངས་མཐར་ཧྲཱིཿདང་ཐིག་དམར་རྡོ་རྗེར་གྱུར། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །བཀའ་འདུས་སྨན་སྒྲུབ་སྐབས་ཤིག་འོད་གསལ་དུ། །བྱ་རྒྱལ་ཁྱུང་སྤྲུལ་མངོན་དགའི་ཞིང་བཀོད་དང་། །བདེ་ཆེན་ཞིང་དམར་སངས་རྒྱས་འོད་དཔག་མེད། །བཀོད་པ་དང་བཅས་མཇལ་ལ༴ །དགོངས་ཟང་དབང་དུས་རིག་འཛིན་རྒོད་ལྡེམ་རྗེ། །སྐྱིལ་ཀྲུང་དཀར་ཆས་ཐོར་ཅོག་རྒོད་འཕྲུ་ཅན། །ཆོས་འཆད་གཏེར་སྒྲོམ་འཛིན་ཅིང་མདུན་མཁར་བྱོན། །ཟང་ཐལ་བཀའ་གཏད་གནང་ལ༴ །བླ་རྣལ་སྒོམ་ཚེ་མཁའ་འགྲོས་སྤྱན་དྲངས་ཏེ། །བཀའ་འདུས་དཀྱིལ་འཁོར་མཇལ་ཞིང་དཀར་ཆས་གསོལ། །ཡར་རྗེ་ཨོ་རྒྱན་གླིང་པའི་བག་ཆགས་སད། །མཁའ་འགྲོ་འབུམ་གྱིས་བསྐོར་ལ༴ །རླུང་འདུན་ཙམ་གྱིས་ཀུན་མཁྱེན་རོང་སྟོན་རྗེ། །ཆོས་འཆད་གླེགས་བམ་འཛིན་པའི་པཎྜི་ཏས། །ཤེར་ཕྱིན་ལ་སོགས་གསུང་འབུམ་གདམས་གཏད་མཐར། །ཐུགས་ཀར་དབྱེར་མེད་ཐིམས་ལ༴ །རྣམ་ཐར་དད་པས་གྲུབ་ཆེན་ཏིལླི་པ། གཅེར་བུ་འཇིགས་ཉམས་ཡུམ་དང་སྦྱོར་བ་ཡིས། །བདུད་རྩི་གནང་བས་བདེ་ཉམས་རྒྱས་པའི་མཐར། །དབྱེར་མེད་གཅིག་ཏུ་གྱུར་ལ༴ །སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས། །སྨུག་ནག་པཎ་ཞུ་གསོལ་ཞིང་པཎ་ཆས་ཅན། །ཞབས་པུས་གཡས་བསླངས་ཕྱག་གཉིས་གླེགས་བམ་བསྣམས། །མདུན་མཁར་གསལ་བར་གཟིགས་ལ༴ །མོས་གུས་མཛད་པས་གཞལ་མེད་ཁང་ཞིག་ཏུ། །བླ་མ་འཇམ་རྡོར་འཁོར་བཅས་སྐུར་གྱུར་པས། །ཉིད་སྐུ་འོད་ཀྱིས་སྦྱངས་མཐར་གསེར་ཞུན་ལྟར། །གྱུར་པ་ཞལ་དུ་ཞུགས་ལ༴ །ཡུམ་མཁར་འཇམ་དཔལ་གྱུར་པ་ཕྱིར་བཏོན་ནས། །སྡོམ་བཟུང་ཡེ་ཤེས་དབབ་པ་ནས་བརྩམ་སྟེ། །དབང་བཞི་ཤིན་ཏུ་བྱས་མཐར་ལུང་བསྟན་དང་། །དབུག་དབྱུང་གཟིངས་བསྟོད་སྩལ་ལ༴ །དེ་མཐར་དཀྱིལ་འཁོར་ལན་གསུམ་བསྐོར་བའི་རྗེས། །གཙོ་འཁོར་འབྲུ་གསུམ་གྱུར་ཏེ་ཐིམས་པའི་མོད། །ཉིད་སྐུ་ཐིག་སེར་གོང་བུ་གྱུར་ཏེ་ཡལ། །བདེ་ཆེན་ཡེ་ཤེས་སྐྱེས་ལ༴ །སླར་ཡང་པཎ་ཆེན་སྔར་བཞིན་གྱུར་ནས་ནི། །རྒྱུད་ཀྱི་གླེགས་བམ་མང་པོའི་བཀའ་གཏད་གནང་། །གླེགས་བམ་ཐིམ་པས་ཁྱེད་སྐུ་གླེགས་བམ་ཆེར། །གྱུར་པའི་གསལ་སྣང་བཞེས་ལ༴ །གྲུབ་ཐོབ་ཆེན་པོ་ཀུ་ཀུ་རི་པ་ཉིད། །སྔོ་སངས་ཐོར་ཅོག་ཁྱི་སྦྱོར་འཁོར་བཅས་ཀྱིས། །རིག་ངོ་སྤྲོད་མཐར་དབྱེར་མེད་ཐིམས་པའི་མོད། །ཁྱེད་ཉིད་དེ་རུ་གསལ་ལ༴ །མནལ་ལམ་དུར་ཁྲོད་བཀོད་པའི་གནས་སུ་ཕེབས། །གྲུབ་ཆེན་ཐང་རྒྱལ་བདེ་མཆོག་སྐུ་རུ་བཞེངས། །རྗེ་ཉིད་ཕག་མོའི་སྐྱུ་གྱུར་བདེ་མཆོག་གི། དབང་བསྐུར་རྒྱས་པར་བཞེས་ལ༴ །ཟངས་མདོག་དཔལ་གྱི་རི་བོར་ཡུད་ཀྱིས་ཕེབས། །ཞིང་གི་བཀོད་པ་གཟིགས་ཤིང་རིན་ཆེན་གྱི། །ཕོ་བྲང་ཕྱི་སྒོར་ཕེབས་འཕྲལ་མཁའ་འགྲོ་མ། །སྨུག་མོས་གདན་དྲངས་ཞུས་ལ༴ །པད་ཞུ་གསོལ་བའི་ཨོ་རྒྱན་གུ་རུས་དབུས། །རིག་འཛིན་ཐམས་ཅད་གྲལ་བསྟར་བཞུགས་པ་ཡིས། །རོལ་མོའི་སྒྲ་བཅས་སྒྲུབ་པ་འཚོགས་བཞིན་པའི། །མདུན་དུ་ཕེབས་པ་ཁྱེད་ལ༴ །ཨོ་རྒྱན་གུ་རུས་བླ་མ་གསང་འདུས་ཀྱི། །དབང་བསྐུར་གསུངས་ནས་ལོགས་སུ་དཀྱིལ་འཁོར་བཀྲམས། །བུམ་དབང་ལ་སོགས་དབང་བཞི་རྫོགས་པའི་མཐར། །ལུང་བསྟན་གསལ་བར་གནང་ལ༴ །ཁྱེད་ལ་འབྲེལ་པ་ཐོབ་ཚད་ངན་སོང་ལས། །སྐྱོབ་པའི་ཐུགས་བསྐུལ་དྲག་པོས་ཞབས་ལ་བཏུགས། །དེ་འཕྲལ་མཁའ་འགྲོས་ཕྱིར་བསྐྱལ་སྒོ་མདུན་ནས། །འཕུར་ཏེ་རང་གནས་ཕེབས་ལ༴ །ཇོ་ནང་རྗེ་བཙུན་རབ་བྱུང་པཎ་ཆས་ཅན། །པུས་གཡས་བསླངས་ཤིང་གཡོན་པ་ཕྱེད་སྐྱིལ་བཞུགས། །རྡོར་དྲིལ་བསྣམས་ཤིང་མཁའ་འགྲོས་བསྐོར་བ་ལས། །དབང་བཞི་རྫོགས་པར་བཞེས་ལ༴ །དེ་ཉིད་ཧེ་རུ་ཀ་དཔལ་དཀར་པོ་ཞིག །གྱུར་པའི་ཞལ་ནས་བདེ་མཆོག་རྩ་སྔགས་སྤྲོས། །ཁྱེད་ཉིད་བདེ་མཆོག་གསལ་བའི་ཐུགས་ཞུགས་པས། །སྐུ་ལུས་སྔགས་སྒྲས་ཁེངས་ལ༴ །སླར་ཡང་དེ་ཉིད་ཕག་མོ་དམར་མོ་ནི། །གྲི་ཐོད་འཛིན་པའི་སྐུ་གྱུར་བྱང་སེམས་བླུད། །གསུང་གིས་ངོ་སྤྲོད་ཉིད་ལ་ཐིམ་པའི་མོད། །བདེ་ཉམས་ཕག་མོར་གསལ་ལ༴ །མོས་གུས་རྐྱེན་གྱིས་ཀཿསི་རྡོ་རྗེ་འཆང་། །ཟ་ཧོར་ཆས་ཅན་གུ་རུའི་སྐུར་བཞེངས་ནས། །ཐུན་མིན་ཟབ་ཁྱད་ལྡན་པའི་དབང་བཞི་ཞིག །ཤིན་ཏུ་གསལ་བར་བཞེས་ལ། །འདུས་མདོའི་སྟ་གོན་ཤེལ་གྱི་མཆོད་རྟེན་གྱི། །སྟོད་སྨད་བར་གསུམ་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་བཅས་ཏེ་ཐིམ་པའི་མོད། །རྡོར་སེམས་ཨ་དཀར་གྱུར་ལ༴ །དེ་ཚེ་གནུབས་ཆེན་སངས་རྒྱས་ཡེ་ཤེས་མཆོག །དབུ་སྐྲ་སེ་ཆོབ་རྒྱབ་བསྙིལ་དགེ་བསྙེན་ཆས། །སྣུམ་འབོར་གཟི་བརྗིད་ཅན་གྱིས་དཀྱིལ་འཁོར་ལས། །མདོ་ཡི་དབང་བཞི་གནང་ལ༴ །བསྙེན་དུས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་། །གླེགས་རལ་འཛིན་པས་གནས་ལྔའི་བྱིན་བརླབས་མཐར། །ཉིད་དང་དབྱེར་མེད་འོད་ཕུང་ཨ་ཡིག་བསྡུས། །དེ་མཐར་དབྱིངས་སུ་ཡལ་ལ༴ །འོད་གསལ་ཀློང་དུ་བློ་གཏེར་དབང་པོ་མཇལ། །འཁོར་ལོ་སྡོམ་པའི་སྐུ་གྱུར་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་མང་སྩལ་བས་ཐུགས་རྒྱུད་ལ། །བདེ་ཉམས་རྒྱས་པར་བཞེས་ལ༴ །ཡང་བསྐྱར་ལམ་དབང་ཞུ་བའི་ཐུགས་འདུན་རྐྱེན། །བླ་མ་དགྱེས་པ་རྡོ་རྗེའི་སྐུ་གྱུར་པའི། །ཐུགས་ཀར་འཇོག་སྙེ་རིགས་ལྔའི་བྱིན་རླབས་དང་། །ལམ་དབང་རྫོགས་པར་བཞེས་ལ༴ །སླར་ཡང་བླ་མ་པཎ་ཆས་རྡོ་དྲིལ་ཅན། །འབྲུ་གསུམ་གྱུར་ལས་རིགས་ལྔའི་ས་བོན་སོགས། །གྲངས་མེད་སྤྲོས་པས་ཁྱེད་སྐུ་ཧེ་རུ་ཀའི། །དྭངས་པའི་སྐུ་ལུས་ཁེངས་ལ༴ །སྤྲུལ་གཞི་ལྕང་ལོ་ཅན་ན་རིན་ཆེན་གྱི། །གཞལ་མེད་ཁང་མཛེས་བྱང་སེམས་སྙིང་པོའི་དཔལ། །དྲི་མེད་འོད་རྒྱལ་སྔོན་པོ་ལོངས་སྐུའི་ཆས། །དགྱེས་བཞུགས་འཁོར་བཅས་མཇལ་ལ༴ །སླར་ཡང་རྒྱུད་བཏུས་གླེགས་བམ་བརྩེགས་པའི་མཁར། །བླ་མ་སྔར་ལྟར་བཞུགས་ནས་གླེགས་བམ་ལས། །དབྱངས་གསལ་སྤྲོས་མཐར་གླེགས་བམ་བཅས་པ་ཡང་། །ཐིམས་ཉམས་གསལ་བར་བཞེས་ལ༴ །བླ་མ་ངག་དབང་ལེགས་པ་བདེ་ཆེན་ཞིང་། །བྱང་སེམས་ཟླ་སྙིང་ནོར་བུ་དྲི་མེད་འོད། །དཀར་པོ་ལོངས་སྐུ་ས་གནོན་སྐྱབས་སྦྱིན་ཅན། །འོད་འཕྲོས་བྱིན་གྱིས་བརླབས་ལ༴ །ངོར་ཆེན་ས་ཞུ་མནབས་ཤིང་ཆོས་འཆད་ཅན། །གསང་འདུས་སྐུར་གྱུར་འོད་ཀྱིས་ཁྱེད་སྐུ་སྦྱོངས། །ཧཱུྃ་གྱུར་ཞལ་དྲངས་དབང་བསྐུར་གསང་དབྱུངས་མཐར། །ཁྱོད་ཉིད་གསང་འདུས་གྱུར་ལ༴ །འོད་གསལ་ཀློང་འགྱུར་བདེ་མཆོག་སྐུ་རུ་བཞེངས། །རྟ་ཕག་ཡབ་ཡུམ་གྱུར་ནས་སྙོམས་འཇུག་རོལ། །གྲུབ་ཆེན་བིཪྺས་སྤྱོད་པའི་རྗེས་གནང་སྩལ། །གོང་མ་ཕྱོགས་གླང་གསལ་ལ༴ །དམ་པ་ཁྱེད་ཀྱི་ཡེ་ཤེས་གཟིགས་པའི་ངོར། །གཞལ་མེད་ཁང་དབུས་ཆོས་འབྱུང་བསྣོལ་བའི་རྩེར། །རྣལ་འབྱོར་མ་དཔལ་འཁོར་བཅས་ཡང་ཡང་གཟིགས། །རྗེས་བཟུང་བྱིན་གྱིས་བརློབས་ལ༴ །མདུན་གྱི་ནམ་མཁར་གྲུབ་ཆེན་ལཱུ་ཧི་པ། །སྔོ་ནག་འཇིགས་ཉམས་ཐོར་ཚུགས་ཉ་ཐོད་ཅན། །བདེ་མཆོག་སྐུ་གྱུར་ཞལ་བརྔུབས་གསང་དབྱུང་མཐར། །དབང་བཞི་རྒྱས་པར་བཞེས་ལ༴ །རྗེ་བཙུན་གྲགས་རྒྱལ་རྡོར་ཐོད་ཅན་ཞིག་གཟིགས། །བླ་སློབ་གཉིས་ཀ་བདེ་མཆོག་ཡབ་ཡུམ་གྱུར། །དབང་བཞི་རྫོགས་མཐར་རྗེ་བཙུན་ཨ་ལ་བསྡུས། །ཁྱེད་དང་དབྱེར་མེད་གྱུར་ལ༴ །མོས་གུས་མཛད་པས་ཀུན་མཁྱེན་ཀློང་ཆེན་པ། །བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་ཞེས། །སྤྲུལ་སྐུའི་ཆ་བྱད་འོད་ཟེར་སྤྲོ་བསྡུའི་མཐར། །ངོ་བོ་དབྱེར་མེད་གྱུར་ལ༴ །སྙན་བརྒྱུད་གཟིགས་ཚེ་གཙང་སྨྱོན་ཧེ་རུ་ཀ། བདེ་མཆོག་སྐུར་བཞེངས་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བཞི་ཟབ་རྒྱས་པོད་མང་བཀའ་གཏད་མཐར། །ཁྱེད་དང་དབྱེར་མེད་གྱུར་ལ༴ །སྨིན་གཏེར་གསང་ཡེའི་དབང་སྐབས་གཏེར་ཆེན་རྗེ། །དཀར་ཆས་པད་ཞུ་ཅན་མདུན་རྗེ་བཙུན་ཁྱེད། །རྒྱལ་སྲས་པདྨ་འགྱུར་མེད་བག་ཆགས་སད། །གསང་ཡེའི་དབང་རྫོགས་ནོས་ལ༴ །ཤིང་བྱར་རྡོ་རྗེ་སེམས་དཔའི་རིལ་སྒྲུབ་སྐབས། །ཉི་ཟེར་དང་འགྲོགས་རྡོ་རྗེ་སེམས་དཔའི་སྐུ། །གྲངས་མེད་སྤྲོས་པའི་གཙོ་བོའི་ཞལ་སྔ་ནས། །གསང་བའི་ལུང་བསྟན་བསྙེས་ལ༴ །ཐུགས་ཆེན་རིལ་སྒྲུབ་སྐབས་སུ་མངའ་རིས་པ། །ཚུལ་ཁྲིམས་བཟང་པོ་མདུན་མཁར་ཡང་ཡང་བྱོན། །མི་ཏྲའི་དབང་སྐབས་གྲུབ་ཆེན་དེ་ཉིད་ཀྱིས། །སྐུ་གསུང་ཐུགས་དབང་སྩལ་ལ༴ །ཡི་དམ་བཀའ་འདུས་བསྙེན་པའི་འོད་གསལ་ཀློང་། །ཁྲ་འབྲུག་གུ་རུ་འཁོར་བཅས་ཚོགས་གྲལ་དུ། །རྗེ་ཉིད་རྒྱལ་སྲས་ལྷ་རྗེའི་བག་ཆགས་སད། །བཀའ་འདུས་སྒྲུབ་ཆེན་ཐོན་ལ༴ །སྨན་དཀྱིལ་སྟེང་མཁར་གུ་རུ་ཟ་ཧོར་མ། །སྐུ་མདོག་ལྗང་སེར་རྒྱ་གྲམ་ཐོད་པ་བསྣམས། །འཁོར་དུ་མཁའ་འགྲོ་ཕྱོགས་མཚམས་བཀའ་འདུས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་གཟིགས་ལ༴ །ལམ་འབྲས་སྐབས་ཤིག་བླ་ཆེན་འབྲོག་མི་རྗེ། །ན་བཟའ་སྟོད་དམར་སྨད་སྨུག་ཞལ་དཀྱིལ་མཛེས། །དྲིལ་བུ་དཀུར་བརྟེན་རྡོ་རྗེ་ཐུགས་ཀར་བསྒྱིངས། །ཁྱེད་སྐུ་དེ་རུ་གསལ་ལ༴ །ལྕང་ལོ་ཅན་དང་བདེ་ཆེན་ཞིང་བཀོད་བཅས། །ཁྱེད་ཀྱིས་དགོངས་པ་གཏད་པ་ཙམ་གྱིས་ཀྱང་། །བློ་གཏེར་རྗེ་དང་ངག་དབང་ལེགས་པའི་ཞབས། །འཁོར་བཅས་ཡང་ཡང་མཇལ་ལ༴ །མཁན་ཆེན་ངག་དགའ་པཎ་ཞུ་རྡོར་དྲིལ་ཅན། །ཐུགས་ཀར་འཇམ་དབྱངས་མདུན་དུ་དཀྱིལ་འཁོར་ལས། །འཇམ་དབྱངས་དབང་བསྐུར་ཀུན་བཟང་གྱུར་ཏེ་ཐིམ། །ཁྱེད་སྐུ་དྷཱིཿཡིག་གསལ་ལ༴ །འཇམ་དབྱངས་ས་པཎ་སྐུ་མདོག་དམར་སེར་ཅན། །ཐུགས་ཀར་འཇམ་དབྱངས་བཞུགས་པ་ཆེ་གསལ་མདུན། །དབང་བླངས་འཇམ་དབྱངས་ཐུགས་ཀར་ཨས་མཚན་པ། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། །རྒྱ་གར་པཎྜི་ཏ་ཡི་ཆས་ཅན་གྱིས། །པདྨའི་མིང་ཅན་སྟེར་བ་ལས་བྱུང་བའི། །བདེ་སྟོང་གར་གྱིས་རོལ་ལ༴ །དམ་པ་སངས་རྒྱས་དམར་སྨུག་དབུ་སྐྲ་ནག །ཐོར་ཅོག་ཅན་གྱིས་ཌཱ་རུ་རྭ་དུང་འཛིན། །གསང་སྔགས་བདེ་སྟེར་ཡེ་ཤེས་དྷཱ་ཀི་མ། །བསྟན་པའི་དགེ་མཚན་གསུངས་ལ༴ །རྣལ་འབྱོར་དབང་ཕྱུག་བིཪྺ་པ་ཉིད་དང་། །ས་ར་ཧ་སོགས་གྲུབ་ཚོགས་མང་པོ་ཞིག །ཤར་ནས་རིམ་པར་བྱོན་པའི་རྗེས་སུ་ནི། །ཨོ་རྒྱན་ཕེབས་པར་གཟིགས་ལ༴ །མོས་གུས་གདུང་ཤུགས་དྲག་པོས་གསོལ་བཏབ་མཐར། །འོད་ཟེར་ཆེན་པོའི་དབང་བསྐུར་བཞེས་པ་དང་། །བྱིན་བརླབས་སྟོབས་ཀྱིས་འཁོར་དང་མཉམ་དུ་ནི། །དགྱེས་པའི་བྲོ་གར་གནང་ལ༴ །དེ་མཐར་འཁོར་གྱི་གྲུབ་ཆེན་ཡོངས་རྫོགས་ནི། །ཨོ་རྒྱན་གུ་རུའི་སྐུ་ལ་ཐིམས་པ་དང་། །གུ་རུ་ཡང་ནི་འཇའ་ལྟར་དབྱིངས་སུ་བཞུགས། །སྣང་སྲིད་ལྷ་རུ་གསལ་ལ༴ །དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞལ་སྔ་ནས། །རྒྱུད་ལུགས་འཇམ་དཔལ་གྱི་ནི་དབང་བཞི་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་བསྐུར་ཡོངས་རྫོགས་བཞེས་ལ༴ །བིར་སྲུང་ཐུགས་དམ་གནང་བའི་སྐབས་ཤིག་ན། །རྣལ་འབྱོར་དབང་ཕྱུག་སྐུ་མདོག་སྨུག་ནག་ཅན། །མཇལ་བའི་མོད་ལ་གསོལ་བ་བཏབ་ཙམ་གྱིས། །སྨིན་མཚམས་ཐད་མདུན་བྱོན་ལ༴ །གསང་རྡོར་ལས་འབབ་བདུད་རྩི་བཞེས་པ་ཡིས། །བདེ་སྟོང་ཟག་མེད་ཡེ་ཤེས་རྒྱས་པ་དང་། །དབྱེར་མེད་ཐིམས་པའི་མོད་ལ་རྗེ་བཙུན་ཁྱེད། །རྣལ་འབྱོར་དབང་ཕྱུག་གསལ་ལ༴ །བཟླས་ཐུན་འོད་གསལ་སྐབས་ཤིག་རྣལ་འབྱོར་མ། །དམར་མོ་ཁྲུ་གང་ཙམ་ཞིག་ནམ་མཁའ་ནས། །རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ཅན། །ཤིན་ཏུ་གསལ་བར་བྱོན་ལ༴ །སྔགས་སྲུང་དྲག་མོ་དུད་མདོག་སྐུ་བོང་ཆེ། །རལ་པ་རྩེ་གཅིག་དུད་མདོག་སྔོ་འཕྱུར་ཅན། །མཆོད་བསྟོད་བཅས་ཏེ་ཕྲིན་ལས་བཅོལ་བའི་མཐར། །ལྟེ་བར་བསྟིམས་པར་མཛད་ལ༴ །ཀུན་མཁྱེན་རོང་པ་དགེ་བསྙེན་ཆས་གསལ་བར། །ས་གནོན་སྐྱབས་སྦྱིན་གླེགས་རལ་ཅན་ཞིག་ལས། །དབང་བཞི་བླངས་ཤིང་ཐུགས་ནས་དྷཱིཿསྔོན་སྤྲོས། །ཐུགས་ཀར་ཐིམས་པ་ཁྱེད་ལ༴ །སེ་ར་མཁའ་འགྲོ་སྐུ་མདོག་མཐིང་སྔོན་ཅན། །རྡོར་དྲིལ་ཐུགས་ཀར་བསྣོལ་བ་གསལ་བའི་མདུན། །དབང་བཞིའི་ཚུལ་གྱིས་ཆོས་སྐོར་ཡོངས་རྫོགས་ཀྱི། །དོན་དབང་རྫོགས་པར་བཞེས་ལ༴ །དེ་ཡི་གཏེར་ཆོས་དབང་སྐབས་མཁའ་འགྲོ་ཉིད། །རྡོར་དྲིལ་ཐོགས་ཤིང་རུས་རྒྱན་ཅན་གསལ་བའི། །སྤྱི་བོར་ཀུན་བཟང་བཞུགས་ཤིང་མཁའ་འགྲོ་ཡི། །འཁོར་མང་དང་བཅས་གཟིགས་ལ༴ དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོ་དང་། །འཁྲིལ་སྦྱོར་བདེ་ཆེན་ཡེ་ཤེས་ཉམས་སུ་བཞེས། །སྲོག་སྔགས་བྷྱཽ་ཡིག་གྲངས་མང་ཐིམས་པའི་མོད། །ཁྱོད་སྐུ་ལྷ་མོར་གསལ་ལ༴ །གདམས་མཛོད་ལམ་འབྲས་ཆོས་རིམ་སྐབས་ཤིག་ན། །མདུན་མཁར་ངོར་ཆེན་ཀུན་དགའ་བཟང་པོ་བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་པར་གླེགས་བམ་བསྣམས། །བྱིན་གྱིས་བརླབས་པར་མཛད་ལ༴ །ཤངས་ཆོས་སྐབས་སུ་སུ་ཁ་སིདྡྷི་མ། །དཀར་མོ་བྱོན་ཏེ་བྱིན་གྱིས་རློབས་པ་དང་། །སྐབས་ཤིག་མཁའ་སྤྱོད་ཞིང་གི་བཀོད་པ་ནི། །ཤིན་ཏུ་གསལ་བར་གཟིགས་ལ༴ །དྲག་པོའི་གཏོར་བཟློག་སྐབས་སམ་དུས་གཞན་དུ། །གདུགས་ཅན་འབྱུང་པོའི་རིགས་སྐྱེས་མང་པོ་ཡིས། །ཞབས་ལ་གཏུགས་ཤིང་སྲོག་སྙིང་ཕུལ་བ་དང་། །བཀའ་བསྒོ་དམ་བསྒྲགས་མཛད་ལ༴ །བླ་མ་མི་ཕམ་འབྲོག་བླའི་ཆས་ཅན་གཟིགས། །མོས་གུས་རྐྱེན་གྱིས་གླེགས་བམ་ཆེན་པོར་གྱུར། །ཐིམ་པས་ཁྱེད་ཉིད་འཇམ་དབྱངས་དམར་སེར་སྐུ། །ཤིན་ཏུ་ཆེན་པོར་གསལ་ལ༴ །ཨོ་རྒྱན་གུ་རུ་ཐུགས་ལ་འདུན་པའི་ཚེ། །ཁྱེད་ཉིད་གནུབས་ཆེན་ནམ་མཁའི་སྙིང་པོ་དང་། །དྷརྨ་དཱི་པཾ་ཤེལ་དཀར་རྡོ་རྗེ་མཚོ། །མཁའ་འགྲོའི་ཆས་ཅན་གསལ་ལ༴ །རྟ་མགྲིན་འཁོར་བཅས་མཇལ་བའི་འོད་གསལ་ཀློང་། །ཁྱེད་སྐུ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དང་། །དྷརྨ་དཱི་པཾ་ཕག་མོར་གྱུར་ནས་ནི། །བདེ་སྟོང་ཉམས་ཀྱིས་རོལ་ལ༴ །ཚོགས་མཆོད་སྐབས་ཤིག་བྲག་རིའི་ཀེའུ་ཚང་དུ། །གུ་རུ་མཚོ་སྐྱེས་རྡོ་རྗེ་འཇའ་སྤྲིན་དབུས། །མཁའ་འགྲོའི་འཁོར་དང་བཅས་ཏེ་མངོན་སུམ་དུ། །བཞུགས་པ་གསལ་བར་གཟིགས་ལ༴ །ལས་འབྲས་གང་ཆེའི་བླ་མ་བརྟག་པའི་ཚེ། །དམ་པ་སངས་རྒྱས་རོང་སྟོན་གསལ་བའི་མཐར། །ཐུགས་ཀར་སློབ་དཔོན་བཞུགས་པའི་ཙོང་ཁ་པ། །ཡང་ཡང་མདུན་མཁར་གསལ་ལ༴ །ཡང་བསྐྱར་ཨ་ཏི་ཤ་དང་རྗེ་འབྲོམ་གསུམ། །མདུན་དུ་པོད་མང་དང་བཅས་གསལ་བའི་མཐར། །གཡས་གཡོན་བླ་མ་ཙོང་ཁ་པ་ལ་ཐིམ། །ཁྱེད་དང་དབྱེར་མེད་གྱུར་ལ༴ །རྗེ་བཙུན་རྣལ་འབྱོར་དབང་ཕྱུག་བིཪྺ་པ། །སྨུག་ནག་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །བྱིས་པ་ལོ་བརྒྱད་ཙམ་ཞིག་གསལ་བ་ཡིས། །བརྟུལ་ཞུགས་སྤྱོད་པའི་རྗེས་གནང་༴ །ཀཿཐོག་མཁན་ཆེན་ངག་དཔལ་པཎ་ཞུ་གསོལ། །ཕྱག་གཡས་ཆོས་འཆད་པདྨ་དམར་པོ་བསྣམས། །གཡོན་པས་མཆོག་སྦྱིན་འགྱིང་པའི་སྟབས་སུ་བཞུགས། །སྐུ་ཉམས་ཤིན་ཏུ་གསལ་ལ༴ །གསུང་ཆོས་ཞུ་དགོས་སྙམ་པའི་ཐུགས་འདུན་ཚེ། །ཞལ་ནས་ཁྱོད་དང་ང་གཉིས་གཉིས་སུ་མེད། །བཀའ་རྫོགས་ལུང་རྫོགས་ཐོབ་པ་ཡིན་ནོ་ཞེས། །གསུངས་བཞིན་དབྱེར་མེད་གྱུར་ལ༴ །ངོ་བོ་བླ་མ་བློ་བཟང་གྲགས་པ་ལ། །རྣམ་པ་འཇམ་སྔོན་ཆོས་འཆད་ཕྱག་རྒྱ་ཅན། །སྐུ་ལས་རལ་གྲི་འོད་སྔོན་མདུང་ཚུགས་ལྟར། །སྤྲོས་པས་ཁྱེད་སྐུ་སྦྱོང་ལ༴ །དེ་མཐར་རྗེ་བཙུན་ཁྱེད་ཀྱི་སྐུ་ལུས་ནི། །དྷཱིཿཡིག་དམར་སེར་ནམ་མཁའ་འགེངས་ཙམ་དུ། །གྱུར་ལ་གླེགས་བམ་མང་པོ་ཐིམ་པ་ཡིས། །བདེ་ཉམས་རྒྱས་པར་བཞེས་ལ༴ །ཟླ་དཀར་གཟིགས་པས་རི་བོང་ཅན་ངོས་སུ། །རྗེ་བཙུན་བླ་མ་གཞོན་ཉམས་གསེར་མདོག་ཅན། །དཔྲལ་བར་འཇམ་དཀར་ལ་སོགས་གནས་ལྔ་ཡི། །ལྷར་བཅས་གསལ་བར་གཟིགས་ལ༴ །དཔལ་ལྡན་ཟླ་གྲགས་པཎ་ཌཱི་ཏ་ཡི་ཆས། །ཕྱག་གཡས་ཆོས་འཆད་གཡོན་པས་གླེགས་བམ་བསྣམས། །འགྱིང་ཉམས་ཕྱེད་སྐྱིལ་པུས་གཡས་ཅུང་ཟད་བསླངས། །ཐོར་ཐུན་སྐབས་ཤིག་གཟིགས་ལ༴ །ཞལ་ནས་སྤྲོས་བྲལ་ཚིག་གིས་ངོ་སྤྲོད་མཐར། །འོད་ཞུ་དབྱེར་མེད་ཐིམས་པས་ཁྱེད་ཀྱི་སྐུ། །དམར་སེར་དྷཱིཿཡིས་མེར་གྱིས་གང་བའི་མཐར། །འཇམ་དཔལ་དབྱངས་སུ་གྱུར་ལ༴ །ལྷ་བཙུན་ཆེན་པོ་ཧེ་རུ་ཀ་ཡི་ཆས། །བ་མན་རྭ་དང་ཐོད་པ་ཕྱག་ན་བསྣམས། །མོས་གུས་མཛད་པས་ཨ་ཧོ་གསུངས་བཞིན་ཐིམ། །ཁྱེད་ཉིད་དེ་རུ་གསལ་ལ༴ །ཨོ་རྒྱན་རྗེ་འབངས་འཁོར་དང་བཅས་པ་ལས། །དབང་བཞི་བཞེས་ཤིང་པོད་མང་ཐིམ་པའི་མོད། །མཁས་པར་གྱུར་སྙམ་གུ་རུ་ཐིམས་པ་ན། །མགོན་ཁྱེད་ཆོས་རྒྱལ་གསལ་ལ༴ །ཇོ་ནང་རྗེ་བཙུན་པཎྜཱི་ཏ་ཡི་ཆས། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་པ་བསྣམས། །དུས་འཁོར་དབང་བཞི་རྫོགས་མཐར་ཐིམ་པའི་མོད། །སྐུ་ལུས་སྔགས་ཀྱིས་ཁེངས་ལ༴ །གུ་རུ་བློ་ལྡན་མཆོག་སྲེད་ཐུགས་ཀ་ནས། །རོང་པ་ཆོས་བཟང་གཞོན་ཉམས་དགེ་བསྙེན་ཆས། །ཕྱག་གཡས་ཨུཏ་རལ་གཡོན་པས་མཉམ་བཞག་སྟེང་། །གླེགས་བམ་འཛིན་པས་གཟིགས་ལ༴ །མོས་གུས་མཛད་པས་ཁྱེད་ལ་ཐིམ་པའི་མོད། །དྷཱིཿསྒྲ་ཆེན་པོ་གྲགས་པའི་ཉམས་ཀྱི་མཐར། །སྐུ་ལུས་དྷཱིཿཡིག་གཅིག་ཏུ་གྱུར་པ་ཡི། །གསལ་སྣང་རྒྱས་པར་བཞེས་ལ༴ །འབྲི་གཏེར་མཇལ་ཚེ་བསམ་ཡས་བག་ཆགས་སད། །སྐྱེ་བརྟག་སྐབས་འགར་འབྲི་གུང་ཆོས་གྲགས་དང་། །ཞྭ་ལ་མཁྱེན་རབ་མཁྱེན་བརྩེའི་དབང་ཕྱུག་སོགས། །ཡིན་པའི་གསལ་ཉམས་བཞེས་ལ༴ །གུ་རུ་ཆོས་དབང་དཀར་ཆས་གཟི་བརྗིད་ཅན། །དབུ་སྐྲ་ཐོར་ཅོག་ལྷག་མ་གཡས་ནས་གྲོལ། །མཉམ་བཞག་གཏེར་སྒྲོམ་འཛིན་པ་ཤིན་ཏུ་གསལ། །དད་པའི་གདུང་ཤུགས་སྐྱེས་ལ༴ །སྤྱི་བོར་གསང་འདུས་མགྲིན་པར་ཐུགས་ཆེན་དང་། །ཐུགས་ཀར་ཡང་དག་ལྟེ་བར་ཕུར་རྐྱང་རྣམས། །བཞུགས་པའི་གནས་ནས་འོད་དང་ཕྱག་རྒྱའི་ཚོགས། །སྤྲོས་ཏེ་ཁྱེད་སྐུ་ཐིམས་ལ༴ །དེ་མཐར་གུ་རུ་ཆོས་དབང་རིན་པོ་ཆེས། །ཌཱ་དྲིལ་འཁྲོལ་བཞིན་དགྱེས་པའི་གར་སྟབས་ཀྱིས། །དབྱེར་མེད་ཐིམས་པས་ཁྱེད་ཀྱི་སྐུ་ལས་ཀྱང་། །གནས་བཞིའི་ལྷ་བཅས་གསལ་ལ༴ །གྲུབ་ཆེན་འཁོར་གྱིས་བསྐོར་བའི་ས་ར་ཧས། །ཆུ་གཏོར་སྔགས་བརྗོད་ཕྱག་རྒྱ་གཏད་བདེའི་མཐར། །མདའ་ཡིས་བསྣུན་ཏེ་གནས་བརྟན་རྒན་པོ་ཡི། །དབང་རྫས་རྫོགས་ཞེས་གསུངས་ལ༴ །ཚེ་བསྙེན་སྐབས་ཤིག་རིག་འཛིན་རྒོད་ལྡེམ་རྗེ། །ཐོར་ཚུགས་དཀར་ཆས་ཁྲོ་འཛུམ་ཅན་ཉམས་ཀྱིས། །ཚེ་སྒྲུབ་ལྕགས་སྡོང་དབང་བསྐུར་ཁྱད་འཕགས་ཤིག །གནང་ཞིང་སྐུ་ཚེ་བསྲིངས་ལ༴ །སྐུ་སྐྱེ་བརྟགས་པའི་སྐབས་ཤིག་ཤམ་བྷ་ལའི། །རིགས་ལྡན་འཇམ་གྲགས་ཁང་བཟང་ཆུང་ངུའི་ནང་། །སྐུ་མདོག་དམར་སེར་ཆོས་འཆད་ཕྱག་རྒྱ་ཅན། །སེམས་དཔའི་ཆས་ཅན་གསལ་ལ༴ །བདེ་མཆོག་དབང་སྐུར་ཞལ་གསོ་ཐུགས་འཆར་ཚེ། །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ལཱུ་ཧི་པ། །དམར་སྨུག་མེ་ཏོག་ཐོད་བཅིངས་ཉ་འཛིན་པར། །ཞལ་གཟིགས་མོས་གུས་འཁྲུངས་ལ༴ །དེ་འཕྲལ་བདེ་མཆོག་གཞལ་མེད་ཁང་ཆེན་དུ། །སྐུ་གསུང་ཐུགས་འཁོར་དཔའ་བོ་མ་ཚོགས་བཞུགས། །གྲུབ་ཆེན་དཀྱིལ་འཁོར་གཙོར་བཞེངས་ཁྱེད་སྐུ་དང་། །ངོ་བོ་དབྱེར་མེད་གྱུར་ལ༴ །ཕྱོགས་མཚམས་རྣལ་འབྱོར་མ་རྣམས་སྐུ་ལ་འཁྲིལ། །བམ་རོས་ཚོགས་འཁོར་ཐོད་པའི་བདུད་རྩི་རོལ། །གཙོ་འཁོར་ཧཱུྃ་གྱུར་མཐའ་ལ་འཇའ་ལྟར་ཡལ། །བདེ་སྟོང་ཡེ་ཤེས་སྐྱེས་ལ༴ །ཀུན་མཁྱེན་ཀློང་རམས་ཁྲི་དམར་རྒྱབ་ཡོལ་ཅན། །ཞི་འཛུམ་ཕྱག་གཉིས་ས་གནོན་ཐུགས་ཀའི་ཐད། །འོད་སྔོན་གོང་བུའི་དབུས་སུ་འཇའ་འོད་འཕྲོ། ཆོས་ཉིད་ངོ་སྤྲོད་གནང་ལ༴ །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ཀུ་ཀུ་རི། །སྔོ་ནག་འཇིགས་ཉམས་མགར་འདུག་ཐོར་ཅོག་ཅན། །ཁྱི་ཁྲིད་ཞིག་གིས་ལྟ་བའི་གནདགསུངས་མཐར། །དབྱེར་མེད་གཅིག་ཏུ་གྱུར་ལ༴ །བསྙེན་བཟླས་སྐབས་ཤིག་གྲུབ་ཆེན་ཐང་རྒྱལ་ཉིད། །སྨིན་མཚམས་ཐད་བྱོན་ཚེ་བུམ་དབུ་ལ་བཞག །བདུད་རྩི་དམར་སེར་རྒྱུན་གྱིས་སྐུ་ལུས་ཁེངས། །འཆི་མེད་ཚེ་དབང་བཞེས་ལ༴ །སླར་ཡང་རིམ་བཞིན་གནས་འགྱུར་གུར་དྲག་དང་། །མཁའ་འགྲོ་སྡེ་ལྔ་ཀུན་བཟང་ཡབ་ཡུམ་བཅས། །གྱུར་མཐར་རང་འདྲ་གྲངས་མེད་སྤྲོས་ཏེ་བསྟིམས། །ཁྱེད་སྐུར་དབྱེར་མེད་གྱུར་ལ༴ །ཀྱེ་རྡོར་ཞལ་གཟིགས་གནས་གྱུར་བདག་མེད་མ། །འཁོར་བཅས་ཡངས་གྱུར་སྒྲོལ་མ་གཙོ་འཁོར་དང་། །སླར་ཡང་བདག་མེད་ཐིག་ལེ་ཁ་སྦྱོར་མཐར། །དབྱེར་མེད་བདེ་ཉམས་བཞེས་ལ༴ །སྐྱེ་བརྟགས་སྐབས་ཤིག་སྡོམ་གསུམ་རབ་དབྱེ་དང་། །དེ་ཡི་སྤྱི་རྣམ་ཡི་གེའི་དབུ་ལྡེབ་ངོར། །འཇམ་དབྱངས་ས་པཎ་ཀུན་མཁྱེན་གོ་རམས་གཉིས། །ཡིན་པའི་རྨི་ཉམས་གསལ་ལ༴ །ལམ་འབྲས་ཁྲིད་ཀྱི་སྐབས་ཤིག་འོད་གསལ་དུ། །ཆོས་ཁྲིའི་ཐོག་ཏུ་རྣལ་འབྱོར་དབང་ཕྱུག་གི། སྟངས་སྟབས་མཛད་ཅིང་ཁྱེད་ཉིད་བིཪྺ་པ། །ཡིན་པའི་གསལ་ཉམས་བཞེས་ལ༴ །ངོར་ཆེན་མཇལ་ཚེ་སླར་ཡང་བསྙེན་རྫོགས་ཤིག །ཐོབ་འདུན་ཐུགས་ལ་འཁྲུངས་ཚེ་ཞལ་སྔ་ནས། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱིས། །དོན་གྱི་བསྙེན་རྫོགས་སྩལ་ལ༴ །གཏེར་ཆེན་ལས་རབ་གླིང་པ་སྐུ་ཉམས་རྒྱས། །དབང་རྫས་མདུན་དུ་བཀྲམ་པ་གསལ་བའི་མདུན། །རྟ་མགྲིན་དབང་བསྐུར་རྫོགས་མཐར་བླ་མ་ཉིད། །ཧཱུྃ་དམར་གྱུར་ཏེ་ཐིམ་ལ༴ །འོད་གསལ་ཀློང་དུ་རྗེ་བཙུན་ཙོང་ཁ་པ། །ཡིན་པའི་ཉམས་གྱིས་ལྷོ་བྲག་ལས་རྡོར་དང་། །འཇམ་དབྱངས་འཇིགས་བྱེད་ཕྱག་དྲུག་ཕྱག་རྡོར་བཅས། །འབྲེལ་བའི་ཉམས་སྣང་གསལ་ལ༴ ཡེ་ཤེས་རང་སྣང་བུད་མེད་ཁ་ཤས་ཀྱིས། །དར་ལྡིང་ལ་བསྟེགས་རྔ་ཡབ་གླིང་དུ་ཕེབས། །དཔལ་རིའི་ཚོགས་ཁང་སྒོ་འགྲམ་མཆོག་གླིང་བྱོན། །ནང་དུ་གདན་དྲངས་ཞུས་ལ༴ །ཚོགས་གྲལ་དབུས་བཞུགས་གུ་རུ་ཟ་ཧོར་ཆས། །དེ་ཡི་མདུན་ནས་དབང་བཞི་རྫོགས་པ་དང་། །གསུང་གི་བདུད་རྩི་རོལ་པའི་སྐབས་དང་བཅས། །རྣམ་ཐར་བསམ་མི་ཁྱབ་ལ༴ །སླར་ཡང་དཀོན་མཆོག་སྤྱི་འདུས་དབང་དང་ནི། །གཏེར་ཆོས་པོད་མར་དག་གི་བྱིན་རླབས་བཅས། །ཕྱག་གཉིས་སྤྱི་བོར་བཞག་ནས་སྐུ་ཚེའི་ཚད། །ལུང་བསྟན་དབུགས་དབྱུང་སྩལ་ལ༴ །ཐུགས་དམ་ཀློང་དུ་ཨེ་ཝྃ་ཐར་པ་རྩེའི། །མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི། །ཞལ་ཐད་བླ་མ་དངོས་གཟིགས་གནས་གསུམ་ནས། །འོད་འཕྲོས་དབང་བསྐུར་བཞེས་ལ༴ །བླ་མའི་སྐུ་དབྱིབས་ཤིན་ཏུ་གསལ་བཞིན་དུ། །ནང་དུ་ཀྱེ་རྡོར་ཞལ་ཕྱག་ཚང་བ་ཡིས། །སྐུ་ལུས་ཡོངས་རྫོགས་གང་བའི་རྣམ་པ་ཅན། །སྒྲིབ་མེད་གསལ་བར་གཟིགས་ལ༴ །བླ་མའི་ཞལ་ནས་ཨ་ཧི་ཧོ་སོགས་ཀྱིས། །གཉུག་མའི་ཀྱེ་རྡོར་ངོ་སྤྲོད་གནང་བའི་མཐར། །བླ་མ་དགྱེས་རྡོར་བཅས་པ་ཐིམ་པའི་མོད། །ཁྱེད་སྐུ་དེ་རུ་གསལ་ལ༴ །གནས་ཆོག་ཞལ་འདོན་གནང་བའི་ཐོ་རངས་ཤིག །གནས་བརྟན་འཁོར་བཅས་ན་བཟའ་སྣ་ཚོགས་ཅན། །སྐུ་བོང་ཤིན་ཏུ་ཆེ་བ་ཤར་སྨད་ནས། །རིམ་པར་མདུན་མཁར་བྱོན་ལ༴ །ཀུན་མཁྱེན་བསོད་ནམས་སེང་གེ་མདུན་མཁར་གཟིགས། །ཐུགས་ཀར་ཆོས་ཀྱི་སྒོ་ཕྱེས་གླེགས་བམ་སྤྲོས། །ཐུགས་ཀར་ཐིམས་ཤིང་དབང་བཞི་རྫོགས་པའི་མཐར། །ཧྲཱིཿགྱུར་དབྱེར་མེད་གྱུར་ལ༴ །ས་སྐྱ་སྒྲོལ་ཕོའི་གདུང་སྲས་ཀུན་རིན་པ། །སྐུ་མདོག་དམར་སྨུག་ལྕང་ལོ་ཅན་ཞིག་གིས། །ཕུར་སྐྱང་སྐུ་གསུང་ཐུགས་དབང་གནང་བའི་མཐར། །དབྱེར་མེད་གཅིག་ཏུ་གྱུར་ལ༴ །སྐྱེས་རབས་སྔ་མ་འབྲེལ་བའི་བག་ཆགས་སད། །རྗེ་དེ་འཇམ་མགོན་དབང་སྡུད་སྙིང་པོའི་སྲས། །ཀུན་རིན་གྱུར་ཚེ་ཁྱེད་ཉིད་དེ་ཡི་སྲས། །བཛྲ་རཏྣ་གྱུར་ལ༴ །སྐྱེ་བརྟགས་སྐབས་འགར་ཨེ་ཝྃ་མཁན་ཆེན་ནི། །བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་། །ནང་ཆེན་བདེ་རྡོར་མཁྱེན་བརྩེ་ཡེ་རྡོར་བཅས། །ཡིན་པའི་གསལ་ཉམས་བཞེས་ལ༴ །མཁའ་འགྲོ་བཞིས་བསྐོར་གྲུབ་ཆེན་ཤྭ་བ་རི། །རྣལ་འབྱོར་ཆས་ཅན་གཞུ་མཆོག་ཕྱག་དར་བཀོན། །ཤ་རོ་ཕྲག་བཀལ་རྣལ་འབྱོར་ཆས་དབང་བསྐུར། །འཁོར་བཅས་ཐིམས་པ་ཁྱེད་ལ༴ །འཇམ་མགོན་བློ་གཏེར་དབང་པོ་བདེ་མཆོག་གི། སྐུར་བཞེངས་ནམ་མཁར་རྒྱུད་བཏུས་དཀྱིལ་འཁོར་ནི། །གྲངས་མེད་སྤྲུལ་པར་ཁྱེད་སྐུ་གྲངས་མེད་ཀྱིས། །དབང་བསྐུར་གཅིག་ཆར་བཞེས་ལ༴ །དེ་འཕྲལ་བླ་མ་སྒྲོལ་དཀར་སྐུར་བཞེངས་ཏེ། །འོད་ཟེར་དྲུག་སྦྲགས་རྗེས་གནང་བྱས་པ་དང་། །སྐུ་དང་ཏཱྃ་ཡིག་སྤྲོ་བསྡུའི་བྱིན་རླབས་ཀྱིས། །སྐུ་ཚེའི་འཕྲང་ལས་སྒྲོལ་ལ༴ །གསོལ་བ་བཏབ་པས་རྣམ་སྣང་ཐུགས་ཀ་རུ། །དྲི་མེད་འོད་ཟེར་པཎ་ཆས་ཅན་གསལ་བའི། །ཐུགས་ཀའི་ཨ་ལས་དབང་བླངས་ཐིམས་པ་ཡིས། །ཁྱེད་ཉིད་ཀུན་མཁྱེན་གྱུར་ལ༴ །གཏེར་ཆེན་འགྱུར་མེད་རྡོ་རྗེ་པད་ཞུ་ཅན། །ཕུར་པ་པུས་གཡས་གཡོན་པས་ཐོད་པ་བསྣམས། །ཌཱ་ཀིའི་འཁོར་གྱིས་བསྐོར་བས་བྱང་སེམས་བླུད། །ཨ་ཡི་སྒྲ་བཅས་ཐིམས་ལ༴ །ས་ལོ་ཀུན་བསོད་རྣམ་ཐར་གཟིགས་ཙམ་ན། འོད་དམར་དང་བཅས་བདེ་བ་ཅན་གྱི་ཞིང་། །ས་ལོ་ཆེ་དང་བླ་མ་ལེགས་པ་བཅས། །ཞིང་ཁམས་བརྟེན་བཅས་གཟིགས་ལ༴ །ཀུན་མཁྱེན་འཇིགས་གླིང་སྔགས་ཆས་རལ་གྲི་བསྣམས། །ཁྱེད་སྐུ་སྦྱོངས་མཐར་ཐུགས་ཀའི་ཨ་ཡིག་བསྟིམས། །དེ་མཐར་བླ་མ་བཅས་ཏེ་ཐིམས་པ་ན། །ཉམས་རྟོགས་འཕེལ་ཚུལ་བཞེས་ལ༴ །རྗེ་བཙུན་མི་ལ་མདུན་མཁར་གསལ་ཙམ་གྱིས། །བདེ་མཆོག་སྐུར་གྱུར་ཕག་མོ་དབུ་གཙུག་བཞུགས། །དབང་བསྐུར་བསྟིམས་པས་ཁྱེད་སྐུ་བདེ་མཆོག་གྱུར། །ཕག་མོ་ལྟེ་བར་གསལ་ལ༴ །ལམ་དུས་སྐབས་ཤིག་རྗེ་བཙུན་གྲགས་རྒྱལ་གཟིགས། །སངས་རྒྱས་ཀུན་བདག་སྐུ་ཡི་མཆོག་ཅེས་སོགས། །གསུངས་ཏེ་བྱིན་གྱིས་བརླབས་ཤིང་ཕྱག་དབང་བསྐུར། །ཕྱག་རྡོར་གྱུར་མཐར་ཐིམས་ལ༴ །ཡི་དམ་བརྟགས་པའི་འོད་གསལ་སྐུ་ལུས་དང་། །མདུན་མཁར་དབྱེར་མེད་རྡོ་རྗེ་འཇིགས་བྱེད་སྐུ། །ཞལ་ཕྱག་ཡོངས་རྫོགས་གནམ་ས་གང་བ་ཞིག །ཡུན་རིང་གསལ་བར་གྱུར་ལ༴ །ཚེ་གེགས་བརྟགས་པར་བློ་གཏེར་རྡོ་རྗེ་འཆང་། །སྐུ་བེར་སེར་ཞིང་ས་ཞུ་རྡོ་དྲིལ་ཅན། །གཞོན་ཉམས་ལྡན་པས་གུར་མགོན་རྗེས་གནང་ཞིག །ཤིན་ཏུ་གསལ་བར་གནང་ལ༴ །གཏོར་མའི་བཀའ་བསྒོར་བླ་མ་མགོན་པོ་གྱུར། །སྤྱི་བོར་བྱོན་ཏེ་སྐུ་དང་འོད་ཟེར་གྱིས། །དབང་བཞི་རྫོགས་མཐར་བླ་མ་ཧཱུྃ་ཡིག་གྱུར། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །ལང་ལབ་བྱང་ཆུབ་རྡོ་རྗེ་བསྒྲེས་ཉམས་ཅན། །དབུ་སྐྲ་སེ་གྲོལ་ཞལ་རས་དཀར་ཞིང་ཟླུམ། །ལྭ་དཀར་བེར་ཐུལ་ཕྱག་ན་རལ་གྲི་བསྣམས། །སྲོད་ཐུན་དགོངས་ཤིག་མཇལ་ལ༴ །མོས་གུས་མཛད་པས་ཕུར་པའི་དཀྱིལ་འཁོར་སྤྲུལ། །བླ་མ་ཕུར་པ་ཞལ་གསུམ་ཕྱག་དྲུག་ཅན། །གྱུར་པས་ཞལ་མིད་ཐིག་ལེ་སྔོ་སྐྱ་ཡི། །རྣམ་པས་ཡུམ་མཁར་བཞག་ལ༴ །དེ་ནས་ཕྱིར་བཏོན་ཕུར་པའི་སྐུ་གྱུར་ལ། །དབང་བཞི་རྒྱས་རྫོགས་བླ་མ་སྔར་བཞིན་བཞུགས། །ཕུར་རྒྱུད་གཏད་ཅིང་བླ་མའང་གླེགས་བམ་གྱུར། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །བསྟན་སྲུང་བེ་དཀར་དར་ཐོད་གོས་སྨུག་ཅན། །ཞོན་པ་ལས་བབས་གུས་འདུད་ཞུ་བ་དང་། །སྒྲོལ་མ་དཀར་མོས་ཚེ་ཡི་བུམ་པ་ཐོགས། །འཆི་མེད་ཚེ་དབང་བསྐུར་ལ༴ །ཌཱ་ཀི་ཨ་ཕྱི་ཆོས་སྒྲོན་ཌཱ་དྲིལ་ཅན། །འཁོར་བཅས་གར་བསྒྱུར་ཁྱེད་ཉིད་ཆོས་གྲགས་དུས། །གུས་འདུད་བྱས་སོགས་གླེང་མཐར་ཐིམས་པའི་མོད། །བདེ་ཆེན་ཡེ་ཤེས་སྐྱེས་ལ༴ །ལྷ་སྲས་མུ་ཏིག་བཙན་པོ་རང་ཉིད་ཀྱིས། །དམ་བཅས་སྨོན་ལམ་བཅུ་གཉིས་ཞེས་བྱ་བ། །འོད་གསལ་ཀློང་དུ་གསལ་བར་ཀློགས་པ་ཡིས། །ལྷ་སྲས་བག་ཆགས་སད་ལ༴ །མདུན་མཁར་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཤིན་ཏུ་གསལ་བར་གཟིགས་བ་གྱུར་པ་ལ། །མོས་གུས་མཛད་པས་དབྱེར་མེད་ཐིམ་པ་ན། །ཁྱེད་སྐུ་མགོན་པོར་གསལ་ལ༴ །འོད་གསལ་ཀློང་དུ་རྡོ་རྗེ་གཞོན་ནུའི་སྐུ། །ཤིན་ཏུ་ཆེ་གསལ་ཁྲོ་ཚོགས་དང་བཅས་པས། །ཕྱག་མཚན་བཏབ་པས་འབྱུང་པོ་གདུག་པའི་ཚོགས། །ཐལ་བར་བརླགས་པར་མཛད་ལ༴ །མཁའ་འགྲོ་གསང་འདུས་ཚོགས་སྐབས་སྟག་པགས་སྟེང་། །གཙོ་མོ་སྟག་ཤམ་ཅན་བཞུགས་མཁའ་འགྲོའི་ཚོགས། །བྱིས་པའི་བམ་རོ་ཞིག་གི་ཚོགས་འཁོར་ལ། །རོལ་པའི་ཉམས་སྣང་གསལ་ལ༴ །འོད་གསལ་དག་ཏུ་གླིང་རྗེ་གེ་སར་གྱིས། །ལྷ་དར་མེ་ལོང་ལ་སོགས་ནོར་སྣ་ཕུལ། །དགྲ་ལྷ་རྩེ་རྒྱལ་རེད་ཅེས་དགྱེས་ཉམས་བསྟན། །པུ་ཏྲས་བྱིན་རླབས་ཕུལ་ལ༴ །སྒྲིབ་བྲལ་ཡེ་ཤེས་ཉམས་ཀྱི་སྣང་བའི་ངོར། །ཐིག་ལེ་ནག་པོའི་འོད་ཀྱི་གུང་ཁང་དབུས། །ཆོས་སྲུང་གཙོ་བོ་གུར་གྱི་མགོན་པོའི་སྐུ། །ཡོངས་རྫོགས་གསལ་བར་གཟིགས་ལ༴ །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཉིད། །སྐུ་དང་རྒྱན་དང་ཕྱག་མཚན་ངེས་མེད་ཅན། །ཡང་ཡང་འཁོར་ཞིང་གལ་ཆེའི་གསང་དོན་སྐོར། །ལུང་བསྟན་ཐོགས་མེད་ཕུལ་ལ༴ །མཁའ་འགྲོས་དར་ལྡིང་ནམ་མཁར་བཏེགས་པའི་སྐབས། །ཡེ་ཤེས་རྡོ་རྗེས་རལ་གྲིས་དར་ཐག་བཅད། །ཨ་ཡུ་དཱི་པྃ་རྡོ་རྗེ་རྒྱ་གྲམ་གྱི། །ཞབས་བརྟན་ལེགས་པར་ཕུལ་ལ༴ །མགོན་པོ་ལེགས་ལྡན་གུས་འདུད་ཕྲིན་ལས་སྒྲུབ། །དཔལ་མགོན་བྲམ་གཟུགས་མདུན་དུ་ཆེད་ཕེབས་ནས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་སྐུར་རྫོགས་པར་ཕུལ་ལ༴ །སྔགས་སྲུང་དྲག་མོ་ཨེ་ཀ་ཛ་ཏྲི་དང་། །དཔལ་ལྡན་ལྷ་མོ་ཨ་ཕྱི་ཆོས་སྒྲོན་སོགས། །རྟག་ཏུ་འགོ་ཞིང་བར་ཆད་སེལ་བ་དང་། །གང་བཅོལ་ཕྲིན་ལས་སྒྲུབ་ལ༴ །བསྟན་ལ་འཚེ་ཞིང་སྐྱེ་འགྲོའི་སྲོག་འཕྲོག་བའི། །དམ་སྲི་རྒྱལ་འགོང་འབྱུང་པོ་གདུག་པ་ཅན། །ཁྱེད་ཀྱིས་ལྷ་སྔགས་དྲག་པོས་གཟིར་བྱས་ཏེ། །བསྟན་འགྲོའི་བར་ཆད་སེལ་ལ༴ །གྲུབ་ཆེན་ཐང་རྒྱལ་སྐྱབ་སྦྱིན་ལྕགས་ཐག་བསྣམས། །སྨུག་ནག་ཐུགས་ཀར་གུ་རུ་ཡུམ་སྦྱོར་ཅན། །ཚེ་གསལ་མཁའ་འགྲོ་བཞི་ཡིས་བསྐོར་བ་ལས། །དབང་བླངས་ཐུགས་ཉམས་རྒྱས་ལ༴ །སྐུ་ཚབ་བསྒྲུབ་པས་དྲོད་དང་གཟི་བརྗིད་འབར། །བདུད་རྩི་སྨན་སྦྱོར་སྒྲུབ་ཁང་འཇའ་འོད་འཁོར། །ཆོས་འཁོར་འགའ་ལ་རིན་ཆེན་མེ་ཏོག་བབས། །གྲུབ་མཚན་མངོན་དུ་གྱུར་ལ༴ །བགེགས་བསྐྲད་ཚེ་ན་སྐུ་རྟེན་ཆེས་ཆེར་གཡོས། །རྣམ་སྲས་གཏོ་སྦྱོར་མཛད་པས་དམག་སྣ་བཟློག །ཉང་གི་རྟ་ནག་དབང་དུས་བྲག་འདྲེ་བསྒྲལ། །མཐུ་སྟོབས་དབང་ཕྱུག་ཁྱེད་ལ༴ །གནས་རྟེན་དགོན་དུ་ས་འདུལ་བྱིན་འབེབས་སྐབས། །མཐའ་འདྲེ་དོང་དུ་བསྟིམས་ཤིང་ནམ་མཁའི་དབྱིངས། །ཨོ་རྒྱན་གུ་རུ་རིག་འཛིན་འཁོར་བཅས་ཀྱིས། །དགྱེས་པའི་གར་སྟབས་མཛད་ལ༴ །ས་ཁྱི་མདོ་ཁམས་ཕྱུགས་ནད་མཆེད་གྱུར་ཚེ། །ཐུགས་གཏད་གཟིར་བས་ནད་བདག་དངོས་གཟུགས་བསྟན། །སྲོག་སྙིང་ཕུལ་བར་བཀའ་བསྒོས་དམ་བསྒྲགས་ལྟར། །ནད་ཡམས་རྒྱུན་ཆད་གྱུར་ལ༴ །ནང་ཆེན་རྒྱལ་སར་སྒྲོལ་དཀར་སྤྱན་གསལ་འཁྲུངས། །གངས་རི་ཐོད་དཀར་སྨན་གྱི་བཟང་དྲིས་ཁྱབ། །རི་མདའི་དུང་དགོན་རབ་གནས་མེ་ཏོག་བབས། །བྱིན་རླབས་ཉེ་རིང་མེད་ལ༴ །གཉན་ལོ་ཙཱ་བ་ཞལ་སྨུག་དབུ་སྐྲ་ཅན། །རིང་འགགས་བཟན་རིང་སྐུ་བོང་ཆུང་བ་ཡིས། །གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་སྤྲུལ། །དབང་བསྐུར་དབྱེར་མེད་ཐིམས་ལ༴ །འཇམ་དཔལ་བཅུད་ལེན་རིལ་སྒྲུབ་བཟླས་ཐུན་སྐབས། །སྒྲུབ་དཀྱིལ་སྟེང་དུ་འཇམ་དཔལ་ཡབ་ཡུམ་འཁོར། །དབྱངས་ཅན་རིགས་བཞི་ཆེས་གསལ་རེ་རེ་བཞིན། །འཁྲིལ་སྦྱོར་བདེ་ཉམས་བཞེས་ལ༴ །འོད་གསལ་ཀློང་དུ་སྐྱབ་རྗེ་རྒྱལ་ཚབ་མདུན། །མཁྱེན་བརྩེའི་སྙན་བརྒྱུད་ཡང་ཕུར་བསྒྲགས་དབང་གི། མཐའ་ཅན་གཏེར་མཛོད་དབང་ལུང་ཆ་ཚང་ཞིག །ཐོབ་པའི་ཞལ་བཞེས་གནང་ལ༴ །ཆོས་རྗེ་ས་པཎ་ཕྱེད་སྐྱིལ་ཆོས་འཆད་ཅན། །འཇམ་དཀར་སྨྲ་སེང་ཡེ་ཤེས་སེམས་དཔའ་དང་། །དབྱངས་ཅན་དཀར་མོ་མི་གཡོ་དཀར་པོ་སྟེ། །གནས་ལྔའི་ལྷ་བཅས་གཟིགས་ལ༴ །གནས་བསྐོར་ཕེབས་ཚེ་རྭ་སྒྲེང་ཤུགས་རྩེ་སོགས། །སྤྱན་རས་གཟིགས་དང་ཇོ་འབྲོམ་གཙོར་མཛད་པའི། །བཀའ་གདམས་བརྒྱུད་པའི་བླ་མ་ཡི་དམ་གྱིས། །ཞལ་གཟིགས་དབང་བསྐུར་སྩལ་ལ༴ །མཚུར་ཕུའི་རྒྱབ་རིང་འཁོར་ལོ་བདེ་མཆོག་སྐུ། །ཆེ་གསལ་ཞལ་ཕྱག་ཡོངས་རྫོགས་མདུན་རིའི་བྲག །ཀརྨ་པཀྵི་སྐུ་མདོག་སྨུག་པོ་བཅས། །ཞལ་གཟིགས་གཉིས་མེད་ཐིམས་ལ༴ །ལྷོ་བྲག་སྨྲ་བོ་ཅོག་གནས་ཉེ་བ་ན། །བླ་མ་མངའ་བདག་དགེ་བསྙེན་ཐོར་ཅོག་ཅན། །སྐུ་བོང་ཆེ་ཞིང་རྡོ་རྗེ་ཐོད་པ་བསྣམས། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །སྨིན་གྲོལ་གླིང་དུ་ཀུན་མཁྱེན་ཀློང་ཆེན་པ། །ལོ་བརྒྱད་ཚུལ་བཞུགས་དབུ་ཞྭ་ཆོས་གོས་དང་། །ཕྱག་གཉིས་ས་གནོན་འོད་ཟེར་འཕྲོ་འདུ་ཅན། །འོད་གསལ་ཀློང་དུ་མཇལ་ལ༴ །སྨིན་གཏེར་གནས་གྱུར་རྡོ་རྗེ་གླིང་པ་ནི། །པད་ཞུ་ན་བཟའ་སྔོ་ཞིང་ཕྱམ་རྩེ་དཀྲིས། །དཀྱིལ་འཁོར་མང་སྤྲུལ་རང་གཏེར་དབང་རྫོགས་མཐར། །གླེགས་བམ་བཀའ་གཏད་བཞེས་ལ༴ །རང་བྱུང་རྡོ་རྗེ་ཞྭ་ནག་ཆོས་གོས་མནབས། །ཕྱག་གཉིས་ཆོས་འཆད་ཅན་གསལ་དེ་ཉིད་ཀྱི། །གསུང་འབུམ་ཡོངས་རྫོགས་བཀའ་གཏད་ཚུལ་དུ་ནི། །ཐོབ་པའི་ཉམས་སྣང་བཞེས་ལ༴ །གནས་མདོ་ཆགས་མེད་སྒོམ་ཞུ་ཅན་ཞིག་གིས། །གསུང་འབུམ་གཏད་མཐར་གླེགས་བམ་ཆོས་བརྩིགས་གྱུར། །དེ་ཉིད་ཐུགས་ཆེན་འཁོར་བ་དོང་སྤྲུགས་བཞེངས། །ཁྱེད་སྐུར་དབྱེར་མེད་གྱུར་ལ༴ །བསམ་ཡས་དབུ་རྩེ་བར་ཁང་ཧས་པོ་རིར། །མཆོད་བསང་རི་ཁྲུས་རབ་གནས་དམ་བསྒྲགས་ཚེ། །གུ་རུ་འཁོར་བཅས་མཁའ་དབྱིངས་གར་སྟབས་མཛད། །སྡེ་བརྒྱད་དབང་དུ་བསྡུད་ལ༴ །གྲོ་བོ་ལུང་སོགས་མར་པའི་འདྲ་ཞལ་དང་། །གདུང་འབུམ་མཇལ་ཚེ་རྗེ་དེ་མངོན་སུམ་དུ། །དགྱེས་རྡོར་ལྷ་དགུར་གྱུར་ཅིང་ཨཥྚ་ཡི། །སྦགས་ཕྲེང་དང་བཅས་ཐིམས་ལ༴ །ཚར་ཆེན་འདྲ་ཞལ་རྡོ་རྗེ་འཆང་དངོས་གཟིགས། །དབང་བཞི་བླངས་ཤིང་ཐིམས་པས་ཁྱེད་ཀྱི་སྐུ། །ཀྱེ་རྡོར་ཐུགས་ཀར་བདག་མེད་ལྷ་མོ་ནི། །བཅོ་ལྔ་དང་བཅས་གསལ་ལ༴ །མང་མཁར་ཀ་ལ་ཕུག་ཏུ་ཐུགས་དམ་ཚེ། །རབ་བྱུང་ཆས་ཅན་འབྲོག་མི་ལོ་ཙཱ་བ། །པཎ་ཞུ་གསོལ་ཞིང་ཕྱག་གཉིས་རྡོར་དྲིལ་བསྣོལ། །ཐ་དད་གཉིས་མེད་ཐིམས་ལ༴ །གནམ་མཚོའི་འགྲམ་དུ་ཕེབས་ཚེ་མཚོ་དེ་ཉིད། །དཔལ་ལྡན་འཁོར་ལོ་བདེ་མཆོག་ཕོ་བྲང་ནི། །ཐུགས་གསུང་སྐུ་དཀྱིལ་འཁོར་བཅས་དཔའ་བོ་དང་། །མཁའ་འགྲོའི་གར་བཅས་གཟིགས་ལ༴ །བལ་ཡུལ་དབྱིག་གཉེན་གདུང་འབུམ་ཐུགས་འདུན་ཚེ། །རྗེ་དེས་པཎ་ཞུ་གསོལ་ཞིང་པཎ་ཆས་ཅན། །ཕྱག་གཡས་སྐྱབ་སྦྱིན་གཡོན་པས་མཆོག་སྦྱིན་མཛད། །ཞབས་གཉིས་རོལ་སྟབས་གཟིགས་ལ༴ །མཆོད་རྟེན་བྱ་རུང་ཁ་ཤོར་མཆོད་བསྐོར་ཚེ། །སངས་རྒྱས་བྱང་སེམས་དགྲ་བཅོམ་ནམ་མཁར་བཞུགས། །མཆོད་རྟེན་ནང་དུ་བདེ་གཤེགས་སྒྲུབ་བརྒྱད་ཀྱི། །དཀྱིལ་འཁོར་སྒྲིབ་མེད་གཟིགས་ལ༴ །བལ་ཡུལ་ན་རོའི་སྒྲུབ་ཕུག་པཎ་ཆེན་དེ། །སྔོ་སྐྱ་ཐོར་ཅོག་རུས་རྒྱན་ཕྱེད་སྐྱིལ་བཞུགས། །ཕྱག་གཡས་ཐོད་པ་གཡོན་པས་བདུད་རྩི་འཐོར། །དབང་བླངས་གཉིས་མེད་ཐིམས་ལ༴ །འབྲས་ལྗོངས་ལྷ་བཙུན་ཆེན་པོ་ན་ཁྲེབ་སྐུ། །རལ་ཅོག་ན་བཟའ་ཕུ་ཅན་བཟན་ཤམ་མནབས། །ཆོས་འཆད་མཉམ་བཞག་ཐོད་ཆང་ཅན་ཞལ་གཟིགས། །དབང་བསྐུར་དབྱེར་མེད་གྱུར་ལ༴ །གནས་ཀྱི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིངས། །མཁའ་འགྲོའི་འཁོར་བཅས་ལྷ་བཙུན་ཧེ་རུ་ཀ། ཕྱག་གཡས་རྐང་གླིང་གཡོན་པས་ཐོད་ཆང་བསྣམས། །མདུན་མཁར་གསལ་བར་གཟིགས་ལ༴ །མེ་སྤྲེལ་སྨིན་ཟླའི་ཉེར་དགུར་མཚོ་པདྨ། །ཞབས་བསྐོར་མཛད་པར་གུ་རུ་ཟ་ཧོར་མར། །ས་ར་ཧ་སོགས་པཎ་གྲུབ་མང་པོ་ཡི། །འཁོར་གྱིས་བསྐོར་བ་གཟིགས་ལ༴ །འཇམ་དབྱངས་ས་པཎ་ཆོས་འཆད་གླེགས་རལ་བསྣམས། །གཡོན་པ་མཉམ་བཞག་ཚེ་བུམ་ཐུགས་ཀ་རུ། །ཚེ་དཔག་དཀར་པོའི་བདུད་རྩིས་ཚེ་བུམ་གང་། །དེ་ལས་བདུད་རྩི་བཞེས་ལ༴ །འབྲས་ལྗོངས་དཀོན་སྤྱི་དྲག་པོའི་དབང་སྒྲུབ་སྐབས། །སྐུ་ཡི་གསལ་སྣང་ནམ་མཁའི་གཏོས་དང་མཉམ། །སྤྲུལ་པས་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། །སྲོག་སྙིང་གདན་དུ་བསྟིམས་ལ༴ །རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ཉིད། །ཐུབ་དབང་དངོས་གྱུར་ཐུགས་ཀར་རྡོར་འཆང་དང་། །དེ་ཡི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་བཞུགས། །འཁོར་བཅས་ཡང་ཡང་གཟིགས་ལ༴ །བྱང་ཆུབ་ཤིང་གི་ཉེ་འགྲམ་མཆོད་འབུལ་དང་། །ལྷ་བབས་གནས་དང་མཉན་ཡོད་གནས་མཇལ་ཚེ། །མདུན་མཁར་ཕྱོགས་མཚམས་སངས་རྒྱས་བྱང་སེམས་བཞུགས། །དབང་དང་བྱིན་རླབས་སྩལ་ལ༴ །དུར་ཁྲོད་བསིལ་བ་ཚལ་གྱི་སྒྲུབ་ཕུག་ཏུ། །ཤ་བ་རི་པ་ཕྲག་པར་རི་དྭགས་རོ། །བཀལ་ཞིང་ཕྱག་གཡས་མདའ་དང་གཡོན་པས་གཞུ། །གནས་ལྔའི་ལྷ་བཅས་གཟིགས་ལ༴ །རྡོ་རྗེ་གླིང་དུ་ཏི་སིའི་གངས་ངོས་སུ། །རྗེ་བཙུན་མི་ལ་བདེ་མཆོག་སྐུ་གྱུར་ལས། །སྤྲུལ་པའི་དཀྱིལ་འཁོར་དུ་ནི་སྙན་བརྒྱུད་དབང་། །གླེགས་བམ་གདམས་གཏད་སྩལ་ལ༴ །འབྲས་ལྗོངས་གནས་སུ་སྨྱུང་བའི་ཚུལ་བསྟན་ཚེ། །ཙཎྜཱ་གོ་མིས་རྣམ་འཇོམས་བྱབས་ཁྲུས་མཛད། །ཤ་ཟ་མཁའ་འགྲོས་སྙུང་ཁམས་འཇིབ་པ་ན། །སྐུ་ཉམས་གསལ་དྭངས་བཞེས་ལ༴ །གཏེར་ཆེན་མཆོག་གླིང་གུ་རུའི་ཆས་ཅན་གྱིས། །བྱབས་ཁྲུས་མཛད་མཐར་སྒྱུ་འཕྲུལ་ཚེ་དཀར་གྱི། །དཀྱིལ་འཁོར་སྤྲུལ་ཏེ་དབང་བཞི་རྒྱས་པ་ཞིག །ཤིན་ཏུ་གསལ་བར་བཞེས་ལ༴ །གདུལ་བྱའི་དོན་དུ་ཞིང་གཞན་གཤེགས་པའི་ཚེ། །ས་གཞི་ཆེར་གཡོས་མཚན་མོར་འོད་དང་བཅས། །སྐྱེ་མེད་ཨ་ཡི་གདངས་དབྱངས་སྒྲོགས་བཞིན་དུ། །འོད་གསལ་ཀློང་དུ་བཞུགས་ལ་གསོལ་བ་འདེབས། །འོན་ཀྱང་ཁྱེད་ཀྱི་གསང་གསུམ་ཡོན་ཏན་ནི། །བསྐལ་མང་གཞལ་ཀྱང་ས་ཐོབ་འཕགས་པ་ཡི། །སྤྱོད་ཡུལ་མིན་ན་བྱིས་བློས་ག་ལ་དཔོག །དེ་ལྟར་ན་ཡང་དད་པའི་གསོས་སུ་སྤེལ། །བླ་མའི་ཡོན་ཏན་དྲན་ཅིང་གསོལ་བཏབས་པས། །ཉམ་ཐག་སྐལ་དམན་ཁྱེད་ཀྱི་རྗེས་འཇུག་ཀུན། །འདི་དང་ཕྱི་མ་བར་དོའི་གནས་སྐབས་སུ། །བྱིན་གྱིས་རློབས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །ཁྱད་པར་རྩ་བའི་ཕ་མ་སྤུན་སྲིང་གཙོས། །བདག་ལ་བཟང་ངན་འབྲེལ་བའི་སྐྱེ་འགྲོ་ཀུན། །ལས་དང་ཉོན་མོངས་རྦ་རླབས་འཁྲུག་པ་ཡི། །འཁོར་བའི་མཚོ་ལས་མྱུར་དུ་བསྒྲལ་དུ་གསོལ། །བདག་ཀྱང་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་ཁྱེད་ཀྱི་ཞབས་དྲུང་སྐྱེས་གྱུར་ནས། །གསུང་གི་གསང་མཛོད་ཇི་སྙེད་འཛིན་བྱས་ཏེ། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་པར་ཤོག །དེ་ཡི་དགེ་བ་སྤྲིན་དཀར་བླ་བྲེ་ལས། །ཕན་བདེ་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །སྲིད་ཞི་དཔལ་གྱི་ལོ་ཏོག་རབ་རྒྱས་ཏེ། །རྣམ་གྲོལ་འབྲས་བུས་ཡིད་ཅན་ཚིམས་པར་ཤོག །ཅེས་རྗེ་བཙུན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསང་རྣམ་གྱི་སྒོ་ནས་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ནི། ཡུལ་མདོ་ཁམས་སུ་སྐྱེས་ཤིང་བླ་མ་རྡོ་རྗེ་འཆང་གི་ཞལ་སློབ་ཀྱི་གྲལ་མཐར་མཆིས་པ་ཀུན་དགའ་དབང་ཕྱུག་གིས། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ནག་ཟླའི་ཚེས་ནང་རྗེ་བླ་མའི་ཞལ་གསུང་ཕྱག་བསྟར་དངོས་ཀྱི་ཤོག་དྲིལ་ནང་འཁོད་ཀྱི་གསང་རྣམ་དཀྱུས་སུ་བསྒྲིགས་སྐབས་སུ་རང་གི་དད་པའི་གསོས་འཛིན་དུ་བཅུད་བསྡུས་གསོལ་འདེབས་ཚིག་བཅད་མགྱོགས་བསྟར་བགྱིས་པར། ལོ་དེའི་མཇུག་ཏུ་རྣམ་ཐར་ཆེན་མོ་ཞིབ་མཇལ་སྐབས། སླར་ཡང་དེའི་ནང་ནས་ཀྱང་ཁ་ཤས་བླངས་ཤིང་གོང་དང་གཤམ་དུ་བསྒྲིགས་ཏེ་བསྣན་འཕྲི་ཅུང་ཟད་བཅས་སྤེལ་བར་རྗེ་གང་གི་སློབ་གྲོགས་བརྒྱུད་བཅས་ལ་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། }} | ཨོཾ་སྭསྟི། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཡི། །ཡེ་ཤེས་སྐུ་ཅན་མཁྱེན་བརྩེ་ནུས་པའི་གཏེར། །རིགས་དང་དཀྱིལ་འཁོར་ཀུན་ཁྱབ་དྲིན་ཅན་རྗེ། །བླ་མ་འཇ༵མ་པའི་དབྱང༵ས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་། །འཁོར་ལོ་སྡོམ་པ་བླ་མའི་སྐུར་སྣང་བ། །ཆོས༵་ཀྱི༵་བློ༵་གྲོས༵་ཞབས་ལ་གསོལ་བ་འདེབས། །འཇ༵མ་དཔལ་དབྱང༵ས་དངོས་མཁྱེན༵་བརྩེའི༵་དབ༵ང་པོ༵་ཞེས། །འགྲོ་ཀུན༵་དགའ༵་བའི་གཉེན་མཆོག་རིས་མེད་ཀྱི། །བསྟན༵་པའི༵་རྒྱལ༵་མཚན༵་ཆེར་བསྒྲེངས་དཔ༵ལ་བཟ༵ང་པོའི༵། །ཕྲིན་ལས་རྣམ་འཕྲུལ་ཆེན་པོར་གསོལ་བ་འདེབས། །དགོས་འདོད་ཀུན་འབྱུང་བསམ་འཕེལ་དབང་གི་རྒྱལ། །འབྲེལ་ཚད་དོན་ལྡན་འཇམ་དབྱངས་བླ་མ་ཡི། །བསམ་གྱིས་མི་ཁྱབ་གསང་བའི་རྣམ་ཐར་མཆོག །ཡིད་ལ་དྲན་ཅིང་གུས་པས་གསོལ་བ་འདེབས། །མཉམ་རྗེས་དབྱེར་མེད་བདེ་ཆེན་ཆོས་སྐུའི་ཀློང་། །སྣོད་བཅུད་སྣང་བ་ལྷ་དང་གཞལ་ཡས་ཁང་། །གྲགས་སྟོང་སྐྱེ་མེད་སྔགས་ཀྱི་རང་སྒྲ་སྒྲོགས། །དག་པ་རབ་འབྱམས་ཁྱེད་ལ་གསོལ་བ་འདེབས། །ཐུབ་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་། །བི་མ་མི་ཏྲ་ལྷ་བཙུན་ཀློང་ཆེན་པ། །རྗེ་བཙུན་མི་ལ་ལམ་འབྲས་བླ་མ་སོགས། །དགྱེས་ཞལ་ཡང་ཡང་མཇལ་ལ་གསོལ༴ །ཐང་སྟོང་རྒྱལ་པོས་རིག་པ་ངོ་སྤྲོད་དང་། །མཁྱེན་བརྩེའི་དབང་པོར་ཚེ་དབང་དཔལ་སྤྲུལ་ལས། །ཀློང་སྙིང་སྔོན་ཁྲིད་གནུབས་ཆེན་སྔགས་གཞུང་སོགས། །དག་སྣང་ཉེ་བརྒྱུད་སྩལ་ལ༴ །འཇམ་དཔལ་དབྱངས་དངོས་ས་སྐྱ་པཎྜི་ཏས། །ལན་གཅིག་ཚད་མ་རིག་གཏེར་བཤད་ཁྲིད་དང་། །སྐབས་འགར་དབང་དང་བྱིན་རླབས་རིག་གཏད་གནང་། །ངོ་བོ་དབྱེར་མེད་བཞུགས་ལ༴ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས། །ཀྱེ་རྡོར་དབང་དང་ལམ་འབྲས་ལྟ་ཁྲིད་དང་། །རྒྱུད་གསུམ་མནོས་ཤིང་ཚར་ཆེན་ཆོས་རྗེ་ལས། །དབང་བླངས་གཉིས་མེད་གྱུར་ལ༴ །རྡོ་རྗེ་འཆང་དངོས་ཀུན་དགའ་བཟང་པོ་ལས། །སོ་ཐར་བསྙེན་པར་རྫོགས་ཤིང་དེ་ཡི་མཚན། །ཀུན་དགའ་ཕྲིན་ལས་རྒྱ་མཚོ་དོན་འགྲུབ་ནི། །དབང་གི་རྒྱལ་པོ་གསོལ་ལ༴ །མདུན་མཁར་འཇའ་ཟེར་ཀློང་དུ་འགྲོ་འདུལ་རྗེ། །དཔའ་བོ་རྡོ་རྗེ་སྐུ་མདོག་དམར་སྨུག་ཅན། །སྐྲ་དཀར་ཐོར་ཅོག་རུས་པའི་རྒྱན་གྱིས་སྤྲས། །མཁའ་འགྲོའི་ཚོགས་བཅས་གཟིགས་ལ༴ །ཕྱག་གཡས་སྙན་གྱི་ཐད་ཀར་ཌཱ་རུ་དཀྲོལ། །གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས། །སྙན་འགྱུར་རྡོ་རྗེའི་གླུ་ཡིས་གསང་བ་ཡི། །ཟབ་མོའི་གདམས་ངག་སྩལ་ལ༴ །བླ་མ་འཁོར་ལོ་བདེ་མཆོག་འཁོར་དང་བཅས། །ཡང་ཡང་གཟིགས་ཤིང་དབང་བསྐུར་བྱིན་གྱིས་བརླབས། །རེས་འགའ་ཐ་དད་རེས་འགའ་གཅིག་ཏུ་གྱུར། །གཉིས་མེད་གཉིས་སུ་སྣང་ལ༴ །འཇིགས་བྲལ་རྣལ་འབྱོར་དབང་ཕྱུག་བིཪྺ་པ། །ཕྱག་གཉིས་ཆོས་འཆད་བརྗིད་ཉམས་ཆེ་བའི་སྐུར། །མོས་གུས་མཛད་པས་ཞལ་དུ་བརྔུབས་ནས་ནི། །གསང་ལམ་ཕྱིར་དབྱུངས་མཛད་ལ༴ །བདེ་གཤེགས་བདུད་རྩི་ཐོད་ཆང་རིག་མ་བསྟིམས། །དཔྲལ་བ་ལ་སོགས་གནས་ནས་འོད་ཟེར་ནི། །དཀར་དམར་མཐིང་གསུམ་དང་ནི་འདྲེས་མ་ཡིས། །དབང་བསྐུར་བྱིན་གྱིས་བརླབས་ལ༴ །དོ་ཧ་རྡོ་རྗེའི་གླུ་དབྱངས་སྒྲོགས་བཞིན་དུ། །བླ་མ་ཧཱུྃ་ཡིག་གཅིག་ཏུ་གྱུར་པའི་མཐར། །ཐིམས་པའི་མོད་ལ་རིག་སྟོང་ནམ་མཁའ་ལྟར། །དབྱེར་མེད་གྱུར་པ་ཁྱེད་ལ༴ །འོད་གསལ་ཀློང་དུ་བླ་མ་ས་ཆེན་གྱིས། །རྣམ་འགྲེལ་བཅུ་གཅིག་པོད་དབང་བྱིན་བརླབ་མཐར། །དགྱེས་པ་རྡོ་རྗེར་གྱུར་ཏེ་ཐིམ་པའི་མོད། །བདེ་སྟོང་ཡེ་ཤེས་རོལ་ལ༴ རྣལ་འབྱོར་སྤྱོད་པ་གྲུབ་ཆེན་ནག་པོ་པ། །རུས་པའི་རྒྱན་ཅན་རོ་ལང་ཁྲི་སྟེང་རོལ། །སྟེང་མཁར་གདུགས་དང་བཅས་པའི་སྐུ་ཟིལ་ཅན། །ཤིན་ཏུ་གསལ་བར་གཟིགས་ལ༴ །མཁའ་འགྲོ་སྤྲོས་ཤིང་བདེ་མཆོག་དཀྱིལ་འཁོར་བཞེངས། །སློབ་དཔོན་རང་ཉིད་དཀྱིལ་འཁོར་གཙོ་བོ་ནི། །བདེ་མཆོག་ཞལ་བཞི་བཅུ་གཉིས་ཕྱག་ཅན་གྱིས། །ཁྱེད་ཞལ་བརྔུབས་པར་མཛད་ལ༴ །ཡུམ་མཁར་ཕྱིར་བཏོན་བདེ་མཆོག་ལྷན་སྐྱེས་གྱུར། །སྡོམ་བཟུང་ནས་བརྩམ་རིག་པའི་དབང་ལྔ་དང་། །བརྟུལ་ཞུགས་སྤྱོད་དབང་མཆོག་དབང་གསུམ་དང་བཅས། །དབང་བཞི་རྒྱས་པར་བཞེས་ལ༴ །སླར་ཡང་སློབ་དཔོན་སྔར་བཞིན་གྱུར་པ་ཡིས། །རྒྱུད་ཀྱི་གླེགས་བམ་གཅིག་གི་བཀའ་གཏད་མཐར། །ཁྱེད་སྐུར་ཐིམས་ཤིང་དབྱེར་མེད་གྱུར་པ་ཡིས། །ཡེ་ཤེས་རང་མདངས་གསལ་ལ༴ །ལམ་འབྲས་ཁྲིད་དབུར་རྗེ་བཙུན་གྲགས་རྒྱལ་ཉིད། །བགྲེས་ཉམས་དཀར་ཆས་རྡོ་དྲིལ་ཁ་ཊཱྃ་ཅན། །བརྒྱུད་པའི་བླ་མ་དང་བཅས་ཐིམས་པའི་མོད། །བདེ་ཉམས་བཞེས་པར་མཛད་ལ༴ །མནལ་ལམ་འོད་གསལ་དག་ཏུ་ལན་དུ་མར། །ཁའུ་བྲག་རྫོང་གསལ་ཞིང་དུས་གཅིག་ན། །བླ་མ་ཁའུ་པ་ཡི་སློབ་དུས་ཀྱི། །ས་ཆེན་བག་ཆགས་སད་ལ༴ །རིག་འཛིན་འཇའ་ཚོན་སྙིང་པོས་མདུན་མཁར་གཟིགས། །ཁྱོད་དང་ང་གཉིས་དབྱེར་མེད་གཅིག་ཅེས་སོགས། །གསུངས་མཐར་ཧྲཱིཿདང་ཐིག་དམར་རྡོ་རྗེར་གྱུར། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །བཀའ་འདུས་སྨན་སྒྲུབ་སྐབས་ཤིག་འོད་གསལ་དུ། །བྱ་རྒྱལ་ཁྱུང་སྤྲུལ་མངོན་དགའི་ཞིང་བཀོད་དང་། །བདེ་ཆེན་ཞིང་དམར་སངས་རྒྱས་འོད་དཔག་མེད། །བཀོད་པ་དང་བཅས་མཇལ་ལ༴ །དགོངས་ཟང་དབང་དུས་རིག་འཛིན་རྒོད་ལྡེམ་རྗེ། །སྐྱིལ་ཀྲུང་དཀར་ཆས་ཐོར་ཅོག་རྒོད་འཕྲུ་ཅན། །ཆོས་འཆད་གཏེར་སྒྲོམ་འཛིན་ཅིང་མདུན་མཁར་བྱོན། །ཟང་ཐལ་བཀའ་གཏད་གནང་ལ༴ །བླ་རྣལ་སྒོམ་ཚེ་མཁའ་འགྲོས་སྤྱན་དྲངས་ཏེ། །བཀའ་འདུས་དཀྱིལ་འཁོར་མཇལ་ཞིང་དཀར་ཆས་གསོལ། །ཡར་རྗེ་ཨོ་རྒྱན་གླིང་པའི་བག་ཆགས་སད། །མཁའ་འགྲོ་འབུམ་གྱིས་བསྐོར་ལ༴ །རླུང་འདུན་ཙམ་གྱིས་ཀུན་མཁྱེན་རོང་སྟོན་རྗེ། །ཆོས་འཆད་གླེགས་བམ་འཛིན་པའི་པཎྜི་ཏས། །ཤེར་ཕྱིན་ལ་སོགས་གསུང་འབུམ་གདམས་གཏད་མཐར། །ཐུགས་ཀར་དབྱེར་མེད་ཐིམས་ལ༴ །རྣམ་ཐར་དད་པས་གྲུབ་ཆེན་ཏིལླི་པ། གཅེར་བུ་འཇིགས་ཉམས་ཡུམ་དང་སྦྱོར་བ་ཡིས། །བདུད་རྩི་གནང་བས་བདེ་ཉམས་རྒྱས་པའི་མཐར། །དབྱེར་མེད་གཅིག་ཏུ་གྱུར་ལ༴ །སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས། །སྨུག་ནག་པཎ་ཞུ་གསོལ་ཞིང་པཎ་ཆས་ཅན། །ཞབས་པུས་གཡས་བསླངས་ཕྱག་གཉིས་གླེགས་བམ་བསྣམས། །མདུན་མཁར་གསལ་བར་གཟིགས་ལ༴ །མོས་གུས་མཛད་པས་གཞལ་མེད་ཁང་ཞིག་ཏུ། །བླ་མ་འཇམ་རྡོར་འཁོར་བཅས་སྐུར་གྱུར་པས། །ཉིད་སྐུ་འོད་ཀྱིས་སྦྱངས་མཐར་གསེར་ཞུན་ལྟར། །གྱུར་པ་ཞལ་དུ་ཞུགས་ལ༴ །ཡུམ་མཁར་འཇམ་དཔལ་གྱུར་པ་ཕྱིར་བཏོན་ནས། །སྡོམ་བཟུང་ཡེ་ཤེས་དབབ་པ་ནས་བརྩམ་སྟེ། །དབང་བཞི་ཤིན་ཏུ་བྱས་མཐར་ལུང་བསྟན་དང་། །དབུག་དབྱུང་གཟིངས་བསྟོད་སྩལ་ལ༴ །དེ་མཐར་དཀྱིལ་འཁོར་ལན་གསུམ་བསྐོར་བའི་རྗེས། །གཙོ་འཁོར་འབྲུ་གསུམ་གྱུར་ཏེ་ཐིམས་པའི་མོད། །ཉིད་སྐུ་ཐིག་སེར་གོང་བུ་གྱུར་ཏེ་ཡལ། །བདེ་ཆེན་ཡེ་ཤེས་སྐྱེས་ལ༴ །སླར་ཡང་པཎ་ཆེན་སྔར་བཞིན་གྱུར་ནས་ནི། །རྒྱུད་ཀྱི་གླེགས་བམ་མང་པོའི་བཀའ་གཏད་གནང་། །གླེགས་བམ་ཐིམ་པས་ཁྱེད་སྐུ་གླེགས་བམ་ཆེར། །གྱུར་པའི་གསལ་སྣང་བཞེས་ལ༴ །གྲུབ་ཐོབ་ཆེན་པོ་ཀུ་ཀུ་རི་པ་ཉིད། །སྔོ་སངས་ཐོར་ཅོག་ཁྱི་སྦྱོར་འཁོར་བཅས་ཀྱིས། །རིག་ངོ་སྤྲོད་མཐར་དབྱེར་མེད་ཐིམས་པའི་མོད། །ཁྱེད་ཉིད་དེ་རུ་གསལ་ལ༴ །མནལ་ལམ་དུར་ཁྲོད་བཀོད་པའི་གནས་སུ་ཕེབས། །གྲུབ་ཆེན་ཐང་རྒྱལ་བདེ་མཆོག་སྐུ་རུ་བཞེངས། །རྗེ་ཉིད་ཕག་མོའི་སྐྱུ་གྱུར་བདེ་མཆོག་གི། དབང་བསྐུར་རྒྱས་པར་བཞེས་ལ༴ །ཟངས་མདོག་དཔལ་གྱི་རི་བོར་ཡུད་ཀྱིས་ཕེབས། །ཞིང་གི་བཀོད་པ་གཟིགས་ཤིང་རིན་ཆེན་གྱི། །ཕོ་བྲང་ཕྱི་སྒོར་ཕེབས་འཕྲལ་མཁའ་འགྲོ་མ། །སྨུག་མོས་གདན་དྲངས་ཞུས་ལ༴ །པད་ཞུ་གསོལ་བའི་ཨོ་རྒྱན་གུ་རུས་དབུས། །རིག་འཛིན་ཐམས་ཅད་གྲལ་བསྟར་བཞུགས་པ་ཡིས། །རོལ་མོའི་སྒྲ་བཅས་སྒྲུབ་པ་འཚོགས་བཞིན་པའི། །མདུན་དུ་ཕེབས་པ་ཁྱེད་ལ༴ །ཨོ་རྒྱན་གུ་རུས་བླ་མ་གསང་འདུས་ཀྱི། །དབང་བསྐུར་གསུངས་ནས་ལོགས་སུ་དཀྱིལ་འཁོར་བཀྲམས། །བུམ་དབང་ལ་སོགས་དབང་བཞི་རྫོགས་པའི་མཐར། །ལུང་བསྟན་གསལ་བར་གནང་ལ༴ །ཁྱེད་ལ་འབྲེལ་པ་ཐོབ་ཚད་ངན་སོང་ལས། །སྐྱོབ་པའི་ཐུགས་བསྐུལ་དྲག་པོས་ཞབས་ལ་བཏུགས། །དེ་འཕྲལ་མཁའ་འགྲོས་ཕྱིར་བསྐྱལ་སྒོ་མདུན་ནས། །འཕུར་ཏེ་རང་གནས་ཕེབས་ལ༴ །ཇོ་ནང་རྗེ་བཙུན་རབ་བྱུང་པཎ་ཆས་ཅན། །པུས་གཡས་བསླངས་ཤིང་གཡོན་པ་ཕྱེད་སྐྱིལ་བཞུགས། །རྡོར་དྲིལ་བསྣམས་ཤིང་མཁའ་འགྲོས་བསྐོར་བ་ལས། །དབང་བཞི་རྫོགས་པར་བཞེས་ལ༴ །དེ་ཉིད་ཧེ་རུ་ཀ་དཔལ་དཀར་པོ་ཞིག །གྱུར་པའི་ཞལ་ནས་བདེ་མཆོག་རྩ་སྔགས་སྤྲོས། །ཁྱེད་ཉིད་བདེ་མཆོག་གསལ་བའི་ཐུགས་ཞུགས་པས། །སྐུ་ལུས་སྔགས་སྒྲས་ཁེངས་ལ༴ །སླར་ཡང་དེ་ཉིད་ཕག་མོ་དམར་མོ་ནི། །གྲི་ཐོད་འཛིན་པའི་སྐུ་གྱུར་བྱང་སེམས་བླུད། །གསུང་གིས་ངོ་སྤྲོད་ཉིད་ལ་ཐིམ་པའི་མོད། །བདེ་ཉམས་ཕག་མོར་གསལ་ལ༴ །མོས་གུས་རྐྱེན་གྱིས་ཀཿསི་རྡོ་རྗེ་འཆང་། །ཟ་ཧོར་ཆས་ཅན་གུ་རུའི་སྐུར་བཞེངས་ནས། །ཐུན་མིན་ཟབ་ཁྱད་ལྡན་པའི་དབང་བཞི་ཞིག །ཤིན་ཏུ་གསལ་བར་བཞེས་ལ། །འདུས་མདོའི་སྟ་གོན་ཤེལ་གྱི་མཆོད་རྟེན་གྱི། །སྟོད་སྨད་བར་གསུམ་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་བཅས་ཏེ་ཐིམ་པའི་མོད། །རྡོར་སེམས་ཨ་དཀར་གྱུར་ལ༴ །དེ་ཚེ་གནུབས་ཆེན་སངས་རྒྱས་ཡེ་ཤེས་མཆོག །དབུ་སྐྲ་སེ་ཆོབ་རྒྱབ་བསྙིལ་དགེ་བསྙེན་ཆས། །སྣུམ་འབོར་གཟི་བརྗིད་ཅན་གྱིས་དཀྱིལ་འཁོར་ལས། །མདོ་ཡི་དབང་བཞི་གནང་ལ༴ །བསྙེན་དུས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་། །གླེགས་རལ་འཛིན་པས་གནས་ལྔའི་བྱིན་བརླབས་མཐར། །ཉིད་དང་དབྱེར་མེད་འོད་ཕུང་ཨ་ཡིག་བསྡུས། །དེ་མཐར་དབྱིངས་སུ་ཡལ་ལ༴ །འོད་གསལ་ཀློང་དུ་བློ་གཏེར་དབང་པོ་མཇལ། །འཁོར་ལོ་སྡོམ་པའི་སྐུ་གྱུར་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་མང་སྩལ་བས་ཐུགས་རྒྱུད་ལ། །བདེ་ཉམས་རྒྱས་པར་བཞེས་ལ༴ །ཡང་བསྐྱར་ལམ་དབང་ཞུ་བའི་ཐུགས་འདུན་རྐྱེན། །བླ་མ་དགྱེས་པ་རྡོ་རྗེའི་སྐུ་གྱུར་པའི། །ཐུགས་ཀར་འཇོག་སྙེ་རིགས་ལྔའི་བྱིན་རླབས་དང་། །ལམ་དབང་རྫོགས་པར་བཞེས་ལ༴ །སླར་ཡང་བླ་མ་པཎ་ཆས་རྡོ་དྲིལ་ཅན། །འབྲུ་གསུམ་གྱུར་ལས་རིགས་ལྔའི་ས་བོན་སོགས། །གྲངས་མེད་སྤྲོས་པས་ཁྱེད་སྐུ་ཧེ་རུ་ཀའི། །དྭངས་པའི་སྐུ་ལུས་ཁེངས་ལ༴ །སྤྲུལ་གཞི་ལྕང་ལོ་ཅན་ན་རིན་ཆེན་གྱི། །གཞལ་མེད་ཁང་མཛེས་བྱང་སེམས་སྙིང་པོའི་དཔལ། །དྲི་མེད་འོད་རྒྱལ་སྔོན་པོ་ལོངས་སྐུའི་ཆས། །དགྱེས་བཞུགས་འཁོར་བཅས་མཇལ་ལ༴ །སླར་ཡང་རྒྱུད་བཏུས་གླེགས་བམ་བརྩེགས་པའི་མཁར། །བླ་མ་སྔར་ལྟར་བཞུགས་ནས་གླེགས་བམ་ལས། །དབྱངས་གསལ་སྤྲོས་མཐར་གླེགས་བམ་བཅས་པ་ཡང་། །ཐིམས་ཉམས་གསལ་བར་བཞེས་ལ༴ །བླ་མ་ངག་དབང་ལེགས་པ་བདེ་ཆེན་ཞིང་། །བྱང་སེམས་ཟླ་སྙིང་ནོར་བུ་དྲི་མེད་འོད། །དཀར་པོ་ལོངས་སྐུ་ས་གནོན་སྐྱབས་སྦྱིན་ཅན། །འོད་འཕྲོས་བྱིན་གྱིས་བརླབས་ལ༴ །ངོར་ཆེན་ས་ཞུ་མནབས་ཤིང་ཆོས་འཆད་ཅན། །གསང་འདུས་སྐུར་གྱུར་འོད་ཀྱིས་ཁྱེད་སྐུ་སྦྱོངས། །ཧཱུྃ་གྱུར་ཞལ་དྲངས་དབང་བསྐུར་གསང་དབྱུངས་མཐར། །ཁྱོད་ཉིད་གསང་འདུས་གྱུར་ལ༴ །འོད་གསལ་ཀློང་འགྱུར་བདེ་མཆོག་སྐུ་རུ་བཞེངས། །རྟ་ཕག་ཡབ་ཡུམ་གྱུར་ནས་སྙོམས་འཇུག་རོལ། །གྲུབ་ཆེན་བིཪྺས་སྤྱོད་པའི་རྗེས་གནང་སྩལ། །གོང་མ་ཕྱོགས་གླང་གསལ་ལ༴ །དམ་པ་ཁྱེད་ཀྱི་ཡེ་ཤེས་གཟིགས་པའི་ངོར། །གཞལ་མེད་ཁང་དབུས་ཆོས་འབྱུང་བསྣོལ་བའི་རྩེར། །རྣལ་འབྱོར་མ་དཔལ་འཁོར་བཅས་ཡང་ཡང་གཟིགས། །རྗེས་བཟུང་བྱིན་གྱིས་བརློབས་ལ༴ །མདུན་གྱི་ནམ་མཁར་གྲུབ་ཆེན་ལཱུ་ཧི་པ། །སྔོ་ནག་འཇིགས་ཉམས་ཐོར་ཚུགས་ཉ་ཐོད་ཅན། །བདེ་མཆོག་སྐུ་གྱུར་ཞལ་བརྔུབས་གསང་དབྱུང་མཐར། །དབང་བཞི་རྒྱས་པར་བཞེས་ལ༴ །རྗེ་བཙུན་གྲགས་རྒྱལ་རྡོར་ཐོད་ཅན་ཞིག་གཟིགས། །བླ་སློབ་གཉིས་ཀ་བདེ་མཆོག་ཡབ་ཡུམ་གྱུར། །དབང་བཞི་རྫོགས་མཐར་རྗེ་བཙུན་ཨ་ལ་བསྡུས། །ཁྱེད་དང་དབྱེར་མེད་གྱུར་ལ༴ །མོས་གུས་མཛད་པས་ཀུན་མཁྱེན་ཀློང་ཆེན་པ། །བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་ཞེས། །སྤྲུལ་སྐུའི་ཆ་བྱད་འོད་ཟེར་སྤྲོ་བསྡུའི་མཐར། །ངོ་བོ་དབྱེར་མེད་གྱུར་ལ༴ །སྙན་བརྒྱུད་གཟིགས་ཚེ་གཙང་སྨྱོན་ཧེ་རུ་ཀ། བདེ་མཆོག་སྐུར་བཞེངས་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བཞི་ཟབ་རྒྱས་པོད་མང་བཀའ་གཏད་མཐར། །ཁྱེད་དང་དབྱེར་མེད་གྱུར་ལ༴ །སྨིན་གཏེར་གསང་ཡེའི་དབང་སྐབས་གཏེར་ཆེན་རྗེ། །དཀར་ཆས་པད་ཞུ་ཅན་མདུན་རྗེ་བཙུན་ཁྱེད། །རྒྱལ་སྲས་པདྨ་འགྱུར་མེད་བག་ཆགས་སད། །གསང་ཡེའི་དབང་རྫོགས་ནོས་ལ༴ །ཤིང་བྱར་རྡོ་རྗེ་སེམས་དཔའི་རིལ་སྒྲུབ་སྐབས། །ཉི་ཟེར་དང་འགྲོགས་རྡོ་རྗེ་སེམས་དཔའི་སྐུ། །གྲངས་མེད་སྤྲོས་པའི་གཙོ་བོའི་ཞལ་སྔ་ནས། །གསང་བའི་ལུང་བསྟན་བསྙེས་ལ༴ །ཐུགས་ཆེན་རིལ་སྒྲུབ་སྐབས་སུ་མངའ་རིས་པ། །ཚུལ་ཁྲིམས་བཟང་པོ་མདུན་མཁར་ཡང་ཡང་བྱོན། །མི་ཏྲའི་དབང་སྐབས་གྲུབ་ཆེན་དེ་ཉིད་ཀྱིས། །སྐུ་གསུང་ཐུགས་དབང་སྩལ་ལ༴ །ཡི་དམ་བཀའ་འདུས་བསྙེན་པའི་འོད་གསལ་ཀློང་། །ཁྲ་འབྲུག་གུ་རུ་འཁོར་བཅས་ཚོགས་གྲལ་དུ། །རྗེ་ཉིད་རྒྱལ་སྲས་ལྷ་རྗེའི་བག་ཆགས་སད། །བཀའ་འདུས་སྒྲུབ་ཆེན་ཐོན་ལ༴ །སྨན་དཀྱིལ་སྟེང་མཁར་གུ་རུ་ཟ་ཧོར་མ། །སྐུ་མདོག་ལྗང་སེར་རྒྱ་གྲམ་ཐོད་པ་བསྣམས། །འཁོར་དུ་མཁའ་འགྲོ་ཕྱོགས་མཚམས་བཀའ་འདུས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་གཟིགས་ལ༴ །ལམ་འབྲས་སྐབས་ཤིག་བླ་ཆེན་འབྲོག་མི་རྗེ། །ན་བཟའ་སྟོད་དམར་སྨད་སྨུག་ཞལ་དཀྱིལ་མཛེས། །དྲིལ་བུ་དཀུར་བརྟེན་རྡོ་རྗེ་ཐུགས་ཀར་བསྒྱིངས། །ཁྱེད་སྐུ་དེ་རུ་གསལ་ལ༴ །ལྕང་ལོ་ཅན་དང་བདེ་ཆེན་ཞིང་བཀོད་བཅས། །ཁྱེད་ཀྱིས་དགོངས་པ་གཏད་པ་ཙམ་གྱིས་ཀྱང་། །བློ་གཏེར་རྗེ་དང་ངག་དབང་ལེགས་པའི་ཞབས། །འཁོར་བཅས་ཡང་ཡང་མཇལ་ལ༴ །མཁན་ཆེན་ངག་དགའ་པཎ་ཞུ་རྡོར་དྲིལ་ཅན། །ཐུགས་ཀར་འཇམ་དབྱངས་མདུན་དུ་དཀྱིལ་འཁོར་ལས། །འཇམ་དབྱངས་དབང་བསྐུར་ཀུན་བཟང་གྱུར་ཏེ་ཐིམ། །ཁྱེད་སྐུ་དྷཱིཿཡིག་གསལ་ལ༴ །འཇམ་དབྱངས་ས་པཎ་སྐུ་མདོག་དམར་སེར་ཅན། །ཐུགས་ཀར་འཇམ་དབྱངས་བཞུགས་པ་ཆེ་གསལ་མདུན། །དབང་བླངས་འཇམ་དབྱངས་ཐུགས་ཀར་ཨས་མཚན་པ། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །པདྨ་འོད་གསལ་མདོ་སྔགས་གླིང་པ་ནི། །རྒྱ་གར་པཎྜི་ཏ་ཡི་ཆས་ཅན་གྱིས། །པདྨའི་མིང་ཅན་སྟེར་བ་ལས་བྱུང་བའི། །བདེ་སྟོང་གར་གྱིས་རོལ་ལ༴ །དམ་པ་སངས་རྒྱས་དམར་སྨུག་དབུ་སྐྲ་ནག །ཐོར་ཅོག་ཅན་གྱིས་ཌཱ་རུ་རྭ་དུང་འཛིན། །གསང་སྔགས་བདེ་སྟེར་ཡེ་ཤེས་དྷཱ་ཀི་མ། །བསྟན་པའི་དགེ་མཚན་གསུངས་ལ༴ །རྣལ་འབྱོར་དབང་ཕྱུག་བིཪྺ་པ་ཉིད་དང་། །ས་ར་ཧ་སོགས་གྲུབ་ཚོགས་མང་པོ་ཞིག །ཤར་ནས་རིམ་པར་བྱོན་པའི་རྗེས་སུ་ནི། །ཨོ་རྒྱན་ཕེབས་པར་གཟིགས་ལ༴ །མོས་གུས་གདུང་ཤུགས་དྲག་པོས་གསོལ་བཏབ་མཐར། །འོད་ཟེར་ཆེན་པོའི་དབང་བསྐུར་བཞེས་པ་དང་། །བྱིན་བརླབས་སྟོབས་ཀྱིས་འཁོར་དང་མཉམ་དུ་ནི། །དགྱེས་པའི་བྲོ་གར་གནང་ལ༴ །དེ་མཐར་འཁོར་གྱི་གྲུབ་ཆེན་ཡོངས་རྫོགས་ནི། །ཨོ་རྒྱན་གུ་རུའི་སྐུ་ལ་ཐིམས་པ་དང་། །གུ་རུ་ཡང་ནི་འཇའ་ལྟར་དབྱིངས་སུ་བཞུགས། །སྣང་སྲིད་ལྷ་རུ་གསལ་ལ༴ །དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞལ་སྔ་ནས། །རྒྱུད་ལུགས་འཇམ་དཔལ་གྱི་ནི་དབང་བཞི་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་བསྐུར་ཡོངས་རྫོགས་བཞེས་ལ༴ །བིར་སྲུང་ཐུགས་དམ་གནང་བའི་སྐབས་ཤིག་ན། །རྣལ་འབྱོར་དབང་ཕྱུག་སྐུ་མདོག་སྨུག་ནག་ཅན། །མཇལ་བའི་མོད་ལ་གསོལ་བ་བཏབ་ཙམ་གྱིས། །སྨིན་མཚམས་ཐད་མདུན་བྱོན་ལ༴ །གསང་རྡོར་ལས་འབབ་བདུད་རྩི་བཞེས་པ་ཡིས། །བདེ་སྟོང་ཟག་མེད་ཡེ་ཤེས་རྒྱས་པ་དང་། །དབྱེར་མེད་ཐིམས་པའི་མོད་ལ་རྗེ་བཙུན་ཁྱེད། །རྣལ་འབྱོར་དབང་ཕྱུག་གསལ་ལ༴ །བཟླས་ཐུན་འོད་གསལ་སྐབས་ཤིག་རྣལ་འབྱོར་མ། །དམར་མོ་ཁྲུ་གང་ཙམ་ཞིག་ནམ་མཁའ་ནས། །རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ཅན། །ཤིན་ཏུ་གསལ་བར་བྱོན་ལ༴ །སྔགས་སྲུང་དྲག་མོ་དུད་མདོག་སྐུ་བོང་ཆེ། །རལ་པ་རྩེ་གཅིག་དུད་མདོག་སྔོ་འཕྱུར་ཅན། །མཆོད་བསྟོད་བཅས་ཏེ་ཕྲིན་ལས་བཅོལ་བའི་མཐར། །ལྟེ་བར་བསྟིམས་པར་མཛད་ལ༴ །ཀུན་མཁྱེན་རོང་པ་དགེ་བསྙེན་ཆས་གསལ་བར། །ས་གནོན་སྐྱབས་སྦྱིན་གླེགས་རལ་ཅན་ཞིག་ལས། །དབང་བཞི་བླངས་ཤིང་ཐུགས་ནས་དྷཱིཿསྔོན་སྤྲོས། །ཐུགས་ཀར་ཐིམས་པ་ཁྱེད་ལ༴ །སེ་ར་མཁའ་འགྲོ་སྐུ་མདོག་མཐིང་སྔོན་ཅན། །རྡོར་དྲིལ་ཐུགས་ཀར་བསྣོལ་བ་གསལ་བའི་མདུན། །དབང་བཞིའི་ཚུལ་གྱིས་ཆོས་སྐོར་ཡོངས་རྫོགས་ཀྱི། །དོན་དབང་རྫོགས་པར་བཞེས་ལ༴ །དེ་ཡི་གཏེར་ཆོས་དབང་སྐབས་མཁའ་འགྲོ་ཉིད། །རྡོར་དྲིལ་ཐོགས་ཤིང་རུས་རྒྱན་ཅན་གསལ་བའི། །སྤྱི་བོར་ཀུན་བཟང་བཞུགས་ཤིང་མཁའ་འགྲོ་ཡི། །འཁོར་མང་དང་བཅས་གཟིགས་ལ༴ དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོ་དང་། །འཁྲིལ་སྦྱོར་བདེ་ཆེན་ཡེ་ཤེས་ཉམས་སུ་བཞེས། །སྲོག་སྔགས་བྷྱཽ་ཡིག་གྲངས་མང་ཐིམས་པའི་མོད། །ཁྱོད་སྐུ་ལྷ་མོར་གསལ་ལ༴ །གདམས་མཛོད་ལམ་འབྲས་ཆོས་རིམ་སྐབས་ཤིག་ན། །མདུན་མཁར་ངོར་ཆེན་ཀུན་དགའ་བཟང་པོ་བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་པར་གླེགས་བམ་བསྣམས། །བྱིན་གྱིས་བརླབས་པར་མཛད་ལ༴ །ཤངས་ཆོས་སྐབས་སུ་སུ་ཁ་སིདྡྷི་མ། །དཀར་མོ་བྱོན་ཏེ་བྱིན་གྱིས་རློབས་པ་དང་། །སྐབས་ཤིག་མཁའ་སྤྱོད་ཞིང་གི་བཀོད་པ་ནི། །ཤིན་ཏུ་གསལ་བར་གཟིགས་ལ༴ །དྲག་པོའི་གཏོར་བཟློག་སྐབས་སམ་དུས་གཞན་དུ། །གདུགས་ཅན་འབྱུང་པོའི་རིགས་སྐྱེས་མང་པོ་ཡིས། །ཞབས་ལ་གཏུགས་ཤིང་སྲོག་སྙིང་ཕུལ་བ་དང་། །བཀའ་བསྒོ་དམ་བསྒྲགས་མཛད་ལ༴ །བླ་མ་མི་ཕམ་འབྲོག་བླའི་ཆས་ཅན་གཟིགས། །མོས་གུས་རྐྱེན་གྱིས་གླེགས་བམ་ཆེན་པོར་གྱུར། །ཐིམ་པས་ཁྱེད་ཉིད་འཇམ་དབྱངས་དམར་སེར་སྐུ། །ཤིན་ཏུ་ཆེན་པོར་གསལ་ལ༴ །ཨོ་རྒྱན་གུ་རུ་ཐུགས་ལ་འདུན་པའི་ཚེ། །ཁྱེད་ཉིད་གནུབས་ཆེན་ནམ་མཁའི་སྙིང་པོ་དང་། །དྷརྨ་དཱི་པཾ་ཤེལ་དཀར་རྡོ་རྗེ་མཚོ། །མཁའ་འགྲོའི་ཆས་ཅན་གསལ་ལ༴ །རྟ་མགྲིན་འཁོར་བཅས་མཇལ་བའི་འོད་གསལ་ཀློང་། །ཁྱེད་སྐུ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དང་། །དྷརྨ་དཱི་པཾ་ཕག་མོར་གྱུར་ནས་ནི། །བདེ་སྟོང་ཉམས་ཀྱིས་རོལ་ལ༴ །ཚོགས་མཆོད་སྐབས་ཤིག་བྲག་རིའི་ཀེའུ་ཚང་དུ། །གུ་རུ་མཚོ་སྐྱེས་རྡོ་རྗེ་འཇའ་སྤྲིན་དབུས། །མཁའ་འགྲོའི་འཁོར་དང་བཅས་ཏེ་མངོན་སུམ་དུ། །བཞུགས་པ་གསལ་བར་གཟིགས་ལ༴ །ལས་འབྲས་གང་ཆེའི་བླ་མ་བརྟག་པའི་ཚེ། །དམ་པ་སངས་རྒྱས་རོང་སྟོན་གསལ་བའི་མཐར། །ཐུགས་ཀར་སློབ་དཔོན་བཞུགས་པའི་ཙོང་ཁ་པ། །ཡང་ཡང་མདུན་མཁར་གསལ་ལ༴ །ཡང་བསྐྱར་ཨ་ཏི་ཤ་དང་རྗེ་འབྲོམ་གསུམ། །མདུན་དུ་པོད་མང་དང་བཅས་གསལ་བའི་མཐར། །གཡས་གཡོན་བླ་མ་ཙོང་ཁ་པ་ལ་ཐིམ། །ཁྱེད་དང་དབྱེར་མེད་གྱུར་ལ༴ །རྗེ་བཙུན་རྣལ་འབྱོར་དབང་ཕྱུག་བིཪྺ་པ། །སྨུག་ནག་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །བྱིས་པ་ལོ་བརྒྱད་ཙམ་ཞིག་གསལ་བ་ཡིས། །བརྟུལ་ཞུགས་སྤྱོད་པའི་རྗེས་གནང་༴ །ཀཿཐོག་མཁན་ཆེན་ངག་དཔལ་པཎ་ཞུ་གསོལ། །ཕྱག་གཡས་ཆོས་འཆད་པདྨ་དམར་པོ་བསྣམས། །གཡོན་པས་མཆོག་སྦྱིན་འགྱིང་པའི་སྟབས་སུ་བཞུགས། །སྐུ་ཉམས་ཤིན་ཏུ་གསལ་ལ༴ །གསུང་ཆོས་ཞུ་དགོས་སྙམ་པའི་ཐུགས་འདུན་ཚེ། །ཞལ་ནས་ཁྱོད་དང་ང་གཉིས་གཉིས་སུ་མེད། །བཀའ་རྫོགས་ལུང་རྫོགས་ཐོབ་པ་ཡིན་ནོ་ཞེས། །གསུངས་བཞིན་དབྱེར་མེད་གྱུར་ལ༴ །ངོ་བོ་བླ་མ་བློ་བཟང་གྲགས་པ་ལ། །རྣམ་པ་འཇམ་སྔོན་ཆོས་འཆད་ཕྱག་རྒྱ་ཅན། །སྐུ་ལས་རལ་གྲི་འོད་སྔོན་མདུང་ཚུགས་ལྟར། །སྤྲོས་པས་ཁྱེད་སྐུ་སྦྱོང་ལ༴ །དེ་མཐར་རྗེ་བཙུན་ཁྱེད་ཀྱི་སྐུ་ལུས་ནི། །དྷཱིཿཡིག་དམར་སེར་ནམ་མཁའ་འགེངས་ཙམ་དུ། །གྱུར་ལ་གླེགས་བམ་མང་པོ་ཐིམ་པ་ཡིས། །བདེ་ཉམས་རྒྱས་པར་བཞེས་ལ༴ །ཟླ་དཀར་གཟིགས་པས་རི་བོང་ཅན་ངོས་སུ། །རྗེ་བཙུན་བླ་མ་གཞོན་ཉམས་གསེར་མདོག་ཅན། །དཔྲལ་བར་འཇམ་དཀར་ལ་སོགས་གནས་ལྔ་ཡི། །ལྷར་བཅས་གསལ་བར་གཟིགས་ལ༴ །དཔལ་ལྡན་ཟླ་གྲགས་པཎ་ཌཱི་ཏ་ཡི་ཆས། །ཕྱག་གཡས་ཆོས་འཆད་གཡོན་པས་གླེགས་བམ་བསྣམས། །འགྱིང་ཉམས་ཕྱེད་སྐྱིལ་པུས་གཡས་ཅུང་ཟད་བསླངས། །ཐོར་ཐུན་སྐབས་ཤིག་གཟིགས་ལ༴ །ཞལ་ནས་སྤྲོས་བྲལ་ཚིག་གིས་ངོ་སྤྲོད་མཐར། །འོད་ཞུ་དབྱེར་མེད་ཐིམས་པས་ཁྱེད་ཀྱི་སྐུ། །དམར་སེར་དྷཱིཿཡིས་མེར་གྱིས་གང་བའི་མཐར། །འཇམ་དཔལ་དབྱངས་སུ་གྱུར་ལ༴ །ལྷ་བཙུན་ཆེན་པོ་ཧེ་རུ་ཀ་ཡི་ཆས། །བ་མན་རྭ་དང་ཐོད་པ་ཕྱག་ན་བསྣམས། །མོས་གུས་མཛད་པས་ཨ་ཧོ་གསུངས་བཞིན་ཐིམ། །ཁྱེད་ཉིད་དེ་རུ་གསལ་ལ༴ །ཨོ་རྒྱན་རྗེ་འབངས་འཁོར་དང་བཅས་པ་ལས། །དབང་བཞི་བཞེས་ཤིང་པོད་མང་ཐིམ་པའི་མོད། །མཁས་པར་གྱུར་སྙམ་གུ་རུ་ཐིམས་པ་ན། །མགོན་ཁྱེད་ཆོས་རྒྱལ་གསལ་ལ༴ །ཇོ་ནང་རྗེ་བཙུན་པཎྜཱི་ཏ་ཡི་ཆས། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་པ་བསྣམས། །དུས་འཁོར་དབང་བཞི་རྫོགས་མཐར་ཐིམ་པའི་མོད། །སྐུ་ལུས་སྔགས་ཀྱིས་ཁེངས་ལ༴ །གུ་རུ་བློ་ལྡན་མཆོག་སྲེད་ཐུགས་ཀ་ནས། །རོང་པ་ཆོས་བཟང་གཞོན་ཉམས་དགེ་བསྙེན་ཆས། །ཕྱག་གཡས་ཨུཏ་རལ་གཡོན་པས་མཉམ་བཞག་སྟེང་། །གླེགས་བམ་འཛིན་པས་གཟིགས་ལ༴ །མོས་གུས་མཛད་པས་ཁྱེད་ལ་ཐིམ་པའི་མོད། །དྷཱིཿསྒྲ་ཆེན་པོ་གྲགས་པའི་ཉམས་ཀྱི་མཐར། །སྐུ་ལུས་དྷཱིཿཡིག་གཅིག་ཏུ་གྱུར་པ་ཡི། །གསལ་སྣང་རྒྱས་པར་བཞེས་ལ༴ །འབྲི་གཏེར་མཇལ་ཚེ་བསམ་ཡས་བག་ཆགས་སད། །སྐྱེ་བརྟག་སྐབས་འགར་འབྲི་གུང་ཆོས་གྲགས་དང་། །ཞྭ་ལ་མཁྱེན་རབ་མཁྱེན་བརྩེའི་དབང་ཕྱུག་སོགས། །ཡིན་པའི་གསལ་ཉམས་བཞེས་ལ༴ །གུ་རུ་ཆོས་དབང་དཀར་ཆས་གཟི་བརྗིད་ཅན། །དབུ་སྐྲ་ཐོར་ཅོག་ལྷག་མ་གཡས་ནས་གྲོལ། །མཉམ་བཞག་གཏེར་སྒྲོམ་འཛིན་པ་ཤིན་ཏུ་གསལ། །དད་པའི་གདུང་ཤུགས་སྐྱེས་ལ༴ །སྤྱི་བོར་གསང་འདུས་མགྲིན་པར་ཐུགས་ཆེན་དང་། །ཐུགས་ཀར་ཡང་དག་ལྟེ་བར་ཕུར་རྐྱང་རྣམས། །བཞུགས་པའི་གནས་ནས་འོད་དང་ཕྱག་རྒྱའི་ཚོགས། །སྤྲོས་ཏེ་ཁྱེད་སྐུ་ཐིམས་ལ༴ །དེ་མཐར་གུ་རུ་ཆོས་དབང་རིན་པོ་ཆེས། །ཌཱ་དྲིལ་འཁྲོལ་བཞིན་དགྱེས་པའི་གར་སྟབས་ཀྱིས། །དབྱེར་མེད་ཐིམས་པས་ཁྱེད་ཀྱི་སྐུ་ལས་ཀྱང་། །གནས་བཞིའི་ལྷ་བཅས་གསལ་ལ༴ །གྲུབ་ཆེན་འཁོར་གྱིས་བསྐོར་བའི་ས་ར་ཧས། །ཆུ་གཏོར་སྔགས་བརྗོད་ཕྱག་རྒྱ་གཏད་བདེའི་མཐར། །མདའ་ཡིས་བསྣུན་ཏེ་གནས་བརྟན་རྒན་པོ་ཡི། །དབང་རྫས་རྫོགས་ཞེས་གསུངས་ལ༴ །ཚེ་བསྙེན་སྐབས་ཤིག་རིག་འཛིན་རྒོད་ལྡེམ་རྗེ། །ཐོར་ཚུགས་དཀར་ཆས་ཁྲོ་འཛུམ་ཅན་ཉམས་ཀྱིས། །ཚེ་སྒྲུབ་ལྕགས་སྡོང་དབང་བསྐུར་ཁྱད་འཕགས་ཤིག །གནང་ཞིང་སྐུ་ཚེ་བསྲིངས་ལ༴ །སྐུ་སྐྱེ་བརྟགས་པའི་སྐབས་ཤིག་ཤམ་བྷ་ལའི། །རིགས་ལྡན་འཇམ་གྲགས་ཁང་བཟང་ཆུང་ངུའི་ནང་། །སྐུ་མདོག་དམར་སེར་ཆོས་འཆད་ཕྱག་རྒྱ་ཅན། །སེམས་དཔའི་ཆས་ཅན་གསལ་ལ༴ །བདེ་མཆོག་དབང་སྐུར་ཞལ་གསོ་ཐུགས་འཆར་ཚེ། །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ལཱུ་ཧི་པ། །དམར་སྨུག་མེ་ཏོག་ཐོད་བཅིངས་ཉ་འཛིན་པར། །ཞལ་གཟིགས་མོས་གུས་འཁྲུངས་ལ༴ །དེ་འཕྲལ་བདེ་མཆོག་གཞལ་མེད་ཁང་ཆེན་དུ། །སྐུ་གསུང་ཐུགས་འཁོར་དཔའ་བོ་མ་ཚོགས་བཞུགས། །གྲུབ་ཆེན་དཀྱིལ་འཁོར་གཙོར་བཞེངས་ཁྱེད་སྐུ་དང་། །ངོ་བོ་དབྱེར་མེད་གྱུར་ལ༴ །ཕྱོགས་མཚམས་རྣལ་འབྱོར་མ་རྣམས་སྐུ་ལ་འཁྲིལ། །བམ་རོས་ཚོགས་འཁོར་ཐོད་པའི་བདུད་རྩི་རོལ། །གཙོ་འཁོར་ཧཱུྃ་གྱུར་མཐའ་ལ་འཇའ་ལྟར་ཡལ། །བདེ་སྟོང་ཡེ་ཤེས་སྐྱེས་ལ༴ །ཀུན་མཁྱེན་ཀློང་རམས་ཁྲི་དམར་རྒྱབ་ཡོལ་ཅན། །ཞི་འཛུམ་ཕྱག་གཉིས་ས་གནོན་ཐུགས་ཀའི་ཐད། །འོད་སྔོན་གོང་བུའི་དབུས་སུ་འཇའ་འོད་འཕྲོ། ཆོས་ཉིད་ངོ་སྤྲོད་གནང་ལ༴ །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ཀུ་ཀུ་རི། །སྔོ་ནག་འཇིགས་ཉམས་མགར་འདུག་ཐོར་ཅོག་ཅན། །ཁྱི་ཁྲིད་ཞིག་གིས་ལྟ་བའི་གནདགསུངས་མཐར། །དབྱེར་མེད་གཅིག་ཏུ་གྱུར་ལ༴ །བསྙེན་བཟླས་སྐབས་ཤིག་གྲུབ་ཆེན་ཐང་རྒྱལ་ཉིད། །སྨིན་མཚམས་ཐད་བྱོན་ཚེ་བུམ་དབུ་ལ་བཞག །བདུད་རྩི་དམར་སེར་རྒྱུན་གྱིས་སྐུ་ལུས་ཁེངས། །འཆི་མེད་ཚེ་དབང་བཞེས་ལ༴ །སླར་ཡང་རིམ་བཞིན་གནས་འགྱུར་གུར་དྲག་དང་། །མཁའ་འགྲོ་སྡེ་ལྔ་ཀུན་བཟང་ཡབ་ཡུམ་བཅས། །གྱུར་མཐར་རང་འདྲ་གྲངས་མེད་སྤྲོས་ཏེ་བསྟིམས། །ཁྱེད་སྐུར་དབྱེར་མེད་གྱུར་ལ༴ །ཀྱེ་རྡོར་ཞལ་གཟིགས་གནས་གྱུར་བདག་མེད་མ། །འཁོར་བཅས་ཡངས་གྱུར་སྒྲོལ་མ་གཙོ་འཁོར་དང་། །སླར་ཡང་བདག་མེད་ཐིག་ལེ་ཁ་སྦྱོར་མཐར། །དབྱེར་མེད་བདེ་ཉམས་བཞེས་ལ༴ །སྐྱེ་བརྟགས་སྐབས་ཤིག་སྡོམ་གསུམ་རབ་དབྱེ་དང་། །དེ་ཡི་སྤྱི་རྣམ་ཡི་གེའི་དབུ་ལྡེབ་ངོར། །འཇམ་དབྱངས་ས་པཎ་ཀུན་མཁྱེན་གོ་རམས་གཉིས། །ཡིན་པའི་རྨི་ཉམས་གསལ་ལ༴ །ལམ་འབྲས་ཁྲིད་ཀྱི་སྐབས་ཤིག་འོད་གསལ་དུ། །ཆོས་ཁྲིའི་ཐོག་ཏུ་རྣལ་འབྱོར་དབང་ཕྱུག་གི། སྟངས་སྟབས་མཛད་ཅིང་ཁྱེད་ཉིད་བིཪྺ་པ། །ཡིན་པའི་གསལ་ཉམས་བཞེས་ལ༴ །ངོར་ཆེན་མཇལ་ཚེ་སླར་ཡང་བསྙེན་རྫོགས་ཤིག །ཐོབ་འདུན་ཐུགས་ལ་འཁྲུངས་ཚེ་ཞལ་སྔ་ནས། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱིས། །དོན་གྱི་བསྙེན་རྫོགས་སྩལ་ལ༴ །གཏེར་ཆེན་ལས་རབ་གླིང་པ་སྐུ་ཉམས་རྒྱས། །དབང་རྫས་མདུན་དུ་བཀྲམ་པ་གསལ་བའི་མདུན། །རྟ་མགྲིན་དབང་བསྐུར་རྫོགས་མཐར་བླ་མ་ཉིད། །ཧཱུྃ་དམར་གྱུར་ཏེ་ཐིམ་ལ༴ །འོད་གསལ་ཀློང་དུ་རྗེ་བཙུན་ཙོང་ཁ་པ། །ཡིན་པའི་ཉམས་གྱིས་ལྷོ་བྲག་ལས་རྡོར་དང་། །འཇམ་དབྱངས་འཇིགས་བྱེད་ཕྱག་དྲུག་ཕྱག་རྡོར་བཅས། །འབྲེལ་བའི་ཉམས་སྣང་གསལ་ལ༴ ཡེ་ཤེས་རང་སྣང་བུད་མེད་ཁ་ཤས་ཀྱིས། །དར་ལྡིང་ལ་བསྟེགས་རྔ་ཡབ་གླིང་དུ་ཕེབས། །དཔལ་རིའི་ཚོགས་ཁང་སྒོ་འགྲམ་མཆོག་གླིང་བྱོན། །ནང་དུ་གདན་དྲངས་ཞུས་ལ༴ །ཚོགས་གྲལ་དབུས་བཞུགས་གུ་རུ་ཟ་ཧོར་ཆས། །དེ་ཡི་མདུན་ནས་དབང་བཞི་རྫོགས་པ་དང་། །གསུང་གི་བདུད་རྩི་རོལ་པའི་སྐབས་དང་བཅས། །རྣམ་ཐར་བསམ་མི་ཁྱབ་ལ༴ །སླར་ཡང་དཀོན་མཆོག་སྤྱི་འདུས་དབང་དང་ནི། །གཏེར་ཆོས་པོད་མར་དག་གི་བྱིན་རླབས་བཅས། །ཕྱག་གཉིས་སྤྱི་བོར་བཞག་ནས་སྐུ་ཚེའི་ཚད། །ལུང་བསྟན་དབུགས་དབྱུང་སྩལ་ལ༴ །ཐུགས་དམ་ཀློང་དུ་ཨེ་ཝྃ་ཐར་པ་རྩེའི། །མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱི། །ཞལ་ཐད་བླ་མ་དངོས་གཟིགས་གནས་གསུམ་ནས། །འོད་འཕྲོས་དབང་བསྐུར་བཞེས་ལ༴ །བླ་མའི་སྐུ་དབྱིབས་ཤིན་ཏུ་གསལ་བཞིན་དུ། །ནང་དུ་ཀྱེ་རྡོར་ཞལ་ཕྱག་ཚང་བ་ཡིས། །སྐུ་ལུས་ཡོངས་རྫོགས་གང་བའི་རྣམ་པ་ཅན། །སྒྲིབ་མེད་གསལ་བར་གཟིགས་ལ༴ །བླ་མའི་ཞལ་ནས་ཨ་ཧི་ཧོ་སོགས་ཀྱིས། །གཉུག་མའི་ཀྱེ་རྡོར་ངོ་སྤྲོད་གནང་བའི་མཐར། །བླ་མ་དགྱེས་རྡོར་བཅས་པ་ཐིམ་པའི་མོད། །ཁྱེད་སྐུ་དེ་རུ་གསལ་ལ༴ །གནས་ཆོག་ཞལ་འདོན་གནང་བའི་ཐོ་རངས་ཤིག །གནས་བརྟན་འཁོར་བཅས་ན་བཟའ་སྣ་ཚོགས་ཅན། །སྐུ་བོང་ཤིན་ཏུ་ཆེ་བ་ཤར་སྨད་ནས། །རིམ་པར་མདུན་མཁར་བྱོན་ལ༴ །ཀུན་མཁྱེན་བསོད་ནམས་སེང་གེ་མདུན་མཁར་གཟིགས། །ཐུགས་ཀར་ཆོས་ཀྱི་སྒོ་ཕྱེས་གླེགས་བམ་སྤྲོས། །ཐུགས་ཀར་ཐིམས་ཤིང་དབང་བཞི་རྫོགས་པའི་མཐར། །ཧྲཱིཿགྱུར་དབྱེར་མེད་གྱུར་ལ༴ །ས་སྐྱ་སྒྲོལ་ཕོའི་གདུང་སྲས་ཀུན་རིན་པ། །སྐུ་མདོག་དམར་སྨུག་ལྕང་ལོ་ཅན་ཞིག་གིས། །ཕུར་སྐྱང་སྐུ་གསུང་ཐུགས་དབང་གནང་བའི་མཐར། །དབྱེར་མེད་གཅིག་ཏུ་གྱུར་ལ༴ །སྐྱེས་རབས་སྔ་མ་འབྲེལ་བའི་བག་ཆགས་སད། །རྗེ་དེ་འཇམ་མགོན་དབང་སྡུད་སྙིང་པོའི་སྲས། །ཀུན་རིན་གྱུར་ཚེ་ཁྱེད་ཉིད་དེ་ཡི་སྲས། །བཛྲ་རཏྣ་གྱུར་ལ༴ །སྐྱེ་བརྟགས་སྐབས་འགར་ཨེ་ཝྃ་མཁན་ཆེན་ནི། །བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་། །ནང་ཆེན་བདེ་རྡོར་མཁྱེན་བརྩེ་ཡེ་རྡོར་བཅས། །ཡིན་པའི་གསལ་ཉམས་བཞེས་ལ༴ །མཁའ་འགྲོ་བཞིས་བསྐོར་གྲུབ་ཆེན་ཤྭ་བ་རི། །རྣལ་འབྱོར་ཆས་ཅན་གཞུ་མཆོག་ཕྱག་དར་བཀོན། །ཤ་རོ་ཕྲག་བཀལ་རྣལ་འབྱོར་ཆས་དབང་བསྐུར། །འཁོར་བཅས་ཐིམས་པ་ཁྱེད་ལ༴ །འཇམ་མགོན་བློ་གཏེར་དབང་པོ་བདེ་མཆོག་གི། སྐུར་བཞེངས་ནམ་མཁར་རྒྱུད་བཏུས་དཀྱིལ་འཁོར་ནི། །གྲངས་མེད་སྤྲུལ་པར་ཁྱེད་སྐུ་གྲངས་མེད་ཀྱིས། །དབང་བསྐུར་གཅིག་ཆར་བཞེས་ལ༴ །དེ་འཕྲལ་བླ་མ་སྒྲོལ་དཀར་སྐུར་བཞེངས་ཏེ། །འོད་ཟེར་དྲུག་སྦྲགས་རྗེས་གནང་བྱས་པ་དང་། །སྐུ་དང་ཏཱྃ་ཡིག་སྤྲོ་བསྡུའི་བྱིན་རླབས་ཀྱིས། །སྐུ་ཚེའི་འཕྲང་ལས་སྒྲོལ་ལ༴ །གསོལ་བ་བཏབ་པས་རྣམ་སྣང་ཐུགས་ཀ་རུ། །དྲི་མེད་འོད་ཟེར་པཎ་ཆས་ཅན་གསལ་བའི། །ཐུགས་ཀའི་ཨ་ལས་དབང་བླངས་ཐིམས་པ་ཡིས། །ཁྱེད་ཉིད་ཀུན་མཁྱེན་གྱུར་ལ༴ །གཏེར་ཆེན་འགྱུར་མེད་རྡོ་རྗེ་པད་ཞུ་ཅན། །ཕུར་པ་པུས་གཡས་གཡོན་པས་ཐོད་པ་བསྣམས། །ཌཱ་ཀིའི་འཁོར་གྱིས་བསྐོར་བས་བྱང་སེམས་བླུད། །ཨ་ཡི་སྒྲ་བཅས་ཐིམས་ལ༴ །ས་ལོ་ཀུན་བསོད་རྣམ་ཐར་གཟིགས་ཙམ་ན། འོད་དམར་དང་བཅས་བདེ་བ་ཅན་གྱི་ཞིང་། །ས་ལོ་ཆེ་དང་བླ་མ་ལེགས་པ་བཅས། །ཞིང་ཁམས་བརྟེན་བཅས་གཟིགས་ལ༴ །ཀུན་མཁྱེན་འཇིགས་གླིང་སྔགས་ཆས་རལ་གྲི་བསྣམས། །ཁྱེད་སྐུ་སྦྱོངས་མཐར་ཐུགས་ཀའི་ཨ་ཡིག་བསྟིམས། །དེ་མཐར་བླ་མ་བཅས་ཏེ་ཐིམས་པ་ན། །ཉམས་རྟོགས་འཕེལ་ཚུལ་བཞེས་ལ༴ །རྗེ་བཙུན་མི་ལ་མདུན་མཁར་གསལ་ཙམ་གྱིས། །བདེ་མཆོག་སྐུར་གྱུར་ཕག་མོ་དབུ་གཙུག་བཞུགས། །དབང་བསྐུར་བསྟིམས་པས་ཁྱེད་སྐུ་བདེ་མཆོག་གྱུར། །ཕག་མོ་ལྟེ་བར་གསལ་ལ༴ །ལམ་དུས་སྐབས་ཤིག་རྗེ་བཙུན་གྲགས་རྒྱལ་གཟིགས། །སངས་རྒྱས་ཀུན་བདག་སྐུ་ཡི་མཆོག་ཅེས་སོགས། །གསུངས་ཏེ་བྱིན་གྱིས་བརླབས་ཤིང་ཕྱག་དབང་བསྐུར། །ཕྱག་རྡོར་གྱུར་མཐར་ཐིམས་ལ༴ །ཡི་དམ་བརྟགས་པའི་འོད་གསལ་སྐུ་ལུས་དང་། །མདུན་མཁར་དབྱེར་མེད་རྡོ་རྗེ་འཇིགས་བྱེད་སྐུ། །ཞལ་ཕྱག་ཡོངས་རྫོགས་གནམ་ས་གང་བ་ཞིག །ཡུན་རིང་གསལ་བར་གྱུར་ལ༴ །ཚེ་གེགས་བརྟགས་པར་བློ་གཏེར་རྡོ་རྗེ་འཆང་། །སྐུ་བེར་སེར་ཞིང་ས་ཞུ་རྡོ་དྲིལ་ཅན། །གཞོན་ཉམས་ལྡན་པས་གུར་མགོན་རྗེས་གནང་ཞིག །ཤིན་ཏུ་གསལ་བར་གནང་ལ༴ །གཏོར་མའི་བཀའ་བསྒོར་བླ་མ་མགོན་པོ་གྱུར། །སྤྱི་བོར་བྱོན་ཏེ་སྐུ་དང་འོད་ཟེར་གྱིས། །དབང་བཞི་རྫོགས་མཐར་བླ་མ་ཧཱུྃ་ཡིག་གྱུར། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །ལང་ལབ་བྱང་ཆུབ་རྡོ་རྗེ་བསྒྲེས་ཉམས་ཅན། །དབུ་སྐྲ་སེ་གྲོལ་ཞལ་རས་དཀར་ཞིང་ཟླུམ། །ལྭ་དཀར་བེར་ཐུལ་ཕྱག་ན་རལ་གྲི་བསྣམས། །སྲོད་ཐུན་དགོངས་ཤིག་མཇལ་ལ༴ །མོས་གུས་མཛད་པས་ཕུར་པའི་དཀྱིལ་འཁོར་སྤྲུལ། །བླ་མ་ཕུར་པ་ཞལ་གསུམ་ཕྱག་དྲུག་ཅན། །གྱུར་པས་ཞལ་མིད་ཐིག་ལེ་སྔོ་སྐྱ་ཡི། །རྣམ་པས་ཡུམ་མཁར་བཞག་ལ༴ །དེ་ནས་ཕྱིར་བཏོན་ཕུར་པའི་སྐུ་གྱུར་ལ། །དབང་བཞི་རྒྱས་རྫོགས་བླ་མ་སྔར་བཞིན་བཞུགས། །ཕུར་རྒྱུད་གཏད་ཅིང་བླ་མའང་གླེགས་བམ་གྱུར། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །བསྟན་སྲུང་བེ་དཀར་དར་ཐོད་གོས་སྨུག་ཅན། །ཞོན་པ་ལས་བབས་གུས་འདུད་ཞུ་བ་དང་། །སྒྲོལ་མ་དཀར་མོས་ཚེ་ཡི་བུམ་པ་ཐོགས། །འཆི་མེད་ཚེ་དབང་བསྐུར་ལ༴ །ཌཱ་ཀི་ཨ་ཕྱི་ཆོས་སྒྲོན་ཌཱ་དྲིལ་ཅན། །འཁོར་བཅས་གར་བསྒྱུར་ཁྱེད་ཉིད་ཆོས་གྲགས་དུས། །གུས་འདུད་བྱས་སོགས་གླེང་མཐར་ཐིམས་པའི་མོད། །བདེ་ཆེན་ཡེ་ཤེས་སྐྱེས་ལ༴ །ལྷ་སྲས་མུ་ཏིག་བཙན་པོ་རང་ཉིད་ཀྱིས། །དམ་བཅས་སྨོན་ལམ་བཅུ་གཉིས་ཞེས་བྱ་བ། །འོད་གསལ་ཀློང་དུ་གསལ་བར་ཀློགས་པ་ཡིས། །ལྷ་སྲས་བག་ཆགས་སད་ལ༴ །མདུན་མཁར་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཤིན་ཏུ་གསལ་བར་གཟིགས་བ་གྱུར་པ་ལ། །མོས་གུས་མཛད་པས་དབྱེར་མེད་ཐིམ་པ་ན། །ཁྱེད་སྐུ་མགོན་པོར་གསལ་ལ༴ །འོད་གསལ་ཀློང་དུ་རྡོ་རྗེ་གཞོན་ནུའི་སྐུ། །ཤིན་ཏུ་ཆེ་གསལ་ཁྲོ་ཚོགས་དང་བཅས་པས། །ཕྱག་མཚན་བཏབ་པས་འབྱུང་པོ་གདུག་པའི་ཚོགས། །ཐལ་བར་བརླགས་པར་མཛད་ལ༴ །མཁའ་འགྲོ་གསང་འདུས་ཚོགས་སྐབས་སྟག་པགས་སྟེང་། །གཙོ་མོ་སྟག་ཤམ་ཅན་བཞུགས་མཁའ་འགྲོའི་ཚོགས། །བྱིས་པའི་བམ་རོ་ཞིག་གི་ཚོགས་འཁོར་ལ། །རོལ་པའི་ཉམས་སྣང་གསལ་ལ༴ །འོད་གསལ་དག་ཏུ་གླིང་རྗེ་གེ་སར་གྱིས། །ལྷ་དར་མེ་ལོང་ལ་སོགས་ནོར་སྣ་ཕུལ། །དགྲ་ལྷ་རྩེ་རྒྱལ་རེད་ཅེས་དགྱེས་ཉམས་བསྟན། །པུ་ཏྲས་བྱིན་རླབས་ཕུལ་ལ༴ །སྒྲིབ་བྲལ་ཡེ་ཤེས་ཉམས་ཀྱི་སྣང་བའི་ངོར། །ཐིག་ལེ་ནག་པོའི་འོད་ཀྱི་གུང་ཁང་དབུས། །ཆོས་སྲུང་གཙོ་བོ་གུར་གྱི་མགོན་པོའི་སྐུ། །ཡོངས་རྫོགས་གསལ་བར་གཟིགས་ལ༴ །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཉིད། །སྐུ་དང་རྒྱན་དང་ཕྱག་མཚན་ངེས་མེད་ཅན། །ཡང་ཡང་འཁོར་ཞིང་གལ་ཆེའི་གསང་དོན་སྐོར། །ལུང་བསྟན་ཐོགས་མེད་ཕུལ་ལ༴ །མཁའ་འགྲོས་དར་ལྡིང་ནམ་མཁར་བཏེགས་པའི་སྐབས། །ཡེ་ཤེས་རྡོ་རྗེས་རལ་གྲིས་དར་ཐག་བཅད། །ཨ་ཡུ་དཱི་པྃ་རྡོ་རྗེ་རྒྱ་གྲམ་གྱི། །ཞབས་བརྟན་ལེགས་པར་ཕུལ་ལ༴ །མགོན་པོ་ལེགས་ལྡན་གུས་འདུད་ཕྲིན་ལས་སྒྲུབ། །དཔལ་མགོན་བྲམ་གཟུགས་མདུན་དུ་ཆེད་ཕེབས་ནས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་སྐུར་རྫོགས་པར་ཕུལ་ལ༴ །སྔགས་སྲུང་དྲག་མོ་ཨེ་ཀ་ཛ་ཏྲི་དང་། །དཔལ་ལྡན་ལྷ་མོ་ཨ་ཕྱི་ཆོས་སྒྲོན་སོགས། །རྟག་ཏུ་འགོ་ཞིང་བར་ཆད་སེལ་བ་དང་། །གང་བཅོལ་ཕྲིན་ལས་སྒྲུབ་ལ༴ །བསྟན་ལ་འཚེ་ཞིང་སྐྱེ་འགྲོའི་སྲོག་འཕྲོག་བའི། །དམ་སྲི་རྒྱལ་འགོང་འབྱུང་པོ་གདུག་པ་ཅན། །ཁྱེད་ཀྱིས་ལྷ་སྔགས་དྲག་པོས་གཟིར་བྱས་ཏེ། །བསྟན་འགྲོའི་བར་ཆད་སེལ་ལ༴ །གྲུབ་ཆེན་ཐང་རྒྱལ་སྐྱབ་སྦྱིན་ལྕགས་ཐག་བསྣམས། །སྨུག་ནག་ཐུགས་ཀར་གུ་རུ་ཡུམ་སྦྱོར་ཅན། །ཚེ་གསལ་མཁའ་འགྲོ་བཞི་ཡིས་བསྐོར་བ་ལས། །དབང་བླངས་ཐུགས་ཉམས་རྒྱས་ལ༴ །སྐུ་ཚབ་བསྒྲུབ་པས་དྲོད་དང་གཟི་བརྗིད་འབར། །བདུད་རྩི་སྨན་སྦྱོར་སྒྲུབ་ཁང་འཇའ་འོད་འཁོར། །ཆོས་འཁོར་འགའ་ལ་རིན་ཆེན་མེ་ཏོག་བབས། །གྲུབ་མཚན་མངོན་དུ་གྱུར་ལ༴ །བགེགས་བསྐྲད་ཚེ་ན་སྐུ་རྟེན་ཆེས་ཆེར་གཡོས། །རྣམ་སྲས་གཏོ་སྦྱོར་མཛད་པས་དམག་སྣ་བཟློག །ཉང་གི་རྟ་ནག་དབང་དུས་བྲག་འདྲེ་བསྒྲལ། །མཐུ་སྟོབས་དབང་ཕྱུག་ཁྱེད་ལ༴ །གནས་རྟེན་དགོན་དུ་ས་འདུལ་བྱིན་འབེབས་སྐབས། །མཐའ་འདྲེ་དོང་དུ་བསྟིམས་ཤིང་ནམ་མཁའི་དབྱིངས། །ཨོ་རྒྱན་གུ་རུ་རིག་འཛིན་འཁོར་བཅས་ཀྱིས། །དགྱེས་པའི་གར་སྟབས་མཛད་ལ༴ །ས་ཁྱི་མདོ་ཁམས་ཕྱུགས་ནད་མཆེད་གྱུར་ཚེ། །ཐུགས་གཏད་གཟིར་བས་ནད་བདག་དངོས་གཟུགས་བསྟན། །སྲོག་སྙིང་ཕུལ་བར་བཀའ་བསྒོས་དམ་བསྒྲགས་ལྟར། །ནད་ཡམས་རྒྱུན་ཆད་གྱུར་ལ༴ །ནང་ཆེན་རྒྱལ་སར་སྒྲོལ་དཀར་སྤྱན་གསལ་འཁྲུངས། །གངས་རི་ཐོད་དཀར་སྨན་གྱི་བཟང་དྲིས་ཁྱབ། །རི་མདའི་དུང་དགོན་རབ་གནས་མེ་ཏོག་བབས། །བྱིན་རླབས་ཉེ་རིང་མེད་ལ༴ །གཉན་ལོ་ཙཱ་བ་ཞལ་སྨུག་དབུ་སྐྲ་ཅན། །རིང་འགགས་བཟན་རིང་སྐུ་བོང་ཆུང་བ་ཡིས། །གསང་འདུས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་སྤྲུལ། །དབང་བསྐུར་དབྱེར་མེད་ཐིམས་ལ༴ །འཇམ་དཔལ་བཅུད་ལེན་རིལ་སྒྲུབ་བཟླས་ཐུན་སྐབས། །སྒྲུབ་དཀྱིལ་སྟེང་དུ་འཇམ་དཔལ་ཡབ་ཡུམ་འཁོར། །དབྱངས་ཅན་རིགས་བཞི་ཆེས་གསལ་རེ་རེ་བཞིན། །འཁྲིལ་སྦྱོར་བདེ་ཉམས་བཞེས་ལ༴ །འོད་གསལ་ཀློང་དུ་སྐྱབ་རྗེ་རྒྱལ་ཚབ་མདུན། །མཁྱེན་བརྩེའི་སྙན་བརྒྱུད་ཡང་ཕུར་བསྒྲགས་དབང་གི། མཐའ་ཅན་གཏེར་མཛོད་དབང་ལུང་ཆ་ཚང་ཞིག །ཐོབ་པའི་ཞལ་བཞེས་གནང་ལ༴ །ཆོས་རྗེ་ས་པཎ་ཕྱེད་སྐྱིལ་ཆོས་འཆད་ཅན། །འཇམ་དཀར་སྨྲ་སེང་ཡེ་ཤེས་སེམས་དཔའ་དང་། །དབྱངས་ཅན་དཀར་མོ་མི་གཡོ་དཀར་པོ་སྟེ། །གནས་ལྔའི་ལྷ་བཅས་གཟིགས་ལ༴ །གནས་བསྐོར་ཕེབས་ཚེ་རྭ་སྒྲེང་ཤུགས་རྩེ་སོགས། །སྤྱན་རས་གཟིགས་དང་ཇོ་འབྲོམ་གཙོར་མཛད་པའི། །བཀའ་གདམས་བརྒྱུད་པའི་བླ་མ་ཡི་དམ་གྱིས། །ཞལ་གཟིགས་དབང་བསྐུར་སྩལ་ལ༴ །མཚུར་ཕུའི་རྒྱབ་རིང་འཁོར་ལོ་བདེ་མཆོག་སྐུ། །ཆེ་གསལ་ཞལ་ཕྱག་ཡོངས་རྫོགས་མདུན་རིའི་བྲག །ཀརྨ་པཀྵི་སྐུ་མདོག་སྨུག་པོ་བཅས། །ཞལ་གཟིགས་གཉིས་མེད་ཐིམས་ལ༴ །ལྷོ་བྲག་སྨྲ་བོ་ཅོག་གནས་ཉེ་བ་ན། །བླ་མ་མངའ་བདག་དགེ་བསྙེན་ཐོར་ཅོག་ཅན། །སྐུ་བོང་ཆེ་ཞིང་རྡོ་རྗེ་ཐོད་པ་བསྣམས། །དབྱེར་མེད་ཐིམས་པ་ཁྱེད་ལ༴ །སྨིན་གྲོལ་གླིང་དུ་ཀུན་མཁྱེན་ཀློང་ཆེན་པ། །ལོ་བརྒྱད་ཚུལ་བཞུགས་དབུ་ཞྭ་ཆོས་གོས་དང་། །ཕྱག་གཉིས་ས་གནོན་འོད་ཟེར་འཕྲོ་འདུ་ཅན། །འོད་གསལ་ཀློང་དུ་མཇལ་ལ༴ །སྨིན་གཏེར་གནས་གྱུར་རྡོ་རྗེ་གླིང་པ་ནི། །པད་ཞུ་ན་བཟའ་སྔོ་ཞིང་ཕྱམ་རྩེ་དཀྲིས། །དཀྱིལ་འཁོར་མང་སྤྲུལ་རང་གཏེར་དབང་རྫོགས་མཐར། །གླེགས་བམ་བཀའ་གཏད་བཞེས་ལ༴ །རང་བྱུང་རྡོ་རྗེ་ཞྭ་ནག་ཆོས་གོས་མནབས། །ཕྱག་གཉིས་ཆོས་འཆད་ཅན་གསལ་དེ་ཉིད་ཀྱི། །གསུང་འབུམ་ཡོངས་རྫོགས་བཀའ་གཏད་ཚུལ་དུ་ནི། །ཐོབ་པའི་ཉམས་སྣང་བཞེས་ལ༴ །གནས་མདོ་ཆགས་མེད་སྒོམ་ཞུ་ཅན་ཞིག་གིས། །གསུང་འབུམ་གཏད་མཐར་གླེགས་བམ་ཆོས་བརྩིགས་གྱུར། །དེ་ཉིད་ཐུགས་ཆེན་འཁོར་བ་དོང་སྤྲུགས་བཞེངས། །ཁྱེད་སྐུར་དབྱེར་མེད་གྱུར་ལ༴ །བསམ་ཡས་དབུ་རྩེ་བར་ཁང་ཧས་པོ་རིར། །མཆོད་བསང་རི་ཁྲུས་རབ་གནས་དམ་བསྒྲགས་ཚེ། །གུ་རུ་འཁོར་བཅས་མཁའ་དབྱིངས་གར་སྟབས་མཛད། །སྡེ་བརྒྱད་དབང་དུ་བསྡུད་ལ༴ །གྲོ་བོ་ལུང་སོགས་མར་པའི་འདྲ་ཞལ་དང་། །གདུང་འབུམ་མཇལ་ཚེ་རྗེ་དེ་མངོན་སུམ་དུ། །དགྱེས་རྡོར་ལྷ་དགུར་གྱུར་ཅིང་ཨཥྚ་ཡི། །སྦགས་ཕྲེང་དང་བཅས་ཐིམས་ལ༴ །ཚར་ཆེན་འདྲ་ཞལ་རྡོ་རྗེ་འཆང་དངོས་གཟིགས། །དབང་བཞི་བླངས་ཤིང་ཐིམས་པས་ཁྱེད་ཀྱི་སྐུ། །ཀྱེ་རྡོར་ཐུགས་ཀར་བདག་མེད་ལྷ་མོ་ནི། །བཅོ་ལྔ་དང་བཅས་གསལ་ལ༴ །མང་མཁར་ཀ་ལ་ཕུག་ཏུ་ཐུགས་དམ་ཚེ། །རབ་བྱུང་ཆས་ཅན་འབྲོག་མི་ལོ་ཙཱ་བ། །པཎ་ཞུ་གསོལ་ཞིང་ཕྱག་གཉིས་རྡོར་དྲིལ་བསྣོལ། །ཐ་དད་གཉིས་མེད་ཐིམས་ལ༴ །གནམ་མཚོའི་འགྲམ་དུ་ཕེབས་ཚེ་མཚོ་དེ་ཉིད། །དཔལ་ལྡན་འཁོར་ལོ་བདེ་མཆོག་ཕོ་བྲང་ནི། །ཐུགས་གསུང་སྐུ་དཀྱིལ་འཁོར་བཅས་དཔའ་བོ་དང་། །མཁའ་འགྲོའི་གར་བཅས་གཟིགས་ལ༴ །བལ་ཡུལ་དབྱིག་གཉེན་གདུང་འབུམ་ཐུགས་འདུན་ཚེ། །རྗེ་དེས་པཎ་ཞུ་གསོལ་ཞིང་པཎ་ཆས་ཅན། །ཕྱག་གཡས་སྐྱབ་སྦྱིན་གཡོན་པས་མཆོག་སྦྱིན་མཛད། །ཞབས་གཉིས་རོལ་སྟབས་གཟིགས་ལ༴ །མཆོད་རྟེན་བྱ་རུང་ཁ་ཤོར་མཆོད་བསྐོར་ཚེ། །སངས་རྒྱས་བྱང་སེམས་དགྲ་བཅོམ་ནམ་མཁར་བཞུགས། །མཆོད་རྟེན་ནང་དུ་བདེ་གཤེགས་སྒྲུབ་བརྒྱད་ཀྱི། །དཀྱིལ་འཁོར་སྒྲིབ་མེད་གཟིགས་ལ༴ །བལ་ཡུལ་ན་རོའི་སྒྲུབ་ཕུག་པཎ་ཆེན་དེ། །སྔོ་སྐྱ་ཐོར་ཅོག་རུས་རྒྱན་ཕྱེད་སྐྱིལ་བཞུགས། །ཕྱག་གཡས་ཐོད་པ་གཡོན་པས་བདུད་རྩི་འཐོར། །དབང་བླངས་གཉིས་མེད་ཐིམས་ལ༴ །འབྲས་ལྗོངས་ལྷ་བཙུན་ཆེན་པོ་ན་ཁྲེབ་སྐུ། །རལ་ཅོག་ན་བཟའ་ཕུ་ཅན་བཟན་ཤམ་མནབས། །ཆོས་འཆད་མཉམ་བཞག་ཐོད་ཆང་ཅན་ཞལ་གཟིགས། །དབང་བསྐུར་དབྱེར་མེད་གྱུར་ལ༴ །གནས་ཀྱི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིངས། །མཁའ་འགྲོའི་འཁོར་བཅས་ལྷ་བཙུན་ཧེ་རུ་ཀ། ཕྱག་གཡས་རྐང་གླིང་གཡོན་པས་ཐོད་ཆང་བསྣམས། །མདུན་མཁར་གསལ་བར་གཟིགས་ལ༴ །མེ་སྤྲེལ་སྨིན་ཟླའི་ཉེར་དགུར་མཚོ་པདྨ། །ཞབས་བསྐོར་མཛད་པར་གུ་རུ་ཟ་ཧོར་མར། །ས་ར་ཧ་སོགས་པཎ་གྲུབ་མང་པོ་ཡི། །འཁོར་གྱིས་བསྐོར་བ་གཟིགས་ལ༴ །འཇམ་དབྱངས་ས་པཎ་ཆོས་འཆད་གླེགས་རལ་བསྣམས། །གཡོན་པ་མཉམ་བཞག་ཚེ་བུམ་ཐུགས་ཀ་རུ། །ཚེ་དཔག་དཀར་པོའི་བདུད་རྩིས་ཚེ་བུམ་གང་། །དེ་ལས་བདུད་རྩི་བཞེས་ལ༴ །འབྲས་ལྗོངས་དཀོན་སྤྱི་དྲག་པོའི་དབང་སྒྲུབ་སྐབས། །སྐུ་ཡི་གསལ་སྣང་ནམ་མཁའི་གཏོས་དང་མཉམ། །སྤྲུལ་པས་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། །སྲོག་སྙིང་གདན་དུ་བསྟིམས་ལ༴ །རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ཉིད། །ཐུབ་དབང་དངོས་གྱུར་ཐུགས་ཀར་རྡོར་འཆང་དང་། །དེ་ཡི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་བཞུགས། །འཁོར་བཅས་ཡང་ཡང་གཟིགས་ལ༴ །བྱང་ཆུབ་ཤིང་གི་ཉེ་འགྲམ་མཆོད་འབུལ་དང་། །ལྷ་བབས་གནས་དང་མཉན་ཡོད་གནས་མཇལ་ཚེ། །མདུན་མཁར་ཕྱོགས་མཚམས་སངས་རྒྱས་བྱང་སེམས་བཞུགས། །དབང་དང་བྱིན་རླབས་སྩལ་ལ༴ །དུར་ཁྲོད་བསིལ་བ་ཚལ་གྱི་སྒྲུབ་ཕུག་ཏུ། །ཤ་བ་རི་པ་ཕྲག་པར་རི་དྭགས་རོ། །བཀལ་ཞིང་ཕྱག་གཡས་མདའ་དང་གཡོན་པས་གཞུ། །གནས་ལྔའི་ལྷ་བཅས་གཟིགས་ལ༴ །རྡོ་རྗེ་གླིང་དུ་ཏི་སིའི་གངས་ངོས་སུ། །རྗེ་བཙུན་མི་ལ་བདེ་མཆོག་སྐུ་གྱུར་ལས། །སྤྲུལ་པའི་དཀྱིལ་འཁོར་དུ་ནི་སྙན་བརྒྱུད་དབང་། །གླེགས་བམ་གདམས་གཏད་སྩལ་ལ༴ །འབྲས་ལྗོངས་གནས་སུ་སྨྱུང་བའི་ཚུལ་བསྟན་ཚེ། །ཙཎྜཱ་གོ་མིས་རྣམ་འཇོམས་བྱབས་ཁྲུས་མཛད། །ཤ་ཟ་མཁའ་འགྲོས་སྙུང་ཁམས་འཇིབ་པ་ན། །སྐུ་ཉམས་གསལ་དྭངས་བཞེས་ལ༴ །གཏེར་ཆེན་མཆོག་གླིང་གུ་རུའི་ཆས་ཅན་གྱིས། །བྱབས་ཁྲུས་མཛད་མཐར་སྒྱུ་འཕྲུལ་ཚེ་དཀར་གྱི། །དཀྱིལ་འཁོར་སྤྲུལ་ཏེ་དབང་བཞི་རྒྱས་པ་ཞིག །ཤིན་ཏུ་གསལ་བར་བཞེས་ལ༴ །གདུལ་བྱའི་དོན་དུ་ཞིང་གཞན་གཤེགས་པའི་ཚེ། །ས་གཞི་ཆེར་གཡོས་མཚན་མོར་འོད་དང་བཅས། །སྐྱེ་མེད་ཨ་ཡི་གདངས་དབྱངས་སྒྲོགས་བཞིན་དུ། །འོད་གསལ་ཀློང་དུ་བཞུགས་ལ་གསོལ་བ་འདེབས། །འོན་ཀྱང་ཁྱེད་ཀྱི་གསང་གསུམ་ཡོན་ཏན་ནི། །བསྐལ་མང་གཞལ་ཀྱང་ས་ཐོབ་འཕགས་པ་ཡི། །སྤྱོད་ཡུལ་མིན་ན་བྱིས་བློས་ག་ལ་དཔོག །དེ་ལྟར་ན་ཡང་དད་པའི་གསོས་སུ་སྤེལ། །བླ་མའི་ཡོན་ཏན་དྲན་ཅིང་གསོལ་བཏབས་པས། །ཉམ་ཐག་སྐལ་དམན་ཁྱེད་ཀྱི་རྗེས་འཇུག་ཀུན། །འདི་དང་ཕྱི་མ་བར་དོའི་གནས་སྐབས་སུ། །བྱིན་གྱིས་རློབས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །ཁྱད་པར་རྩ་བའི་ཕ་མ་སྤུན་སྲིང་གཙོས། །བདག་ལ་བཟང་ངན་འབྲེལ་བའི་སྐྱེ་འགྲོ་ཀུན། །ལས་དང་ཉོན་མོངས་རྦ་རླབས་འཁྲུག་པ་ཡི། །འཁོར་བའི་མཚོ་ལས་མྱུར་དུ་བསྒྲལ་དུ་གསོལ། །བདག་ཀྱང་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་ཁྱེད་ཀྱི་ཞབས་དྲུང་སྐྱེས་གྱུར་ནས། །གསུང་གི་གསང་མཛོད་ཇི་སྙེད་འཛིན་བྱས་ཏེ། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་པར་ཤོག །དེ་ཡི་དགེ་བ་སྤྲིན་དཀར་བླ་བྲེ་ལས། །ཕན་བདེ་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །སྲིད་ཞི་དཔལ་གྱི་ལོ་ཏོག་རབ་རྒྱས་ཏེ། །རྣམ་གྲོལ་འབྲས་བུས་ཡིད་ཅན་ཚིམས་པར་ཤོག །ཅེས་རྗེ་བཙུན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསང་རྣམ་གྱི་སྒོ་ནས་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ནི། ཡུལ་མདོ་ཁམས་སུ་སྐྱེས་ཤིང་བླ་མ་རྡོ་རྗེ་འཆང་གི་ཞལ་སློབ་ཀྱི་གྲལ་མཐར་མཆིས་པ་ཀུན་དགའ་དབང་ཕྱུག་གིས། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ནག་ཟླའི་ཚེས་ནང་རྗེ་བླ་མའི་ཞལ་གསུང་ཕྱག་བསྟར་དངོས་ཀྱི་ཤོག་དྲིལ་ནང་འཁོད་ཀྱི་གསང་རྣམ་དཀྱུས་སུ་བསྒྲིགས་སྐབས་སུ་རང་གི་དད་པའི་གསོས་འཛིན་དུ་བཅུད་བསྡུས་གསོལ་འདེབས་ཚིག་བཅད་མགྱོགས་བསྟར་བགྱིས་པར། ལོ་དེའི་མཇུག་ཏུ་རྣམ་ཐར་ཆེན་མོ་ཞིབ་མཇལ་སྐབས། སླར་ཡང་དེའི་ནང་ནས་ཀྱང་ཁ་ཤས་བླངས་ཤིང་གོང་དང་གཤམ་དུ་བསྒྲིགས་ཏེ་བསྣན་འཕྲི་ཅུང་ཟད་བཅས་སྤེལ་བར་རྗེ་གང་གི་སློབ་གྲོགས་བརྒྱུད་བཅས་ལ་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། }} | ||
</onlyinclude> | </onlyinclude> |
Latest revision as of 08:21, 1 June 2024
Wylie title | rje btsun dpal ldan bla ma dam pa 'jam pa'i dbyangs chos kyi blo gros la gsang rnam gyi sgo nas gsol ba 'debs pa byin rlabs myur 'jug | |
---|---|---|
Location | chos kyi blo gros bka' 'bum Volume 3, Text 84, Pages 295-329 (Folios 1a to 18a6) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. rje btsun dpal ldan bla ma dam pa 'jam pa'i dbyangs chos kyi blo gros la gsang rnam gyi sgo nas gsol ba 'debs pa byin rlabs myur 'jug. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 295-329. Bir, H.P.: Khyentse Labrang, 2012. | |
Genre | Supplications - gsol 'debs | |
Colophon |
།ཅེས་རྗེ་བཙུན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསང་རྣམ་གྱི་སྒོ་ནས་གསོལ་བ་འདེབས་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ནི། ཡུལ་མདོ་ཁམས་སུ་སྐྱེས་ཤིང་བླ་མ་རྡོ་རྗེ་འཆང་གི་ཞལ་སློབ་ཀྱི་གྲལ་མཐར་མཆིས་པ་ཀུན་དགའ་དབང་ཕྱུག་གིས། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ནག་ཟླའི་ཚེས་ནང་རྗེ་བླ་མའི་ཞལ་གསུང་ཕྱག་བསྟར་དངོས་ཀྱི་ཤོག་དྲིལ་ནང་འཁོད་ཀྱི་གསང་རྣམ་དཀྱུས་སུ་བསྒྲིགས་སྐབས་སུ་རང་གི་དད་པའི་གསོས་འཛིན་དུ་བཅུད་བསྡུས་གསོལ་འདེབས་ཚིག་བཅད་མགྱོགས་བསྟར་བགྱིས་པར། ལོ་དེའི་མཇུག་ཏུ་རྣམ་ཐར་ཆེན་མོ་ཞིབ་མཇལ་སྐབས། སླར་ཡང་དེའི་ནང་ནས་ཀྱང་ཁ་ཤས་བླངས་ཤིང་གོང་དང་གཤམ་དུ་བསྒྲིགས་ཏེ་བསྣན་འཕྲི་ཅུང་ཟད་བཅས་སྤེལ་བར་རྗེ་གང་གི་སློབ་གྲོགས་བརྒྱུད་བཅས་ལ་བླ་མའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། | |
/ces rje btsun bla ma rdo rje 'chang 'jam dbyangs chos kyi blo gros la gsang rnam gyi sgo nas gsol ba 'debs pa byin rlabs myur 'jug ces bya ba 'di ni/__yul mdo khams su skyes shing bla ma rdo rje 'chang gi zhal slob kyi gral mthar mchis pa kun dga' dbang phyug gis/__rab byung bcu drug pa'i chu byi nag zla'i tshes nang rje bla ma'i zhal gsung phyag bstar dngos kyi shog dril nang 'khod kyi gsang rnam dkyus su bsgrigs skabs su rang gi dad pa'i gsos 'dzin du bcud bsdus gsol 'debs tshig bcad mgyogs bstar bgyis par/__lo de'i mjug tu rnam thar chen mo zhib mjal skabs/__slar yang de'i nang nas kyang kha shas blangs shing gong dang gsham du bsgrigs te bsnan 'phri cung zad bcas spel bar rje gang gi slob grogs brgyud bcas la bla ma'i byin rlabs myur du 'jug pa'i rgyur gyur cig__/sarba mang+ga laM// |
1 Texts in this Section (sde tshan or chos tshan)