JKCL-KABUM-03-GA-085

From Khyentse Lineage - A Tsadra Foundation Project

‎‎

གནས་སྦྱར་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་།
Wylie title gnas sbyar ma'i brgyud 'debs kyi kha skong JKCL-KABUM-03-GA-085.pdf
Location chos kyi blo gros bka' 'bum
Volume 3, Text 85, Pages 331 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gnas sbyar ma'i brgyud 'debs kyi kha skong. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 331. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཆོས་ཀྱི་བློ་གྲོས་པས་སོ།།

/chos kyi blo gros pas so//

[edit]
གནས་སྦྱར་མའི་བརྒྱུད་འདེབས་ཀྱི་ཁ་སྐོང་། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་མཚམས་སུ། གནས་ལྷུན་གྲུབ་ཡང་རྩེའི་དབེན་གནས་སུ། །འཇམ་དབྱངས་བློ་གཏེར་དབང་པོ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་འཕགས་མཆོག་དགྱེས་པའི་དགའ་ཚལ་དུ། །འཇམ་དབྱངས་རིན་ཆེན་རྡོ་རྗེ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་བདེ་ཆེན་ཞིང་ཁམས་ཆེན་པོ་རུ། །འཇམ་མགོན་ངག་དབང་ལེགས་པ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་བྲག་ར་རྡོ་རྗེའི་རྫོང་ཆེན་དུ། །རྗེ་བཙུན་བཀྲ་ཤིས་རྒྱལ་མཚན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་གྭ་གུ་བྱང་ཆུབ་ནགས་ཁྲོད་དུ། །འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ཕྱོགས་མེད་ཆོས་ཀྱི་དགའ་ཚལ་དུ། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

gnas sbyar ma'i brgyud 'debs kyi kha skong /__byams pa kun dga' bstan pa'i rgyal mtshan gyi mtshams su/__gnas lhun grub yang rtse'i dben gnas su/____/'jam dbyangs blo gter dbang po la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas 'phags mchog dgyes pa'i dga' tshal du/____/'jam dbyangs rin chen rdo rje la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas bde chen zhing khams chen po ru/____/'jam mgon ngag dbang legs pa la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas brag ra rdo rje'i rdzong chen du/____/rje btsun bkra shis rgyal mtshan la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas gwa gu byang chub nags khrod du/____/'jam dbyangs chos kyi rgyal mtshan la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/gnas phyogs med chos kyi dga' tshal du/____/'jam dbyangs chos kyi blo gros la gsol ba 'debs/____/gsol ba 'debs so bdag rgyud byin gyis rlobs/____/chos kyi blo gros pas so//____//_

Footnotes

Other Information