JKCL-KABUM-03-GA-028: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: . Bir, H.P.: Khyentse Labrang, 2012. | |fulltitletib=སྐྱབས་མགོན་སི་ཏུ་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན། | ||
|fulltitle=skyabs mgon si tu rdo rje 'chang gi rnam thar gsol 'debs mos gus kyi dbyangs snyan | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''skyabs mgon si tu rdo rje 'chang gi rnam thar gsol 'debs mos gus kyi dbyangs snyan''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: 95-104. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 16: | Line 18: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=028 | |textnuminvol=028 | ||
|pagenumbers=95-104 | |||
|totalpages=10 | |||
|beginfolioline=1a1 | |||
|endfolioline=5b3 | |||
|totalfolios=5 | |||
|multivolumework=No | |||
|colophontib=།ཅེས་འཁོར་ལོའི་མགོན་པོའི་རྣམ་ཐར་གསོལ་འདེབས་འདིའང་ལུང་དང་རིགས་པའི་འབྱོར་པས་ཕྱུག་པ་ཀུན་བཟང་བློ་ལྡན་ནས་བསྐུལ་ངོར་རྗེ་དེ་ཉིད་ཀྱི་བཀའ་འབངས་ཀྱི་ཐ་ཤལ་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་འཇམ་མགོན་བླ་མ་མཆོག་གི་གཟིམས་བསྐྱིལ་གསང་བ་གསུམ་གྱི་བྱིན་རླབས་དཔལ་དུ་འབར་བའི་གཞལ་མེད་ཁང་དུ་སྣྲོན་ཟླའི་ཚེས་བཅུ་གཅིག་ལ་སྨྲས་རིམ་བཞིན་དྲུང་སྙུག་འཛིན་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་ལྷག་པར་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ།། | |||
|colophonwylie=ces 'khor lo'i mgon po'i rnam thar gsol 'debs 'di'ang lung dang rigs pa'i 'byor pas phyug pa kun bzang blo ldan nas bskul ngor rje de nyid kyi bka' 'bangs kyi tha shal mkhyen brtse'i phrin las kyi byed por smon pa/__'jam dbyangs blo gros rgya mtshos 'jam mgon bla ma mchog gi gzims bskyil gsang ba gsum gyi byin rlabs dpal du 'bar ba'i gzhal med khang du snron zla'i tshes bcu gcig la smras rim bzhin drung snyug 'dzin gsang sngags bstan 'dzin gyis bgyis pa 'dis kyang rang gzhan rnams kyi rgyud la ye shes gzigs pa'i byin rlabs lhag par rgyas pa'i rgyur gyur cig__/mang+ga laM/__shu b+haM// | |||
|pdflink=File:JKCL-KABUM-03-GA-028.pdf | |pdflink=File:JKCL-KABUM-03-GA-028.pdf | ||
}} | }} | ||
Line 22: | Line 32: | ||
<onlyinclude> | <onlyinclude> | ||
{{TibP|༄༅༅། །སྐྱབས་མགོན་སི་ཏུ་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན་ཞེས་བྱ་བཞུགས་སོ། ། | {{TibP|༄༅༅། །སྐྱབས་མགོན་སི་ཏུ་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས་མོས་གུས་ཀྱི་དབྱངས་སྙན་ཞེས་བྱ་བཞུགས་སོ། ། | ||
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གདོད་ནས་རྣམ་པར་གྲོལ་བ་བྱང་ཆུབ་ཀྱི། །གོ་འཕང་དམ་པར་མངའ་དབང་འབྱོར་ན་ཡང་། །བྱང་ཆུབ་སྤྱོད་པའི་ཐུགས་རྗེའི་ཕྲིན་ལས་ནི། །ནམ་ཡང་འགོག་པ་མེད་ལ་གསོལ་བ་འདེབས། །བསྐལ་བཟང་ཉི་མའི་གཉེན་གྱི་རྒྱལ་ཚབ་ཆེ། །མ་ཕམ་ལྷ་བརྒྱའི་མགོན་གྱི་སྤྲུལ་པ་ནི། །སྙིགས་དུས་བསྟན་འགྲོའི་པད་མཚོར་འཆར་བའི་མོད། །དཔལ་ལྡན་བླ་མར་སྣང་ལ་གསོལ་བ་འདེབས། །འགྲོ་ལ་བྱམས་པའི་སྤྲིན་གྱིས་ཁེབས་པ་ལ། །བརྩེ་ཆེན་ཐུགས་རྗེའི་གྲུ་ཆར་རྒྱུན་མི་ཆད། །ངོ་མཚར་སྐྱེས་པ་རབས་ཀྱི་ཕྲེང་བ་ནི། །ཕུལ་བྱུང་དུ་མར་སྟོན་ལ་གསོལ་བ་འདེབས། །ཞིང་ཁམས་དག་པ་ཆོས་ལྡན་བོད་ཆེན་ལྗོངས། །སྡེ་བཞིའི་དཔལ་གྱི་འབྱོར་པས་མངོན་པར་མཐོ། །པདྨའི་ཟབ་གཏེར༷་འབུམ་ཕྲག་གཏམ་པའི་ལུང༷་། །རིགས་མཆོག་དམ་པར་གཟིགས་ལ་གསོལ་བ་འདེབས། །གུ་རུའི་ཕྲིན་ལས་གཉེར་འཛིན་དཔའ་བོ་དང་། །ཡེ་ཤེས་ཌཱཀྐི་མཚན་ལྡན་ལྷུམས་སུ་ཞུགས། །ལྕགས་ཁམས་དབྱར་རྔའི་སྒྲ་ཡི་མིང་ལྡན་ལོར། །ངོ་མཚར་མཚན་དཔེ་བཞད་ལ་གསོལ་བ་འདེབས། །དེ་ཚེ་སྐྱེ་བོས་མཐོང་ན་ཡིད་སྨོན་ཞིང་། །མཆོག་ཏུ་རབ་མཛེས་དག་ཅིང་གཙང་བའི་སྐུ། །བལྟ་བས་མི་ངོམས་ལྷ་བུ་གཞོན་ནུ་ལྟར། །ཀུན་དགའི་དཔལ་སྟེར་མཆོག་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དང་རྣམ་པར་སྣང་མཛད་ཀྱི། །ཟློས་གར་སྐྱེས་ཆེན་དྲུང་དུ་ཕེབས་པ་ན། །འཆི་མེད་ལྷ་ཡི་བདུད་རྩིས་ཁྲུས་གསོལ་ཞིང་། །བྱིན་གྱིས་བརླབས་པར་མཛད་ལ་གསོལ་བ་འདེབས། །རྩོལ་མེད་སྲིད་པའི་སྟོང་གཟུགས་མཐོང་བ་དང་། །བརྩེ་བའི་སྙིང་རྗེ་རང་བཞིན་གཤིས་ལ་ཞུགས། །ཕལ་པའི་སྤྱོད་ལས་འདས་ཤིང་དམ་པ་ཡི། །སྔོན་གྱི་ལས་འཕྲོ་སད་ལ་གསོལ་བ་འདེབས། །བར་ཆད་བདུད་ཀྱི་ཟུག་རྔུས་གཙིར་བའི་ཚེ། །དཔལ་མགོན་སྟོབས་འཕྲོག་དབང་པོ་བསུ་བར་བྱོན། །རྗེ་བཙུན་བླ་མའི་ཞབས་ལ་བསྙེན་པ་ན། །ནམ་མཁའ་སྤྲིན་བྲལ་ལྟར་གྱུར༴ །རྟོག་ཚོགས་རྒྱུ་བ་ཆོས་ཀྱི་དབྱིངས་སུ་དེངས། །གཏད་མེད་རིག་སྟོང་རྗེན་པ་མངོན་དུ་གྱུར། །འཁོར་འདས་ཆོས་ཀུན་འོད་གསལ་རྫོགས་པ་ཆེར། །འུབ་ཆུབ་དགོངས་པ་བརྙེས་ལ༴ །པ༷དྨས༷་བྱིན་རླབས་ཤེལ༷་གྱི་ཕུག༷་པ་རུ། །ཡེ་ཤེས་ཌཱཀྐིས་བརྡ་རྟགས་གསལ་བར་བསྟན། །ལས་འཕྲོ་གཏེར་གྱི་བག་ཆགས་སད་ན་ཡང་། །མི་མངོན་དབྱིངས་སུ་སྡོམ་ལ༴ །བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོ་ཡི། །དབུས་ན་རབ་མཐོ་འཇམ་མགོན་དགྱེས་པའི་གནས། །གཞལ་མེད་ཁང་ཆེན་འོད་ཁྱིམས་ཟླུམ་བསྐོར་དབུས། །རྗེ་བཙུན་འཇམ་དབྱངས་གཟིགས་ལ༴ །ཡི་གེའི་བརྡ་བསྟན་ཙམ་གྱིས་ཁོང་དུ་ཆུད། །གནས་རི་གངས་བྲག་སྤྱན་ལམ་བབས་པ་ན། །སྔོན་གྱི་སྐྱེ་གནས་མང་པོ་རྗེས་སུ་དྲན། །མཉམ་བཞག་ཏིང་འཛིན་ངང་བཞུགས༴ །མཐོན་མཐིང་ཅོད་པཎ་འཆང་བའི་སེམས་དཔའ་ཆེ། །མཇལ་བས་རྐྱེན་བྱས་རྒྱ་བལ་བོད་ཡུལ་གྱི། །གནས་ཀྱི་བཀོད་པ་ཡང་ཡང་འཆར་བ་སོགས། །སྒྲིབ་མེད་ཡེ་ཤེས་བརྙེས་ལ༴ །ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ངོས་ཡངས་པར། །འོད་གསལ་རྡོ་རྗེའི་རོལ་པ་ཅིར་ཡང་འབར། །གཟུང་འཛིན་རྐྱེན་རྟོག་ཐམས་ཅད་རང་སར་ཡལ། །རྣལ་འབྱོར་དབང་ཕྱུག་གཞོན་ནུར༴ །འཕགས་ཡུལ་རྡོ་རྗེ་གདན་གྱིས་བཀོད་པ་རྣམས། །ཐུགས་ལ་མ་སྒྲིབ་ལྷག་པར་གསལ་བ་དང་། །མཁའ་འགྲོ་བྲག་གི་གུ་རུའི་སྣང་བརྙན་ནི། །སློབ་དཔོན་དངོས་སུ་སྣང་ལ༴ །དཔལ་རི་པདྨ་འོད་ཀྱི་གཞལ་མེད་ཁང་། །རིག་འཛིན་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་དབུས། །རྡོ་རྗེ་ཐོད་ཕྲེང་གསང་གསུམ་གཟི་བརྗིད་འབར། །བཅོས་མིན་མོས་གུས་བརྡོལ་ལ༴ །ཡོངས་རྫོགས་བསྟན་པའི་ཤིང་རྟ་མཁྱེན་བརྩེའི་དབང་། །རྒྱལ་བས་ལུང་བསྟན་འཇམ་མགོན་བློ་མཐའ་ཡས། །སིདྷ་གྷཎྜེ་ཀུན་བཟང་རྣམ་པར་རྒྱལ། །རིགས་བརྒྱའི་གཙུག་ནོར་བསྙེན་ལ༴ །མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་དང་། །གསང་བའི་བདག་པོ་བློ་གཏེར་དབང་པོ་སོགས། །མཁས་དང་གྲུབ་པའི་སྐྱེས་ཆེན་མང་པོ་ཡི། །ཞབས་པད་ལྷག་པར་བསྟེན་ལ༴ །མདོ་སྔགས་རིགས་གནས་གཞུང་ལུགས་འབུམ་ཕྲག་གི། ཚིག་དོན་མ་འདྲེས་རྣམ་དཔྱོད་ཧུབ་ཀྱི་དྲངས། །སྒྲོ་འདོགས་ཐེ་ཚོམ་དྲྭ་བ་དྲལ་མཛད་ཅིང་། །ཐོས་བསམ་ཆུ་གཏེར་རྒྱས་ལ༴ །མཁྱེན་རབ་འཇམ་པའི་དབྱངས་ཀྱི་རྗེས་འགྲོ་ཤིང་། །བརྩེ་ཆེན་ཐུགས་རྗེའི་འོད་དཀར་མཆོག་ཏུ་འཛུམ། །མཐུ་སྟོབས་གསང་བའི་བདག་པོར་དངོས་སྣང་བ། །རིགས་གསུམ་གཅིག་བསྡུས་བླ་མར༴ །མཁས་པ་མཁས་པའི་དབུས་ན་རབ་མཛེས་ཤིང་། །སྡོམ་གསུམ་དྲི་མས་མ་གོས་བཙུན་པའི་མཆོག །བཟང་པོ་བཟང་པོའི་ཕྲིན་ལས་ཕྱོགས་བརྒྱར་ཁྱབ། །ཀུན་མཁྱེན་བླ་མའི་ཞབས་ལ༴ །འཆད་པའི་ཚེ་ན་མགོན་པོ་ཐོགས་མེད་ཞབས། །རྩོད་པར་ཞུགས་ཚེ་ཆོས་ཀྱི་གྲགས་པར་མཚུངས། །རྩོམ་པ་དཔའ་བོའི་ཞབས་ལྟར་སྡེབས་ལེགས་ཤིང་། །གངས་ཅན་མཛེས་པའི་རྒྱན་གཅིག༴ །ཁྱུང་ཚང་བྲག་ཏུ་མ་ཧཱ་ཀ་ལ་མཇལ། །ཀཿཡི་མཚན་པའི་རྡོ་རྗེའི་གདན་ཆེན་པོར། །བྱོན་ཚེ་འདོད་ཁམས་དབང་མོ་སྔགས་སྲུང་སོགས། །དམ་ཅན་རྒྱ་མཚོ་གཟིགས་ལ༴ །བྱང་ཆུབ་ཆེན་པོ་ཐུབ་དབང་མངོན་སུམ་དང་། །གོང་མ་རྣམས་ཀྱི་འདྲ་ཞལ་མཇལ་བ་ན། །དེ་དང་དེ་ཡི་བྱིན་རླབས་དངོས་སུ་ཐོབ། །དག་པའི་སྣང་བ་འབྱམས་ཀླས༴ །ཚེས་བཅུའི་གར་གྱི་རོལ་པ་ངོམས་པ་ན། །པད་རཱག་ཞུན་མ་ལྟར་འཚེར་འོད་ཕུང་སྦུབས། །ཨོ་རྒྱན་རྡོ་རྗེ་འཆང་གི་ཡེ་ཤེས་སྐུ། །སྒྱུ་མའི་མིག་འཕྲུལ་ལྟར་སྣང་༴ །གདན་གསུམ་འཁོར་ལོ་ལྔ་ཡིས་བརྒྱན་པའི་དབུས། །རྗེ་བཙུན་དམ་པ་ཤེས་རབ་སེངྒེ་ཡིས། །མངོན་སུམ་རྗེས་བཟུང་སྒྱུ་འཕྲུལ་བཤད་སྒྲུབ་ཀྱི། །དབང་བསྐུར་བཀའ་བབས་ཐོབ་ལ༴ །བདེ་ལྡན་མགོན་པོའི་ཞིང་གི་བཀོད་པ་དང་། །མི་ཏྲ་ཛོ་ཀི་ཐང་སྟོང་རྒྱལ་པོ་སོགས། །ཡང་ཡང་མཇལ་ཞིང་གདམས་ངག་དངོས་སུ་ཐོབ། དགོངས་པའི་རྩལ་ཆེན་རྫོགས་ལ༴ །རྩ་གསུམ་རབ་འབྱམས་བསྙེན་སྒྲུབ་རྟགས་ཐོན་ཞིང་། །མཆོག་ཐུན་གྲུབ་པའི་དཔལ་ཡོན་ཆེས་ཆེར་རྒྱས། །སྣང་སེམས་དབང་འདུས་ཕ་རོལ་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་རྒྱལ་ཆེན་པོར༴ །རྣམ་དག་ཆོས་འདུལ་སྡོམ་པ་ལ་གནས་ཞིང་། །གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་བརྒྱུད་གཏམས། །མཆོག་ཏུ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ། །ནམ་ཡང་འདའ་བ་མེད་ལ༴ །ཉམས་རྟོགས་རིག་པའི་བོགས་འདོན་བྱ་བའི་ཕྱིར། །རྡོ་རྗེའི་གནས་ཡུལ་ཀུན་ཏུ་བགྲོད་པ་དང་། །གྲོལ་བ་རྣམ་བཞིས་བགྲང་ཡས་སེམས་ཅན་ལ། །ཐར་པའི་ས་བོན་བསྐྲུན་ལ༴ །དེ་ཝཱི་ཀོ་ཊིར་འཁོར་ལོར་སྡོམ་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་དངོས་སུ་གསལ་བར་གཟིགས། །ཤངས་ཀྱི་ཟབ་ལུང་མ་ཧཱ་གུ་རུ་མཇལ། །ལུང་བསྟན་དབུགས་དབྱུང་བརྙེས་ལ༴ །གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཡི། །དགྱེས་ཞལ་བསྟན་ཞིང་བྱིན་རླབས་གདམས་པ་རྣམས། །རྟག་པར་རབ་གསན་ཆོས་ཀྱི་བསྒྲོ་གླེང་མཛད། །འཕགས་པའི་ས་མཐོར་བཞུགས་ལ༴ །ལྐོག་གྱུར་ཆོས་རྣམས་མ་སྦས་གསལ་བར་མཁྱེན། །སྐུ་གསུང་ཐུགས་ལ་ཉེས་པའི་དྲི་མས་དབེན། །འདྲིས་སླ་བརྟག་དཀའ་མཁྱེན་པའི་གཏིང་ཟབ་ཅིང་། །དམ་པ་མཚན་མོའི་མགོན་པོར༴ །ལེགས་བྱས་ཚོགས་གཉིས་རྒྱ་མཚོ་འཕེལ་བའི་ཕྱིར། །གཙུག་ལག་ཁང་དང་རྟེན་གསུམ་རབ་འབྱམས་བསྐྲུན། །བཤད་དང་སྒྲུབ་པའི་སྡེ་ཆེན་རྒྱས་པར་མཛད། །ཕྲིན་ལས་བསམ་མི་ཁྱབ་ལ༴ །རང་བྱུང་རྒྱལ་མོ་བཛྲ་ས་དྷཱུ་སོགས། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་། །པདྨའི་ཚལ་དུ་བུང་བ་ལྟར་འདུས་ནས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴ །མཚན་ཙམ་ཐོས་དཀའི་སྔ་འགྱུར་ནང་རྒྱུད་ཀྱི། །གཞུང་གདམས་མན་ངག་ནོར་བུ་བརྒྱ་སྟོང་གིས། །ཆ་ཙམ་མཚོན་མིན་གསུང་རབ་པུསྟི་ཀའི། །གཏེར་བརྒྱའི་སྒོ་འཕར་འབྱེད་ལ༴ །ཉིན་མཚན་ཀུན་ཏུ་དབང་བསྐུར་ཆོས་འཆད་ཅིང་། །སྐལ་ལྡན་གདུལ་བྱ་སྨིན་ཅིང་གྲོལ་བར་མཛད། །མཁས་དང་གྲུབ་པའི་སློབ་ཚོགས་གྲངས་མེད་པས། །ནོར་འཛིན་ཁྱོན་ཀུན་བཀང་ལ༴ །རིས་མེད་ཐུབ་བསྟན་ཡངས་པའི་པད་ཚལ་ནས། །དགེ་འདུན་སུམ་སྟོང་ལྷག་པར་བསྡུ་མཛད་དེ། །སྐྱེ་བདུན་རིལ་བུ་སྒྲུབ་པའི་བསྙེན་བཀུར་སྟོབས། །འབྲེལ་ཚད་དོན་ལྡན་མཛད་ལ༴ །ན་རྒ་འཆི་བའི་སྡུག་བསྔལ་ལས་གྲོལ་ཀྱང་། །རྟག་འཛིན་ཅན་ངོར་འཕོ་བའི་ཚུལ་བསྟན་ཚེ། །རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔར། །བགྲོད་པའི་གཟིགས་སྟངས་མཛད་ལ༴ །ཤིན་ཏུ་རྣམ་དག་རྡུལ་བྲལ་ཞི་བའི་མཁར། །སྙོམས་པར་ཞུགས་ཚེ་ས་ཡང་རབ་གཡོ་ཞིང་། །ལྷ་ཡི་མེ་ཏོག་དུང་ལྟར་དཀར་བས་ཁྱབ། །ཆོ་འཕྲུལ་དཔག་ཡས་སྟོན་ལ༴ །སླར་ཡང་ཕྱིར་གསལ་ཐུགས་རྗེའི་སྤྲིན་བཀོད་པས། །གང་འདུལ་གདུལ་བྱའི་རྣམ་རོལ་ཚད་མེད་ཅིང་། །ཁྱད་པར་བདག་སོགས་གདུལ་བྱའི་དཔལ་མགོན་དུ། །མཆོག་གི་སྤྲུལ་སྐུ་བྱོན་ལ་གསོལ་བ་འདེབས། །སྲིད་པའི་མཐར་ཡང་ཕྲིན་ལས་རྒྱུན་མི་ཆད། །ནམ་ཞིག་རྡོ་རྗེ་གདན་གྱི་ཤིང་དྲུང་དུ། །མངོན་པར་འཚང་རྒྱའི་མཛད་པ་སྟོན་པ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །ཞབས་སེན་བདེ་ཆེན་འཁོར་ལོར་བཀོད་པ་དང་། །ལེགས་གསུང་གདམས་པའི་བདུད་རྩི་ནོད་པར་ཤོག །བསྟན་འཛིན་སྐྱེས་རྣམས་ཞབས་པད་ཡུན་དུ་བརྟན། །བསྟན་པའི་སྡེ་ཆེན་ཕྱོགས་བརྒྱར་འཕེལ་བ་དང་། །བསྟན་ལ་གནོད་བྱེད་ཐལ་བའི་རྡུལ་བཞིན་བཅོམ། །བསྟན་པ་རིན་ཆེན་དར་ཞིང་རྒྱས་གྱུར་ཅིག | |||
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གདོད་ནས་རྣམ་པར་གྲོལ་བ་བྱང་ཆུབ་ཀྱི། །གོ་འཕང་དམ་པར་མངའ་དབང་འབྱོར་ན་ཡང་། །བྱང་ཆུབ་སྤྱོད་པའི་ཐུགས་རྗེའི་ཕྲིན་ལས་ནི། །ནམ་ཡང་འགོག་པ་མེད་ལ་གསོལ་བ་འདེབས། །བསྐལ་བཟང་ཉི་མའི་གཉེན་གྱི་རྒྱལ་ཚབ་ཆེ། །མ་ཕམ་ལྷ་བརྒྱའི་མགོན་གྱི་སྤྲུལ་པ་ནི། །སྙིགས་དུས་བསྟན་འགྲོའི་པད་མཚོར་འཆར་བའི་མོད། །དཔལ་ལྡན་བླ་མར་སྣང་ལ་གསོལ་བ་འདེབས། །འགྲོ་ལ་བྱམས་པའི་སྤྲིན་གྱིས་ཁེབས་པ་ལ། <ref>Hodor. Hodor HODOR hodor, hodor hodor, hodor, hodor hodor. Hodor hodor, hodor. Hodor HODOR hodor, hodor hodor, hodor, hodor hodor. Hodor hodor - hodor hodor hodor - hodor, hodor. Hodor hodor?! Hodor hodor HODOR! Hodor HODOR hodor, hodor hodor... Hodor hodor hodor; hodor HODOR hodor, hodor hodor. Hodor. Hodor hodor HODOR! Hodor hodor hodor hodor... Hodor hodor hodor. Hodor. </ref>།བརྩེ་ཆེན་ཐུགས་རྗེའི་གྲུ་ཆར་རྒྱུན་མི་ཆད། །ངོ་མཚར་སྐྱེས་པ་རབས་ཀྱི་ཕྲེང་བ་ནི། །ཕུལ་བྱུང་དུ་མར་སྟོན་ལ་གསོལ་བ་འདེབས། །ཞིང་ཁམས་དག་པ་ཆོས་ལྡན་བོད་ཆེན་ལྗོངས། །སྡེ་བཞིའི་དཔལ་གྱི་འབྱོར་པས་མངོན་པར་མཐོ། །པདྨའི་ཟབ་གཏེར༷་འབུམ་ཕྲག་གཏམ་པའི་ལུང༷་། །རིགས་མཆོག་དམ་པར་གཟིགས་ལ་གསོལ་བ་འདེབས། །གུ་རུའི་ཕྲིན་ལས་གཉེར་འཛིན་དཔའ་བོ་དང་། །ཡེ་ཤེས་ཌཱཀྐི་མཚན་ལྡན་ལྷུམས་སུ་ཞུགས། །ལྕགས་ཁམས་དབྱར་རྔའི་སྒྲ་ཡི་མིང་ལྡན་ལོར། །ངོ་མཚར་མཚན་དཔེ་བཞད་ལ་གསོལ་བ་འདེབས། །དེ་ཚེ་སྐྱེ་བོས་མཐོང་ན་ཡིད་སྨོན་ཞིང་། །མཆོག་ཏུ་རབ་མཛེས་དག་ཅིང་གཙང་བའི་སྐུ། །བལྟ་བས་མི་ངོམས་ལྷ་བུ་གཞོན་ནུ་ལྟར། །ཀུན་དགའི་དཔལ་སྟེར་མཆོག་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དང་རྣམ་པར་སྣང་མཛད་ཀྱི། །ཟློས་གར་སྐྱེས་ཆེན་དྲུང་དུ་ཕེབས་པ་ན། །འཆི་མེད་ལྷ་ཡི་བདུད་རྩིས་ཁྲུས་གསོལ་ཞིང་། །བྱིན་གྱིས་བརླབས་པར་མཛད་ལ་གསོལ་བ་འདེབས། །རྩོལ་མེད་སྲིད་པའི་སྟོང་གཟུགས་མཐོང་བ་དང་། །བརྩེ་བའི་སྙིང་རྗེ་རང་བཞིན་གཤིས་ལ་ཞུགས། །ཕལ་པའི་སྤྱོད་ལས་འདས་ཤིང་དམ་པ་ཡི། །སྔོན་གྱི་ལས་འཕྲོ་སད་ལ་གསོལ་བ་འདེབས། །བར་ཆད་བདུད་ཀྱི་ཟུག་རྔུས་གཙིར་བའི་ཚེ། །དཔལ་མགོན་སྟོབས་འཕྲོག་དབང་པོ་བསུ་བར་བྱོན། །རྗེ་བཙུན་བླ་མའི་ཞབས་ལ་བསྙེན་པ་ན། །ནམ་མཁའ་སྤྲིན་བྲལ་ལྟར་གྱུར༴ །རྟོག་ཚོགས་རྒྱུ་བ་ཆོས་ཀྱི་དབྱིངས་སུ་དེངས། །གཏད་མེད་རིག་སྟོང་རྗེན་པ་མངོན་དུ་གྱུར། །འཁོར་འདས་ཆོས་ཀུན་འོད་གསལ་རྫོགས་པ་ཆེར། །འུབ་ཆུབ་དགོངས་པ་བརྙེས་ལ༴ །པ༷དྨས༷་བྱིན་རླབས་ཤེལ༷་གྱི་ཕུག༷་པ་རུ། །ཡེ་ཤེས་ཌཱཀྐིས་བརྡ་རྟགས་གསལ་བར་བསྟན། །ལས་འཕྲོ་གཏེར་གྱི་བག་ཆགས་སད་ན་ཡང་། །མི་མངོན་དབྱིངས་སུ་སྡོམ་ལ༴ །བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོ་ཡི། །དབུས་ན་རབ་མཐོ་འཇམ་མགོན་དགྱེས་པའི་གནས། །གཞལ་མེད་ཁང་ཆེན་འོད་ཁྱིམས་ཟླུམ་བསྐོར་དབུས། །རྗེ་བཙུན་འཇམ་དབྱངས་གཟིགས་ལ༴ །ཡི་གེའི་བརྡ་བསྟན་ཙམ་གྱིས་ཁོང་དུ་ཆུད། །གནས་རི་གངས་བྲག་སྤྱན་ལམ་བབས་པ་ན། །སྔོན་གྱི་སྐྱེ་གནས་མང་པོ་རྗེས་སུ་དྲན། །མཉམ་བཞག་ཏིང་འཛིན་ངང་བཞུགས༴ །མཐོན་མཐིང་ཅོད་པཎ་འཆང་བའི་སེམས་དཔའ་ཆེ། །མཇལ་བས་རྐྱེན་བྱས་རྒྱ་བལ་བོད་ཡུལ་གྱི། །གནས་ཀྱི་བཀོད་པ་ཡང་ཡང་འཆར་བ་སོགས། །སྒྲིབ་མེད་ཡེ་ཤེས་བརྙེས་ལ༴ །ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ངོས་ཡངས་པར། །འོད་གསལ་རྡོ་རྗེའི་རོལ་པ་ཅིར་ཡང་འབར། །གཟུང་འཛིན་རྐྱེན་རྟོག་ཐམས་ཅད་རང་སར་ཡལ། །རྣལ་འབྱོར་དབང་ཕྱུག་གཞོན་ནུར༴ །འཕགས་ཡུལ་རྡོ་རྗེ་གདན་གྱིས་བཀོད་པ་རྣམས། །ཐུགས་ལ་མ་སྒྲིབ་ལྷག་པར་གསལ་བ་དང་། །མཁའ་འགྲོ་བྲག་གི་གུ་རུའི་སྣང་བརྙན་ནི། །སློབ་དཔོན་དངོས་སུ་སྣང་ལ༴ །དཔལ་རི་པདྨ་འོད་ཀྱི་གཞལ་མེད་ཁང་། །རིག་འཛིན་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་དབུས། །རྡོ་རྗེ་ཐོད་ཕྲེང་གསང་གསུམ་གཟི་བརྗིད་འབར། །བཅོས་མིན་མོས་གུས་བརྡོལ་ལ༴ །ཡོངས་རྫོགས་བསྟན་པའི་ཤིང་རྟ་མཁྱེན་བརྩེའི་དབང་། །རྒྱལ་བས་ལུང་བསྟན་འཇམ་མགོན་བློ་མཐའ་ཡས། །སིདྷ་གྷཎྜེ་ཀུན་བཟང་རྣམ་པར་རྒྱལ། །རིགས་བརྒྱའི་གཙུག་ནོར་བསྙེན་ལ༴ །མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་དང་། །གསང་བའི་བདག་པོ་བློ་གཏེར་དབང་པོ་སོགས། །མཁས་དང་གྲུབ་པའི་སྐྱེས་ཆེན་མང་པོ་ཡི། །ཞབས་པད་ལྷག་པར་བསྟེན་ལ༴ །མདོ་སྔགས་རིགས་གནས་གཞུང་ལུགས་འབུམ་ཕྲག་གི། ཚིག་དོན་མ་འདྲེས་རྣམ་དཔྱོད་ཧུབ་ཀྱི་དྲངས། །སྒྲོ་འདོགས་ཐེ་ཚོམ་དྲྭ་བ་དྲལ་མཛད་ཅིང་། །ཐོས་བསམ་ཆུ་གཏེར་རྒྱས་ལ༴ །མཁྱེན་རབ་འཇམ་པའི་དབྱངས་ཀྱི་རྗེས་འགྲོ་ཤིང་། །བརྩེ་ཆེན་ཐུགས་རྗེའི་འོད་དཀར་མཆོག་ཏུ་འཛུམ། །མཐུ་སྟོབས་གསང་བའི་བདག་པོར་དངོས་སྣང་བ། །རིགས་གསུམ་གཅིག་བསྡུས་བླ་མར༴ །མཁས་པ་མཁས་པའི་དབུས་ན་རབ་མཛེས་ཤིང་། །སྡོམ་གསུམ་དྲི་མས་མ་གོས་བཙུན་པའི་མཆོག །བཟང་པོ་བཟང་པོའི་ཕྲིན་ལས་ཕྱོགས་བརྒྱར་ཁྱབ། །ཀུན་མཁྱེན་བླ་མའི་ཞབས་ལ༴ །འཆད་པའི་ཚེ་ན་མགོན་པོ་ཐོགས་མེད་ཞབས། །རྩོད་པར་ཞུགས་ཚེ་ཆོས་ཀྱི་གྲགས་པར་མཚུངས། །རྩོམ་པ་དཔའ་བོའི་ཞབས་ལྟར་སྡེབས་ལེགས་ཤིང་། །གངས་ཅན་མཛེས་པའི་རྒྱན་གཅིག༴ །ཁྱུང་ཚང་བྲག་ཏུ་མ་ཧཱ་ཀ་ལ་མཇལ། །ཀཿཡི་མཚན་པའི་རྡོ་རྗེའི་གདན་ཆེན་པོར། །བྱོན་ཚེ་འདོད་ཁམས་དབང་མོ་སྔགས་སྲུང་སོགས། །དམ་ཅན་རྒྱ་མཚོ་གཟིགས་ལ༴ །བྱང་ཆུབ་ཆེན་པོ་ཐུབ་དབང་མངོན་སུམ་དང་། །གོང་མ་རྣམས་ཀྱི་འདྲ་ཞལ་མཇལ་བ་ན། །དེ་དང་དེ་ཡི་བྱིན་རླབས་དངོས་སུ་ཐོབ། །དག་པའི་སྣང་བ་འབྱམས་ཀླས༴ །ཚེས་བཅུའི་གར་གྱི་རོལ་པ་ངོམས་པ་ན། །པད་རཱག་ཞུན་མ་ལྟར་འཚེར་འོད་ཕུང་སྦུབས། །ཨོ་རྒྱན་རྡོ་རྗེ་འཆང་གི་ཡེ་ཤེས་སྐུ། །སྒྱུ་མའི་མིག་འཕྲུལ་ལྟར་སྣང་༴ །གདན་གསུམ་འཁོར་ལོ་ལྔ་ཡིས་བརྒྱན་པའི་དབུས། །རྗེ་བཙུན་དམ་པ་ཤེས་རབ་སེངྒེ་ཡིས། །མངོན་སུམ་རྗེས་བཟུང་སྒྱུ་འཕྲུལ་བཤད་སྒྲུབ་ཀྱི། །དབང་བསྐུར་བཀའ་བབས་ཐོབ་ལ༴ །བདེ་ལྡན་མགོན་པོའི་ཞིང་གི་བཀོད་པ་དང་། །མི་ཏྲ་ཛོ་ཀི་ཐང་སྟོང་རྒྱལ་པོ་སོགས། །ཡང་ཡང་མཇལ་ཞིང་གདམས་ངག་དངོས་སུ་ཐོབ། དགོངས་པའི་རྩལ་ཆེན་རྫོགས་ལ༴ །རྩ་གསུམ་རབ་འབྱམས་བསྙེན་སྒྲུབ་རྟགས་ཐོན་ཞིང་། །མཆོག་ཐུན་གྲུབ་པའི་དཔལ་ཡོན་ཆེས་ཆེར་རྒྱས། །སྣང་སེམས་དབང་འདུས་ཕ་རོལ་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་རྒྱལ་ཆེན་པོར༴ །རྣམ་དག་ཆོས་འདུལ་སྡོམ་པ་ལ་གནས་ཞིང་། །གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་བརྒྱུད་གཏམས། །མཆོག་ཏུ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ། །ནམ་ཡང་འདའ་བ་མེད་ལ༴ །ཉམས་རྟོགས་རིག་པའི་བོགས་འདོན་བྱ་བའི་ཕྱིར། །རྡོ་རྗེའི་གནས་ཡུལ་ཀུན་ཏུ་བགྲོད་པ་དང་། །གྲོལ་བ་རྣམ་བཞིས་བགྲང་ཡས་སེམས་ཅན་ལ། །ཐར་པའི་ས་བོན་བསྐྲུན་ལ༴ །དེ་ཝཱི་ཀོ་ཊིར་འཁོར་ལོར་སྡོམ་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་དངོས་སུ་གསལ་བར་གཟིགས། །ཤངས་ཀྱི་ཟབ་ལུང་མ་ཧཱ་གུ་རུ་མཇལ། །ལུང་བསྟན་དབུགས་དབྱུང་བརྙེས་ལ༴ །གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཡི། །དགྱེས་ཞལ་བསྟན་ཞིང་བྱིན་རླབས་གདམས་པ་རྣམས། །རྟག་པར་རབ་གསན་ཆོས་ཀྱི་བསྒྲོ་གླེང་མཛད། །འཕགས་པའི་ས་མཐོར་བཞུགས་ལ༴ །ལྐོག་གྱུར་ཆོས་རྣམས་མ་སྦས་གསལ་བར་མཁྱེན། །སྐུ་གསུང་ཐུགས་ལ་ཉེས་པའི་དྲི་མས་དབེན། །འདྲིས་སླ་བརྟག་དཀའ་མཁྱེན་པའི་གཏིང་ཟབ་ཅིང་། །དམ་པ་མཚན་མོའི་མགོན་པོར༴ །ལེགས་བྱས་ཚོགས་གཉིས་རྒྱ་མཚོ་འཕེལ་བའི་ཕྱིར། །གཙུག་ལག་ཁང་དང་རྟེན་གསུམ་རབ་འབྱམས་བསྐྲུན། །བཤད་དང་སྒྲུབ་པའི་སྡེ་ཆེན་རྒྱས་པར་མཛད། །ཕྲིན་ལས་བསམ་མི་ཁྱབ་ལ༴ །རང་བྱུང་རྒྱལ་མོ་བཛྲ་ས་དྷཱུ་སོགས། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱང་། །པདྨའི་ཚལ་དུ་བུང་བ་ལྟར་འདུས་ནས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴ །མཚན་ཙམ་ཐོས་དཀའི་སྔ་འགྱུར་ནང་རྒྱུད་ཀྱི། །གཞུང་གདམས་མན་ངག་ནོར་བུ་བརྒྱ་སྟོང་གིས། །ཆ་ཙམ་མཚོན་མིན་གསུང་རབ་པུསྟི་ཀའི། །གཏེར་བརྒྱའི་སྒོ་འཕར་འབྱེད་ལ༴ །ཉིན་མཚན་ཀུན་ཏུ་དབང་བསྐུར་ཆོས་འཆད་ཅིང་། །སྐལ་ལྡན་གདུལ་བྱ་སྨིན་ཅིང་གྲོལ་བར་མཛད། །མཁས་དང་གྲུབ་པའི་སློབ་ཚོགས་གྲངས་མེད་པས། །ནོར་འཛིན་ཁྱོན་ཀུན་བཀང་ལ༴ །རིས་མེད་ཐུབ་བསྟན་ཡངས་པའི་པད་ཚལ་ནས། །དགེ་འདུན་སུམ་སྟོང་ལྷག་པར་བསྡུ་མཛད་དེ། །སྐྱེ་བདུན་རིལ་བུ་སྒྲུབ་པའི་བསྙེན་བཀུར་སྟོབས། །འབྲེལ་ཚད་དོན་ལྡན་མཛད་ལ༴ །ན་རྒ་འཆི་བའི་སྡུག་བསྔལ་ལས་གྲོལ་ཀྱང་། །རྟག་འཛིན་ཅན་ངོར་འཕོ་བའི་ཚུལ་བསྟན་ཚེ། །རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔར། །བགྲོད་པའི་གཟིགས་སྟངས་མཛད་ལ༴ །ཤིན་ཏུ་རྣམ་དག་རྡུལ་བྲལ་ཞི་བའི་མཁར། །སྙོམས་པར་ཞུགས་ཚེ་ས་ཡང་རབ་གཡོ་ཞིང་། །ལྷ་ཡི་མེ་ཏོག་དུང་ལྟར་དཀར་བས་ཁྱབ། །ཆོ་འཕྲུལ་དཔག་ཡས་སྟོན་ལ༴ །སླར་ཡང་ཕྱིར་གསལ་ཐུགས་རྗེའི་སྤྲིན་བཀོད་པས། །གང་འདུལ་གདུལ་བྱའི་རྣམ་རོལ་ཚད་མེད་ཅིང་། །ཁྱད་པར་བདག་སོགས་གདུལ་བྱའི་དཔལ་མགོན་དུ། །མཆོག་གི་སྤྲུལ་སྐུ་བྱོན་ལ་གསོལ་བ་འདེབས། །སྲིད་པའི་མཐར་ཡང་ཕྲིན་ལས་རྒྱུན་མི་ཆད། །ནམ་ཞིག་རྡོ་རྗེ་གདན་གྱི་ཤིང་དྲུང་དུ། །མངོན་པར་འཚང་རྒྱའི་མཛད་པ་སྟོན་པ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །ཞབས་སེན་བདེ་ཆེན་འཁོར་ལོར་བཀོད་པ་དང་། །ལེགས་གསུང་གདམས་པའི་བདུད་རྩི་ནོད་པར་ཤོག །བསྟན་འཛིན་སྐྱེས་རྣམས་ཞབས་པད་ཡུན་དུ་བརྟན། །བསྟན་པའི་སྡེ་ཆེན་ཕྱོགས་བརྒྱར་འཕེལ་བ་དང་། །བསྟན་ལ་གནོད་བྱེད་ཐལ་བའི་རྡུལ་བཞིན་བཅོམ། །བསྟན་པ་རིན་ཆེན་དར་ཞིང་རྒྱས་གྱུར་ཅིག །{{TibChung|ཅེས་འཁོར་ལོའི་མགོན་པོའི་རྣམ་ཐར་གསོལ་འདེབས་འདིའང་ལུང་དང་རིགས་པའི་འབྱོར་པས་ཕྱུག་པ་ཀུན་བཟང་བློ་ལྡན་ནས་བསྐུལ་ངོར་རྗེ་དེ་ཉིད་ཀྱི་བཀའ་འབངས་ཀྱི་ཐ་ཤལ་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་འཇམ་མགོན་བླ་མ་མཆོག་གི་གཟིམས་བསྐྱིལ་གསང་བ་གསུམ་གྱི་བྱིན་རླབས་དཔལ་དུ་འབར་བའི་གཞལ་མེད་ཁང་དུ་སྣྲོན་ཟླའི་ཚེས་བཅུ་གཅིག་ལ་སྨྲས་རིམ་བཞིན་དྲུང་སྙུག་འཛིན་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་ལྷག་པར་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ།། །།}} }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:20, 1 June 2024
Wylie title | skyabs mgon si tu rdo rje 'chang gi rnam thar gsol 'debs mos gus kyi dbyangs snyan | |
---|---|---|
Location | chos kyi blo gros bka' 'bum Volume 3, Text 28, Pages 95-104 (Folios 1a1 to 5b3) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. skyabs mgon si tu rdo rje 'chang gi rnam thar gsol 'debs mos gus kyi dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 95-104. Bir, H.P.: Khyentse Labrang, 2012. | |
Genre | Supplications - gsol 'debs | |
Colophon |
།ཅེས་འཁོར་ལོའི་མགོན་པོའི་རྣམ་ཐར་གསོལ་འདེབས་འདིའང་ལུང་དང་རིགས་པའི་འབྱོར་པས་ཕྱུག་པ་ཀུན་བཟང་བློ་ལྡན་ནས་བསྐུལ་ངོར་རྗེ་དེ་ཉིད་ཀྱི་བཀའ་འབངས་ཀྱི་ཐ་ཤལ་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ། འཇམ་དབྱངས་བློ་གྲོས་རྒྱ་མཚོས་འཇམ་མགོན་བླ་མ་མཆོག་གི་གཟིམས་བསྐྱིལ་གསང་བ་གསུམ་གྱི་བྱིན་རླབས་དཔལ་དུ་འབར་བའི་གཞལ་མེད་ཁང་དུ་སྣྲོན་ཟླའི་ཚེས་བཅུ་གཅིག་ལ་སྨྲས་རིམ་བཞིན་དྲུང་སྙུག་འཛིན་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་རང་གཞན་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་གཟིགས་པའི་བྱིན་རླབས་ལྷག་པར་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ཤུ་བྷཾ།། | |
ces 'khor lo'i mgon po'i rnam thar gsol 'debs 'di'ang lung dang rigs pa'i 'byor pas phyug pa kun bzang blo ldan nas bskul ngor rje de nyid kyi bka' 'bangs kyi tha shal mkhyen brtse'i phrin las kyi byed por smon pa/__'jam dbyangs blo gros rgya mtshos 'jam mgon bla ma mchog gi gzims bskyil gsang ba gsum gyi byin rlabs dpal du 'bar ba'i gzhal med khang du snron zla'i tshes bcu gcig la smras rim bzhin drung snyug 'dzin gsang sngags bstan 'dzin gyis bgyis pa 'dis kyang rang gzhan rnams kyi rgyud la ye shes gzigs pa'i byin rlabs lhag par rgyas pa'i rgyur gyur cig__/mang+ga laM/__shu b+haM// |
1 Texts in this Section (sde tshan or chos tshan)
Footnotes
- ↑ Hodor. Hodor HODOR hodor, hodor hodor, hodor, hodor hodor. Hodor hodor, hodor. Hodor HODOR hodor, hodor hodor, hodor, hodor hodor. Hodor hodor - hodor hodor hodor - hodor, hodor. Hodor hodor?! Hodor hodor HODOR! Hodor HODOR hodor, hodor hodor... Hodor hodor hodor; hodor HODOR hodor, hodor hodor. Hodor. Hodor hodor HODOR! Hodor hodor hodor hodor... Hodor hodor hodor. Hodor.