JKCL-KABUM-03-GA-012: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: . Bir, H.P.: Khyentse Labrang, 2012. | |fulltitletib=རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་རོལ་མཚོ། | ||
|fulltitle=rtsa gsum kun 'dus o rgyan rdo rje 'chang la gsol ba 'debs pa byin rlabs kyi rol mtsho | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''rtsa gsum kun 'dus o rgyan rdo rje 'chang la gsol ba 'debs pa byin rlabs kyi rol mtsho''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: 43-46. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
Line 10: | Line 12: | ||
|terma=No | |terma=No | ||
|jkcloutline=Three | |jkcloutline=Three | ||
|deity=o rgyan rdo rje 'chang | |||
|language=Tibetan | |language=Tibetan | ||
|volumenumber=003 | |volumenumber=003 | ||
Line 16: | Line 19: | ||
|totalvolumes=12 | |totalvolumes=12 | ||
|textnuminvol=012 | |textnuminvol=012 | ||
|pagenumbers=43-46 | |||
|totalpages=4 | |||
|beginfolioline=1a1 | |||
|endfolioline=2b5 | |||
|totalfolios=2 | |||
|multivolumework=No | |||
|colophontib=ཅེས་པའང་ཤིང་ཕག་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་བཟང་པོར་པདྨའི་བྲན་དུ་འཁོད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་འདིས་ཀྱང་ཡེ་ཤེས་ཆེན་པོའི་བྱིན་བརླབ་ལྷག་པར་སྨིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲི་ཡོ་བྷ་ཝ་ཏུ།། | |||
|colophonwylie=ces pa'ang shing phag cho 'phrul zla ba'i tshes gcig zla ba gro bzhin gyi 'grub sbyor bzang por pad+ma'i bran du 'khod pa 'jam dbyangs chos kyi blo gros pas gsol ba btab pa 'dis kyang ye shes chen po'i byin brlab lhag par smin pa'i rgyur gyur cig__/sarba dA ka l+yA NaM su shri yo b+ha wa tu// | |||
|pdflink=File:JKCL-KABUM-03-GA-012.pdf | |pdflink=File:JKCL-KABUM-03-GA-012.pdf | ||
}} | }} | ||
Line 21: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག །སྲིད་ཞིའི་ཁྱབ་བདག་མ་ཧཱ་གུ་རུ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །རབ་འབྱམས་ཞིང་ན་མཚན་གྱི་བྱེ་བྲག་གི། རྣམ་མང་ངོ་མཚར་སྒྱུ་མའི་ཆོ་འཕྲུལ་བརྒྱད། །མིག་འཛུམ་ཙམ་གྱི་ཡུལ་ལ་སྟོན་མཛད་པ། །པདྨ་རྒྱལ་ལ་གུས་པས་གསོལ་བ༴ །མཐའ་བྲལ་ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཀློང་། །ཞལ་ཕྱག་མཚན་མའི་སྤྲོས་པ་ལས་འདས་ཤིང་། །ཡེ་ཤེས་ནང་གསལ་གཞོན་ནུ་བུམ་པའི་སྐུ། །པདྨ་འོད་མི་འགྱུར་ལ༴ །རང་བཞིན་འོད་གསལ་ལྔ་ལྡན་ཞིང་ཆེན་པོར། །ལོངས་སྤྱོད་ཡོངས་རྫོགས་གངས་ཆེན་རིག་ལྔའི་མཚོ། །ཡོན་ཏན་བཀོད་པ་བསམ་ཡས་སྒྱུ་འཕྲུལ་གཙོ། །ཡེ་ཤེས་ལྔ་བདག་ཁྱེད་ལ༴ །ཐུགས་རྗེ་འགག་མེད་རོལ་པའི་རྩལ་སྣང་ལས། །གང་འདུལ་སྤྲུལ་པ་ཆུ་ཟླའི་རོལ་གར་བཞིན། །བྱེ་བ་ཕྲག་བརྒྱ་སྐད་ཅིག་ཉིད་ལ་སྟོན། །པདྨ་འབྱུང་གནས་ཞབས་ལ༴ །འཛམ་གླིང་ཨོ་རྒྱན་སིནྡྷུའི་རྒྱ་མཚོར་ཆེར། །དྲི་བྲལ་པདྨ་སྟོང་ལྡན་དཀྱིལ་འཁོར་སྟེ། །དཀར་གསལ་མཛེས་འཛུམ་མཚན་དཔེའི་འོད་ཕུང་འབར། །ཨོ་རྒྱན་རིན་པོ་ཆེ་ལ༴ །རབ་འབྱམས་ཤེས་བྱ་མཐའ་དག་ཐུགས་སུ་ཆུབ། །སོ་སོར་ཡང་དག་རིགས་བཞིའི་གཏེར་ལ་དབང་། །མཁྱེན་གཉིས་ཡེ་ཤེས་རྩལ་ཆེན་རྫོགས་པའི་སྐུ། །བློ་ལྡན་མཆོག་སྲེད་ཞབས་ལ༴ །རྡོ་རྗེ་གདན་དུ་རྒྱུ་འབྲས་ཐེག་པ་བཤད། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོགས་བརྒྱར་བསྒྲེངས། །ལུང་རྟོག་བཤད་དང་སྒྲུབ་པས་རྒྱས་མཛད་པ། །ཤཱཀྱ་སེང་གེའི་ཞབས་ལ༴ །བརྟུལ་ཞུགས་སྤྱོད་པས་རྡོ་རྗེའི་གནས་ཡུལ་དང་། །རབ་འཇིགས་དུར་ཁྲོད་ཀུན་ན་ཕྱོགས་བཅུར་རྒྱུ། །དཔའ་བོ་ཌ་ཀིའི་ཚོགས་དང་དགྱེས་རྒུར་སྤྱོད། །ཉི་མ་འོད་ཟེར་ཞབས་ལ༴ །འཁོར་བའི་ཆོས་ཀྱི་མ་ཆགས་སྐྱོན་བྲལ་ཞིང་། །ཁམས་གསུམ་མ་ལུས་རིག་པས་དབང་དུ་སྡུད། །གཞན་སྣང་ཟིལ་གནོན་རང་གྲོལ་སྤྱོད་པའི་རྗེ། །པདྨ་རྒྱལ་པོའི་ཞབས་ལ༴ །མེ་དཔུང་མཚོར་བསྒྱུར་ཟ་ཧོར་རྒྱལ་ཁམས་འདུལ། །མུ་སྟེག་ངན་པའི་དུག་གིས་བཀྲོངས་མ་ནུས། །བདེ་ཆེན་རྡོ་རྗེ་སེམས་དཔའི་ལང་ཚོ་རྒྱས། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ༴ །འཕགས་ཡུལ་ཐུབ་དབང་ཆོས་ཀྱི་སྒྲོན་མེ་སྦར། །ཡང་དག་རིག་པའི་རྒྱལ་རྔ་ཕྱོགས་བརྒྱར་བརྡུང་། རྟག་ཆད་སྡེ་དཔུང་རྫུ་འཕྲུལ་ཆེན་པོས་འདུལ། །སེངྒེ་སྒྲ་སྒྲོག་ཞབས་ལ༴ །གངས་ཅན་ཡུལ་བྱོན་ལྷ་སྲིན་དམ་ལ་བཏགས། །གཙུག་ལག་ཁང་བཞེངས་མདོ་སྔགས་དམ་ཆོས་བསྒྱུར། །ཐུགས་སྲས་རྡོ་རྗེའི་རིག་འཛིན་རྒྱ་མཚོ་བསྐྲུན། །རྡོ་རྗེ་གྲོ་ལོད་རྩལ་ལ༴ །ཆོས་ནོར་གཏེར་ཁ་དཔག་ཏུ་མེད་པ་སྦས། །ལས་ཅན་སྐྱེས་བུ་རིམ་པར་ལུང་བསྟན་ཅིང་། །གུ་རུ་ཉིད་དང་དངོས་མཚུངས་སྐུ་ཚབ་ཀྱིས། །དད་ལྡན་འགྲོ་བ་འདུལ་ལ༴ །འགྲོ་ལྡིང་ཡུལ་དུ་ཕྲ་མེན་དམ་ལ་འདོག །རྡོ་རྗེ་ཐེག་པའི་འདུལ་ཞིང་རྒྱས་པར་མཛད། །ད་ལྟ་རྔ་ཡབ་སྲིན་པོར་ཆོས་སྟོན་པ། །རཀྵ་ཐོད་ཕྲེང་རྒྱལ་ལ༴ །བླ་མ་ཀུན་འདུས་ཡི་དམ་ཞི་ཁྲོའི་བདག །མཁའ་འགྲོའི་ཚོགས་དཔོན་ཆོས་སྐྱོངས་ཡོངས་ཀྱི་རྗེ། །ནོར་ལྷ་ཀུན་འདུས་མཆོག་གསུམ་འདུས་པའི་སྐུ། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཐུགས་རྗེས་གཟིགས་པས་བོད་ལ་ལྷག་བར་དགོངས། །ཚེས་བཅུ་བྱུང་རེས་དངོས་སུ་བྱོན་པར་བཞེས། །ཐུགས་དམ་མི་གཡེལ་བརྩེ་བས་དགོངས་མཛད་ལ། །གསང་བ་གསུམ་གྱི་བྱིན་བརླབ་དུས་འདིར་རྩོལ། །ཉམས་རྟོག་རིག་པའི་རྩལ་ཆེན་སྦར་བ་དང་། །བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་གྲུབ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཀུན། །རྩྭ་སྦུར་མེ་བཞིན་མིང་ཙམ་མེད་པར་མཛོད། །ཚུལ་ཁྲིམས་དག་པའི་གཟི་འོད་རབ་འབར་ཞིང་། །ཐོས་བསམ་བསྒོམ་པའི་དགའ་སྟོན་རབ་རྒྱས་ཤིང་། །བྱང་ཆུབ་སེམས་གཉིས་མི་ཉམས་གོང་དུ་འཕེལ། །གྲུབ་གཉིས་བདུད་རྩིའི་དཔལ་ལ་སྤྱོད་པར་ཤོག །འཇིག་རྟེན་ཀུན་ཏུ་ནད་མུག་མཚོན་འཁྲུག་ཞི། །ལོ་ཕྱུག་འཕེལ་རྒྱས་དགེ་བཅུའི་ཆོས་ལ་སྤྱོད། །བོད་ཁམས་བསྟན་འགྲོར་འཚེ་བའི་མཐའ་དམག་ཚོགས། །རབ་ཁྲོས་རྡོ་རྗེའི་ཤུགས་ཀྱིས་འཇོམས་པར་མཛོད། །སྐྱེ་བ་ཀུན་ཏུ་བླ་མ་ཨོ་རྒྱན་རྗེ། །མི་འབྲལ་སྙིང་དབུས་པདྨོར་རྟག་ཏུ་མཆོད། །དེ་ཡི་བྱིན་བརླབ་སྒོ་གསུམ་ལ་ཞུགས་པས། །པདྨ་རྒྱལ་དང་རྣམ་དབྱེར་མེད་པར་ཤོག །བཀྲ་ཤིས་འཆི་མེད་ཚེ་དབང་རིག་འཛིན་གྱི། །བྱིན་བརླབ་བཀྲ་ཤིས་ཆར་དུ་བསྙིལ་བ་དང་། །འཆི་བདག་བདུད་ཀྱི་དཔུང་ཚོགས་ཀུན་ཞི་ནས། །སྐྱེ་འཆི་ཀུན་བྲལ་རྡོ་རྗེའི་བཀྲ་ཤིས་ཤོག | {{TibP|{{TibChung|རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།}} །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག །སྲིད་ཞིའི་ཁྱབ་བདག་མ་ཧཱ་གུ་རུ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །རབ་འབྱམས་ཞིང་ན་མཚན་གྱི་བྱེ་བྲག་གི། རྣམ་མང་ངོ་མཚར་སྒྱུ་མའི་ཆོ་འཕྲུལ་བརྒྱད། །མིག་འཛུམ་ཙམ་གྱི་ཡུལ་ལ་སྟོན་མཛད་པ། །པདྨ་རྒྱལ་ལ་གུས་པས་གསོལ་བ༴ །མཐའ་བྲལ་ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཀློང་། །ཞལ་ཕྱག་མཚན་མའི་སྤྲོས་པ་ལས་འདས་ཤིང་། །ཡེ་ཤེས་ནང་གསལ་གཞོན་ནུ་བུམ་པའི་སྐུ། །པདྨ་འོད་མི་འགྱུར་ལ༴ །རང་བཞིན་འོད་གསལ་ལྔ་ལྡན་ཞིང་ཆེན་པོར། །ལོངས་སྤྱོད་ཡོངས་རྫོགས་གངས་ཆེན་རིག་ལྔའི་མཚོ། །ཡོན་ཏན་བཀོད་པ་བསམ་ཡས་སྒྱུ་འཕྲུལ་གཙོ། །ཡེ་ཤེས་ལྔ་བདག་ཁྱེད་ལ༴ །ཐུགས་རྗེ་འགག་མེད་རོལ་པའི་རྩལ་སྣང་ལས། །གང་འདུལ་སྤྲུལ་པ་ཆུ་ཟླའི་རོལ་གར་བཞིན། །བྱེ་བ་ཕྲག་བརྒྱ་སྐད་ཅིག་ཉིད་ལ་སྟོན། །པདྨ་འབྱུང་གནས་ཞབས་ལ༴ །འཛམ་གླིང་ཨོ་རྒྱན་སིནྡྷུའི་རྒྱ་མཚོར་ཆེར། །དྲི་བྲལ་པདྨ་སྟོང་ལྡན་དཀྱིལ་འཁོར་སྟེ། །དཀར་གསལ་མཛེས་འཛུམ་མཚན་དཔེའི་འོད་ཕུང་འབར། །ཨོ་རྒྱན་རིན་པོ་ཆེ་ལ༴ །རབ་འབྱམས་ཤེས་བྱ་མཐའ་དག་ཐུགས་སུ་ཆུབ། །སོ་སོར་ཡང་དག་རིགས་བཞིའི་གཏེར་ལ་དབང་། །མཁྱེན་གཉིས་ཡེ་ཤེས་རྩལ་ཆེན་རྫོགས་པའི་སྐུ། །བློ་ལྡན་མཆོག་སྲེད་ཞབས་ལ༴ །རྡོ་རྗེ་གདན་དུ་རྒྱུ་འབྲས་ཐེག་པ་བཤད། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོགས་བརྒྱར་བསྒྲེངས། །ལུང་རྟོག་བཤད་དང་སྒྲུབ་པས་རྒྱས་མཛད་པ། །ཤཱཀྱ་སེང་གེའི་ཞབས་ལ༴ །བརྟུལ་ཞུགས་སྤྱོད་པས་རྡོ་རྗེའི་གནས་ཡུལ་དང་། །རབ་འཇིགས་དུར་ཁྲོད་ཀུན་ན་ཕྱོགས་བཅུར་རྒྱུ། །དཔའ་བོ་ཌ་ཀིའི་ཚོགས་དང་དགྱེས་རྒུར་སྤྱོད། །ཉི་མ་འོད་ཟེར་ཞབས་ལ༴ །འཁོར་བའི་ཆོས་ཀྱི་མ་ཆགས་སྐྱོན་བྲལ་ཞིང་། །ཁམས་གསུམ་མ་ལུས་རིག་པས་དབང་དུ་སྡུད། །གཞན་སྣང་ཟིལ་གནོན་རང་གྲོལ་སྤྱོད་པའི་རྗེ། །པདྨ་རྒྱལ་པོའི་ཞབས་ལ༴ །མེ་དཔུང་མཚོར་བསྒྱུར་ཟ་ཧོར་རྒྱལ་ཁམས་འདུལ། །མུ་སྟེག་ངན་པའི་དུག་གིས་བཀྲོངས་མ་ནུས། །བདེ་ཆེན་རྡོ་རྗེ་སེམས་དཔའི་ལང་ཚོ་རྒྱས། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ༴ །འཕགས་ཡུལ་ཐུབ་དབང་ཆོས་ཀྱི་སྒྲོན་མེ་སྦར། །ཡང་དག་རིག་པའི་རྒྱལ་རྔ་ཕྱོགས་བརྒྱར་བརྡུང་། རྟག་ཆད་སྡེ་དཔུང་རྫུ་འཕྲུལ་ཆེན་པོས་འདུལ། །སེངྒེ་སྒྲ་སྒྲོག་ཞབས་ལ༴ །གངས་ཅན་ཡུལ་བྱོན་ལྷ་སྲིན་དམ་ལ་བཏགས། །གཙུག་ལག་ཁང་བཞེངས་མདོ་སྔགས་དམ་ཆོས་བསྒྱུར། །ཐུགས་སྲས་རྡོ་རྗེའི་རིག་འཛིན་རྒྱ་མཚོ་བསྐྲུན། །རྡོ་རྗེ་གྲོ་ལོད་རྩལ་ལ༴ །ཆོས་ནོར་གཏེར་ཁ་དཔག་ཏུ་མེད་པ་སྦས། །ལས་ཅན་སྐྱེས་བུ་རིམ་པར་ལུང་བསྟན་ཅིང་། །གུ་རུ་ཉིད་དང་དངོས་མཚུངས་སྐུ་ཚབ་ཀྱིས། །དད་ལྡན་འགྲོ་བ་འདུལ་ལ༴ །འགྲོ་ལྡིང་ཡུལ་དུ་ཕྲ་མེན་དམ་ལ་འདོག །རྡོ་རྗེ་ཐེག་པའི་འདུལ་ཞིང་རྒྱས་པར་མཛད། །ད་ལྟ་རྔ་ཡབ་སྲིན་པོར་ཆོས་སྟོན་པ། །རཀྵ་ཐོད་ཕྲེང་རྒྱལ་ལ༴ །བླ་མ་ཀུན་འདུས་ཡི་དམ་ཞི་ཁྲོའི་བདག །མཁའ་འགྲོའི་ཚོགས་དཔོན་ཆོས་སྐྱོངས་ཡོངས་ཀྱི་རྗེ། །ནོར་ལྷ་ཀུན་འདུས་མཆོག་གསུམ་འདུས་པའི་སྐུ། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཐུགས་རྗེས་གཟིགས་པས་བོད་ལ་ལྷག་བར་དགོངས། །ཚེས་བཅུ་བྱུང་རེས་དངོས་སུ་བྱོན་པར་བཞེས། །ཐུགས་དམ་མི་གཡེལ་བརྩེ་བས་དགོངས་མཛད་ལ། །གསང་བ་གསུམ་གྱི་བྱིན་བརླབ་དུས་འདིར་རྩོལ། །ཉམས་རྟོག་རིག་པའི་རྩལ་ཆེན་སྦར་བ་དང་། །བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་གྲུབ། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཀུན། །རྩྭ་སྦུར་མེ་བཞིན་མིང་ཙམ་མེད་པར་མཛོད། །ཚུལ་ཁྲིམས་དག་པའི་གཟི་འོད་རབ་འབར་ཞིང་། །ཐོས་བསམ་བསྒོམ་པའི་དགའ་སྟོན་རབ་རྒྱས་ཤིང་། །བྱང་ཆུབ་སེམས་གཉིས་མི་ཉམས་གོང་དུ་འཕེལ། །གྲུབ་གཉིས་བདུད་རྩིའི་དཔལ་ལ་སྤྱོད་པར་ཤོག །འཇིག་རྟེན་ཀུན་ཏུ་ནད་མུག་མཚོན་འཁྲུག་ཞི། །ལོ་ཕྱུག་འཕེལ་རྒྱས་དགེ་བཅུའི་ཆོས་ལ་སྤྱོད། །བོད་ཁམས་བསྟན་འགྲོར་འཚེ་བའི་མཐའ་དམག་ཚོགས། །རབ་ཁྲོས་རྡོ་རྗེའི་ཤུགས་ཀྱིས་འཇོམས་པར་མཛོད། །སྐྱེ་བ་ཀུན་ཏུ་བླ་མ་ཨོ་རྒྱན་རྗེ། །མི་འབྲལ་སྙིང་དབུས་པདྨོར་རྟག་ཏུ་མཆོད། །དེ་ཡི་བྱིན་བརླབ་སྒོ་གསུམ་ལ་ཞུགས་པས། །པདྨ་རྒྱལ་དང་རྣམ་དབྱེར་མེད་པར་ཤོག །བཀྲ་ཤིས་འཆི་མེད་ཚེ་དབང་རིག་འཛིན་གྱི། །བྱིན་བརླབ་བཀྲ་ཤིས་ཆར་དུ་བསྙིལ་བ་དང་། །འཆི་བདག་བདུད་ཀྱི་དཔུང་ཚོགས་ཀུན་ཞི་ནས། །སྐྱེ་འཆི་ཀུན་བྲལ་རྡོ་རྗེའི་བཀྲ་ཤིས་ཤོག །{{TibChung|ཅེས་པའང་ཤིང་ཕག་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་བཟང་པོར་པདྨའི་བྲན་དུ་འཁོད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་འདིས་ཀྱང་ཡེ་ཤེས་ཆེན་པོའི་བྱིན་བརླབ་ལྷག་པར་སྨིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲི་ཡོ་བྷ་ཝ་ཏུ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:20, 1 June 2024
Wylie title | rtsa gsum kun 'dus o rgyan rdo rje 'chang la gsol ba 'debs pa byin rlabs kyi rol mtsho | |
---|---|---|
Location | chos kyi blo gros bka' 'bum Volume 3, Text 12, Pages 43-46 (Folios 1a1 to 2b5) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. rtsa gsum kun 'dus o rgyan rdo rje 'chang la gsol ba 'debs pa byin rlabs kyi rol mtsho. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 43-46. Bir, H.P.: Khyentse Labrang, 2012. | |
Genre | Supplications - gsol 'debs | |
Deity | o rgyan rdo rje 'chang | |
Colophon |
ཅེས་པའང་ཤིང་ཕག་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་བཟང་པོར་པདྨའི་བྲན་དུ་འཁོད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་འདིས་ཀྱང་ཡེ་ཤེས་ཆེན་པོའི་བྱིན་བརླབ་ལྷག་པར་སྨིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲི་ཡོ་བྷ་ཝ་ཏུ།། | |
ces pa'ang shing phag cho 'phrul zla ba'i tshes gcig zla ba gro bzhin gyi 'grub sbyor bzang por pad+ma'i bran du 'khod pa 'jam dbyangs chos kyi blo gros pas gsol ba btab pa 'dis kyang ye shes chen po'i byin brlab lhag par smin pa'i rgyur gyur cig__/sarba dA ka l+yA NaM su shri yo b+ha wa tu// |
1 Texts in this Section (sde tshan or chos tshan)