JKCL-KABUM-08-NYA-001: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཀློང་སྙིང་སྔོན་འགྲོའི་ཟིན་ཐོ་ཉུང་ངུ་། | |||
|fulltitle=klong snying sngon 'gro'i zin tho nyung ngu | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''klong snying sngon 'gro'i zin tho nyung ngu''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 8: 1-22. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|sourcerevealer='jigs med gling pa | |||
|sourcerevealertib=འཇིགས་མེད་གླིང་པ་ | |||
|tibgenre=Notes - zin bris, Preliminary Practices - sngon 'gro | |||
|terma=Yes | |||
|jkcloutline=Seven | |||
|cycle=klong chen snying gi thig le | |||
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
| | |volumenumber=008 | ||
| | |volnumtib=༨ | ||
|volyigtib=ཉ་ | |||
|totalvolumes=12 | |||
|textnuminvol=001 | |textnuminvol=001 | ||
|pagenumbers=1-22 | |||
|totalpages=22 | |||
|beginfolioline=1a | |||
|endfolioline=11b6 | |||
|totalfolios=11 | |||
|multivolumework=No | |||
|colophontib=།ཅེས་པའང་ནོར་སྤྱི་ལ་མཁན་ཆུང་གཡུ་ཐོགས་སེངྒའི་བཞེད་སྐོང་དུ་ཆོས་ཀྱི་བློ་གྲོས་པས་སོ།། | |||
|colophonwylie=/ces pa'ang nor spyi la mkhan chung g.yu thogs seng+ga'i bzhed skong du chos kyi blo gros pas so// | |||
|lotsawalink= | |||
|pdflink=File:JKCL-KABUM-08-NYA-001.pdf | |pdflink=File:JKCL-KABUM-08-NYA-001.pdf | ||
}} | }} | ||
Line 17: | Line 37: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཀློང་སྙིང་སྔོན་འགྲོའི་ཟིན་ཐོ་ཉུང་ངུ་བཞུགས་སོ། ། | {{TibP|༄༅། །ཀློང་སྙིང་སྔོན་འགྲོའི་ཟིན་ཐོ་ཉུང་ངུ་བཞུགས་སོ། ། | ||
སྐྱབས་ཡུལ་སྐབས་དག་པའི་ཞིང་ཁམས་བཻ་ཌཱུརྱ་ཡི་ས་གཞིའི་དབུས་དཔག་བསམ་ཤིང་སྡོང་ཡལ་ག་ལྔ་པ་གསལ་བའི་དབུས་མར་སེང་ཁྲིའི་པད་ཟླའི་སྟེེང་ཨོ་རྒྱན་རྡོ་རྗེ་འཆང་སྤྱི་བོར་བརྒྱུད་པའི་བླ་མ་ཐོ་བརྩེགས། མདུན་དུ་སྟོན་པ་ཤཱཀྱའི་རྒྱལ་པོ་ཆགས་བྲལ་སྤྲུལ་སྐུ། གཡས་སུ་ཉེ་སྲས་བརྒྱད་སོགས། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་པུསྟིའི་རྣམ་པ་ཅན། གཡོན་དུ་མཆོག་ཟུང་སོགས་ཉན་རང་གི་དགེ་འདུན། ཤིང་གི་རྩ་བར་རང་དང་མདུན་དུ་རང་ལ་གནོད་པར་བྱེད་པའི་དགྲ་གདོན་བགེགས་སོགས་གཡས་གཡོན་ཚེ་འདིའི་ཕ་མ། རྒྱབ་ཏུ་གཉེན་འཁོར། མཐའ་སྐོར་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོད་དེ་སྒོ་གསུམ་འདུན་པ་གཅིག་པས་སྐྱབས་ཡུལ་གྱི་ཡོན་ཏན་དྲན་ཞིང་། དད་མོས་རྐང་ཚུགས་པས་སྐྱབས་འགྲོའི་ཚིག་བརྗོད་དེ། དེ་ཡང་སྤྱི་ལྟར་ན་བླ་མ་ཉིད་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་དངོས་ཡིན་ལ། ཡིན་ཚུལ་ཇི་ལྟར་ན། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན་པས་སོ། །ནང་ལྟར་ན་བདེ་བར་གཤེགས་པ་བསམ་ཡས་རབ་འབྱམས་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱང་རྩ་བ་གསུམ་དུ་མ་འདུས་པ་མེད་པས་བྱིན་རླབས་ཀྱི་རྩ་བ་བླ་མ་ནི་ཁྱབ་བདག་དཔལ་ལྡན་རིགས་འདུས་རྡོ་རྗེ་འཆང་ཆེན་པོ་ཉིད་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡང་བླ་མ་ཉིད་ཡིན་ཏེ། གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་གྲུབ་པ་དང་། ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི་དཔལ་ལྡན་བླ་མའི་གསང་གསུམ་ཕྲིན་ལས་ཐུགས་རྗེའི་རོལ་རྩལ་ལས་ཉི་མ་དང་ཟེར་བཞིན་འདུ་འབྲལ་མེད་པར་རང་སྣང་བའོ། །གསང་བ་ལྟར་ན་རང་ལུས་རྡོ་རྗེ་ཕུང་པོའི་རྩ་ཡེ་ནས་དག་བ་སྤྲུལ་སྐུ། རླུང་ཡེ་དག་ལོངས་སྐུ། ཐིག་ལེ་ཡེ་དག་ཆོས་སྐུ་སྟེ་དག་པ་སྐུ་གསུམ་རང་བཞིན་དེ་ཡང་མཐར་གཏུགས་ན་ཤེས་རིག་མ་བཅོས་གཉུག་མ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཀ་དག་རང་བཞིན་གྱི་གཏིང་གསལ་སྟོང་པ་ཆེན་པོ་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་དང་། རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་གདངས་ནང་གསལ་ཐིམ་ལ་མ་རྨུགས་པར་བཞུགས་པ་ལོངས་སྐུ་གཞིར་གནས་ཀྱི་ཡེ་ཤེས་དང་། ཐུགས་རྗེ་རིགས་པའི་རྩལ་འཁོར་འདས་བརྟན་གཡོ་ཀུན་ཁྱབ་ཅི་ཡང་འཕྲོ་ཞིང་ཅིར་ཡང་སྣང་བ་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ་ཐུགས་རྗེ་སྤྲུལ་སྐུ་གཞིར་གནས་ཀྱི་ཡེ་ཤེས་ཏེེ་དེ་གསུམ་ཀའང་མིང་གི་རྣམ་པར་དབྱེ་བ་ཙམ་ལས་དོན་ལ་སྐུ་གསུམ་དབྱེར་མེད་བློ་བྲལ་བསམ་གྱི་མི་ཁྱབ་པའི་གནས་ལུགས་རྒྱུ་རྐྱེན་བྱ་རྩོལ་ལས་འདས་པའི་རིག་པ་སྐུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་རང་ཆས་སུ་བཞུགས་པ་དེ་ནི་མཚོན་བྱ་དོན་གྱི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་དངོས་ཡིན་པས་དེ་ཉིད་རང་ངོ་ཤེས་པའི་སྒོ་ནས་དང་དེའི་གདང་རྩལ་ཕྱིར་ཤར་བ་མཚོན་བྱེད་དཔེ་ཡི་བླ་མ་དམིགས་བཅས་ཀྱི་སྐྱབས་ཀྱི་ཡུལ་རྣམས་ལ་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་སྐྱབས་གནས་གཞན་དུ་མི་བཙལ་བའི་ངེས་ཤེས་བརྟན་པོས་སྐྱབས་སུ་མཆིའོ་ཞེས་བྱ་ཚིག་སྟོན་པའོ། །ཁྲིད་ཡིག་གཞན་དུ་མཐར་ཐུན་བསྡུ་ཚེ་སླར་མོས་གུས་དུང་པ་བྱས་པའི་རྐྱེན་གྱིས་ཡུལ་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་ཚེ་བསོད་དཔལ་འབྱོར་རྒྱས། ནད་གདོན་སྡིག་སྒྲིབ་ཞི་ཞིང་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་ནས་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་རྣམས་ཀྱང་འོད་དུ་ཞུ་ནས་དབུས་ཀྱི་བླ་མ་སྐྱབས་ཡུལ་ཀུན་འདུས་ལ་ཐིམ། བླ་མ་དེ་ཡང་ཆོས་སྐུ་སྤྲོས་མེད་ཀྱི་ངང་ལ་བསྟིམ་པ་ནི་ཀུན་རྫོབ་ཀྱི་རྣམ་པ། དེའི་ངང་དུ་བཅས་བཅོས་མི་བྱེད་པར་རང་བབས་སུ་ལྷོད་དེ་རྣམ་རྟོག་གི་འཕྲོ་འདུ་དང་བྲལ་བར་ཅི་གནས་སུ་བཞག་པ་ནི། དོན་དམ་ཡོངས་ཤེས་ཀྱི་སྐྱབས་འགྲོའོ། །མཐར་སྐྱབས་ཡུལ་ལས་འོད་ཟེར་རང་གཞན་རྣམས་ལ་ཕོག་སྡིག་སྒྲིབ་བྱང་། སྐྱབས་ཡུལ་རྣམས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་པར་བསམ་ལ་དམིགས་མེད་དུ་བཞག། སེམས་བསྐྱེད་ནི། ཕ་མས་གཙོར་བྱས་མཁའ་ཁྱབ་ཀྱི་སེམས་ཅན་དམིགས་ཡུལ་ཏུ་བྱས་ཏེ་གཞན་ཕན་ལྷག་པའི་བསམ་པ་བཟང་པོ་སྙིང་རྗེའི་རྩ་བ་ཅན་རྒྱུད་ལ་བསྐྱེད་ནས་སེམས་གཉིས་བསྐྱེད་པའི་ཚིག་གི་དོན་ནི། ཧོཿཞེས་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་ངོ་མཚར་བའི་ཚིག་གིས་དྲངས་ཏེ། འགྲོ་རྒྱུད་ཀུན་གཞི་མ་རིག་པ་དང་མཚུངས་ལྡན་ལ་བག་ཆགས་སྣ་ཚོགས་བལྟར་མི་མངོན་པའི་ཚུལ་དུ་བཞག་པས་གནས་གདོན་ལུས་གསུམ་གྱི་སྣང་བ་དག་དང་མ་དག་གི་སྲིད་ཞིའི་དངོས་པོ་ཅིར་ཡང་སྣང་བ་དེ་ཐམས་ཅད་ཆུ་ནང་གི་ཟླ་བ་དང་། མེ་ལོང་གི་གཟུགས་བརྙན་ལྟར་མེད་བཞིན་དུ་རྣམ་པར་སྣང་རུང་དོན་རང་གི་མཚན་ཉིད་མི་རྟག་ཅིང་འདུས་བྱས་སྐད་ཅིག་མའི་རང་བཞིན་འཁྲུལ་པ་བརྫུན་པའི་སྣང་ཆ་རིས྄༷་སུ་བྲིས་པ་སྒྱུ་མ་ལྟ་བུའི་ཆོས་རྣམས་ཀྱ྄ི༷་རང་གཟུགས་ལ་བདེན་པར་ཞེན་པས་སྲིད་པ་གསུམ་དུ་ཡང་ནས་ཡང་དུ་མགལ་མེ་ལྟར་འཁོར་བ་བར་མ་ཆད་ཅིང་རླུང་སེམས་རྣམ་ཤེས་གསུམ་མི་འབྲལ་གཅིག་ནས་གཅིག་ཏུ་ལུ་གུ་རྒྱུད་དུ་གནས་རིས་མཐོ་དམན་སོགས་ལས་ཀྱི་རླུང་གི་བདས་སྟེ་ངེས་མེད་དུ་འཁྱམས་པའི་ཡིད་ཅན་གྱི་འགྲོ་བ་རྣམས་ཆོས་དབྱིངས་དེ་བཞིན་ཉིད་རིག་སྟོང་ཟུང་འཇུག་ཆེན་པོའི་རང་ཞལ་མ་མཇལ་ཞིང་རྟོག་པས་སྒྲིབ་པ་མཐའ་ཀླས་པ་ཐམས་ཅད། སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་གཉུག་མ་འོད་གསལ་ཆེན་པོའི་དབྱིངས་སུ་ཐོག་མ་མེད་པའི་དུས་ནས་སྲིད་པར་འཕྱན་ཞིང་དུབ་པ་རྣམས་ངལ་གསོ་བའི་ཕྱིར་དུ་སྐྱེས་བུ་ཆེན་པོའི་བློས་བཏང་སྙོམས་སོགས་ཚད་མེད་པ་བཞི་དང་འབྲེལ་བའི་ངང་ནས་ཤེས་རབ་ཀྱི་རྫོགས་བྱང་དང་། སྙིང་རྗེས་གཞན་དོན་ལ་དམིགས་པ་སྟེ་དོན་གཉིས་དང་ལྡན་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ་ཞེས་རྫོགས་ཚིག་བསྟན་པས་སེམས་དང་སེམས་བྱུང་ལྷག་མ་མ་ལུས་པ་བསྐྱེད་པའི་དོན་ཏོ། །སྐྱབས་སེམས་སྦྲེལ་ན། སྐྱབས་ཡུལ་བསྡུ་བསྟིམ་སོགས་ཁྲིད་ཡིག་དཀྱུས་ལྟར་དང་། སྐྱབས་སེམས་ཐུན་སོ་སོར་བཅད་ན་སྐྱབས་འགྲོ་ལ་སྐྱབས་ཡུལ་བསྡུ་ཚུལ་ཁྲིད་ཡིག་དཀྱུས་ལྟར་དང་། སེམས་བསྐྱེད་སྐབས་སྐྱབས་ཡུལ་རང་ལ་བསྟིམ་པ་ཡིན་ཅེས་མཁྱེན་བརྩེའི་གསུང་ཟིན་བྲིས་མཆན་ལས་བྱུང་བས་དེ་ལྟར་བྱའོ། །རྡོར་སེམས་སྒོམ་བཟླས་ནི། ལམ་གྱི་འགལ་རྐྱེན་དུ་གྱུར་པ་ཚེ་རབས་ཐོག་མེད་ནས་བསགས་པའི་བཅས་དང་རང་བཞིན་གྱི་སྡིག་སྒྲིབ་ཉེས་ལྟུང་ཉམས་ཆག་དྲན་པ་དང་མ་དྲན་པ་ཐམས་ཅད་སྦྱོང་བའི་བློས་ཨཿཞེས་སྐྱེ་མེད་ཀྱི་ཡི་གེ་བརྗོད་པས་སྐྱེ་བའི་དབྱིངས་ལས་བླ་མ་ལོངས་སྐུ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་བ་གསུམ་གྱི་ཆོ་འཕྲུལ་འབྱུང་བར་སྒོ་དབྱེ་བ་སྟེ། དེ་ཡང་། བདག་ཉིད་རྣམ་སྨིན་ཤ་ཁྲག་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོའི་གཙུག་ཚངས་བུག་གི་སྟེང་དུ་རྡོ་རྗེ་སེམས་དཔའི་གདན་པད་དཀར་འདབ་བརྒྱད་ཀྱི་སྡོང་བུ་སོར་བཞི་ཙམ་ཟུག་པའི་ལྟེ་བར་ཟེའུ་འབྲུ་དང་མཉམ་པའི་ཟླ་དཀྱིལ་ཉ་གང་བའི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བླ་མ་རྡོ་རྗེ་སེམས་དཔལ་སྐུ་མདོག་དཀར་གསལ་ནོར་བུ་ཆུ་ཤེལ་ལྟར་བཀྲག་ཅིང་འཚེར་བ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་ཞི་ཚུལ་དགུ་དང་ལྡན་པའི་སྐུ་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ་རང་འོད་ཀྱི་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྲིལ་ཞིང་མཉམ་པར་སྦྱོར་བ། ཡབ་རྡོ་རྗེ་དང་། ཡུམ་པད་མོའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བ་ལ་གདུང་ཤུགས་དྲག་པོས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཁྱེད་ལ་བདག་གཞན་འཁོར་བ་ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱང་དུ་གསོལ་སྙམ་པ་ནི་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་ལྟུང་ལ་གནོང་ཞིང་འགྱོད་པའི་སེམས་དྲག་པོ་སྙིང་རླུང་འཁྲུག་པ་ཙམ་དུ་བྱས་ཏེ་ངག་གིས་མཐོལ་བ་ནི་རྣམ་པར་སུན་འབྱིན་གྱི་སྟོབས་དང་། སྒོ་གསུམ་ཕྲུག་གཅིག་སྒྲིམ་ནས་སྡིག་པ་དང་དམ་ཚིག་ཆག་ཉམས་ཐམས་ཅད་བཤགས་པའི་ཡིད་ཀྱིས་གཉེན་པོ་བསྟེན་པ་ནི་གཉེན་པོ་ཀུན་དུ་སྤྱོད་པ་དང་། དེང་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་མི་བྱེད་སྙམ་པས་སྒོ་གསུམ་མི་དགེ་བ་ལས་རིང་དུ་སྡོམ་པའི་སྤོང་སེམས་ཁྱད་པར་ཅན་ནི་སོར་ཆུད་པའི་སྟོབས་ཏེ་གནད་བཞི་པོ་དེ་དང་ལྡན་པས་སྐབས་འདིར་ཐབས་ཁྱད་པར་ཅན་སྒྲིབ་སྦྱོང་ཐུགས་རྗེའི་ཆུ་རྒྱུན་གྱི་དམིགས་པ་ནི་བླ་མ་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ་དྭངས་ཤིང་གསལ་བའི་སྟེང་དུ་ཧཱུྃ་དཀར་པོ་དང་དེ་ཡི་མཐའ་མར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་མུ་ཏིག་གི་རྡོག་མ་ལྟར་དཀར་ཧྲམ་མེ་གཡས་བསྐོར་དུ་ཡོད་པ་ཤིན་ཏུ་གསལ་བ་དེ་རྣམས་ཀྱང་བེམ་པོ་ལྟ་བུ་མིན། ཞི་ཁྲོ་རིགས་བརྒྱའི་ས་བོན་ཡིན་པས་ལྷ་སྔགས་དབྱེར་མེད་ཡེ་ཤེས་ཀྱི་སྲོག་དང་ལྡན་པ་སྒོམ་པར་བྱ་ཞིང་དམིགས་པ་གསལ་ན་སྔགས་ཕྲེང་འཁོར་གཅིག་དམིགས་པ་མ་བྱང་ན་སྦྲུལ་འཁྱིལ་དུ་བཀོད་ཀྱང་རུང་ཞིང་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པའི་སྔགས་ཀྱི་རང་སྒྲས་སྤྱི་བོའི་བླ་མའི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀའི་ཟླ་བ་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཅན་དཔག་ཏུ་མེད་པ་བབས་པ་དང་ལྷན་ཅིག་ཡབ་ཡུམ་བདེ་བ་ཆེན་པོའི་རྗེས་ཆགས་ཀྱི་རོལ་པས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་བདུད་རྩི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ག་བུར་གྱི་རྡུལ་ལྟར་འཛག་པ་གདན་པདྨའི་ཡུ་བ་ལས་འཁྲིལ་ཏེ་ཚངས་བུག་ནས་བབས་པ་ཡིས་བདག་དང་སེམས་ཅན་ཐམས་ཅད་ཆོས་ཅན་སོ་སོར་སྣང་བ་ཙམ་ལས་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་ཅིང་དབྱེར་མེད་པས་སྡིག་སྦྱོང་གི་སྒོ་འདིས་རང་གི་ཆོས་ཅན་དང་ཆོས་ཉིད་ལ་གནད་དུ་བསྣུན་པས་གཞན་ལའང་ཕན་པར་འགྱུར་བ་ནི་གཞན་དོན་དུ་རང་གི་སེམས་བྱང་ཆུབ་དམ་པར་བསྐྱེད་བས་གཞན་ལའང་ཕན་བར་འགྱུར་བ་བཞིན་ནོ། །དེས་ན་བདག་དང་ཁམས་གསུམ་གྱི་རྒྱུ་ཀུན་འབྱུང་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱི་རྣམ་པ་སྣ་ཚོགས་པ་དང་། རང་གི་ཉེར་ལེན་གྱི་ཕུང་པོ་དང་དབང་ཤེས་འཁྲུལ་རྟོག་ཀྱིས་བསྐྱེད་པའི་ནད་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། རང་བཞིན་ཀྱི་ཁ་ན་མ་ཐོ་བ་དང་། སྡོམ་པ་གསུམ་གྱི་བཅས་འགལ་གྱི་སྡིག་པ་མི་དགེ་བ་བག་ཉལ་དང་བཅས་པ་མདོར་ན་ཡང་དག་པའི་གནས་ལུགས་ལ་སྒྲིབ་རྩའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་ཐམས་ཅད་ཕྲ་མོ་ཙམ་ཡང་མ་ལུས་པར་ལྷག་མེད་བྱང་ཞིང་ཐུགས་རྗེ་ཆེན་པོའི་བདུད་རྩིའི་ཆུ་རྒྱུན་གྱིས་རྩ་བ་ནས་དག་ཅིང་དྲི་མ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་ཡིག་བརྒྱ་བཟླའོ། །འདིའི་སྐབས་སྡིག་སྒྲིབ་མར་སྦྱོང་ཞིང་། བདེ་ཆེན་དགའ་བཞིའི་ཡེ་ཤེས་བསྐྱེད་ཅིང་དབང་བཞིའི་དམིགས་པ་ནི་ཁྲིད་ཡིག་ལྟར་རོ། །ཡིག་བརྒྱའི་སྔགས་དོན་ནི། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོངས། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར་གནས་པར་མཛོད། །བདག་ལ་བརྟན་པར་མཛད་དུ་གསོལ། །བདག་ལ་ཤིན་ཏུ་དགེས་པར་མཛོད། །བདག་ལ་རྗེས་སུ་ཆགས་པར་མཛོད། །བདག་ལ་ཤིན་ཏུ་དགྱེས་པར་མཛོད། །བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། །ལས་ཀུན་ལ་ཡང་བདག་གི་ནི། །སེམས་ལ་དགེ་ལེགས་སུ་ནི་མཛོད། རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་བདག་གྲོལ། །རྡོ་རྗེ་ཉིད་དུ་མཛོད། །དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿ ཞེས་པའི་དོན་ཡིན་ནོ། །རྗེས་སུ་བཤགས་སྡོམ་བྱ་བ་བདག༷་ནི༷་མི༷་ཤེས༷་སོགས་ཀྱི་ཚིག་དོན་ནི་གོ་སླའོ། །མཐར་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་རང་ལ་ཐིམ་པ་དང་། རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱི་གསལ་བའི་ཐུགས་ཀར་ཟླ་དཀྱིལ་སྟེང་རང་རིག་པ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོད་པ་ལས་འོད་ཟེར་དཀར་པོ་སྤྲོ་བསྡུས་བདག་དོན་དང་། གཞན་དོན་གྱི་དམིགས་བཟླས་ཁྲིད་ཡིག་ནས་འབྱུང་བ་ལྟར་བྱའོ། །དེ་རྣམས་ནི་བསྐྱེད་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་དང་། དོན་དམ་རྫོགས་རིམ་མཚན་མེད་ལ་བརྟེན་པའི་སྒྲིབ་སྦྱོང་ནི་བཤགས་བྱ་བཤགས་བྱེད་བཤགས་ཡུལ་ཐམས་ཅད་ལས་འདས་ཤིང་། སྣོད་བཅུད་རིགས་ལྔ་རྟེན་དང་བརྟེན་པར་བཅས་ཐམས་ཅད་རང་ལ་བསྡུ་རང་ཡང་འོད་གསལ་གཉུག་མ་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྡུས་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བསྐྱང་ངོ་། །མཎྜལ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ། དམིགས་རྣམ་ཞིབ་བཅའ་ཁྲིད་ཡིག་ནས་འབྱུང་བ་ལྟར་ལ། ངག་འདོན་གྱི་གོ་དོན་ནི། ཨོཾ་ཨཱཿཧཱུྃ༔ ཞེས་སྐུ་གསུམ་གྱི་ས་བོན་གྱིས་དྲངས་ཏེ། དེ་ལ་དང་པོ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་བརྗོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བར་འགྱུར། །ཞེས་པ་ལྟར་སྟོང་གསུམ་འཇིག་རྟེན་གྱི་ཁམས་དེ་འདྲ་བ་བྱེ་བ་ཕྲག་བརྒྱའི་ཞིང་རྣམས་སུ་འཁོར་ལོ་ནོར་བུ་བཙུན་མོ་སོགས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་གཞན་ཡང་ལྷ་དང་མི་ཡི་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པས་ཕྱུར་བུར་གཏམ༷ས་ཤིང་། དེ་ཙམ་དུ་མ་ཟད་བདག་གིས་གཅེས་པར་བཟུང་བའི་ལུས་དང་། བདག་གིར་བཟུང་བའི་ལོངས་སྤྱོད་ཁྱད་པར་རང་གང་ལ་ཆགས་པའི་དངོས་པོ། དགྲ་གཉེན་བར་མའི་འགྲོ་བ་དང་བཅས་པ་རྣམས་ངོ་བོ་དེ་དང་དེ་ཡིན་པ་ལ་རྣམ་པ་ཁྱད་པར་འཕགས་པ་སྤྲུལ་ནས་ཡོངས་སུ་འབུལ་གྱིས། དེ་ཡི་མཐུ་ལ་བརྟེན་ནས་འབྲས་བུ་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོའི་རྒྱལ་སྲིད་ཏེ་ཆོས་ཀྱི་སྐུ་ཐོབ་པར་ཤོག། | སྐྱབས་ཡུལ་སྐབས་དག་པའི་ཞིང་ཁམས་བཻ་ཌཱུརྱ་ཡི་ས་གཞིའི་དབུས་དཔག་བསམ་ཤིང་སྡོང་ཡལ་ག་ལྔ་པ་གསལ་བའི་དབུས་མར་སེང་ཁྲིའི་པད་ཟླའི་སྟེེང་ཨོ་རྒྱན་རྡོ་རྗེ་འཆང་སྤྱི་བོར་བརྒྱུད་པའི་བླ་མ་ཐོ་བརྩེགས། མདུན་དུ་སྟོན་པ་ཤཱཀྱའི་རྒྱལ་པོ་ཆགས་བྲལ་སྤྲུལ་སྐུ། གཡས་སུ་ཉེ་སྲས་བརྒྱད་སོགས། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་པུསྟིའི་རྣམ་པ་ཅན། གཡོན་དུ་མཆོག་ཟུང་སོགས་ཉན་རང་གི་དགེ་འདུན། ཤིང་གི་རྩ་བར་རང་དང་མདུན་དུ་རང་ལ་གནོད་པར་བྱེད་པའི་དགྲ་གདོན་བགེགས་སོགས་གཡས་གཡོན་ཚེ་འདིའི་ཕ་མ། རྒྱབ་ཏུ་གཉེན་འཁོར། མཐའ་སྐོར་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོད་དེ་སྒོ་གསུམ་འདུན་པ་གཅིག་པས་སྐྱབས་ཡུལ་གྱི་ཡོན་ཏན་དྲན་ཞིང་། དད་མོས་རྐང་ཚུགས་པས་སྐྱབས་འགྲོའི་ཚིག་བརྗོད་དེ། དེ་ཡང་སྤྱི་ལྟར་ན་བླ་མ་ཉིད་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་དངོས་ཡིན་ལ། ཡིན་ཚུལ་ཇི་ལྟར་ན། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན་པས་སོ། །ནང་ལྟར་ན་བདེ་བར་གཤེགས་པ་བསམ་ཡས་རབ་འབྱམས་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱང་རྩ་བ་གསུམ་དུ་མ་འདུས་པ་མེད་པས་བྱིན་རླབས་ཀྱི་རྩ་བ་བླ་མ་ནི་ཁྱབ་བདག་དཔལ་ལྡན་རིགས་འདུས་རྡོ་རྗེ་འཆང་ཆེན་པོ་ཉིད་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡང་བླ་མ་ཉིད་ཡིན་ཏེ། གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གདོད་ནས་ལྷུན་གྱིས་གྲུབ་པ་དང་། ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི་དཔལ་ལྡན་བླ་མའི་གསང་གསུམ་ཕྲིན་ལས་ཐུགས་རྗེའི་རོལ་རྩལ་ལས་ཉི་མ་དང་ཟེར་བཞིན་འདུ་འབྲལ་མེད་པར་རང་སྣང་བའོ། །གསང་བ་ལྟར་ན་རང་ལུས་རྡོ་རྗེ་ཕུང་པོའི་རྩ་ཡེ་ནས་དག་བ་སྤྲུལ་སྐུ། རླུང་ཡེ་དག་ལོངས་སྐུ། ཐིག་ལེ་ཡེ་དག་ཆོས་སྐུ་སྟེ་དག་པ་སྐུ་གསུམ་རང་བཞིན་དེ་ཡང་མཐར་གཏུགས་ན་ཤེས་རིག་མ་བཅོས་གཉུག་མ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཀ་དག་རང་བཞིན་གྱི་གཏིང་གསལ་སྟོང་པ་ཆེན་པོ་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་དང་། རང་བཞིན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་གདངས་ནང་གསལ་ཐིམ་ལ་མ་རྨུགས་པར་བཞུགས་པ་ལོངས་སྐུ་གཞིར་གནས་ཀྱི་ཡེ་ཤེས་དང་། ཐུགས་རྗེ་རིགས་པའི་རྩལ་འཁོར་འདས་བརྟན་གཡོ་ཀུན་ཁྱབ་ཅི་ཡང་འཕྲོ་ཞིང་ཅིར་ཡང་སྣང་བ་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ་ཐུགས་རྗེ་སྤྲུལ་སྐུ་གཞིར་གནས་ཀྱི་ཡེ་ཤེས་ཏེེ་དེ་གསུམ་ཀའང་མིང་གི་རྣམ་པར་དབྱེ་བ་ཙམ་ལས་དོན་ལ་སྐུ་གསུམ་དབྱེར་མེད་བློ་བྲལ་བསམ་གྱི་མི་ཁྱབ་པའི་གནས་ལུགས་རྒྱུ་རྐྱེན་བྱ་རྩོལ་ལས་འདས་པའི་རིག་པ་སྐུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་རང་ཆས་སུ་བཞུགས་པ་དེ་ནི་མཚོན་བྱ་དོན་གྱི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་དངོས་ཡིན་པས་དེ་ཉིད་རང་ངོ་ཤེས་པའི་སྒོ་ནས་དང་དེའི་གདང་རྩལ་ཕྱིར་ཤར་བ་མཚོན་བྱེད་དཔེ་ཡི་བླ་མ་དམིགས་བཅས་ཀྱི་སྐྱབས་ཀྱི་ཡུལ་རྣམས་ལ་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་སྐྱབས་གནས་གཞན་དུ་མི་བཙལ་བའི་ངེས་ཤེས་བརྟན་པོས་སྐྱབས་སུ་མཆིའོ་ཞེས་བྱ་ཚིག་སྟོན་པའོ། །ཁྲིད་ཡིག་གཞན་དུ་མཐར་ཐུན་བསྡུ་ཚེ་སླར་མོས་གུས་དུང་པ་བྱས་པའི་རྐྱེན་གྱིས་ཡུལ་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་ཚེ་བསོད་དཔལ་འབྱོར་རྒྱས། ནད་གདོན་སྡིག་སྒྲིབ་ཞི་ཞིང་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་ནས་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་རྣམས་ཀྱང་འོད་དུ་ཞུ་ནས་དབུས་ཀྱི་བླ་མ་སྐྱབས་ཡུལ་ཀུན་འདུས་ལ་ཐིམ། བླ་མ་དེ་ཡང་ཆོས་སྐུ་སྤྲོས་མེད་ཀྱི་ངང་ལ་བསྟིམ་པ་ནི་ཀུན་རྫོབ་ཀྱི་རྣམ་པ། དེའི་ངང་དུ་བཅས་བཅོས་མི་བྱེད་པར་རང་བབས་སུ་ལྷོད་དེ་རྣམ་རྟོག་གི་འཕྲོ་འདུ་དང་བྲལ་བར་ཅི་གནས་སུ་བཞག་པ་ནི། དོན་དམ་ཡོངས་ཤེས་ཀྱི་སྐྱབས་འགྲོའོ། །མཐར་སྐྱབས་ཡུལ་ལས་འོད་ཟེར་རང་གཞན་རྣམས་ལ་ཕོག་སྡིག་སྒྲིབ་བྱང་། སྐྱབས་ཡུལ་རྣམས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་པར་བསམ་ལ་དམིགས་མེད་དུ་བཞག། སེམས་བསྐྱེད་ནི། ཕ་མས་གཙོར་བྱས་མཁའ་ཁྱབ་ཀྱི་སེམས་ཅན་དམིགས་ཡུལ་ཏུ་བྱས་ཏེ་གཞན་ཕན་ལྷག་པའི་བསམ་པ་བཟང་པོ་སྙིང་རྗེའི་རྩ་བ་ཅན་རྒྱུད་ལ་བསྐྱེད་ནས་སེམས་གཉིས་བསྐྱེད་པའི་ཚིག་གི་དོན་ནི། ཧོཿཞེས་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་ངོ་མཚར་བའི་ཚིག་གིས་དྲངས་ཏེ། འགྲོ་རྒྱུད་ཀུན་གཞི་མ་རིག་པ་དང་མཚུངས་ལྡན་ལ་བག་ཆགས་སྣ་ཚོགས་བལྟར་མི་མངོན་པའི་ཚུལ་དུ་བཞག་པས་གནས་གདོན་ལུས་གསུམ་གྱི་སྣང་བ་དག་དང་མ་དག་གི་སྲིད་ཞིའི་དངོས་པོ་ཅིར་ཡང་སྣང་བ་དེ་ཐམས་ཅད་ཆུ་ནང་གི་ཟླ་བ་དང་། མེ་ལོང་གི་གཟུགས་བརྙན་ལྟར་མེད་བཞིན་དུ་རྣམ་པར་སྣང་རུང་དོན་རང་གི་མཚན་ཉིད་མི་རྟག་ཅིང་འདུས་བྱས་སྐད་ཅིག་མའི་རང་བཞིན་འཁྲུལ་པ་བརྫུན་པའི་སྣང་ཆ་རིས྄༷་སུ་བྲིས་པ་སྒྱུ་མ་ལྟ་བུའི་ཆོས་རྣམས་ཀྱ྄ི༷་རང་གཟུགས་ལ་བདེན་པར་ཞེན་པས་སྲིད་པ་གསུམ་དུ་ཡང་ནས་ཡང་དུ་མགལ་མེ་ལྟར་འཁོར་བ་བར་མ་ཆད་ཅིང་རླུང་སེམས་རྣམ་ཤེས་གསུམ་མི་འབྲལ་གཅིག་ནས་གཅིག་ཏུ་ལུ་གུ་རྒྱུད་དུ་གནས་རིས་མཐོ་དམན་སོགས་ལས་ཀྱི་རླུང་གི་བདས་སྟེ་ངེས་མེད་དུ་འཁྱམས་པའི་ཡིད་ཅན་གྱི་འགྲོ་བ་རྣམས་ཆོས་དབྱིངས་དེ་བཞིན་ཉིད་རིག་སྟོང་ཟུང་འཇུག་ཆེན་པོའི་རང་ཞལ་མ་མཇལ་ཞིང་རྟོག་པས་སྒྲིབ་པ་མཐའ་ཀླས་པ་ཐམས་ཅད། སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་གཉུག་མ་འོད་གསལ་ཆེན་པོའི་དབྱིངས་སུ་ཐོག་མ་མེད་པའི་དུས་ནས་སྲིད་པར་འཕྱན་ཞིང་དུབ་པ་རྣམས་ངལ་གསོ་བའི་ཕྱིར་དུ་སྐྱེས་བུ་ཆེན་པོའི་བློས་བཏང་སྙོམས་སོགས་ཚད་མེད་པ་བཞི་དང་འབྲེལ་བའི་ངང་ནས་ཤེས་རབ་ཀྱི་རྫོགས་བྱང་དང་། སྙིང་རྗེས་གཞན་དོན་ལ་དམིགས་པ་སྟེ་དོན་གཉིས་དང་ལྡན་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ་ཞེས་རྫོགས་ཚིག་བསྟན་པས་སེམས་དང་སེམས་བྱུང་ལྷག་མ་མ་ལུས་པ་བསྐྱེད་པའི་དོན་ཏོ། །སྐྱབས་སེམས་སྦྲེལ་ན། སྐྱབས་ཡུལ་བསྡུ་བསྟིམ་སོགས་ཁྲིད་ཡིག་དཀྱུས་ལྟར་དང་། སྐྱབས་སེམས་ཐུན་སོ་སོར་བཅད་ན་སྐྱབས་འགྲོ་ལ་སྐྱབས་ཡུལ་བསྡུ་ཚུལ་ཁྲིད་ཡིག་དཀྱུས་ལྟར་དང་། སེམས་བསྐྱེད་སྐབས་སྐྱབས་ཡུལ་རང་ལ་བསྟིམ་པ་ཡིན་ཅེས་མཁྱེན་བརྩེའི་གསུང་ཟིན་བྲིས་མཆན་ལས་བྱུང་བས་དེ་ལྟར་བྱའོ། །རྡོར་སེམས་སྒོམ་བཟླས་ནི། ལམ་གྱི་འགལ་རྐྱེན་དུ་གྱུར་པ་ཚེ་རབས་ཐོག་མེད་ནས་བསགས་པའི་བཅས་དང་རང་བཞིན་གྱི་སྡིག་སྒྲིབ་ཉེས་ལྟུང་ཉམས་ཆག་དྲན་པ་དང་མ་དྲན་པ་ཐམས་ཅད་སྦྱོང་བའི་བློས་ཨཿཞེས་སྐྱེ་མེད་ཀྱི་ཡི་གེ་བརྗོད་པས་སྐྱེ་བའི་དབྱིངས་ལས་བླ་མ་ལོངས་སྐུ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་བ་གསུམ་གྱི་ཆོ་འཕྲུལ་འབྱུང་བར་སྒོ་དབྱེ་བ་སྟེ། དེ་ཡང་། བདག་ཉིད་རྣམ་སྨིན་ཤ་ཁྲག་གི་ལུས་ཐ་མལ་དུ་གནས་པའི་སྤྱི་བོའི་གཙུག་ཚངས་བུག་གི་སྟེང་དུ་རྡོ་རྗེ་སེམས་དཔའི་གདན་པད་དཀར་འདབ་བརྒྱད་ཀྱི་སྡོང་བུ་སོར་བཞི་ཙམ་ཟུག་པའི་ལྟེ་བར་ཟེའུ་འབྲུ་དང་མཉམ་པའི་ཟླ་དཀྱིལ་ཉ་གང་བའི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བླ་མ་རྡོ་རྗེ་སེམས་དཔལ་སྐུ་མདོག་དཀར་གསལ་ནོར་བུ་ཆུ་ཤེལ་ལྟར་བཀྲག་ཅིང་འཚེར་བ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་ཞི་ཚུལ་དགུ་དང་ལྡན་པའི་སྐུ་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ་རང་འོད་ཀྱི་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྲིལ་ཞིང་མཉམ་པར་སྦྱོར་བ། ཡབ་རྡོ་རྗེ་དང་། ཡུམ་པད་མོའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བ་ལ་གདུང་ཤུགས་དྲག་པོས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཁྱེད་ལ་བདག་གཞན་འཁོར་བ་ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱང་དུ་གསོལ་སྙམ་པ་ནི་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་ལྟུང་ལ་གནོང་ཞིང་འགྱོད་པའི་སེམས་དྲག་པོ་སྙིང་རླུང་འཁྲུག་པ་ཙམ་དུ་བྱས་ཏེ་ངག་གིས་མཐོལ་བ་ནི་རྣམ་པར་སུན་འབྱིན་གྱི་སྟོབས་དང་། སྒོ་གསུམ་ཕྲུག་གཅིག་སྒྲིམ་ནས་སྡིག་པ་དང་དམ་ཚིག་ཆག་ཉམས་ཐམས་ཅད་བཤགས་པའི་ཡིད་ཀྱིས་གཉེན་པོ་བསྟེན་པ་ནི་གཉེན་པོ་ཀུན་དུ་སྤྱོད་པ་དང་། དེང་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་མི་བྱེད་སྙམ་པས་སྒོ་གསུམ་མི་དགེ་བ་ལས་རིང་དུ་སྡོམ་པའི་སྤོང་སེམས་ཁྱད་པར་ཅན་ནི་སོར་ཆུད་པའི་སྟོབས་ཏེ་གནད་བཞི་པོ་དེ་དང་ལྡན་པས་སྐབས་འདིར་ཐབས་ཁྱད་པར་ཅན་སྒྲིབ་སྦྱོང་ཐུགས་རྗེའི་ཆུ་རྒྱུན་གྱི་དམིགས་པ་ནི་བླ་མ་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ་དྭངས་ཤིང་གསལ་བའི་སྟེང་དུ་ཧཱུྃ་དཀར་པོ་དང་དེ་ཡི་མཐའ་མར་ཡི་གེ་བརྒྱ་པའི་སྔགས་ཀྱི་ཕྲེང་བ་མུ་ཏིག་གི་རྡོག་མ་ལྟར་དཀར་ཧྲམ་མེ་གཡས་བསྐོར་དུ་ཡོད་པ་ཤིན་ཏུ་གསལ་བ་དེ་རྣམས་ཀྱང་བེམ་པོ་ལྟ་བུ་མིན། ཞི་ཁྲོ་རིགས་བརྒྱའི་ས་བོན་ཡིན་པས་ལྷ་སྔགས་དབྱེར་མེད་ཡེ་ཤེས་ཀྱི་སྲོག་དང་ལྡན་པ་སྒོམ་པར་བྱ་ཞིང་དམིགས་པ་གསལ་ན་སྔགས་ཕྲེང་འཁོར་གཅིག་དམིགས་པ་མ་བྱང་ན་སྦྲུལ་འཁྱིལ་དུ་བཀོད་ཀྱང་རུང་ཞིང་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པའི་སྔགས་ཀྱི་རང་སྒྲས་སྤྱི་བོའི་བླ་མའི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀའི་ཟླ་བ་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཅན་དཔག་ཏུ་མེད་པ་བབས་པ་དང་ལྷན་ཅིག་ཡབ་ཡུམ་བདེ་བ་ཆེན་པོའི་རྗེས་ཆགས་ཀྱི་རོལ་པས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་བདུད་རྩི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ག་བུར་གྱི་རྡུལ་ལྟར་འཛག་པ་གདན་པདྨའི་ཡུ་བ་ལས་འཁྲིལ་ཏེ་ཚངས་བུག་ནས་བབས་པ་ཡིས་བདག་དང་སེམས་ཅན་ཐམས་ཅད་ཆོས་ཅན་སོ་སོར་སྣང་བ་ཙམ་ལས་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་ཅིང་དབྱེར་མེད་པས་སྡིག་སྦྱོང་གི་སྒོ་འདིས་རང་གི་ཆོས་ཅན་དང་ཆོས་ཉིད་ལ་གནད་དུ་བསྣུན་པས་གཞན་ལའང་ཕན་པར་འགྱུར་བ་ནི་གཞན་དོན་དུ་རང་གི་སེམས་བྱང་ཆུབ་དམ་པར་བསྐྱེད་བས་གཞན་ལའང་ཕན་བར་འགྱུར་བ་བཞིན་ནོ། །དེས་ན་བདག་དང་ཁམས་གསུམ་གྱི་རྒྱུ་ཀུན་འབྱུང་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱི་རྣམ་པ་སྣ་ཚོགས་པ་དང་། རང་གི་ཉེར་ལེན་གྱི་ཕུང་པོ་དང་དབང་ཤེས་འཁྲུལ་རྟོག་ཀྱིས་བསྐྱེད་པའི་ནད་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། རང་བཞིན་ཀྱི་ཁ་ན་མ་ཐོ་བ་དང་། སྡོམ་པ་གསུམ་གྱི་བཅས་འགལ་གྱི་སྡིག་པ་མི་དགེ་བ་བག་ཉལ་དང་བཅས་པ་མདོར་ན་ཡང་དག་པའི་གནས་ལུགས་ལ་སྒྲིབ་རྩའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་ཐམས་ཅད་ཕྲ་མོ་ཙམ་ཡང་མ་ལུས་པར་ལྷག་མེད་བྱང་ཞིང་ཐུགས་རྗེ་ཆེན་པོའི་བདུད་རྩིའི་ཆུ་རྒྱུན་གྱིས་རྩ་བ་ནས་དག་ཅིང་དྲི་མ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་ཡིག་བརྒྱ་བཟླའོ། །འདིའི་སྐབས་སྡིག་སྒྲིབ་མར་སྦྱོང་ཞིང་། བདེ་ཆེན་དགའ་བཞིའི་ཡེ་ཤེས་བསྐྱེད་ཅིང་དབང་བཞིའི་དམིགས་པ་ནི་ཁྲིད་ཡིག་ལྟར་རོ། །ཡིག་བརྒྱའི་སྔགས་དོན་ནི། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོངས། །རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར་གནས་པར་མཛོད། །བདག་ལ་བརྟན་པར་མཛད་དུ་གསོལ། །བདག་ལ་ཤིན་ཏུ་དགེས་པར་མཛོད། །བདག་ལ་རྗེས་སུ་ཆགས་པར་མཛོད། །བདག་ལ་ཤིན་ཏུ་དགྱེས་པར་མཛོད། །བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། །ལས་ཀུན་ལ་ཡང་བདག་གི་ནི། །སེམས་ལ་དགེ་ལེགས་སུ་ནི་མཛོད། རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་བདག་གྲོལ། །རྡོ་རྗེ་ཉིད་དུ་མཛོད། །དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿ ཞེས་པའི་དོན་ཡིན་ནོ། །རྗེས་སུ་བཤགས་སྡོམ་བྱ་བ་བདག༷་ནི༷་མི༷་ཤེས༷་སོགས་ཀྱི་ཚིག་དོན་ནི་གོ་སླའོ། །མཐར་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་རང་ལ་ཐིམ་པ་དང་། རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱི་གསལ་བའི་ཐུགས་ཀར་ཟླ་དཀྱིལ་སྟེང་རང་རིག་པ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོད་པ་ལས་འོད་ཟེར་དཀར་པོ་སྤྲོ་བསྡུས་བདག་དོན་དང་། གཞན་དོན་གྱི་དམིགས་བཟླས་ཁྲིད་ཡིག་ནས་འབྱུང་བ་ལྟར་བྱའོ། །དེ་རྣམས་ནི་བསྐྱེད་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་དང་། དོན་དམ་རྫོགས་རིམ་མཚན་མེད་ལ་བརྟེན་པའི་སྒྲིབ་སྦྱོང་ནི་བཤགས་བྱ་བཤགས་བྱེད་བཤགས་ཡུལ་ཐམས་ཅད་ལས་འདས་ཤིང་། སྣོད་བཅུད་རིགས་ལྔ་རྟེན་དང་བརྟེན་པར་བཅས་ཐམས་ཅད་རང་ལ་བསྡུ་རང་ཡང་འོད་གསལ་གཉུག་མ་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྡུས་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བསྐྱང་ངོ་། །མཎྜལ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ། དམིགས་རྣམ་ཞིབ་བཅའ་ཁྲིད་ཡིག་ནས་འབྱུང་བ་ལྟར་ལ། ངག་འདོན་གྱི་གོ་དོན་ནི། ཨོཾ་ཨཱཿཧཱུྃ༔ ཞེས་སྐུ་གསུམ་གྱི་ས་བོན་གྱིས་དྲངས་ཏེ། དེ་ལ་དང་པོ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་བརྗོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བར་འགྱུར། །ཞེས་པ་ལྟར་སྟོང་གསུམ་འཇིག་རྟེན་གྱི་ཁམས་དེ་འདྲ་བ་བྱེ་བ་ཕྲག་བརྒྱའི་ཞིང་རྣམས་སུ་འཁོར་ལོ་ནོར་བུ་བཙུན་མོ་སོགས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་གཞན་ཡང་ལྷ་དང་མི་ཡི་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པས་ཕྱུར་བུར་གཏམ༷ས་ཤིང་། དེ་ཙམ་དུ་མ་ཟད་བདག་གིས་གཅེས་པར་བཟུང་བའི་ལུས་དང་། བདག་གིར་བཟུང་བའི་ལོངས་སྤྱོད་ཁྱད་པར་རང་གང་ལ་ཆགས་པའི་དངོས་པོ། དགྲ་གཉེན་བར་མའི་འགྲོ་བ་དང་བཅས་པ་རྣམས་ངོ་བོ་དེ་དང་དེ་ཡིན་པ་ལ་རྣམ་པ་ཁྱད་པར་འཕགས་པ་སྤྲུལ་ནས་ཡོངས་སུ་འབུལ་གྱིས། དེ་ཡི་མཐུ་ལ་བརྟེན་ནས་འབྲས་བུ་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོའི་རྒྱལ་སྲིད་ཏེ་ཆོས་ཀྱི་སྐུ་ཐོབ་པར་ཤོག། །{{TibChung|དབུས་དང་ཕྱོགས་བཞི་མཚམས་བཞི་ཏེ་དགུ་མཆན།}} ཅིག་ཅེས་གསོལ་འདེབས་སྨོན་ལམ་དུ་བྱ་བ་དང་། གཉིས་པ་འོག་མིན་བདེ་ཆེན་སོགས་ཀྱི་དོན་ནི། མཚན་རྟོག་གི་འོག་ཏུ་མ་གྱུར་པས་འོག་མིན་དང་། སྡུག་བསྔལ་རྒྱུ་འབྲས་ཀྱི་མིང་ཙམ་ཡང་མི་གྲགས་པས་བདེ་བ་ཆེན་པོ་ལོངས་སྤྱོད་ཡོངས་རྫོགས་ཟུང་འཇུག་ཁ་སྦྱོར་ཡེ་ཤེས་བདུད་རྩི་ཆེན་པོའི་རོས་རྟག་པར་ཡོངས་སུ་གང་ཞིང་། མི་ཟད་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྱི་སྤྲིན་སྟུག་པོའམ་འཐིབ་པོར་བཀོད་པའི་ཞིང་གནས་དུས་སྟོན་འཁོར་ཆོས་ཏེ་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོ་ཆེན་པོར་མངའ་དབང་འབྱོར་བ་ཡེ་ཤེས་ལྔ་ཕྱག་རྒྱའི་གཟུགས་སུ་ཤར་བ་རྒྱལ་བ་རིགས་ལྔ་འཁོར་རིགས་ཆུང་གི་སེམས་དཔའ་སེམས་མའི་ཚོགས་དང་བཅས་པའི་ཚོམ་བུ་བསམ་ཡས་སྒྱུ་འཕྲུལ་དྲྭ་བར་སྤྲོ་ཞིང་། དུས་གསུམ་རྒྱུན་ཆད་མེད་པར་རྡོ་རྗེའི་དབང་ཡུལ་དགྱེས་པ་བསྐྱེད་པའི་འདོད་ཡོན་གྱི་ལྷ་མོ་གཟུགས་རྡོ་རྗེ་མ་སོགས། ཕྱི་ནང་གསང་བའི་རིག་མ་རྣམས་བཅུ་དྲུག་བདེ་བའི་གར་བསྒྱུར་ཞིང་ལྷ་མོ་འཇོ་སྒེག་དང་ལྡན་པ་རྣམས་ཀྱི་ཕྱག་ན་མཆོད་པའི་སྤྲིན་ཕུང་བསམ་ཡས་མུ་མཐའ་མེད་པར་ཕུལ་བས་ལོངས་སྐུའི་ཞིང་ལ་རྟེན་དང་བརྟེན་པར་བཅས་པ་ལོངས་སྤྱོད་པར་ཤོག། {{TibChung|དབུས་དང་ཕྱོགས་བཞི་སྟེ་ལྔ། མཆན།}} ཅིག་ཅེས་པའོ། །གསུམ་པ་སྣང་སྲིད་སོགས་ཀྱི་དོན་ནི། སྣང་བ་སྣོད་དང་། སྲིད་པ་བཅུད་ཏེ་གཟོད་ནས་རྣམ་པར་དག་པ་སྐྱེ་འཆི་འཕོ་འགྱུར་ལས་འདས་པའི་གཞོན་ནུ་སྐུ་གསུམ་གྱི་བུམ་པ་ནང་དབྱིངས་འོད་གསལ་ཆེན་པོ་ཐིམ་ལ་མ་རྨུགས་པའི་སྐུ་ཡེ་ཤེས་དང་། འོད་སོགས་ཟག་མེད་ཀྱི་ཡོན་ཏན་རྒྱ་མཚོར་ལྷུན་གྱིས་གྲུབ་པ་ལས་ནམ་ཡང་གཡོ་བ་མེད་པའི་བདག་ཉིད་ཆེན་པོའི་ཐུགས་རྗེའི་གདངས་ཕྱི་གསལ་དུ་ཤར་བས་གོ་མ་འགགས་པ་དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་ཅིང་འཕྲོ་བས་ཅིར་སྣང་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་ཐིམ་པར་རོལ་པས་སྐུ་དང་ཞིང་ཁམས་ཡེ་ཤེས་ཀྱི་རྒྱན་བསམ་བརྗོད་ལས་འདས་པ་རང་སྣང་བ་སྟེ། དེ་ཡང་མ་དག་པའི་དངོས་པོ་བཙལ་ཡང་མི་རྙེད་པའི་ཆོས་དབྱིངས་བརྡལ་ཁྱབ་ཆེན་པོ་སྐུ་དང་ཐིག་ལེ་བསམ་གྱིས་མི་ཁྱབ་པའི་རྣམ་པར་བརྒྱན་པ་ཐམས་ཅད་ལ་ཡིད་དཔྱོད་མཚན་འཛིན་གྱི་སྤྲོས་པའི་རྣམ་པ་ཡོངས་སུ་དག་པ། རྒྱ་ཆད་ཕྱོགས་ལྷུང་བྲལ་བར་བཀོད་དེ་ཕུལ་བས་རང་སྣང་ཆོས་སྐུའི་ཞིང་ཁམས་ལ་ལོངས་སྤྱོད་པར་ཤོག་ཅིག། {{TibChung|ཚོམ་བུ་གཅིགམཆན།}} ཅེས་པའོ། །དེ་ལྟར་ཁོངས་སུ་ཆུད་པས་ཕུལ་བས་སྒྲིབ་དག་ཚོགས་རྫོགས། སྐུ་གསུམ་གྱི་གོ་འཕང་ཐོབ་པའོ། །ནང་ཀུ་སཱ་ལིའི་ཚོགས་བསགས་ལ་སྐྱབས་འོག་ལ་མགྲོན་འོག་མ་རྣམས་གསལ་བཏབ་ལ་ངག་འདོན་ནི། ཕཊ༔ ལུས་གཅེས་འཛིན་སོགས་ཏེ། ཕ་ནི་ཐབས་ཀྱི་ཡི་གེས་གཟུང་རྟོག་གཅོད་པ་དང་། ཊ་ནི་ཤེས་རབ་ཀྱི་ཡི་གེ་འཛིན་རྟོག་གཅོད་པས་ཕཊ་བརྗོད་པ་དང་རིག་པ་གཏད་མེད་དུ་བཏང་ནས། ཟག་བཅས་སྡུག་བསྔལ་གྱི་བདེན་པས་བསྡུས་པའི་ལུས་གཟུགས་ཕུང་འདི་ལ་ཐོག་མེད་ནས་ང་བདག་གཅེས་འཛིན་གྱི་འགོང་པོས་དམ་དུ་བཟུང་བ་དེ་ཤིགས་སེ་བོར་བས་འདོད་ཡོན་གྱི་བདེ་དགའ་ལ་གཡེངས་བ་ལྷ་ཡི་བུའི་བདུད་དབྱིངས་སུ་བཅོམ་ནས། རང་གི་སེམས་ཉིད་རིག་པ་སྤྱི་བོ་ཚངས་པའི་བུ་ག་སྒོ་ནས་ནམ་མཁའི་དབྱིངས་ལ་འོད་ཀྱི་གོང་བུས་ཐོན་པ་དེ་ཉིད་གདོད་ནས་འཆི་མ་མྱོང་བའི་ཆོས་ཉིད་ཀྱི་འཆི་བདག་གི་བདུད་བཅོམ་ཞིང་རིག་པ་འོད་ཀྱི་གོང་བུ་དེ་ཉིད་ཁྲོས་མ་ནག་མོའི་སྐུར་གྱུར་པའི་ཕྱག་གཡས་ཀྱིས་ཉོན་མོངས་དང་ཉོན་མོངས་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པའི་བདུད་ཐམས་ཅད་རྩད་ནས་འཇོམས་པའི་རྡོ་རྗེས་ཡུ་བ་བྱས་པའི་ཟངས་ཀྱི་གྲི་གུག་ལྕགས་བསྲེགས་ཀྱི་མདོག་ལྟ་བུས་འབྱུང་བཞི་འཚོགས་པའི་རྣམ་སྨིན་གཟུག྄༷ས་ཀྱི་ཕུང་པོའི་བདུད་བཅོམ་ཏེ། ཕུང་པོའི་ཐོད་པ་ཧར་གྱིས་བྲེག་ནས་ཕྱག་གཡོན་པས་ལས་བྱེད་པའི་ཚུལ་གྱི་བྷནྡྷ་ཐོགས་ནས་སྐུ་གསུམ་གྱི་དོན་མཚོན་པའི་མི་མགོའི་སྒྱེད་བུ་སྐམ་རློན་རྙིང་གསུམ་གྱི་སྟེང་དུ་ཀ་པཱ་ལ་བཞག་ནས། སྣོད་དེ་ཡང་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བའི་བམ་རོ་ཆེ་ཞིང་བརྗིད་ལ་ཚོ་ཞིང་སྣུམ་པ་དེ་ཉིད་གྲི་གུག་གི་རྩེས་ལིང་གི་བླངས་ནས་ཐོད་པའི་ནང་དུ་འཇོག་ནས་འོག་ནས་གཏུམ་མོ་ཤེས་རབ་ཀྱི་རང་བཞིན་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་དང་། སྟེང་གི་ནམ་མཁར་ཐབས་མཆོག་བྱང་སེམས་ཧེ་རུ་ཀ་འདུས་པའི་ངོ་བོ་ནཱ་ད་སུམ་འཁྱོགས་ཅན་གྱི་ཧྃ་ཡིག་གིས་བམ་རོ་དེ་ཉིད་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་བཞུས་ནས་རྣམ་པ་ཟག་པ་མེད་པའི་བདུད་རྩི་དཀར་ལ་དམར་བའི་མདངས་ཅན་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར་པ་ཡིག་འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུར་བ་སྟེ། ཨོཾ་གྱི་སྣོད་བཅུད་ཀྱི་མ་དག་པ་རླངས་པ་སྔོ་དམར་གྱི་རྣམ་པས་ཕྱིར་ཐོན་ནས་སྦྱངས། ཨཱཿཡིས་ཟད་མི་ཤེས་པར་སྤེལ། ཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་ལོངས་སྤྱོད་ནམ་མཁའ་མཛོད་དུ་སྤྲུལ་ནས་གང་གི་མྱོང་བ་དང་དྲི་ཚོར་བ་ཙམ་གྱིས་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ནུས་པ་ཅན་དུ་བསྒྱུར་ལ་འབྲུ་གསུམ་བཟླས་པར་བྱའོ། །དེ་ནས་རང་གི་ཐུགས་ཀ་ནས་ལས་བྱེད་ཀྱི་ལྷ་མོ་སྐུ་མདོག་དཀར་མོ་ཕྱག་ན་ཐོད་པ་ཐོགས་པ་སྤྲོས་ནས་བདུད་རྩི་བཅུས་ནས་ཕུལ་བར་མོས་ལ། ཕཊ༔ ཡར་མཆོད་ཡུལ་སོགས་ཏེ། ཡར་ལ་མཆོད་པའི་ཡུལ་དཀོན་མཆོག་སྲི་ཞུའི་མགྲོན་ལ་རྩ་བ་གསུམ་དང་། སངས་རྒྱས་བྱང་སེམས་ཉན་རང་སོགས་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྒྱུད་གསུམ་གྱི་དམ་ཅན་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་དཀར་ཕྱོགས་སྐྱོང་བའི་ཚོགས་རྣམས་ཀྱི་ཐུགས་ཀྱི་དམ་ཚིག་ཉམས་ཆགས་བཤགས་ཤིང་དགྱེས་པར་བསྐང་བའམ། ཡང་ན་ཐུགས་ལ་བཞེད་པའི་དམ་ཚིག་རྡོ་རྗེ་བདུད་རྩིའི་རྫས་མཆོག་འདིས་བསྐང་བས་ཚོགས་གཉིས་རྫོགས་ནས་མཆོག་གི་དངོས་གྲུབ་ཟུང་འཇུག་གི་གོ་འཕང་དང་། ཐུན་མོངས་ལས་བཞི་དང་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་ཐོབ་ཅིང་། མར་ལ་སྦྱིན་པས་རིགས་དྲུག་འཁོར་བར་འཁྱམས་པ་སྙིང་རྗེའི་ཡུལ་དུ་གྱུར་པའི་མགྲོན་ཐམས་ཅད་མཉེས་ཤིང་ཚིམ་ནས་ཚེ་རབས་སྔོན་གྱི་བུ་ལོན་ལན་ཆགས་ཤ་ཁོན་ཐམས་ཅད་བྱང་བ་དང་། ཁྱད་པར་དུ་རང་ལ་གནོད་པར་བྱེད་པ་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་རང་རང་ལ་དགོས་པའི་ཤ་ཁྲག་སོགས་ཀྱིས་ཚིམས་པས་རེ་བ་ཡོངས་སུ་བསྐང་བས་ནད་གདོན་དང་གློ་བུར་གྱི་ཕྱི་ནང་གསང་བའི་བར་ཆད་དམིགས་མེད་ཆོས་ཀྱི་དབྱིངས་སུ་ཞི་བ་དང་། དེ་ལྟར་མཆོད་སྦྱིན་རྒྱ་ཆེན་བགྱིས་པས་སྔོན་གྱི་ལས་སྲབ་ཅིང་འཕྲལ་བྱུང་གི་རྐྱེན྄༷་ངན་པ་ཐམས་ཅད་དང་བདག་མེད་པ་ལ་བདག་ཏུ་ལྟ་བའི་ངར་འཛིན་གྱི་འདྲེ་ཆེན་བདག་མེད་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མའི་མཚོན་རྣོན་པོས་དུམ་བུར་གཏུབ་ཅིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཐོ་བས་རྡུལ་ཕྲན་སྟོང་དུ་བརླག་པའི་མཐར་ལུས་སེམས་འཁྲུལ་བའི་ཁང་བུ་གཏིབས་ནས་མཆོད་བྱ་དང་མཆོད་བར་བྱེད་པ་པོ་མཆོད་ཡུལ་མ་ལུས་པ་ཀུན་ཀྱང་མ་འཁྲུལ་གཤིས་ཀྱི་གནས་ལུགས་རང་གྲོལ་རྫོགས་པ་ཆེན་པོར་ཡེ་ཇི་བཞིན་པའི་ཀློང་ཡངས་ཆེན་པོར་སོ་མ་མ་བཅོས་སྤྲོ་བསྡུ་བྲལ་བར་བཞག་ནས་ཡུམ་ཆེན་སྐྱེ་མེད་ཀྱི་ཡི་གེ་ཨཿཡི་ཕྱིར་མི་ལྡོག་པར་རྒྱས་བཏབ་པའོ། །བླ་མའི་རྣལ་འབྱོར་ནི། དྭངས་འདོད་ཡིད་ཆེས་ཀྱི་དད་པས་མོས་གུས་ཤུགས་དྲག་པོར་བསྐྱེད་དེ་ངག་འདོན་ནི། ཨེ་མ་ཧོཿརང་སྣང་ལྷུན་གྲུབ་སོགས་ཀྱི་བསྟན་ཏེ། དེ་ཡང་ཨེ་མ་ཧོ་ནི་ངོ་མཚར་བའི་ཚིག། གང་ལ་ངོ་མཚར་ན་རང་སྣང་དག་པའི་ཞིང་རྟེན་དང་བརྟེན་པར་བཅས་པ་ལ་མ་ཧཱ་གུ་རུས་ཉིད་ཀྱི་ཉིད་ལ་ཆེད་དུ་བརྗོད་པའི་སྒོ་ནས་གླེང་བ་སྟེ་རྒྱུད་ཀྱི་གླེང་གཞི་ལྟ་བུའོ། །དེ་ཡང་གདུལ་བྱ་གཞན་རྒྱུད་ཀྱིས་མ་བསྡུས་པའི་རང་རིག་པ་ཆོས་སྐུའི་ཚུལ་ལས་རང་སྣང་བ་སྟེ་དག་པ་གཞི་ཡི་བཞུགས་ཚུལ་ལ་ཞིང་ཁམས་གང་སྐུ་དང་ཡེ་ཤེས་འོད་སོགས་མཚན་མ་དང་བྲལ་བ་ལྷུན་གྲུབ་ཏུ་བཞུགས་པ་ལམ་དུས་འདིར་མངོན་དུ་བྱེད་པས་འབྲས་བུ་གཞི་ལ་སྨིན་ནས་གྲོལ་གཞི་མངོན་དུ་གྱུར་པའི་ཐབས་ཀྱི་མཐར་ཐུག་པ་ནི་བླ་མའི་རྣལ་འབྱོར་ཏེ། ཕྱི་སྣོད་ནང་བཅུད་ཐམས་ཅད་ཀྱང་རིག་པ་ཡེ་ནས་དག་པ་ཆེན་པོར་གཅིག་པས་རིག་པ་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང་རབ་ཏུ་འབྱམས་ཀླས་པའི་ཞིང་ཁམས་ཀྱི་རྒྱན་དང་བཀོད་པ་སོགས་བརྡའ་དོན་རྟགས་གསུམ་རབ་ཏུ་རྫོགས་པའི་དབུས་སུ་རང་ཉིད་ཀྱི་གཞི་ལུས་ཐ་མལ་དུ་མི་དམིགས་པ་སྐད་ཅིག་དྲན་རྫོགས་ཀྱི་ཚུལ་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག། བདེན་པ་གཉིས་མཚོན་པའི་ཕྱག་གཉིས། འགྲོ་ལ་རྗེས་སུ་ཆགས་པའི་བརྡར་སྐུ་མདོག་དམར་གསལ། བདུད་བཞི་རྩད་ནས་གཅོད་པའི་གྲི་གུག་ཕྱར་ཞིང་། གཡོན་ཁམས་གསུམ་དབྱིངས་སུ་བསྒྲལ་བའི་དུང་ཆེན་ཁྲག་གི་བཀང་བ་ཐུགས་ཀར་བསྣམས་པ་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བརྡར་ཞབས་གཡས་བརྐྱང་གཡོན་ཅུང་ཟད་བསྐུམ་པའི་དོར་སྟབས་ཀྱི་སྐུ་གསུམ་མཚོན་པའི་སྤྱན་གསུམ་ནམ་མཁའ་ལ་བླ་མ་བཞུགས་པའི་ཐུགས་ཀར་རིངས་པར་ཏེ་ཅེར་རེ་གཟིགས་པ་བསྒོམ་ཞིང་། དེ་ལྟར་གསལ་བའི་སྤྱི་བོའི་ཐད་ཀྱི་ནམ་མཁར་པདྨ་འདབ་མ་འབུམ་ཕྲག་ཡངས་པར་བརྡལ་བ་ཁུ་རྡུལ་གནས་སུ་དག་པའི་བརྡར་ཉི་ཟླའི་གདན་གྱི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ནི་རྣམ་པ་ཨོ་རྒྱན་ཆེན་པོར་ཁྲིད་ཡིག་གི་དཀྱུས་ནས་འབྱུང་བ་ལྟར་བསྒོམ་ཞིང་། ཚིག་དོན་ནི་མཁྱེན་སླ་བས་ཞིབ་ཏུ་མ་སྤྲོས་ལ། འཁོར་གྱི་རྩ་བ་གསུམ་གྱི་ཚོགས་རྣམས་ཀྱང་མ་ཧཱ་གུ་རུའི་ཐུགས་རྗེ་རིག་སྟོང་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ལས་ཤར་བ་མ་གཏོགས། རྒྱུད་ཐ་དད་དུ་བཞུགས་པ་མིན་པར་ཤེས་དགོས་པ་ནི་གནད་དམ་པའོ། །སྐྱབས་ཡུལ་ཐམས་ཅད་ཀྱང་སྐྱབས་གནས་ཀུན་འདུས་སུ་ཤེས་པས་ཅི་མཛད་འགྲོ་བ་འདུལ་བའི་ཐབས་མཁས་ཀྱི་ཕྲིན་ལས་སུ་སྣང་བ་བྱས་པ་གཟོ་བའི་བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱི་འཕྲོག་པས་གདུང་ཤུགས་དྲག་པོས་རིག་པ་བསྒྱུར་ནུས་པ་ཡང་ཡང་མི་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་འགོག་ནུས་པ་མཁྱེན་བརྩེའི་ཡེ་ཤེས་ཚད་མེད་པའི་བདག་ཉིད་ཅན་དུ་ཡང་ཡང་ཡིད་ལ་དྲན་ཏེ་མོས་གུས་ཁོ་ནར་བྱ་བ་ཤིན་ཏུ་གཅེས་སོ། །དམ་ཚིག་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ། ཡན་ལག་བདུན་པ་འབུལ་བ། དད་མོས་དྲག་པོས་གསོལ་བ་འདེབས་པ་སོགས་ཀྱང་ཡི་གེས་དོགས་ཏེ་འདིར་མ་སྨོས་སོ། །དབང་བླང་བའི་སྐབས། རྡོ་རྗེ་གསུམ་གྱི་ཡི་གེ་ནི། བླ་མ་དང་པོར། བསྐྱེད་པ་དང་རང་ཆས་སུ་ཡོད་པར་བསྒོམ་དགོས་པ་ཡིན་ལ། རྒྱ་བོད་ཀྱི་ཡིག་གཟུགས་གང་ལྟར་གསལ་ཀྱང་རུང་འོད་ཟེར་བདུད་རྩིའི་རང་བཞིན་ཅན་དུ་བསམ་དགོས་ཤིང་། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་ཞེས་པ་ནི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་མི་དགེ་བའི་རིགས་མཐའ་དག་དང་། འཁྲུལ་པས་བསྡུས་པའི་འབྱུང་བའི་སྙིགས་མ་ཐམས་ཅད་དང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་མ་དག་པའི་རྩ་ཐམས་ཅད་སྦྱང་བྱ་ཡིན་ལ། རྣམ་སྨིན་རིག་འཛིན་ཞེས་པ་ནི་སེམས་ཆོས་ཉིད་དུ་སྨིན་ཀྱང་ལུས་རྣམ་སྨིན་གྱི་ཕུང་པོའི་རྒྱ་མ་རལ་བའི་རྟེན་ཅན་ལ་རྣམ་སྨིན་རིག་འཛིན་ཞེས་བརྗོད་པ་ཡིན། ངག་གི་ལས་དང་རླུང་གི་སྒྲིབ་པ་ཞེས་སོགས་ནི། ངག་གིས་བསགས་པའི་མི་དགེ་བ་དང་སྒྲ་ཚིག་བརྗོད་པ་ཐམས་ཅད་དང་རྩ་བ་དང་ཡན་ལག་གི་རླུང་བཅུ་སོགས་འཕོ་འགྱུར་དང་བཅས་པའི་ཐ་མལ་གྱི་རླུང་ཐམས་ཅད་སྦྱང་བྱ་དང་། ཚེ་དབང་རིག་འཛིན་ནི་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པ་ལ་ཚེ་དབང་རིག་འཛིན་ཅེས་པའོ། །ཡིད་ཀྱི་ལས་དང་ཐིག་ལེ་སྒྲིབ་པ་ཅེས་པའང་། ཡིད་ཀྱི་མི་དགེ་བ་དང་ལུས་དང་མ་ལ་བརྟེན་པའི་ཁམས་ཕྲ་རག་ཐམས་ཅད་སྦྱང་བྱ་དང་། ཙཎྜ་ལཱི་ནི་གཏུམ་མོ་ཨ་ཐུང་གི་མིང་ཡིན། ཕྱག་རྒྱའི་རིག་འཛིན་ནི་ལུས་འདོད་གཟུགས་ཀྱི་ལྷ་ལྟ་བུའི་འོད་ལུས་ཡི་དམ་གྱི་ལྷའི་རྣམ་པ་ཅན་བསྒོམ་ལམ་ས་དགུ་གང་རུང་ལ་གནས་པའོ། །ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་ཞེས་པ་ནི། ཀུན་གཞི་རྟོག་མེད་ཀྱི་ཆོས་ཁམས་ལ་བཞག་པའི་སྒྲིབ་པའི་བག་ཆགས་ཐམས་ཅད་དང་། ཁྱད་པར་དུ་ཡང་ཁུ་རྡུལ་སེམས་གསུམ་གྱིས་སྒྲིབ་པའི་དྲི་མ་ཐམས་ཅད་དང་། བསྐྱེད་རིམ་གྱི་གྱ་ནོམ་ལྷར་ཞེན་དང་རྫོགས་རིམ་གྱི་བདེ་གསལ་མི་རྟོག་པའི་ཉམས་ཀྱི་ཞེན་པ་སོགས་མཚན་འཛིན་ཕྲ་རག་ཐམས་ཅད་ཤེས་བྱའི་སྒྲིབ་པ་ཡིན་པས་དེ་རྣམས་སྦྱང་བྱ་ཡིན་ལ། ལྷུན་གྲུབ་རིག་འཛིན་ནི་ས་བཅུའི་རྒྱུན་མཐའ་དང་མཐར་ཐུག་སངས་རྒྱས་ཀྱི་ས་ཁོ་ན་ལ་འཇོག་པའོ། །བླ་མའི་ཐུགས་ཀར་སྤར་ནས་ཐུགས་ཡིད་བསྲེ་བ་སོགས་ནི་ཁྲིད་ཡིག་དང་ངག་འདོན་གྱི་གོ་དོན་ཤིན་ཏུ་གསལ་བས་ཤེས་པར་སླའོ། །ཐུན་ལས་ལྡང་བ་ན། གཞི་ལུས་ཞིང་ཁམས་དང་བཅས་པ་གསལ་ནས་ཁྱེར་སོ་གསུམ་དང་མི་འབྲལ་ཞིང་སྤྱོད་ལམ་ཐམས་ཅད་བླ་མའི་སྣང་བ་དང་བསྲེས་ནས་རྩལ་སྦྱོང་བས་ལམ་ལ་བོག་ཐོན་ཞིང་གེགས་ཐམས་ཅད་རང་གྲོལ་དུ་འགྱུར་བ་ནི་ཉེ་ལམ་ཟབ་མོ་འདི་ཡི་ཁྱད་ཆོས་ལགས་སོ། །{{TibChung|ཅེས་པའང་ནོར་སྤྱི་ལ་མཁན་ཆུང་གཡུ་ཐོགས་སེངྒའི་བཞེད་སྐོང་དུ་ཆོས་ཀྱི་བློ་གྲོས་པས་སོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:35, 1 June 2024
Wylie title | klong snying sngon 'gro'i zin tho nyung ngu | |
---|---|---|
Location | chos kyi blo gros bka' 'bum Volume 8, Text 1, Pages 1-22 (Folios 1a to 11b6) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Tertön | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | 'jam dbyangs mkhyen brtse chos kyi blo gros. klong snying sngon 'gro'i zin tho nyung ngu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 1-22. Bir, H.P.: Khyentse Labrang, 2012. | |
Genre | Notes - zin bris · Preliminary Practices - sngon 'gro | |
Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) | |
Colophon |
།ཅེས་པའང་ནོར་སྤྱི་ལ་མཁན་ཆུང་གཡུ་ཐོགས་སེངྒའི་བཞེད་སྐོང་དུ་ཆོས་ཀྱི་བློ་གྲོས་པས་སོ།། | |
/ces pa'ang nor spyi la mkhan chung g.yu thogs seng+ga'i bzhed skong du chos kyi blo gros pas so// |
1 Texts in this Section (sde tshan or chos tshan)
1-22
|
ཀློང་སྙིང་སྔོན་འགྲོའི་ཟིན་ཐོ་ཉུང་ངུ་། klong snying sngon 'gro'i zin tho nyung ngu
|
Text page View PDF |
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) |