JKCL-KABUM-02-KHA-073: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཀཿཐོག་སི་ཏུ་པཎྜི་ཏ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས། | |||
|fulltitle=skyabs mgon thams cad mkhyen gzigs kaH thog si tu paN+Di ta la bstod pa gzhon nu rol dga'i dbyangs | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''skyabs mgon thams cad mkhyen gzigs kaH thog si tu paN+Di ta la bstod pa gzhon nu rol dga'i dbyangs''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 2: 601-605. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|associatedpeople=Katok Situ, 3rd | |||
|associatedpeopletib=ཆོས་ཀྱི་རྒྱ་མཚོ་ | |||
|tibgenre=Verses of Praise - bstod pa | |||
|terma=No | |||
|jkcloutline=Two | |||
|language=Tibetan | |language=Tibetan | ||
| | |volumenumber=002 | ||
| | |volnumtib=༢ | ||
|volyigtib=ཁ་ | |||
|totalvolumes=12 | |||
|textnuminvol=073 | |textnuminvol=073 | ||
|pagenumbers=601-605 | |||
|totalpages=5 | |||
|beginfolioline=1a1 | |||
|endfolioline=3a3 | |||
|totalfolios=3 | |||
|multivolumework=No | |||
|colophontib=།ཅེས་པའང་ཀཿཐོག་མཁན་པོ་ཨ་ཤེར་གྱིས་གསུང་བསྐུལ་གནང་བས་མཚམས་སྦྱར་ཏེ། མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་སྨྲ་བའི་སེང་གེས་དད་གུས་ཆེན་པོས་ཤར་མར་བྲིས་པ་སིདྡྷི་རསྟུ། ། | |||
|colophonwylie=/ces pa'ang kaHthog mkhan po a sher gyis gsung bskul gnang bas mtshams sbyar te/__mgon po gang gi bka' 'bangs kyi tha chung 'jam dbyangs blo gros rgya mtsho gtsug lag lung rigs smra ba'i seng ges dad gus chen pos shar mar bris pa sid+d+hi rastu/ | |||
|pdflink=File:JKCL-KABUM-02-KHA-073.pdf | |pdflink=File:JKCL-KABUM-02-KHA-073.pdf | ||
}} | }} | ||
Line 16: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཀཿཐོག་སི་ཏུ་པཎྜི་ཏ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བའོ། །ན་མོ་གུ་རུ་མཻ་ཏྲི་པ་དཱ་ཡ། བྱམས་པ་ཆེན་པོའི་དཔལ་གྱིས་རབ་མཛེས་ཤིང་། །རྒྱལ་བའི་རྒྱལ་ཚབ་མགོན་པོ་མ་ཕམ་པ། །དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་གྱི། །དབུས་ན་རབ་ཏུ་མཛེས་པའི་སེམས་དཔའ་ཆེ། །གང་གི་གསང་གསུམ་ཐིག་ལེའི་གོང་བུ་ནི། །བྱང་ཆུབ་ལྗོན་པས་མཚན་པའི་འཛམ་གླིང་གི། བྱང་ཕྱོགས་ཁ་བ་རི་པའི་བསོད་ནམས་ཀྱིས། །འཇིག་རྟེན་མུན་སེལ་ཟླ་གཞོན་གསར་དུ་ཚེས། །དེ་ཚེ་ས་ཆེན་འདི་ཡང་དཔལ་དང་ལྡན། །སྐྱེ་འགྲོའི་ཚོགས་ཀྱིས་དགའ་སྟོན་རོལ་མོ་འཁྲོལ། །ལྷ་དང་བཅས་པའི་དཀར་པོའི་ཕྱོགས་རྣམས་ཀྱིས། །ངོ་མཚར་གཏམ་གྱི་སྦྱོར་བས་བསྔགས་ལ་བྲེལ། །རྒྱལ་སྲས་ཐུ་བོ་འཇམ་པའི་དཔལ་ཆེན་པོ། །བྱང་སེམས་ཉི་ཟླ་རྒྱུ་སྐར་གྲངས་སྙེད་ཀྱིས། །ཁྱོད་ཀྱི་དབུ་ལ་བདུད་རྩིས་ཁྲུས་གསོལ་ཞིང་། །ཤིས་བརྗོད་པད་མ་དཀར་པོའི་ཕྲེང་བ་བཅིང་། །གཞོན་ནུ་ཉིད་ནས་རིགས་ཁམས་མཐུ་བརྟས་པས། །མཁྱེན་རབ་མ་དྲོས་རྒྱ་མཚོ་བཞིན་དུ་རྒྱས། །ཡོངས་སུ་དག་པ་ལྷ་ཡི་སྤྱན་མངའ་བས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་དལ་དུ་གཟིགས། །བཅོས་མར་གྱུར་པའི་ཨོ་ཌཱིའི་སློབ་དཔོན་གྱི། །མཚན་དཔེའི་གཟུགས་བརྙན་ཡེ་ཤེས་ཕྱག་རྒྱའི་སྐུ། །དངོས་སུ་གྱུར་ནས་བྱིན་གྱིས་བརླབས་པ་ཡི། །རྡོ་རྗེའི་ཟིལ་ཆེན་གང་གི་གསང་གསུམ་ཞུགས། །འཕགས་པའི་ཡུལ་དུ་སྐྱེས་པའི་རབས་མང་པོ། །ཇི་བཞིན་གཟིགས་པ་སྒྱུ་མའི་རོལ་རྩེད་སྟོང་། །རྣམ་པར་ངོམ་པས་དག་པའི་སྐྱེ་བ་ནི། །གར་མཁན་བཞིན་དུ་ཅིར་ཡང་འཆར་བར་སྟོན། །རྒྱལ་སྲས་གཞོན་ནུ་ནོར་བཟང་རྣམ་ཐར་གྱི། །ངང་ཚུལ་ལྷུར་བཞེས་གངས་ལྗོངས་ཐུབ་པ་ཆེའི། །རིང་ལུགས་ཇི་སྙེད་ཐམས་ཅད་ཚོལ་བའི་ཕྱིར། །གཙུག་ནོར་བརྒྱ་ཕྲག་ལྷག་གི་ཞབས་པད་བསྙེན། །ཁྱད་པར་འཕགས་པའི་སར་བཞུགས་མཆོག་རྣམས་དང་། །ཚེ་རབས་འབྲེལ་བའི་རིགས་བདག་འཇམ་པའི་དབྱངས། །མཁྱེན་བརྩེའི་དབང་པོས་ཉིད་དང་དབྱེར་མེད་པར། །བྱིན་གྱིས་བརླབས་པས་སྲིད་གསུམ་མཚུངས་ཟླ་དབེན། །མདོ་སྔགས་རིག་གནས་བྱེ་བ་མ་ལུས་པ། །ཐུགས་མཚོར་བསྐྱིལ་བས་རྩོད་དུས་ཐམས་ཅད་མཁྱེན། །ངེས་པར་གྲགས་ཤིང་གྲུབ་ལ་གཟུར་གནས་ཀྱི། །དཔྱོད་ལྡན་མཁས་པའི་ཡི་ག་དབང་མེད་འགུགས། །འདི་ན་ཕྱོགས་རེ་ཤེས་པས་ཁེངས་གྱུར་ན། །ཁྱོད་ཀྱི་མཁྱེན་རབ་མཁའ་དང་མཉམ་པ་ལ། །ལྷུན་པོ་ལྟ་བུའི་གཟི་བརྗིད་ཆེར་བསྐྱེད་ནས། །ཕྱོགས་ལས་རྣམ་རྒྱལ་རྔ་ཆེན་ཅིས་མི་བརྡུངས། །ཁྱད་པར་ཀུན་བཟང་རྡོ་རྗེ་འཆང་དབང་གི། ཏནྟྲ་འཆད་ལ་གསང་བའི་བདག་པོ་དང་། །སྐལ་ལྡན་རྒྱལ་པོ་ཛཿཉིད་དངོས་སུ་སྣང་། །མཁས་གྲུབ་རྒྱ་མཚོའི་དབུས་ན་རྟ་ལྗང་བཞིན། །འཆོད་དང་རྩོད་དང་རྩོམ་པ་གང་ལ་ཡང་། །ཀླུ་སྒྲུབ་ཐོགས་མེད་དབྱིག་གཉེན་ཆོས་གྲགས་དང་། །མ་ཁོལ་སོགས་ཀྱི་རྣམ་དཔྱོད་དཔལ་མངའ་ཞིང་། །སྨྲ་བ་གཞན་རྣམས་མེ་ཁྱེར་སྒྲོན་དང་མཚུངས། །ཁྱོད་ཀྱི་ཐུགས་བསྐྱེད་གཞན་ལས་ཆེས་འཕགས་པས། །བཤད་དང་སྒྲུབ་པའི་སྡེ་ཆེན་འཛུག་པ་ཡི། །ལམ་སྲོལ་བཟང་པོའི་སྒོ་འཕར་གསར་དུ་ཕྱེས། །དེ་ཡི་དྲིན་ལས་རིས་མེད་ཆོས་གྲྭ་རྒྱས། །གཞན་དག་ཟང་ཟིང་ནོར་གྱི་དངོས་པོ་འགུགས། །ཁྱོད་ཀྱིས་སྔར་མེད་མཁའ་འགྲོའི་གསང་མཛོད་ལས། །ཟབ་རྒྱས་ཆོས་ཀྱི་གླེགས་བམ་དྲངས་པ་འདིས། །གཏེར་འབྱིན་རྒྱ་མཚོའི་སྤྱི་རྗེར་ཅིས་མ་གྲུབ། །རལ་པའི་ཁུར་ཆེན་མགོ་ལ་བཏེགས་པ་དང་། །སྲེད་པས་དམན་མོའི་ཚོགས་སྦྱོར་ལན་ཆགས་འཕེལ། །ས་རྡོ་རློག་པའི་ངལ་བ་བྱེད་པ་ཡི། །བརྫུན་གྱི་རི་མོ་མཁན་དང་འདི་མི་འདྲ། །དེས་ན་བྱམས་ཆེན་ཤིང་རྟས་དྲངས་པ་ཡི། །གསང་ཆེན་ཆོས་ཀྱི་པུསྟི་འདི་རྣམས་ཀྱིས། །རྗེ་བཙུན་བླ་མ་སྲིད་ཞིའི་རྒྱན་དུ་འཕགས། །བསྟན་འགྲོའི་མཆོད་སྡོང་ཆེན་པོ་ཟླ་མེད་དེས། །འདུལ་བ་རྣམ་བཞིའི་ཆོ་འཕྲུལ་རོལ་མོ་ནི། །ཞིང་ཁམས་ཀུན་ཏུ་ཁྱབ་པར་སྒྲོགས་པ་ལས། །གཟུགས་ཅན་གཟུགས་མེད་གདུལ་བྱ་མཐའ་ཡས་པ། །དངོས་དང་བརྒྱུད་ནས་རྣམ་གྲོལ་ལམ་ལ་བཀྲི། །སྐུ་ཡི་གཟི་བརྗིད་མཐོང་དང་གསུང་ཟེར་གྱི། །ཕྲ་མོས་རེག་པའང་ཐར་པའི་མིག་ཕྱེད་ཅིང་། །འབྲེལ་ཚད་དོན་ལྡན་འཕགས་པའི་སྐྱེས་བུ་ནི། །ས་ཆེན་འདི་ཡིས་ཐེག་པ་ཤིན་ཏུ་དཀའ། །དཀོན་མཆོག་གསུམ་གྱི་རྟེན་གསུམ་མཐའ་ཡས་པ། །འབད་པ་སྤངས་པའི་རང་བཞིན་ལྷུན་གྱིས་གྲུབ། །དགེ་འདུན་རྒྱ་མཚོ་ཕྱོགས་བཅུར་ལྷགས་པ་ལ། །བསྙེན་བཀུར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྟོབས། །གངྒཱའི་རྡུལ་གྱི་གྲངས་སྙེད་གྲོལ་བ་བཞིས། །དག་པའི་ཞིང་དུ་བགྲོད་པའི་ས་བོན་ཐེབས། །བྱང་ཆུབ་སེམས་དཔའི་སྨོན་ལམ་རླབས་ཆེན་གྱིས། །ལྗོངས་འདིའི་འཁོར་བ་གཏིང་ནས་སྤྲུགས་པར་མཛད། །སླར་ཡང་རང་གི་གནས་སུ་བདེར་གཤེགས་ནས། །མི་ཕམ་རལ་པའི་མཆོད་རྟེན་རྒྱན་དུ་ཐོགས། །བརྒྱད་ཁྲིའི་དུས་ན་ཀླུ་ཤིང་ལྗོན་པའི་དྲུང་། །མངོན་པར་འཚང་རྒྱའི་མཛད་པ་སྟོན་ལ་འདུད། །དེ་ཚེ་བདག་ཅག་བློ་གྲོས་རབ་ཏུ་བཟང་། །སྐུ་ཡི་གྲིབ་མས་བཟུང་བའི་སེམས་ཅན་རྣམས། །འཁོར་དུ་སྐྱེས་ནས་བྱང་ཆུབ་ལུང་བསྟན་མཛད། །འཇིག་རྟེན་གསུམ་གྱི་མགོན་པོར་ཕྱག་འཚལ་ལོ། །དེ་ལྟར་རབ་བསྔགས་བསྟོད་པ་འདི་ཉིད་ལ། །སྡེབས་ལེགས་ཚིག་གི་སྦྱོར་བ་མ་མཆིས་ཀྱང་། །གཞོན་ནུ་རོལ་དགའི་དབྱངས་སུ་སྒྲོགས་པ་འདི། །ཡབ་གཅིག་ཆོས་ཀྱི་རྒྱ་མཚོ་མཉེས་ཕྱིར་འབུལ། །འདི་ལས་བྱུང་བའི་དགེ་ཚོགས་ཁ་བ་ལྟར། །རབ་ཏུ་དཀར་བས་བསྟན་དང་འགྲོ་བ་ཡི། །རྒུད་པའི་གདུང་བ་ཐམས་ཅད་གཞིལ་གྱུར་ནས། །བྱམས་ཆེན་ཆོས་ཀྱི་ཟླ་བས་ཁྱབ་གྱུར་ཅིག | {{TibP|{{TibChung|སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཀཿཐོག་སི་ཏུ་པཎྜི་ཏ་ལ་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཞེས་བྱ་བའོ།}} །ན་མོ་གུ་རུ་མཻ་ཏྲི་པ་དཱ་ཡ། བྱམས་པ་ཆེན་པོའི་དཔལ་གྱིས་རབ་མཛེས་ཤིང་། །རྒྱལ་བའི་རྒྱལ་ཚབ་མགོན་པོ་མ་ཕམ་པ། །དགའ་བ་བརྒྱ་ལྡན་འཆི་མེད་གྲོང་ཁྱེར་གྱི། །དབུས་ན་རབ་ཏུ་མཛེས་པའི་སེམས་དཔའ་ཆེ། །གང་གི་གསང་གསུམ་ཐིག་ལེའི་གོང་བུ་ནི། །བྱང་ཆུབ་ལྗོན་པས་མཚན་པའི་འཛམ་གླིང་གི། བྱང་ཕྱོགས་ཁ་བ་རི་པའི་བསོད་ནམས་ཀྱིས། །འཇིག་རྟེན་མུན་སེལ་ཟླ་གཞོན་གསར་དུ་ཚེས། །དེ་ཚེ་ས་ཆེན་འདི་ཡང་དཔལ་དང་ལྡན། །སྐྱེ་འགྲོའི་ཚོགས་ཀྱིས་དགའ་སྟོན་རོལ་མོ་འཁྲོལ། །ལྷ་དང་བཅས་པའི་དཀར་པོའི་ཕྱོགས་རྣམས་ཀྱིས། །ངོ་མཚར་གཏམ་གྱི་སྦྱོར་བས་བསྔགས་ལ་བྲེལ། །རྒྱལ་སྲས་ཐུ་བོ་འཇམ་པའི་དཔལ་ཆེན་པོ། །བྱང་སེམས་ཉི་ཟླ་རྒྱུ་སྐར་གྲངས་སྙེད་ཀྱིས། །ཁྱོད་ཀྱི་དབུ་ལ་བདུད་རྩིས་ཁྲུས་གསོལ་ཞིང་། །ཤིས་བརྗོད་པད་མ་དཀར་པོའི་ཕྲེང་བ་བཅིང་། །གཞོན་ནུ་ཉིད་ནས་རིགས་ཁམས་མཐུ་བརྟས་པས། །མཁྱེན་རབ་མ་དྲོས་རྒྱ་མཚོ་བཞིན་དུ་རྒྱས། །ཡོངས་སུ་དག་པ་ལྷ་ཡི་སྤྱན་མངའ་བས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་དལ་དུ་གཟིགས། །བཅོས་མར་གྱུར་པའི་ཨོ་ཌཱིའི་སློབ་དཔོན་གྱི། །མཚན་དཔེའི་གཟུགས་བརྙན་ཡེ་ཤེས་ཕྱག་རྒྱའི་སྐུ། །དངོས་སུ་གྱུར་ནས་བྱིན་གྱིས་བརླབས་པ་ཡི། །རྡོ་རྗེའི་ཟིལ་ཆེན་གང་གི་གསང་གསུམ་ཞུགས། །འཕགས་པའི་ཡུལ་དུ་སྐྱེས་པའི་རབས་མང་པོ། །ཇི་བཞིན་གཟིགས་པ་སྒྱུ་མའི་རོལ་རྩེད་སྟོང་། །རྣམ་པར་ངོམ་པས་དག་པའི་སྐྱེ་བ་ནི། །གར་མཁན་བཞིན་དུ་ཅིར་ཡང་འཆར་བར་སྟོན། །རྒྱལ་སྲས་གཞོན་ནུ་ནོར་བཟང་རྣམ་ཐར་གྱི། །ངང་ཚུལ་ལྷུར་བཞེས་གངས་ལྗོངས་ཐུབ་པ་ཆེའི། །རིང་ལུགས་ཇི་སྙེད་ཐམས་ཅད་ཚོལ་བའི་ཕྱིར། །གཙུག་ནོར་བརྒྱ་ཕྲག་ལྷག་གི་ཞབས་པད་བསྙེན། །ཁྱད་པར་འཕགས་པའི་སར་བཞུགས་མཆོག་རྣམས་དང་། །ཚེ་རབས་འབྲེལ་བའི་རིགས་བདག་འཇམ་པའི་དབྱངས། །མཁྱེན་བརྩེའི་དབང་པོས་ཉིད་དང་དབྱེར་མེད་པར། །བྱིན་གྱིས་བརླབས་པས་སྲིད་གསུམ་མཚུངས་ཟླ་དབེན། །མདོ་སྔགས་རིག་གནས་བྱེ་བ་མ་ལུས་པ། །ཐུགས་མཚོར་བསྐྱིལ་བས་རྩོད་དུས་ཐམས་ཅད་མཁྱེན། །ངེས་པར་གྲགས་ཤིང་གྲུབ་ལ་གཟུར་གནས་ཀྱི། །དཔྱོད་ལྡན་མཁས་པའི་ཡི་ག་དབང་མེད་འགུགས། །འདི་ན་ཕྱོགས་རེ་ཤེས་པས་ཁེངས་གྱུར་ན། །ཁྱོད་ཀྱི་མཁྱེན་རབ་མཁའ་དང་མཉམ་པ་ལ། །ལྷུན་པོ་ལྟ་བུའི་གཟི་བརྗིད་ཆེར་བསྐྱེད་ནས། །ཕྱོགས་ལས་རྣམ་རྒྱལ་རྔ་ཆེན་ཅིས་མི་བརྡུངས། །ཁྱད་པར་ཀུན་བཟང་རྡོ་རྗེ་འཆང་དབང་གི། ཏནྟྲ་འཆད་ལ་གསང་བའི་བདག་པོ་དང་། །སྐལ་ལྡན་རྒྱལ་པོ་ཛཿཉིད་དངོས་སུ་སྣང་། །མཁས་གྲུབ་རྒྱ་མཚོའི་དབུས་ན་རྟ་ལྗང་བཞིན། །འཆོད་དང་རྩོད་དང་རྩོམ་པ་གང་ལ་ཡང་། །ཀླུ་སྒྲུབ་ཐོགས་མེད་དབྱིག་གཉེན་ཆོས་གྲགས་དང་། །མ་ཁོལ་སོགས་ཀྱི་རྣམ་དཔྱོད་དཔལ་མངའ་ཞིང་། །སྨྲ་བ་གཞན་རྣམས་མེ་ཁྱེར་སྒྲོན་དང་མཚུངས། །ཁྱོད་ཀྱི་ཐུགས་བསྐྱེད་གཞན་ལས་ཆེས་འཕགས་པས། །བཤད་དང་སྒྲུབ་པའི་སྡེ་ཆེན་འཛུག་པ་ཡི། །ལམ་སྲོལ་བཟང་པོའི་སྒོ་འཕར་གསར་དུ་ཕྱེས། །དེ་ཡི་དྲིན་ལས་རིས་མེད་ཆོས་གྲྭ་རྒྱས། །གཞན་དག་ཟང་ཟིང་ནོར་གྱི་དངོས་པོ་འགུགས། །ཁྱོད་ཀྱིས་སྔར་མེད་མཁའ་འགྲོའི་གསང་མཛོད་ལས། །ཟབ་རྒྱས་ཆོས་ཀྱི་གླེགས་བམ་དྲངས་པ་འདིས། །གཏེར་འབྱིན་རྒྱ་མཚོའི་སྤྱི་རྗེར་ཅིས་མ་གྲུབ། །རལ་པའི་ཁུར་ཆེན་མགོ་ལ་བཏེགས་པ་དང་། །སྲེད་པས་དམན་མོའི་ཚོགས་སྦྱོར་ལན་ཆགས་འཕེལ། །ས་རྡོ་རློག་པའི་ངལ་བ་བྱེད་པ་ཡི། །བརྫུན་གྱི་རི་མོ་མཁན་དང་འདི་མི་འདྲ། །དེས་ན་བྱམས་ཆེན་ཤིང་རྟས་དྲངས་པ་ཡི། །གསང་ཆེན་ཆོས་ཀྱི་པུསྟི་འདི་རྣམས་ཀྱིས། །རྗེ་བཙུན་བླ་མ་སྲིད་ཞིའི་རྒྱན་དུ་འཕགས། །བསྟན་འགྲོའི་མཆོད་སྡོང་ཆེན་པོ་ཟླ་མེད་དེས། །འདུལ་བ་རྣམ་བཞིའི་ཆོ་འཕྲུལ་རོལ་མོ་ནི། །ཞིང་ཁམས་ཀུན་ཏུ་ཁྱབ་པར་སྒྲོགས་པ་ལས། །གཟུགས་ཅན་གཟུགས་མེད་གདུལ་བྱ་མཐའ་ཡས་པ། །དངོས་དང་བརྒྱུད་ནས་རྣམ་གྲོལ་ལམ་ལ་བཀྲི། །སྐུ་ཡི་གཟི་བརྗིད་མཐོང་དང་གསུང་ཟེར་གྱི། །ཕྲ་མོས་རེག་པའང་ཐར་པའི་མིག་ཕྱེད་ཅིང་། །འབྲེལ་ཚད་དོན་ལྡན་འཕགས་པའི་སྐྱེས་བུ་ནི། །ས་ཆེན་འདི་ཡིས་ཐེག་པ་ཤིན་ཏུ་དཀའ། །དཀོན་མཆོག་གསུམ་གྱི་རྟེན་གསུམ་མཐའ་ཡས་པ། །འབད་པ་སྤངས་པའི་རང་བཞིན་ལྷུན་གྱིས་གྲུབ། །དགེ་འདུན་རྒྱ་མཚོ་ཕྱོགས་བཅུར་ལྷགས་པ་ལ། །བསྙེན་བཀུར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྟོབས། །གངྒཱའི་རྡུལ་གྱི་གྲངས་སྙེད་གྲོལ་བ་བཞིས། །དག་པའི་ཞིང་དུ་བགྲོད་པའི་ས་བོན་ཐེབས། །བྱང་ཆུབ་སེམས་དཔའི་སྨོན་ལམ་རླབས་ཆེན་གྱིས། །ལྗོངས་འདིའི་འཁོར་བ་གཏིང་ནས་སྤྲུགས་པར་མཛད། །སླར་ཡང་རང་གི་གནས་སུ་བདེར་གཤེགས་ནས། །མི་ཕམ་རལ་པའི་མཆོད་རྟེན་རྒྱན་དུ་ཐོགས། །བརྒྱད་ཁྲིའི་དུས་ན་ཀླུ་ཤིང་ལྗོན་པའི་དྲུང་། །མངོན་པར་འཚང་རྒྱའི་མཛད་པ་སྟོན་ལ་འདུད། །དེ་ཚེ་བདག་ཅག་བློ་གྲོས་རབ་ཏུ་བཟང་། །སྐུ་ཡི་གྲིབ་མས་བཟུང་བའི་སེམས་ཅན་རྣམས། །འཁོར་དུ་སྐྱེས་ནས་བྱང་ཆུབ་ལུང་བསྟན་མཛད། །འཇིག་རྟེན་གསུམ་གྱི་མགོན་པོར་ཕྱག་འཚལ་ལོ། །དེ་ལྟར་རབ་བསྔགས་བསྟོད་པ་འདི་ཉིད་ལ། །སྡེབས་ལེགས་ཚིག་གི་སྦྱོར་བ་མ་མཆིས་ཀྱང་། །གཞོན་ནུ་རོལ་དགའི་དབྱངས་སུ་སྒྲོགས་པ་འདི། །ཡབ་གཅིག་ཆོས་ཀྱི་རྒྱ་མཚོ་མཉེས་ཕྱིར་འབུལ། །འདི་ལས་བྱུང་བའི་དགེ་ཚོགས་ཁ་བ་ལྟར། །རབ་ཏུ་དཀར་བས་བསྟན་དང་འགྲོ་བ་ཡི། །རྒུད་པའི་གདུང་བ་ཐམས་ཅད་གཞིལ་གྱུར་ནས། །བྱམས་ཆེན་ཆོས་ཀྱི་ཟླ་བས་ཁྱབ་གྱུར་ཅིག །{{TibChung|ཅེས་པའང་ཀཿཐོག་མཁན་པོ་ཨ་ཤེར་གྱིས་གསུང་བསྐུལ་གནང་བས་མཚམས་སྦྱར་ཏེ། མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་སྨྲ་བའི་སེང་གེས་དད་གུས་ཆེན་པོས་ཤར་མར་བྲིས་པ་སིདྡྷི་རསྟུ། ། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 09:18, 1 June 2024
Wylie title | skyabs mgon thams cad mkhyen gzigs kaH thog si tu paN+Di ta la bstod pa gzhon nu rol dga'i dbyangs | |
---|---|---|
Location | chos kyi blo gros bka' 'bum Volume 2, Text 73, Pages 601-605 (Folios 1a1 to 3a3) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Associated People | ཆོས་ཀྱི་རྒྱ་མཚོ་ (Katok Situ, 3rd) | |
Citation | 'jam dbyangs mkhyen brtse chos kyi blo gros. skyabs mgon thams cad mkhyen gzigs kaH thog si tu paN+Di ta la bstod pa gzhon nu rol dga'i dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 601-605. Bir, H.P.: Khyentse Labrang, 2012. | |
Genre | Verses of Praise - bstod pa | |
Colophon |
།ཅེས་པའང་ཀཿཐོག་མཁན་པོ་ཨ་ཤེར་གྱིས་གསུང་བསྐུལ་གནང་བས་མཚམས་སྦྱར་ཏེ། མགོན་པོ་གང་གི་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་སྨྲ་བའི་སེང་གེས་དད་གུས་ཆེན་པོས་ཤར་མར་བྲིས་པ་སིདྡྷི་རསྟུ། ། | |
/ces pa'ang kaHthog mkhan po a sher gyis gsung bskul gnang bas mtshams sbyar te/__mgon po gang gi bka' 'bangs kyi tha chung 'jam dbyangs blo gros rgya mtsho gtsug lag lung rigs smra ba'i seng ges dad gus chen pos shar mar bris pa sid+d+hi rastu/ |
1 Texts in this Section (sde tshan or chos tshan)