DKYD-KABUM-07-JA-084: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ལས་མཛད་དམ་ཅན་མཆོད་སྒྲུབཿ
|fulltitle=las mdzad dam can mchod sgrub
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum

|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod, Torma-offering Rituals - gtor chog
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=07
|volumenumber=07
|volumeLetter=JA
|volnumtib=
|volyigtib=༧
|totalvolumes=8
|textnuminvol=084
|textnuminvol=084
|multivolumework=No
|colophontib=དམ་ཅན་སྐྱེས་བུའི་མཆོད་སྒྲུབ་འདིཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ཕབཿ རྣོ་མྱུར་ལག་ཏུ་ལོངས་དང་ཤེསཿ ས་མ་ཡཿ རྒྱཿ
|colophonwylie=dam can skyes bu'i mchod sgrub 'di: pad+ma thod phreng bka' bzhin du: khrag 'thung las kyi dpa' bos phab: rno myur lag tu longs dang shes: sa ma ya: rgya:
|pdflink=File:DKYD-KABUM-07-JA-084.pdf
|pdflink=File:DKYD-KABUM-07-JA-084.pdf
|volumeLetter=JA
|InitCategories=Khyentse Lineage Project; DKYD-KABUM-Volume-07-JA

}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཨཱྂཿ ལས་མཛད་དམ་ཅན་མཆོད་སྒྲུབ་ནིཿ ཀྱཻཿ འོ་ཡུག་ཤིང་གི་གནས་མཆོག་ནས༔ རྡོ་རྗེ་འཛིན་པའི་བཀའ་ཉན་པཿ སྐྱེས་མཆོག་བཛྲ་ཐིག་ལེ་རྩལཿ སྐུ་ཡི་སྤྲུལ་པ་མགར་བ་ནགཿ གསུང་སྤྲུལ་གནོད་སྦྱིན་དམ་ཚིག་ཅནཿ སུམ་བརྒྱ་དྲུག་ཅུ་འཁོར་བཅས་གཤེགསཿ གཡར་དམ་དྲན་ཞིང་དགྱེས་པར་བཞུགསཿ ཤ་ཁྲག་ཟས་སྣས་བརྒྱན་པ་ཡིཿ བརྗིད་ལྡན་དམ་རྫས་གཏོར་མ་དང༔ མྱོས་བྱེད་ཆང་དང་བསད་པའི་ཁྲགཿ ར་གསུར་ལ་སོགས་མཆོད་པའི་ཚོགས༔ མཆོད་དོ་འབུལ་ལོ་བཞེས་སུ་གསོལཿ གཙོ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང༔ ལས་མྱུར་སྙིང་ཉེ་ཕྲག་ཡངས་པའིཿ སྟོབས་ལྡན་ཁྱོད་ལ་བདག་བསྟོད་དོཿ མི་འདོད་རྐྱེན་ངན་བར་ཆད་སོལཿ ཚེ་བསོད་ལོངས་སྤྱོད་སྙན་གྲགས་སྤེལཿ གཞན་སེམས་ཟས་ནོར་དབང་དུ་སྡུསཿ སྡང་དགྲ་བསམ་ངན་འཆང་རྣམས་ལཿ ཆོ་འཕྲུལ་མི་འདོད་རྐྱེན་ངན་ཐོངསཿ ཚེ་ཕྲོགས་སྲོག་ཆོད་དོན་སྙིང་རོལཿ བདག་གིས་ཇི་ལྟར་བཅོལ་བའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ« དམ་ཅན་སྐྱེས་བུའི་མཆོད་སྒྲུབ་འདིཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ཕབཿ རྣོ་མྱུར་ལག་ཏུ་ལོངས་དང་ཤེསཿ ས་མ་ཡཿ རྒྱཿ ཨཱྂཿ ལྷ་མོའི་གཏོར་འབུལ་ནིཿ »བྷྱོཿ རྡོ་རྗེ་ཕག་མོའི་ཕྲིན་ལས་སྤྲུལཿ དཔལ་མགོན་མ་མོ་བཤོས་པའི་སྲསཿ བསྟན་སྐྱོང་རྡོ་རྗེ་གཤོག་རྒོད་མཿ ཡང་དག་རྫོགས་པ་ཆེན་པོ་ཡིཿ གདམས་པ་ཀུན་ཀྱི་གཉེར་ཁ་འཛིནཿ མཐིང་ནག་དབུ་ལྔ་ཁྱུང་གདོང་ཅནཿ ཕྱག་བཞི་དྲེའུ་སྔོན་རླུང་གཤོག་བཅིབསཿ སྐུ་གསུང་ཡོན་ཏན་སྤྲུལ་པ་འགྱེདཿ འཁོར་དང་བཅས་པ་སྤྱན་འདྲེན་ནོཿ དགྱེས་བཞུགས་བརྩེ་བས་ཕྱག་བགྱིའོཿ དམ་རྫས་ཤ་ལྔའི་བཱ་ལིངྟཿ མྱོས་བྱེད་ཆང་དང་ཕུད་རྒོད་ཁྲགཿ རྟེན་སྒྲུབ་མཆོད་པའི་རྫས་མཆོག་གིསཿ དཔལ་ལྡན་རྡོ་རྗེ་གཤོག་རྒོད་མཿ འཁོར་བཅས་དགྱེས་མཆོད་ཐུགས་དམ་བསྐངཿ གཟུང་དང་འཛིན་པ་བྲལ་བ་ཡིཿ བདེ་སྟོང་ཟག་མེད་མཆོད་པ་འབུལ༔ དགའ་བཞིའི་ཡེ་ཤེས་དགྱེས་པ་བསྐྱེད༔ རྫུ་འཕྲུལ་སྟོབས་ལྡན་ཞིང་ཁམས་ཉུལཿ སྲིད་པ་གསུམ་ལ་དབང་སྒྱུར་མཿ གློག་ལས་ཕྲིན་ལས་རབ་མྱུར་བའིཿ རྡོ་རྗེ་དྲག་མོ་རྒྱལ་ལ་བསྟོདཿ ཁྱེད་ཐུགས་དགྱེས་པའི་ཆགས་པ་བསྐྱེདཿ རབ་ཏུ་བརྩེ་བས་འཛུམ་ཞལ་སྟོནཿ ཉི་མ་དང་ནི་ཟེར་བཞིན་འགྲོགསཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་འཛིན་སྐྱོང་སྤེལ་གསུམ་དངཿ དངོས་གྲུབ་བྱིན་ཕོབ་ཕྲིན་ལས་སྒྲུབསཿ སྦྱོར་སྒྲོལ་ཉམས་ལེན་རྗེས་འཛིན་སྐྱོངསཿ ཀོ་ལོང་རུ་ང་མ་མཛད་པརཿ འདོད་དོན་ཕྲིན་ལས་ལྷུན་གྲུབ་མཛོདཿ ཨཱྂཿ «འབར་མའི་གཏོར་འབུལ་ནིཿ »ཧཱུྃཿ འོག་མིན་གསང་ཆེན་རོལ་པ་ནས༔ ཡང་དག་དོན་གྱི་བཀའ་སྲུང་མཿ ལྟ་སྒོམ་སྤྱོད་ལ་དབང་སྒྱུར་བའིཿ འབར་མ་མཆེད་གསུམ་སྤྱན་འདྲེན་ནོཿ བདུད་རྩི་སྨན་དང་རཀྟའི་བཅུདཿ བ་ལིངཾ་རྒྱན་ལྡན་གཏོར་མ་དངཿ དགའ་བཞི་ཟག་མེད་བདེ་བ་ཆེཿ ཐུགས་དམ་གཉན་བོ་སྐོང་གྱུར་ཅིགཿ བཀའ་གསང་རྨད་དུ་བྱུང་བ་ཡིཿ དཀྱིལ་འཁོར་སྐྱོང་བའི་མཐུ་མོ་ཆེ༔ མཐིང་དཀར་དམར་པའི་འོད་ཟེར་འཕྲོ༔ སྲིང་མོ་གསུམ་ལ་བདག་བསྟོད་དོཿ འོད་གསལ་རྫོགས་པ་ཆེན་པོ་ཡིཿ ཡང་གསང་ཐུགས་ཀྱི་ཐིག་ལེ་ཆོསཿ སྲོག་གི་དྭངས་མར་སྲུངས་མཛོད་ལཿ རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ལཿ ལུས་དང་གྲིབ་བཞིན་མི་འབྲལ་འགྲོགསཿ བདེ་སྟོང་ཟག་མེད་རྟོགས་པ་སྤོརཿ ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོདཿ« » «དམག་ཟོར་རྒྱལ་མོའི་གཏོར་འབུལ་ནིཿ »བྷྱོཿ རབ་འབྱམས་རྒྱལ་བའི་ཕྲིན་ལས་མཿ དཔལ་ལྡན་དམག་ཟོར་དཔལ་ལྷ་མོཿ བདག་དང་ཐ་ཚིག་དྲན་གྱིས་ལཿ འདིར་གཤེགས་དགྱེས་བཞུགས་བརྩེ་བར་དགོངསཿ དམ་ཚིག་དྲན་པའི་བ་ལིདྟ༔ ཟས་སྣ་སྐྱེམས་ཕུད་མཐུན་རྫས་སོགསཿ དགྱེས་པར་བཞེས་ལ་ཐུགས་དམ་བསྐངཿ འདོད་པ་ཁམས་ཀྱི་དབང་ཕྱུག་མའིཿ ཕྲིན་ལས་ཕོ་ཉ་མཐུ་ལྡན་མཿ ལྷ་མོ་ཁྱོད་ལ་བདག་བསྟོད་དོཿ སངས་རྒྱས་བསྟན་སྲུངས་དཀོན་མཆོག་གསུམཿ དབུ་འཕང་བསྟོད་ལ་སྔགས་བསྟོད་གྱིསཿ འཛམ་གླིང་ཉི་འོག་ཁྱབ་པ་དངཿ བདག་ཉིད་རྣལ་འབྱོར་སྒྲུབ་པ་པོའིཿ བསམ་པའི་དོན་དང་གཉེར་བའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ  «ཚེ་རིང་མཆེད་ལྔའི་བཏོར་འབུལ་ནིཿ »ཀྱེཿ དབྱིངས་ཕྱུག་མཁའ་འགྲོ་སྡེ་ལྔ་མཿ བསྟན་པ་སྐྱོང་ཕྱིར་ལྷ་མོའི་སྐུརཿ ཡོངས་བཞེངས་སྨན་བཙུན་ཆེན་མོ་ནིཿ ཇོ་མོ་བཀྲ་ཤིས་ཚེ་རིང་མཿ མཐིང་གི་ཞལ་བཟང་མགྲིན་བཟང་མཿ གླང་བཟང་གཏལ་དཀར་འགྲོ་བཟང་མཿ སྨན་བཙུན་བཙུན་མོ་མཆེད་ལྔ་དངཿ བསྟན་སྐྱོང་གཡའ་མའི་ཚོགས་དང་བཅསཿ རྡོ་རྗེ་འཛིན་དང་པདྨ་འབྱུང༔ རིག་འཛིན་ཆེན་པོའི་ཐ་ཚིག་བཞིནཿ འདིར་གཤེགས་དཀར་གསུམ་མངར་གསུམ་ལས༔ གྲུབ་པའི་རྒྱན་ལྡན་ཞལ་ཟས་དང༔ ཕྱེ་མར་ཟས་སྣ་སྐྱེམས་ཕུད་ཀྱིཿ མཆོད་པ་དམ་པ་འདི་བཞེས་ལཿ ཐུགས་དམ་བསྐངས་ལ་ཉསམ་ཆགས་བཤགསཿ དཀར་དམར་ཐབ་གཞོབ་མཁོན་གྲིབ་སྦྱངཿ གླིང་བཞིའི་ཕྱྭ་གཡང་གཉེར་འཛིན་པའིཿ རྫུ་འཕྲུལ་སྟོབས་ལ་དབང་སྒྱུར་ཞིངཿ སྒྲུབ་པ་པོ་ལ་སྙིང་ཉེ་མཿ སྨན་བཙུན་མཆེད་ལྔར་བརྩེ་བས་བསྟོདཿ སངས་རྒྱས་བསྟན་སྐྱོངས་མཆོག་གསུམ་བཀུརཿ སྔ་འགྱུར་བསྟན་པའི་མེལ་ཚེ་གྱིསཿ རྡོ་རྗེ་སློབ་དཔོན་བུ་སློབ་དང༔ བདག་ཅག་རིག་པ་འཛིན་པ་ལཿ ལེགས་པ་ཆོས་ལ་ཉེས་པ་ཟློག༔ ཕྱྭ་གཡང་དངོས་གྲུབ་ཆར་ལྟར་ཕོབཿ འབྲུ་ནོར་ལོངས་སྤྱོད་རིན་ཆེན་དང༔ ཟས་གོས་དགོས་འདོད་ཆར་ལྟར་ཕོབ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིཿ ཕྲིན་ལས་ཁྱོད་ཀྱིས་སྒྲུབས་མཛོད་ཅིགཿ  «དགེ་བསྙེན་དྲག་པོའི་གཏོར་འབུལ་ནིཿ» བྷྱོཿ ཁྲག་ཞག་རྒྱ་མཚོ་ཁྲུགས་ཀློང་ནསཿ གཏེར་གྱི་སྲུང་མ་དམ་ཚིག་ཅནཿ བསྙོ་ཁེ་ནག་པོ་ཏི་པ་ཙཿ མི་ལུས་སྡིག་པའི་མགོ་བོ་ཅནཿ མུན་མདོག་སྦྲུལ་གྱི་མཇུག་མས་བརྒྱནཿ རལ་གྲི་དང་ནི་གཏེར་བུམ་འཛིནཿ རྟ་ནག་རླུང་གི་གཤོག་པ་བཅིབསཿ བཙུན་མོ་སྲས་དང་སྤྲུལ་འཁོར་བཅསཿ གློག་ལྟར་མྱུར་བར་འདིར་གཤེགས་ལཿ བཞུགས་གསོལ་དམ་ཚིག་དྲན་པར་གྱིས༔ རི་ལྟར་བརྗིད་མཐོ་གཏོར་མ་དང༔ གསེར་སྐྱེམས་གཡུ་སྐྱེམས་འོ་ཕུད་ཁྲགཿ ཤ་ཁྲག་ཟས་སྣ་ལ་སོགས་པའིཿ མཆོད་དོ་དགྱེས་པར་བཞེས་སུ་གསོལཿ འཁོར་བཅས་ཐུགས་དམ་གཉན་པོ་བསྐངཿ ཀོ་ལོང་རུ་ང་ཕྲག་དོག་དང༔ ཐུགས་འཁྲུགས་ལས་བགྱིས་བཟོད་པར་གསོལཿ དགྱེས་པའི་ཞལ་སྟོན་བརྩེ་བས་དགོངསཿ འཇིག་རྟེན་འདི་ན་དྲག་རྩལ་ཅནཿ གློག་ལྟར་ཕྲིན་ལས་རབ་མྱུར་བའིཿ དམུ་དང་ཀླུ་བདུད་བཤོས་པའི་སྲསཿ དམ་ཅན་ཁྱོད་ལ་བདག་བསྟོད་དོཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་སྲུངས་ལ་དེར་འཛིན་སྐྱོངསཿ བླ་མའི་སྐུ་ཚེ་བརྟན་པ་དང༔ བསྟན་དང་བདག་ལ་གནོད་པའི་དགྲ༔ ཟས་སྐལ་གཏད་དོ་མ་ཤོར་ཅིག༔ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོད༔  «བདུད་མགོན་གཏོར་འབུལ་ནི༔ »བྷྱོཿ རབ་ཏུ་འཇིགས་པའི་དུར་ཁྲོད་ནསཿ རླུང་ནག་འཚུབས་མའི་གུར་གྱི་དབུསཿ བདུད་མགོན་ལེགས་གྲུབ་རྡོ་རྗེ་དང༔ ཡུམ་ཆེན་སིནྡྷ་ར་མ་ལཿ ལས་མཁན་བམ་རོ་ཕོ་མོ་བཅསཿ སྤྱན་འདྲེན་བཞུགས་གསོལ་དགྱེས་པར་དགོངསཿ བ་ལིང་ཨ་མྲྀ་ཏ་དང་ནིཿ རཀྟའི་མཆོད་པ་བཞེས་སུ་གསོལཿ མ་ཧཱ་ཀ་ལ་སིནྡྷ་ར་མ་བཱ་ལིངྟ་པཱཉྩ་རཀྟ་ཁཱ་ཧིཿ བདུད་མགོན་སེང་གེའི་གདོང་པ་ཅནཿ ཡུམ་མཆོག་ཁམས་གསུམ་ཟ་བྱེད་མཿ ལས་མཁན་མིང་སྲིང་ཕྲིན་ལས་བདགཿ འཁོར་དང་བཅས་ལ་བདག་བསྟོད་དོ༔ ཧེ་རུ་ཀ་དང་སེང་གེ་སྒྲཿ ཁྲག་འཐུང་དཔའ་བོའི་སྤྱན་སྔ་རུཿ ཞལ་བཞེས་དགོངས་ལ་ཕྲིན་ལས་སྒྲུབསཿ སྡང་དགྲ་དམ་ཉམས་གདུག་བ་ཅནཿ རྒྱལ་བསེན་དམ་སྲི་ལོག་འདྲེན་ཚོགསཿ ཐམས་ཅད་མིང་གི་ལྷག་མར་ཐོངསཿ ཞི་དང་རྒྱས་པས་ཐམས་ཅད་སྲུངས༔ དབང་དང་དྲག་པོས་སྡུས་ཚར་ཆོདཿ ཕྱོགས་ལས་རྣམ་པར་རྒྱལ་བར་མཛོདཿ  «སྤུ་གྲི་མཆེད་གསུམ་མཆོད་པའི་ཐབསཿ »བྷྱོཿ མ་ལ་ཡ་དང་དུར་ཁྲོད་བརྒྱདཿ ཨུ་ཙ་ལ་ཡི་གནས་མཆོག་ནས༔ གདུག་པའི་སྤུ་གྲི་མཆེད་གསུམ་པོཿ གནས་འདིར་གློག་ལྟར་མྱུར་བར་གཤེགསཿ དགྱེས་དགུའི་འདོད་ཡོན་ལོངས་སྤྱོད་རྫས༔ དམ་རྫས་རྨད་བྱུང་ཤ་ཁྲག་བརྒྱནཿ མྱོས་བྱེད་ཁྲག་དང་བཟའ་བཏུང་ཚོགས༔ གསོལ་ལོ་མཆོད་དོ་དགྱེས་པར་གསོལཿ ཐུགས་དམ་བསྐང་ལ་ཕྲིན་ལས་སྒྲུབསཿ སྔོན་ཚེ་ཁས་བླངས་དམ་བཅས་བཞིནཿ འཛིན་པ་རང་གྲོལ་བཀའ་སྲུངས་ལ༔ དམ་ལྡན་སྤྱི་བོའི་ཐོད་དུ་ཁུརཿ དམ་མེད་སྲོག་གི་ཤན་པ་གྱིསཿ སྡང་བར་བྱེད་པའི་དགྲ་སྡེའི་དཔུང༔ དངོས་སམ་བརྒྱུད་ནས་འཚེ་བ་ཡིཿ དམིགས་པའི་ཡུལ་དུ་གྱུར་པ་ཀུནཿ བསད་རྟགས་དོན་སྙིང་ཁྱེར་ལ་ཤོགཿ ཇི་ལྟར་བཅོལ་པའི་ལས་རྣམས་ཀུནཿ མྱུར་དུ་སྒྲུབས་ཤིག་ས་མ་ཡཿ  «གིང་ཆེན་མཆོད་པ་ནིཿ» ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ རྡོ་རྗེ་ཕག་མོ་གསང་བདག་གིསཿ བཀའ་བསྒོས་དམ་བཏགས་མངའ་གསོལ་བའིཿ གིང་ཆེན་སྡེ་བརྒྱད་གཤེགས་སུ་གསོལཿ བདུད་རྩི་སྨན་གྱི་མཆོད་པ་དང༔ དམ་རྫས་རྒྱན་ལྡན་མཆོད་པ་དང༔ རཀྟ་དམར་གྱིས་ཐུགས་དམ་བསྐང༔ ཐུགས་དམ་ཞལ་བཞེས་ཇི་བཞིན་དུ༔ བདག་དང་སྐད་ཅིག་མི་འབྲལ་འགྲོགས༔ ས་དང་ལམ་གྱི་བར་ཆད་སོལཿ ནད་གདོན་ཞི་ཞིང་ཚེ་བསོད་སྤེལཿ ཁམས་གསུམ་དབང་སྡུས་ལོག་འདྲེན་སྒྲོལཿ ཕན་པ་སྒྲུབས་ལ་གནོད་པ་ཟློག༔ བསམ་པའི་དོན་ཀུན་མྱུར་འགྲུབ་མཛོདཿ  «དུར་བདག་ཡབ་ཡུམ་མཆོད་པ་ནིཿ »བྷྱོཿ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ བདུད་ཕོ་སྲོག་གི་བདག་པོ་དངཿ སྲིན་མོ་ཁམས་གསུམ་ཟ་བྱེད་མཿ དམ་ཚིག་དགོངས་ལ་གནས་འདིར་གཤེགས༔ སློབ་དཔོན་དྲི་མ་མེད་པའི་དྲུང༔ དབང་རྟགས་རྡོ་རྗེ་སྤྱི་བོར་བཞགཿ དམ་ཚིག་བདུད་རྩི་ལྕེ་ལ་མྱོང༔ ཇི་ལྟར་ཁས་བླངས་དམ་བཅས་བཞིནཿ མཐུན་པའི་བཱ་ལིང་གཏོར་མ་དང༔ བདུད་རྩི་སྨན་དང་རཀྟའི་བཅུད༔ འབུལ་ལོ་དགྱེས་པ་ཆེན་པོར་རོལཿ བདག་ཏུ་འཛིན་བ་རང་གྲོལ་ནས༔ བཀའ་འདི་གཉེར་དུ་གཏད་པ་བཞིན༔ མ་གཡེལ་སྲུངས་ལ་འགྲོ་དོན་སྤེལ༔ རྣལ་འབྱོར་པ་ཡི་དྲོད་རྟགས་ཉུལཿ ལེགས་པ་འཆོས་ལ་ཉེས་པ་སོལཿ ས་དང་ལམ་གྱི་ཡོན་ཏན་སྤེལཿ སྡང་དགྲ་ལས་ངན་སྡིག་པོ་ཆེའིཿ སྲོག་དབུགས་ཕྲོལ་ལ་སྙིང་ཁྲག་འཐུངསཿ བདུན་རྒྱུད་མིང་གི་ལྷག་མར་ཐོངཿ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ  «ཀླུ་བདུད་མིང་སྲིད་གཏོར་འབུལ་ནིཿ »བྷྱོཿ གུ་རུ་དྲག་པོའི་བཀའ་སྡོད་ཆེཿ ཀླུ་བདུད་སྲོག་གི་ཤན་པ་དང༔ སྲིང་མོ་རུ་རུ་ཁྲག་འབར་མཿ སྦྲུལ་མཇུག་གཡོ་བས་རྒྱ་མཚོ་དཀྲུགསཿ ཚ་གྲང་འཁྲུགས་པས་དགྲ་བགེགས་སྒྲོལཿ སྲས་པོ་ནཱ་ག་གུ་ལང་དང༔ གཉེན་དང་སྡེ་བརྒྱད་ཀླུ་འབུམ་བསྐོརཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཐ་ཚིག་དགོངས་ལ་འདིར་གཤེགས་ཤིགཿ དགྱེས་བཞུགས་བརྩེ་བ་ཆེན་པོས་དགོངསཿ ཁྱོད་ལ་དགྱེས་པའི་མཆོད་པ་ནི༔ དཀར་གསུམ་ཀླུ་སྨན་གཏོར་མ་དང༔ བདུད་རྩིའི་འོ་ཆབ་མངར་གསུམ་སྦྱརཿ ཤིང་ཏོག་འབྲུ་སྣ་རྩི་འབྲས་བཅུདཿ ཁྱད་པར་དངོས་འབྱོར་ཡིད་ལས་སྤྲུལཿ ལུས་གསོའི་སྨན་དང་ཡིད་གསོའི་ཚིགཿ དྲི་ཞིམ་སྤོས་དཀར་དུད་པ་སོགསཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐངཿ ཀླུ་བདུད་ནག་པོ་ཐུགས་དམ་བསྐང༔ སྲིང་མོ་ཁྲག་འཇོམ་ཐུགས་དམ་བསྐང༔ འཁྲིག་སྲས་ཆེན་པོ་ཐུགས་དམ་བསྐང༔ འཁོར་དང་ཡང་འཁོར་ཐུགས་དམ་བསྐང༔ བླ་མའི་བཀའ་ཉན་དམ་ལ་གནསཿ སྟོབས་དང་མཐུ་སྟོབས་རྫུ་འཕྲུལ་ཆེཿ ལས་ལ་དབང་སྒྱུར་དྲག་གཏུམ་རྔམསཿ ཀླུ་བདུད་འཁོར་དང་བཅས་ལ་བསྟོདཿ རྡོ་རྗེ་འཆང་དང་གསང་བའི་བདགཿ ཐོད་ཕྲེང་དྲག་རྩལ་སྤྱན་སྔ་རུཿ ཐ་ཚིག་བྲོ་བོར་ཇི་བཞིན་དུཿ གསང་སྔགས་བསྟན་པ་སྲུང་པ་དང༔ གུ་རུའི་བརྒྱུད་འཛིན་བུ་བཞིན་སྐྱོངསཿ རང་ལ་ཀོ་ལོང་མི་སྡོམ་པར༔ སྔང་བྱེད་དགྲ་ལ་ཐོག་ལྟར་རྒྱུགཿ དམ་ཉམས་བཟུང་ནས་གཏོང་མི་ཤེསཿ ལས་མྱུར་ལོངས་སྤྱོད་སྤེལ་བ་ཡིཿ ཁས་བླངས་དུས་ལས་མ་གཡེལ་བརཿ རྣམ་བཞིའི་འཇུག་པ་ལྟུར་ལེན་གྱིསཿ དམ་ལས་མ་འདའ་ས་མ་ཡཿ« གུ་རུ་དྲག་པོའི་ཆ་ལག་ཆོསཿ ཀླུ་གཤོག་ངོ་ལས་ཕབ་པའོཿ » «བཙན་རྒོད་གཏོར་འབུལ་ནིཿ» ཧྲཱིཿ དབང་དྲག་པདྨའི་བཀའ་ཉན་པཿ ཁྲག་མཚོ་མེ་རླུང་འཁྲུགས་པའི་དབུསཿ གདུག་པའི་བཙན་རྒོད་མཐུ་བོ་ཆེཿ དམར་ནག་འཇིགས་རུང་ཤ་བའི་དབུཿ མདུང་དམར་བཙན་ཞགས་དགྲ་སྙིང་འཛིནཿ དར་དམར་བེར་དང་མི་ལྤགས་གསོལཿ རླུང་གི་ཤུགས་ལྡན་རྟ་དམར་ཆིབསཿ གནོད་སྦྱིན་རོལ་པ་རྐྱ་བདུན་དང༔ བཙན་དམར་སུམ་བརྒྱ་དྲུག་ཅུས་བསྐོརཿ དམ་ཚིག་ཅན་ཁྱོད་གཤེགས་སུ་གསོལཿ ཤ་ཁྲག་གཏོར་མ་རྒྱན་ལྡན་དང༔ སྐྱེམས་ཆང་ཁྲག་དང་ཟས་སྣའི་ཚོགས༔ གསོལ་ལོ་མཆོད་དོ་མངའ་གསོལ་ལོཿ མཐུ་ལྡན་ལས་ཀྱི་དབང་ཕྱུག་ཆེ༔ དགྲ་ཁམས་ཐལ་བར་རློག་བྱེད་པའིཿ རྣལ་འབྱོར་པ་ཡི་ཕོ་ཉ་བཿ དམ་ཚིག་ཅན་ལ་བདག་བསྟོད་དོཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཐོད་ཕྲེང་ཡབ་ཡུམ་བཀའ་བསྒོས་བཞིནཿ བདག་དང་སྨོན་་ལམ་གཅིག་ཏུ་འབྲེལཿ བུ་དང་བྲན་གྱི་ཚུལ་ཉིད་དུཿ ཕྲིན་ལས་སྒྲུབ་པར་མ་ཆད་དམཿ ཉིན་མཚན་དུས་དྲུག་མ་གཡེལ་བརཿ གསང་སྔགས་སྤྱོད་པའི་རྣལ་འབྱོར་ལཿ སྙིང་ལྟར་འགྲོགས་ལ་མེལ་ཚེ་གྱིསཿ བསམ་པའི་དོན་དང་གཉེར་བའི་ལས༔ ཐོགས་པ་མེད་པར་མྱུར་དུ་སྒྲུབསཿ ལས་ཀུན་ཁྱོད་ལ་གཉེར་གཏད་དོཿ  «གཏེར་བདག་གཏོར་མ་འབུལ་བ་ནིཿ »ཀྱེཿ གནོད་སྦྱིན་དེད་དཔོན་ཆེན་པོ་ནིཿ ནོར་བདག་ཨརྱཱ་ཛམྦྷ་ལཿ དབང་སྒྱུར་གཏུམ་ཆེན་མཐུ་བོ་ཆེཿ དབང་ཕྱུག་དྲག་སྐྱོང་ནོར་ལྡན་མཆོག༔ ཡབ་ཡུམ་སྲས་དང་བློན་འཁོར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ ཛམྦྷ་ལ་རཏྣ་བྷ་ཏྲ་ས་མ་ཡཱ་ཛཿ བརྗིད་པའི་གདན་ལ་དགྱེས་པར་བཞུགསཿ གུས་བས་ཕྱག་འཚལ་དམ་ཚིག་བསྲེ༔ དཀར་གསུམ་མངར་གསུམ་གཏོར་མ་དང༔ ཤ་ཁྲག་འདོད་ཡོན་ལོངས་སྤྱོད་ཚོགསཿ བཏུང་བའི་བྱེ་བྲག་བསམ་ཡས་ལཿ འཛམ་གླིང་འབྲུ་བཅུད་དངོས་རྫས་བཅསཿ མཐུ་ལྡན་ཁྱོད་ལ་མཆོད་པ་འབུལཿ ཟ་བ་ཟས་ཀྱིས་ཐུགས་དམ་བསྐང༔ བཏུང་བ་སྐོམ་གྱིས་ཐུགས་དམ་བསྐང༔ ལོངས་སྤྱོད་ནོར་གྱིས་ཐུགས་དམ་བསྐང༔ བརྩེ་གདུང་སེམས་ཀྱིས་ཐུགས་དམ་བསྐང༔ བདག་ཀྱང་དམ་ལས་མི་འདའོཿ ཁྱོད་ཀྱང་དམ་ལས་མ་འདའ་བརཿ དད་དང་དམ་ཚིགས་གཅིག་ཏུ་བསྲེཿ འཛམ་གླིང་གནམ་སར་དབང་སྒྱུར་བརཿ རྡོ་རྗེ་འཛིན་པས་དབང་བསྐུར་ཅིངཿ ས་སྤྱོད་དབང་ཕྱུག་སེམས་དཔའ་ཆེཿ དྲེགས་ལྡན་གཙོ་བོ་ཁྱོད་ལ་བསྟོདཿ དྲི་མ་མེད་དང་གསང་བའི་བདགཿ ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུཿ ཐུགས་དམ་ཞལ་བཞེས་རྗེས་དགོངས་ལཿ ཐིག་ལེ་སྐོར་གསུམ་གཉེར་ཁ་ཟུངསཿ རྩ་བ་གསུམ་གྱི་སྦྱིན་བདག་མཛོདཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོཿ བུ་བཞིན་སྐྱོངས་ལ་ཕྲིན་ལས་སྒྲུབསཿ འཛམ་གླིང་སྤོ་ན་མངོན་མཐོ་བའིཿ རྣམ་པར་རྒྱལ་བའི་རྒྱལ་མཚན་ཚུགསཿ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོདཿ  «ཐང་ལྷའི་གཏོར་འབུལ་ནིཿ »རྃ་ཡྃ་ཁྃཿ ཨོཾ་ཨཱཿ་ཧཱུྃ་«གིས་བྱིན་གྱིས་བརླབས་ནསཿ »ཀྱེཿ རང་གྲུབ་རིན་ཆེན་འཕྲུལ་གྱི་གཞལ་ཡས་ནསཿ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་པའིཿ རོལ་སྲས་གཉན་གྱི་རྒྱལ་པོ་མཐུ་བོ་ཆེཿ བཙུན་མོ་སྲས་འཁོར་བཅས་པ་གནས་འདིར་གཤེགསཿ དགྱེས་བཞུགས་གུས་པ་ཆེན་པོས་རྗེས་ཡི་རངས༔ ལྷ་མཆོག་ཁྱོད་ལ་མཐུན་པའི་དམ་རྫསནིཿ གཏོར་མ་གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་དང༔ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫསཿ མ་ཚང་མེད་པར་ལེགས་བཀོད་རྒྱ་ཆེན་གྱིཿ འབུལ་ལོ་མཆོད་དོ་འཛུམ་པའི་མདངས་སྟོན་ལཿ གསོལ་ལོ་རོལ་ཅིག་ཐུགས་དམ་གཉན་པོ་སྐོངཿ འཛམ་གླིང་དབང་སྒྱུར་རིན་ཆེན་གཏེར་གྱི་བདགཿ སྲོག་བདག་དཔའ་བོ་ཁྱོད་ལ་བདག་བསྟོད་དོཿ པདྨ་བཛྲ་ཁྲག་འཐུང་དཔའ་བོ་ཡིཿ སྤྱན་སྔར་ཁས་བླངས་སྲུང་མར་མངའ་གསོལ་ལྟརཿ དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༔ མངའ་ཐང་ཆབ་སྲིད་སྙན་གྲགས་ལོངས་སྤྱོད་སྤེལ༔ ལྷ་འདྲེ་མི་གསུམ་དགྱེས་སྡེ་དབང་དུ་སྡུསཿ མདོར་ན་ཐུགས་ཀྱི་བཞེད་དོན་གང་ཡིན་པ༔ འབད་མེད་ཡིད་བཞིན་ལྷུན་གྱིས་གྲུབ་པ་དངཿ དམ་ལྡན་རྣལ་འབྱོར་བདག་གི་གྲོགས་མཛོད་ཅིགཿ« » «གཏེར་བདག་མཆོད་པ་ནིཿ »ཀྱཻཿ འཛམ་བུ་གླིང་ལ་དབང་སྒྱུར་བའིཿ མཐུ་ལྡན་དྲེགས་པའི་སྡེ་དཔུང་ཚོགས༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེསཿ གསེར་སྐྱེམས་གཡུ་སྐྱེམས་ཕུད་ཀྱིས་མཆོདཿ ཡང་གསང་བསྟན་པ་སྐྱོང་བ་དངཿ འཛིན་བ་རང་གྲོལ་ཉམས་ལེན་བའིཿ དམ་ལྡན་རྣལ་འབྱོར་ཕོ་མོ་སྐྱོངསཿ བླ་མ་མཁའ་འགྲོའི་སྤྱན་སྔ་རུཿ ཇི་ལྟར་ཁས་བླངས་དམ་བཅས་བཞིནཿ མ་གཡེལ་ལས་བཞི་ལྷུན་གྲུབ་ཅིངཿ ཕྱོགས་ལས་རྣམ་པར་རྒྱལ་བ་ཡིཿ རྒྱལ་མཚན་ཕྱོགས་དུས་ཀུན་ཏུ་ཕྱོརཿ བཀྲ་ཤིས་བདེ་ལེགས་ཡོངས་འགྲུབ་མཛོདཿ«༄༅། །ཡང་གསང་མཁའ་འགྲོ་ཐུགས་ཐིག་ལས༔ དམ་ཅན་འཁྲུགས་སྐོང་གསེར་ཞུན་བཞུགསཿ ྅྅྅དཔལ་ཆེན་ཧེ་རུ་ཀ་ལ་འདུདཿ ཟབ་གསང་གདམས་པའི་གཉེར་འཛིན་མཆོགཿ དམ་ཅན་རྒྱ་མཚོའི་འཁྲུགས་སྐོང་བཿ གསེར་ཞུན་མ་ཞེས་བྱ་བར་བསྟནཿ རིན་ཆེན་གླང་གཙུག་ཚོགས་གཏོར་དང༔ དཀར་ཟླུམ་དམར་གཏོར་དབང་པོ་ལྔཿ འབྲང་རྒྱས་སྨན་ལེབ་སྨན་རཀ་བཤམསཿ ལྟ་བ་གྱད་གྱི་ངར་ལྡན་བསཿ »ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་«ཀྱིས་བསངསཿ »ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷ་རྨཿསྭ་བྷ་ཝ་ཤུདྡྷོ་྅ཧཾཿ«གིས་སྦྱངསཿ »ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿ སརྦ་ཏྑཾ་ཨུངྒ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ «བདུན་ནམ་གསུམ་གྱིས་ནམ་མཁའ་མཛོད་ཀྱི་ལོངས་སྤྱོ་འདོད་ཡོན་ལྔ་ལྡན་གྱི་སྤྲིན་ཕུང་འཕྲོ་བར་བྱིན་གྱིས་བརླབས་ལཿ »ཧཱུྃཿ ཀུན་བཟང་ཡབ་ཡུམ་མཁའ་ཀློང་ལསཿ ཡོངས་ཤར་དམ་ཅན་སྲུང་མའི་སྡེཿ ཿསྔགས་ཀྱི་སྲུང་མ་ཁྲོས་མའི་རྒྱལཿ མོ་རྒྱུད་མ་མོ་དཔལ་ལྷ་མོཿ འབྱུང་བ་ལྔ་ལ་དབང་སྒྱུར་ཞིང༔ སྲིད་པ་གསུམ་གྱི་བདེ་སྡུག་སྟོནཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ ཁྱོད་ལས་མ་བྱུང་གང་ཡང་མེད༔ སྐྱེ་འགྲོའི་སྲོག་གི་བདག་མོ་ཆེཿ ཁྱོད་ཀྱིས་ཀོ་ལོང་བསྡམས་ཙ་ནཿ ཁ་རླངས་སྔོ་དམར་འཁྲིགས་པ་ཡིས༔ སྲིད་གསུམ་ནད་དང་མཚོན་ཆར་འབེབསཿ ཡེ་ཤེས་ལྷ་ཡང་དབང་དུ་སྡུད༔ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགསཿ སྒྲུབ་པ་པོ་ལ་དྲོད་རྟགས་ཡལཿ རྣལ་འབྱོར་ཕོ་མོར་ཉམ་ང་སྡངཿ ཕོ་རིགས་ཀུན་ཀྱི་སྲོག་ལ་འཚེཿ མོ་རིགས་ཀུན་ཀྱི་བཀྲག་མདངས་ལེནཿ མི་འདོད་ཆགས་ཆེ་ཐོག་ལྟར་འབེབསཿ འདི་དང་ཕྱི་མའི་སྡུག་བསྔལ་བསྐྱེདཿ དེ་ཕྱིར་མ་མོ་མ་གཡེལ་ཅིགཿ ལྷ་ཆེན་དཔལ་འབར་མ་ནིང་ནགཿ སྤྲུལ་པ་སྐུ་གསུང་ཐུགས་ཡོན་ཏནཿ ཕྲིན་ལས་མགོན་པོ་སྡེ་ལྔ་དང༔ སྲས་དང་སྤྲུལ་པ་ཡང་སྤྲུལ་སོགསཿ དཔལ་མགོན་བདུན་ཅུ་རྩ་ལྔར་བཅསཿ ཕོ་རྒྱུད་མགོན་པོའི་སྡེ་ཚོགས་དཔུང༔ མཐུ་ལྡན་དྲང་སྲོང་རཱ་ཧུ་ལཿ གཟའ་བརྒྱད་གདོང་མོ་རྒྱུ་སྐར་ཚོགསཿ མཐུ་ཆེན་སྲུང་མའི་སྡེ་ཚོགས་དང༔ གཏེར་སྲུང་དམ་ཅན་རྒྱ་མཚོར་བཅསཿ དབྱིངས་ལ་ཁྲོ་བ་མི་མངའ་ཡངཿ རྣལ་འབྱོར་དམ་ཚིག་མི་ལྡན་ཞིངཿ སྒོ་གསུམ་བག་མེད་དབང་གྱུར་པའིཿ སོ་ཐར་སྡོམ་དང་བྱང་སེམས་བསླབཿ རིག་འཛིན་སྔགས་ཀྱི་བསྲུང་བྱ་མཆོགཿ རྡོ་རྗེ་སློབ་དབོན་སྐུ་གསུང་ཐུགསཿ རྩ་བ་ཡན་ལག་དམ་ཉམས་ཤིངཿ ཁས་བླངས་ཚིག་ལས་འགལ་གྱུར་པསཿ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགསཿ དམ་ཅན་སྲུང་མ་མཁོན་གྱུར་པཿ གཞན་ཡང་སྤྱོ་ལམ་མ་གཟོབ་པསཿ ཚོགས་གཏོར་ཆག་ཅིང་ཕུད་ཉམས་དང༔ ལྷ་ལ་སྤང་ལེན་དུས་མཆོད་ཆགཿ ཏིང་འཛིན་གཡེལ་ཞིང་ལྟ་སྒོམ་ཉམསཿ བརྟུལ་ཞུགས་ཆུང་དང་ཐ་མ་ལ་ཤོརཿ མཛེ་ཡུག་དམེ་དང་དམ་ཉམས་བསྟེན༔ སྙིང་རྗེས་སེམས་ཅན་དོན་མ་བྱསཿ གསང་སྔགས་སྦྱོར་སྒྲོལ་སྤྱོད་པ་སྤངསཿ སྔགས་ལ་གཤེ་ཞིང་ལྟར་སྣང་བསྒྲུབསཿ དེ་སོགས་འགལ་འཁྲུལ་ནོངས་པའི་རྒྱུསཿ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ མཁོན་འཁྲུགས་གཡེལ་ཞིང་ཐུགས་འགལ་ཞིངཿ བཀའ་ཡི་ཆད་པའི་རྒྱུར་བསྒྲུབས་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ དགོས་འདོད་ནོར་བུའི་ཚོགས་གཏོར་དང༔ དཀར་གསུམ་མངར་གསུམ་ལྷའི་ཞལ་ཟསཿ ཤ་ལྔ་བདུད་རྩི་ལྔར་སྦྱར་བའིཿ བཱ་ལིང་ཤ་ཁྲག་དམར་གཏོར་དངཿ སྐྱེ་མཆེད་དག་པའི་དབང་པོ་ལྔཿ དགོས་འདོད་ཀུན་འབྱུང་འབྲང་རྒྱས་བརྗིདཿ གསོ་བའི་སྨན་དང་འདོད་དགུའི་གཏེརཿ བདུད་རྩི་སྨན་དང་རཀྟའི་མཚོཿ གཞན་ཡང་གཟུགས་མཛེས་སྒྲ་སྙན་དང༔ དྲི་ཞིམ་རོ་མངར་རེག་བྱ་འཇམཿ གཞན་ཡང་དངོས་འབྱོར་ཡིད་ལས་སྤྲུལཿ སྲིད་ཞིའི་དཔལ་ཡོན་བླ་མེད་པཿ མ་ཚང་མེད་པར་ལེགས་བཀོད་འདིསཿ མ་ཅིག་སྔགས་ཀྱི་སྲུང་མ་དངཿ དཔལ་ལྡན་ལྷ་མོ་དཔལ་ལྷ་མོ༔ འདོད་པ་ཁམས་ལ་དབང་སྒྱུར་བའིཿ མོ་རྒྱུད་མ་མོའི་ཐུགས་དམ་བསྐང༔ སྟོབས་ལྡན་མ་ནིང་ནག་བོས་གཙོསཿ སྔགས་བསྟན་སྐྱོང་ཞིང་དམ་ཉམས་སྒྲོལཿ འཇིག་རྟེན་ཁམས་ཀྱི་མཐུ་ཆེན་སྡེཿ ཕོ་རྒྱུད་མགོན་པོའི་ཐུགས་དམ་བསྐང༔ དྲག་རྩལ་གཟའ་བདུད་རཱ་ཧུ་ལཿ གཟའ་ཆེན་བརྒྱད་དང་གདོང་མོ་བཞིཿ རྒྱུ་སྐར་ལ་སོགས་གནམ་སའི་བདགཿ གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང༔ གཞན་ཡང་རྒྱལ་བས་དམ་བཞག་པའིཿ བསྟན་པ་སྲུང་བའི་བཀའ་སྲུང་ཚོགསཿ མཐུ་དང་རྫུ་འཕྲུལ་ལ་དབང་བའིཿ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངཿ འཛམ་བུ་གླིང་ལ་དབང་སྒྱུར་བའིཿ གསང་སྔགས་བསྟན་པའི་ཞབས་ཏོག་སྤེལཿ སྐྱེ་འགྲོར་བདེ་སྐྱིད་དངོས་གྲུབ་སྟེརཿ གཉེར་སྲུང་ཚོགས་ཀྱི་ཐུགས་དམ་བསྐང༔ སོ་སོའི་ཐུགས་དང་མཐུན་པ་ཡིཿ སྐོང་རྫས་བྱེ་བྲག་དཔག་མེད་པསཿ ཐུགས་དམ་གཉེན་པོ་དགྱེས་བསྐངས་ལཿ ཐུགས་དང་འགལ་བར་བགྱིས་པ་ཡིསཿ འགལ་འཁྲུལ་ཉམས་ཆག་ཐམས་ཅད་དངཿ ཁས་བླངས་དམ་ལས་ཉམས་གྱུར་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ ཀྱེཿ མ་གཡེལ་མ་གཡེལ་སྲུང་མའི་ཚོགསཿ ཁྱོད་ཐུགས་ཞི་བ་བྱང་ཆུབ་སེམསཿ ཚངས་བ་ཆེན་པོའི་སྒོ་ཕྱེས་ལཿ བདག་ལ་བརྩེ་ཆེན་ཐུགས་རྗེ་ཡིསཿ རྗེས་བཟུང་ཚངས་པའི་དངོས་གྲུབ་སྩོལཿ བདག་ནི་ལས་ཉོན་དྲག་པོས་མནརཿ མ་དག་སྒྱུ་མའི་སྤུབས་སུ་ཆུདཿ གཟུང་འཛིན་མདུད་པ་དམ་པོ་ཡིསཿ ཀུན་དཀྲིས་བག་ཆགས་ངན་པའི་རྒྱུསཿ སྒོ་གསུམ་ལས་ངན་རྒྱུར་བསྒྲུབས་དངཿ ཆོས་ཉིད་དོན་ལས་གཡེལ་བ་ཀུནཿ སླར་ཡང་རང་བྱུང་རིག་གདངས་ཀྱིསཿ ཆོས་ཉིད་དོན་གྱི་ཀློང་དུ་བཤག༔ ལྟ་བ་ནོར་ན་དབྱིངས་སུ་བཤགསཿ རྟག་ཆད་བྲལ་བའི་ཐུགས་དམ་བསྐང༔ སྒོམ་པ་ཡེངས་ན་རིག་པས་སྐྱོང༔ འཛིན་རྟོག་བྲལ་བའི་ཐུགས་དམ་བསྐང༔ སྤྱོད་པ་འཆོལ་ན་སྤང་བླང་ཞིགཿ ཚོགས་གཏོར་མདངས་ཀྱིས་ཐུགས་དམ་བསྐང༔ མདོར་ན་དབྱིངས་ཀྱི་རྗེ་མོ་དང༔ མ་མགོན་གཟའ་བདུད་དམ་ཅན་ཚོགས༔ བདག་དང་ཐུགས་ཡིད་གཅིག་ཏུ་བསྲེ༔ བསྐང་བྱ་སྐོང་བྱེད་བསྐང་ཡུལ་དང༔ བཤགས་བྱ་བཤགས་བྱེད་བཤགས་ཡུལ་སོགསཿ ཀ་དག་རིག་པའི་ཀློང་དུ་ཨཱཿ «རྣལ་འབྱོར་བག་མེད་དམ་ཚིག་ཉམས་པའི་དུསཿ དམ་ཅན་རྒྱ་མཚོའི་འཁྲུགས་སྐོང་འདི་ལ་འབདཿ ཉམས་འགལ་རལ་བས་དམ་འཁྲུགས་ཀུན་སྦྱོང་ཞིངཿ འབད་མེད་བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབསཿ དམ་ཅན་རྒྱ་མཚོ་བྲན་དུ་དབང་འདུ་ཞིངཿ ཕྲིན་ལས་གང་བཅོལ་འབད་མེད་མྱུར་དུ་འགྲུབཿ དཔལ་མགོན་མ་ནིང་ནག་པོའི་བཀས་བསྐུལ་ལྟརཿ དམ་ཅན་གསང་རྒྱུད་དུག་མཚོ་ཁོལ་མ་ནས༔ ཐོད་ཕྲེང་དྲག་པོ་རྩལ་གྱིས་བཏུས་པ་བཞིནཿ བདག་ཉིད་ཁྲག་འཐུང་ལས་ཀྱི་དཔའ་བོས་ཕབཿ ཡི་གེའི་འདུ་བྱེད་ཨ་ཏིའི་རྣལ་འབྱོར་བཿ འཁྲུལ་ཞིག་རིག་པའི་ཡེ་ཤེས་ཞེས་བྱས་བྲིསཿ དམ་ཅན་རྒྱ་མཚོའི་ཐུགས་དམ་ཡོངས་སྐོང་ཞིངཿ སྒྲུབ་པ་པོ་ལ་བཀྲ་ཤིས་བདེ་ལེགས་ཤོགཿ  
{{TibP|ཨཱྂཿ ལས་མཛད་དམ་ཅན་མཆོད་སྒྲུབ་ནིཿ ཀྱཻཿ འོ་ཡུག་ཤིང་གི་གནས་མཆོག་ནས༔ རྡོ་རྗེ་འཛིན་པའི་བཀའ་ཉན་པཿ སྐྱེས་མཆོག་བཛྲ་ཐིག་ལེ་རྩལཿ སྐུ་ཡི་སྤྲུལ་པ་མགར་བ་ནགཿ གསུང་སྤྲུལ་གནོད་སྦྱིན་དམ་ཚིག་ཅནཿ སུམ་བརྒྱ་དྲུག་ཅུ་འཁོར་བཅས་གཤེགསཿ གཡར་དམ་དྲན་ཞིང་དགྱེས་པར་བཞུགསཿ ཤ་ཁྲག་ཟས་སྣས་བརྒྱན་པ་ཡིཿ བརྗིད་ལྡན་དམ་རྫས་གཏོར་མ་དང༔ མྱོས་བྱེད་ཆང་དང་བསད་པའི་ཁྲགཿ ར་གསུར་ལ་སོགས་མཆོད་པའི་ཚོགས༔ མཆོད་དོ་འབུལ་ལོ་བཞེས་སུ་གསོལཿ གཙོ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང༔ ལས་མྱུར་སྙིང་ཉེ་ཕྲག་ཡངས་པའིཿ སྟོབས་ལྡན་ཁྱོད་ལ་བདག་བསྟོད་དོཿ མི་འདོད་རྐྱེན་ངན་བར་ཆད་སོལཿ ཚེ་བསོད་ལོངས་སྤྱོད་སྙན་གྲགས་སྤེལཿ གཞན་སེམས་ཟས་ནོར་དབང་དུ་སྡུསཿ སྡང་དགྲ་བསམ་ངན་འཆང་རྣམས་ལཿ ཆོ་འཕྲུལ་མི་འདོད་རྐྱེན་ངན་ཐོངསཿ ཚེ་ཕྲོགས་སྲོག་ཆོད་དོན་སྙིང་རོལཿ བདག་གིས་ཇི་ལྟར་བཅོལ་བའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ« དམ་ཅན་སྐྱེས་བུའི་མཆོད་སྒྲུབ་འདིཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ཕབཿ རྣོ་མྱུར་ལག་ཏུ་ལོངས་དང་ཤེསཿ ས་མ་ཡཿ རྒྱཿ  
 
ཨཱྂཿ ལྷ་མོའི་གཏོར་འབུལ་ནིཿ »བྷྱོཿ རྡོ་རྗེ་ཕག་མོའི་ཕྲིན་ལས་སྤྲུལཿ དཔལ་མགོན་མ་མོ་བཤོས་པའི་སྲསཿ བསྟན་སྐྱོང་རྡོ་རྗེ་གཤོག་རྒོད་མཿ ཡང་དག་རྫོགས་པ་ཆེན་པོ་ཡིཿ གདམས་པ་ཀུན་ཀྱི་གཉེར་ཁ་འཛིནཿ མཐིང་ནག་དབུ་ལྔ་ཁྱུང་གདོང་ཅནཿ ཕྱག་བཞི་དྲེའུ་སྔོན་རླུང་གཤོག་བཅིབསཿ སྐུ་གསུང་ཡོན་ཏན་སྤྲུལ་པ་འགྱེདཿ འཁོར་དང་བཅས་པ་སྤྱན་འདྲེན་ནོཿ དགྱེས་བཞུགས་བརྩེ་བས་ཕྱག་བགྱིའོཿ དམ་རྫས་ཤ་ལྔའི་བཱ་ལིངྟཿ མྱོས་བྱེད་ཆང་དང་ཕུད་རྒོད་ཁྲགཿ རྟེན་སྒྲུབ་མཆོད་པའི་རྫས་མཆོག་གིསཿ དཔལ་ལྡན་རྡོ་རྗེ་གཤོག་རྒོད་མཿ འཁོར་བཅས་དགྱེས་མཆོད་ཐུགས་དམ་བསྐངཿ གཟུང་དང་འཛིན་པ་བྲལ་བ་ཡིཿ བདེ་སྟོང་ཟག་མེད་མཆོད་པ་འབུལ༔ དགའ་བཞིའི་ཡེ་ཤེས་དགྱེས་པ་བསྐྱེད༔ རྫུ་འཕྲུལ་སྟོབས་ལྡན་ཞིང་ཁམས་ཉུལཿ སྲིད་པ་གསུམ་ལ་དབང་སྒྱུར་མཿ གློག་ལས་ཕྲིན་ལས་རབ་མྱུར་བའིཿ རྡོ་རྗེ་དྲག་མོ་རྒྱལ་ལ་བསྟོདཿ ཁྱེད་ཐུགས་དགྱེས་པའི་ཆགས་པ་བསྐྱེདཿ རབ་ཏུ་བརྩེ་བས་འཛུམ་ཞལ་སྟོནཿ ཉི་མ་དང་ནི་ཟེར་བཞིན་འགྲོགསཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་འཛིན་སྐྱོང་སྤེལ་གསུམ་དངཿ དངོས་གྲུབ་བྱིན་ཕོབ་ཕྲིན་ལས་སྒྲུབསཿ སྦྱོར་སྒྲོལ་ཉམས་ལེན་རྗེས་འཛིན་སྐྱོངསཿ ཀོ་ལོང་རུ་ང་མ་མཛད་པརཿ འདོད་དོན་ཕྲིན་ལས་ལྷུན་གྲུབ་མཛོདཿ  
 
ཨཱྂཿ «འབར་མའི་གཏོར་འབུལ་ནིཿ »ཧཱུྃཿ འོག་མིན་གསང་ཆེན་རོལ་པ་ནས༔ ཡང་དག་དོན་གྱི་བཀའ་སྲུང་མཿ ལྟ་སྒོམ་སྤྱོད་ལ་དབང་སྒྱུར་བའིཿ འབར་མ་མཆེད་གསུམ་སྤྱན་འདྲེན་ནོཿ བདུད་རྩི་སྨན་དང་རཀྟའི་བཅུདཿ བ་ལིངཾ་རྒྱན་ལྡན་གཏོར་མ་དངཿ དགའ་བཞི་ཟག་མེད་བདེ་བ་ཆེཿ ཐུགས་དམ་གཉན་བོ་སྐོང་གྱུར་ཅིགཿ བཀའ་གསང་རྨད་དུ་བྱུང་བ་ཡིཿ དཀྱིལ་འཁོར་སྐྱོང་བའི་མཐུ་མོ་ཆེ༔ མཐིང་དཀར་དམར་པའི་འོད་ཟེར་འཕྲོ༔ སྲིང་མོ་གསུམ་ལ་བདག་བསྟོད་དོཿ འོད་གསལ་རྫོགས་པ་ཆེན་པོ་ཡིཿ ཡང་གསང་ཐུགས་ཀྱི་ཐིག་ལེ་ཆོསཿ སྲོག་གི་དྭངས་མར་སྲུངས་མཛོད་ལཿ རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ལཿ ལུས་དང་གྲིབ་བཞིན་མི་འབྲལ་འགྲོགསཿ བདེ་སྟོང་ཟག་མེད་རྟོགས་པ་སྤོརཿ ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོདཿ«  
 
«དམག་ཟོར་རྒྱལ་མོའི་གཏོར་འབུལ་ནིཿ »བྷྱོཿ རབ་འབྱམས་རྒྱལ་བའི་ཕྲིན་ལས་མཿ དཔལ་ལྡན་དམག་ཟོར་དཔལ་ལྷ་མོཿ བདག་དང་ཐ་ཚིག་དྲན་གྱིས་ལཿ འདིར་གཤེགས་དགྱེས་བཞུགས་བརྩེ་བར་དགོངསཿ དམ་ཚིག་དྲན་པའི་བ་ལིདྟ༔ ཟས་སྣ་སྐྱེམས་ཕུད་མཐུན་རྫས་སོགསཿ དགྱེས་པར་བཞེས་ལ་ཐུགས་དམ་བསྐངཿ འདོད་པ་ཁམས་ཀྱི་དབང་ཕྱུག་མའིཿ ཕྲིན་ལས་ཕོ་ཉ་མཐུ་ལྡན་མཿ ལྷ་མོ་ཁྱོད་ལ་བདག་བསྟོད་དོཿ སངས་རྒྱས་བསྟན་སྲུངས་དཀོན་མཆོག་གསུམཿ དབུ་འཕང་བསྟོད་ལ་སྔགས་བསྟོད་གྱིསཿ འཛམ་གླིང་ཉི་འོག་ཁྱབ་པ་དངཿ བདག་ཉིད་རྣལ་འབྱོར་སྒྲུབ་པ་པོའིཿ བསམ་པའི་དོན་དང་གཉེར་བའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ   
 
«ཚེ་རིང་མཆེད་ལྔའི་བཏོར་འབུལ་ནིཿ »ཀྱེཿ དབྱིངས་ཕྱུག་མཁའ་འགྲོ་སྡེ་ལྔ་མཿ བསྟན་པ་སྐྱོང་ཕྱིར་ལྷ་མོའི་སྐུརཿ ཡོངས་བཞེངས་སྨན་བཙུན་ཆེན་མོ་ནིཿ ཇོ་མོ་བཀྲ་ཤིས་ཚེ་རིང་མཿ མཐིང་གི་ཞལ་བཟང་མགྲིན་བཟང་མཿ གླང་བཟང་གཏལ་དཀར་འགྲོ་བཟང་མཿ སྨན་བཙུན་བཙུན་མོ་མཆེད་ལྔ་དངཿ བསྟན་སྐྱོང་གཡའ་མའི་ཚོགས་དང་བཅསཿ རྡོ་རྗེ་འཛིན་དང་པདྨ་འབྱུང༔ རིག་འཛིན་ཆེན་པོའི་ཐ་ཚིག་བཞིནཿ འདིར་གཤེགས་དཀར་གསུམ་མངར་གསུམ་ལས༔ གྲུབ་པའི་རྒྱན་ལྡན་ཞལ་ཟས་དང༔ ཕྱེ་མར་ཟས་སྣ་སྐྱེམས་ཕུད་ཀྱིཿ མཆོད་པ་དམ་པ་འདི་བཞེས་ལཿ ཐུགས་དམ་བསྐངས་ལ་ཉསམ་ཆགས་བཤགསཿ དཀར་དམར་ཐབ་གཞོབ་མཁོན་གྲིབ་སྦྱངཿ གླིང་བཞིའི་ཕྱྭ་གཡང་གཉེར་འཛིན་པའིཿ རྫུ་འཕྲུལ་སྟོབས་ལ་དབང་སྒྱུར་ཞིངཿ སྒྲུབ་པ་པོ་ལ་སྙིང་ཉེ་མཿ སྨན་བཙུན་མཆེད་ལྔར་བརྩེ་བས་བསྟོདཿ སངས་རྒྱས་བསྟན་སྐྱོངས་མཆོག་གསུམ་བཀུརཿ སྔ་འགྱུར་བསྟན་པའི་མེལ་ཚེ་གྱིསཿ རྡོ་རྗེ་སློབ་དཔོན་བུ་སློབ་དང༔ བདག་ཅག་རིག་པ་འཛིན་པ་ལཿ ལེགས་པ་ཆོས་ལ་ཉེས་པ་ཟློག༔ ཕྱྭ་གཡང་དངོས་གྲུབ་ཆར་ལྟར་ཕོབཿ འབྲུ་ནོར་ལོངས་སྤྱོད་རིན་ཆེན་དང༔ ཟས་གོས་དགོས་འདོད་ཆར་ལྟར་ཕོབ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིཿ ཕྲིན་ལས་ཁྱོད་ཀྱིས་སྒྲུབས་མཛོད་ཅིགཿ   
 
«དགེ་བསྙེན་དྲག་པོའི་གཏོར་འབུལ་ནིཿ» བྷྱོཿ ཁྲག་ཞག་རྒྱ་མཚོ་ཁྲུགས་ཀློང་ནསཿ གཏེར་གྱི་སྲུང་མ་དམ་ཚིག་ཅནཿ བསྙོ་ཁེ་ནག་པོ་ཏི་པ་ཙཿ མི་ལུས་སྡིག་པའི་མགོ་བོ་ཅནཿ མུན་མདོག་སྦྲུལ་གྱི་མཇུག་མས་བརྒྱནཿ རལ་གྲི་དང་ནི་གཏེར་བུམ་འཛིནཿ རྟ་ནག་རླུང་གི་གཤོག་པ་བཅིབསཿ བཙུན་མོ་སྲས་དང་སྤྲུལ་འཁོར་བཅསཿ གློག་ལྟར་མྱུར་བར་འདིར་གཤེགས་ལཿ བཞུགས་གསོལ་དམ་ཚིག་དྲན་པར་གྱིས༔ རི་ལྟར་བརྗིད་མཐོ་གཏོར་མ་དང༔ གསེར་སྐྱེམས་གཡུ་སྐྱེམས་འོ་ཕུད་ཁྲགཿ ཤ་ཁྲག་ཟས་སྣ་ལ་སོགས་པའིཿ མཆོད་དོ་དགྱེས་པར་བཞེས་སུ་གསོལཿ འཁོར་བཅས་ཐུགས་དམ་གཉན་པོ་བསྐངཿ ཀོ་ལོང་རུ་ང་ཕྲག་དོག་དང༔ ཐུགས་འཁྲུགས་ལས་བགྱིས་བཟོད་པར་གསོལཿ དགྱེས་པའི་ཞལ་སྟོན་བརྩེ་བས་དགོངསཿ འཇིག་རྟེན་འདི་ན་དྲག་རྩལ་ཅནཿ གློག་ལྟར་ཕྲིན་ལས་རབ་མྱུར་བའིཿ དམུ་དང་ཀླུ་བདུད་བཤོས་པའི་སྲསཿ དམ་ཅན་ཁྱོད་ལ་བདག་བསྟོད་དོཿ ཡང་གསང་ཐིག་ལེ་སྐོར་གསུམ་གྱིཿ བསྟན་པ་སྲུངས་ལ་དེར་འཛིན་སྐྱོངསཿ བླ་མའི་སྐུ་ཚེ་བརྟན་པ་དང༔ བསྟན་དང་བདག་ལ་གནོད་པའི་དགྲ༔ ཟས་སྐལ་གཏད་དོ་མ་ཤོར་ཅིག༔ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོད༔   
 
«བདུད་མགོན་གཏོར་འབུལ་ནི༔ »བྷྱོཿ རབ་ཏུ་འཇིགས་པའི་དུར་ཁྲོད་ནསཿ རླུང་ནག་འཚུབས་མའི་གུར་གྱི་དབུསཿ བདུད་མགོན་ལེགས་གྲུབ་རྡོ་རྗེ་དང༔ ཡུམ་ཆེན་སིནྡྷ་ར་མ་ལཿ ལས་མཁན་བམ་རོ་ཕོ་མོ་བཅསཿ སྤྱན་འདྲེན་བཞུགས་གསོལ་དགྱེས་པར་དགོངསཿ བ་ལིང་ཨ་མྲྀ་ཏ་དང་ནིཿ རཀྟའི་མཆོད་པ་བཞེས་སུ་གསོལཿ མ་ཧཱ་ཀ་ལ་སིནྡྷ་ར་མ་བཱ་ལིངྟ་པཱཉྩ་རཀྟ་ཁཱ་ཧིཿ བདུད་མགོན་སེང་གེའི་གདོང་པ་ཅནཿ ཡུམ་མཆོག་ཁམས་གསུམ་ཟ་བྱེད་མཿ ལས་མཁན་མིང་སྲིང་ཕྲིན་ལས་བདགཿ འཁོར་དང་བཅས་ལ་བདག་བསྟོད་དོ༔ ཧེ་རུ་ཀ་དང་སེང་གེ་སྒྲཿ ཁྲག་འཐུང་དཔའ་བོའི་སྤྱན་སྔ་རུཿ ཞལ་བཞེས་དགོངས་ལ་ཕྲིན་ལས་སྒྲུབསཿ སྡང་དགྲ་དམ་ཉམས་གདུག་བ་ཅནཿ རྒྱལ་བསེན་དམ་སྲི་ལོག་འདྲེན་ཚོགསཿ ཐམས་ཅད་མིང་གི་ལྷག་མར་ཐོངསཿ ཞི་དང་རྒྱས་པས་ཐམས་ཅད་སྲུངས༔ དབང་དང་དྲག་པོས་སྡུས་ཚར་ཆོདཿ ཕྱོགས་ལས་རྣམ་པར་རྒྱལ་བར་མཛོདཿ   
 
«སྤུ་གྲི་མཆེད་གསུམ་མཆོད་པའི་ཐབསཿ »བྷྱོཿ མ་ལ་ཡ་དང་དུར་ཁྲོད་བརྒྱདཿ ཨུ་ཙ་ལ་ཡི་གནས་མཆོག་ནས༔ གདུག་པའི་སྤུ་གྲི་མཆེད་གསུམ་པོཿ གནས་འདིར་གློག་ལྟར་མྱུར་བར་གཤེགསཿ དགྱེས་དགུའི་འདོད་ཡོན་ལོངས་སྤྱོད་རྫས༔ དམ་རྫས་རྨད་བྱུང་ཤ་ཁྲག་བརྒྱནཿ མྱོས་བྱེད་ཁྲག་དང་བཟའ་བཏུང་ཚོགས༔ གསོལ་ལོ་མཆོད་དོ་དགྱེས་པར་གསོལཿ ཐུགས་དམ་བསྐང་ལ་ཕྲིན་ལས་སྒྲུབསཿ སྔོན་ཚེ་ཁས་བླངས་དམ་བཅས་བཞིནཿ འཛིན་པ་རང་གྲོལ་བཀའ་སྲུངས་ལ༔ དམ་ལྡན་སྤྱི་བོའི་ཐོད་དུ་ཁུརཿ དམ་མེད་སྲོག་གི་ཤན་པ་གྱིསཿ སྡང་བར་བྱེད་པའི་དགྲ་སྡེའི་དཔུང༔ དངོས་སམ་བརྒྱུད་ནས་འཚེ་བ་ཡིཿ དམིགས་པའི་ཡུལ་དུ་གྱུར་པ་ཀུནཿ བསད་རྟགས་དོན་སྙིང་ཁྱེར་ལ་ཤོགཿ ཇི་ལྟར་བཅོལ་པའི་ལས་རྣམས་ཀུནཿ མྱུར་དུ་སྒྲུབས་ཤིག་ས་མ་ཡཿ   
 
«གིང་ཆེན་མཆོད་པ་ནིཿ» ཧཱུྃཿ སྔོན་གྱི་བསྐལ་པའི་དང་པོ་ལཿ རྡོ་རྗེ་ཕག་མོ་གསང་བདག་གིསཿ བཀའ་བསྒོས་དམ་བཏགས་མངའ་གསོལ་བའིཿ གིང་ཆེན་སྡེ་བརྒྱད་གཤེགས་སུ་གསོལཿ བདུད་རྩི་སྨན་གྱི་མཆོད་པ་དང༔ དམ་རྫས་རྒྱན་ལྡན་མཆོད་པ་དང༔ རཀྟ་དམར་གྱིས་ཐུགས་དམ་བསྐང༔ ཐུགས་དམ་ཞལ་བཞེས་ཇི་བཞིན་དུ༔ བདག་དང་སྐད་ཅིག་མི་འབྲལ་འགྲོགས༔ ས་དང་ལམ་གྱི་བར་ཆད་སོལཿ ནད་གདོན་ཞི་ཞིང་ཚེ་བསོད་སྤེལཿ ཁམས་གསུམ་དབང་སྡུས་ལོག་འདྲེན་སྒྲོལཿ ཕན་པ་སྒྲུབས་ལ་གནོད་པ་ཟློག༔ བསམ་པའི་དོན་ཀུན་མྱུར་འགྲུབ་མཛོདཿ  «དུར་བདག་ཡབ་ཡུམ་མཆོད་པ་ནིཿ »བྷྱོཿ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ བདུད་ཕོ་སྲོག་གི་བདག་པོ་དངཿ སྲིན་མོ་ཁམས་གསུམ་ཟ་བྱེད་མཿ དམ་ཚིག་དགོངས་ལ་གནས་འདིར་གཤེགས༔ སློབ་དཔོན་དྲི་མ་མེད་པའི་དྲུང༔ དབང་རྟགས་རྡོ་རྗེ་སྤྱི་བོར་བཞགཿ དམ་ཚིག་བདུད་རྩི་ལྕེ་ལ་མྱོང༔ ཇི་ལྟར་ཁས་བླངས་དམ་བཅས་བཞིནཿ མཐུན་པའི་བཱ་ལིང་གཏོར་མ་དང༔ བདུད་རྩི་སྨན་དང་རཀྟའི་བཅུད༔ འབུལ་ལོ་དགྱེས་པ་ཆེན་པོར་རོལཿ བདག་ཏུ་འཛིན་བ་རང་གྲོལ་ནས༔ བཀའ་འདི་གཉེར་དུ་གཏད་པ་བཞིན༔ མ་གཡེལ་སྲུངས་ལ་འགྲོ་དོན་སྤེལ༔ རྣལ་འབྱོར་པ་ཡི་དྲོད་རྟགས་ཉུལཿ ལེགས་པ་འཆོས་ལ་ཉེས་པ་སོལཿ ས་དང་ལམ་གྱི་ཡོན་ཏན་སྤེལཿ སྡང་དགྲ་ལས་ངན་སྡིག་པོ་ཆེའིཿ སྲོག་དབུགས་ཕྲོལ་ལ་སྙིང་ཁྲག་འཐུངསཿ བདུན་རྒྱུད་མིང་གི་ལྷག་མར་ཐོངཿ མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ   
 
«ཀླུ་བདུད་མིང་སྲིད་གཏོར་འབུལ་ནིཿ »བྷྱོཿ གུ་རུ་དྲག་པོའི་བཀའ་སྡོད་ཆེཿ ཀླུ་བདུད་སྲོག་གི་ཤན་པ་དང༔ སྲིང་མོ་རུ་རུ་ཁྲག་འབར་མཿ སྦྲུལ་མཇུག་གཡོ་བས་རྒྱ་མཚོ་དཀྲུགསཿ ཚ་གྲང་འཁྲུགས་པས་དགྲ་བགེགས་སྒྲོལཿ སྲས་པོ་ནཱ་ག་གུ་ལང་དང༔ གཉེན་དང་སྡེ་བརྒྱད་ཀླུ་འབུམ་བསྐོརཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཐ་ཚིག་དགོངས་ལ་འདིར་གཤེགས་ཤིགཿ དགྱེས་བཞུགས་བརྩེ་བ་ཆེན་པོས་དགོངསཿ ཁྱོད་ལ་དགྱེས་པའི་མཆོད་པ་ནི༔ དཀར་གསུམ་ཀླུ་སྨན་གཏོར་མ་དང༔ བདུད་རྩིའི་འོ་ཆབ་མངར་གསུམ་སྦྱརཿ ཤིང་ཏོག་འབྲུ་སྣ་རྩི་འབྲས་བཅུདཿ ཁྱད་པར་དངོས་འབྱོར་ཡིད་ལས་སྤྲུལཿ ལུས་གསོའི་སྨན་དང་ཡིད་གསོའི་ཚིགཿ དྲི་ཞིམ་སྤོས་དཀར་དུད་པ་སོགསཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐངཿ ཀླུ་བདུད་ནག་པོ་ཐུགས་དམ་བསྐང༔ སྲིང་མོ་ཁྲག་འཇོམ་ཐུགས་དམ་བསྐང༔ འཁྲིག་སྲས་ཆེན་པོ་ཐུགས་དམ་བསྐང༔ འཁོར་དང་ཡང་འཁོར་ཐུགས་དམ་བསྐང༔ བླ་མའི་བཀའ་ཉན་དམ་ལ་གནསཿ སྟོབས་དང་མཐུ་སྟོབས་རྫུ་འཕྲུལ་ཆེཿ ལས་ལ་དབང་སྒྱུར་དྲག་གཏུམ་རྔམསཿ ཀླུ་བདུད་འཁོར་དང་བཅས་ལ་བསྟོདཿ རྡོ་རྗེ་འཆང་དང་གསང་བའི་བདགཿ ཐོད་ཕྲེང་དྲག་རྩལ་སྤྱན་སྔ་རུཿ ཐ་ཚིག་བྲོ་བོར་ཇི་བཞིན་དུཿ གསང་སྔགས་བསྟན་པ་སྲུང་པ་དང༔ གུ་རུའི་བརྒྱུད་འཛིན་བུ་བཞིན་སྐྱོངསཿ རང་ལ་ཀོ་ལོང་མི་སྡོམ་པར༔ སྔང་བྱེད་དགྲ་ལ་ཐོག་ལྟར་རྒྱུགཿ དམ་ཉམས་བཟུང་ནས་གཏོང་མི་ཤེསཿ ལས་མྱུར་ལོངས་སྤྱོད་སྤེལ་བ་ཡིཿ ཁས་བླངས་དུས་ལས་མ་གཡེལ་བརཿ རྣམ་བཞིའི་འཇུག་པ་ལྟུར་ལེན་གྱིསཿ དམ་ལས་མ་འདའ་ས་མ་ཡཿ« གུ་རུ་དྲག་པོའི་ཆ་ལག་ཆོསཿ ཀླུ་གཤོག་ངོ་ལས་ཕབ་པའོཿ »  
 
«བཙན་རྒོད་གཏོར་འབུལ་ནིཿ» ཧྲཱིཿ དབང་དྲག་པདྨའི་བཀའ་ཉན་པཿ ཁྲག་མཚོ་མེ་རླུང་འཁྲུགས་པའི་དབུསཿ གདུག་པའི་བཙན་རྒོད་མཐུ་བོ་ཆེཿ དམར་ནག་འཇིགས་རུང་ཤ་བའི་དབུཿ མདུང་དམར་བཙན་ཞགས་དགྲ་སྙིང་འཛིནཿ དར་དམར་བེར་དང་མི་ལྤགས་གསོལཿ རླུང་གི་ཤུགས་ལྡན་རྟ་དམར་ཆིབསཿ གནོད་སྦྱིན་རོལ་པ་རྐྱ་བདུན་དང༔ བཙན་དམར་སུམ་བརྒྱ་དྲུག་ཅུས་བསྐོརཿ དམ་ཚིག་ཅན་ཁྱོད་གཤེགས་སུ་གསོལཿ ཤ་ཁྲག་གཏོར་མ་རྒྱན་ལྡན་དང༔ སྐྱེམས་ཆང་ཁྲག་དང་ཟས་སྣའི་ཚོགས༔ གསོལ་ལོ་མཆོད་དོ་མངའ་གསོལ་ལོཿ མཐུ་ལྡན་ལས་ཀྱི་དབང་ཕྱུག་ཆེ༔ དགྲ་ཁམས་ཐལ་བར་རློག་བྱེད་པའིཿ རྣལ་འབྱོར་པ་ཡི་ཕོ་ཉ་བཿ དམ་ཚིག་ཅན་ལ་བདག་བསྟོད་དོཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཐོད་ཕྲེང་ཡབ་ཡུམ་བཀའ་བསྒོས་བཞིནཿ བདག་དང་སྨོན་་ལམ་གཅིག་ཏུ་འབྲེལཿ བུ་དང་བྲན་གྱི་ཚུལ་ཉིད་དུཿ ཕྲིན་ལས་སྒྲུབ་པར་མ་ཆད་དམཿ ཉིན་མཚན་དུས་དྲུག་མ་གཡེལ་བརཿ གསང་སྔགས་སྤྱོད་པའི་རྣལ་འབྱོར་ལཿ སྙིང་ལྟར་འགྲོགས་ལ་མེལ་ཚེ་གྱིསཿ བསམ་པའི་དོན་དང་གཉེར་བའི་ལས༔ ཐོགས་པ་མེད་པར་མྱུར་དུ་སྒྲུབསཿ ལས་ཀུན་ཁྱོད་ལ་གཉེར་གཏད་དོཿ   
 
«གཏེར་བདག་གཏོར་མ་འབུལ་བ་ནིཿ »ཀྱེཿ གནོད་སྦྱིན་དེད་དཔོན་ཆེན་པོ་ནིཿ ནོར་བདག་ཨརྱཱ་ཛམྦྷ་ལཿ དབང་སྒྱུར་གཏུམ་ཆེན་མཐུ་བོ་ཆེཿ དབང་ཕྱུག་དྲག་སྐྱོང་ནོར་ལྡན་མཆོག༔ ཡབ་ཡུམ་སྲས་དང་བློན་འཁོར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ ཛམྦྷ་ལ་རཏྣ་བྷ་ཏྲ་ས་མ་ཡཱ་ཛཿ བརྗིད་པའི་གདན་ལ་དགྱེས་པར་བཞུགསཿ གུས་བས་ཕྱག་འཚལ་དམ་ཚིག་བསྲེ༔ དཀར་གསུམ་མངར་གསུམ་གཏོར་མ་དང༔ ཤ་ཁྲག་འདོད་ཡོན་ལོངས་སྤྱོད་ཚོགསཿ བཏུང་བའི་བྱེ་བྲག་བསམ་ཡས་ལཿ འཛམ་གླིང་འབྲུ་བཅུད་དངོས་རྫས་བཅསཿ མཐུ་ལྡན་ཁྱོད་ལ་མཆོད་པ་འབུལཿ ཟ་བ་ཟས་ཀྱིས་ཐུགས་དམ་བསྐང༔ བཏུང་བ་སྐོམ་གྱིས་ཐུགས་དམ་བསྐང༔ ལོངས་སྤྱོད་ནོར་གྱིས་ཐུགས་དམ་བསྐང༔ བརྩེ་གདུང་སེམས་ཀྱིས་ཐུགས་དམ་བསྐང༔ བདག་ཀྱང་དམ་ལས་མི་འདའོཿ ཁྱོད་ཀྱང་དམ་ལས་མ་འདའ་བརཿ དད་དང་དམ་ཚིགས་གཅིག་ཏུ་བསྲེཿ འཛམ་གླིང་གནམ་སར་དབང་སྒྱུར་བརཿ རྡོ་རྗེ་འཛིན་པས་དབང་བསྐུར་ཅིངཿ ས་སྤྱོད་དབང་ཕྱུག་སེམས་དཔའ་ཆེཿ དྲེགས་ལྡན་གཙོ་བོ་ཁྱོད་ལ་བསྟོདཿ དྲི་མ་མེད་དང་གསང་བའི་བདགཿ ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུཿ ཐུགས་དམ་ཞལ་བཞེས་རྗེས་དགོངས་ལཿ ཐིག་ལེ་སྐོར་གསུམ་གཉེར་ཁ་ཟུངསཿ རྩ་བ་གསུམ་གྱི་སྦྱིན་བདག་མཛོདཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོཿ བུ་བཞིན་སྐྱོངས་ལ་ཕྲིན་ལས་སྒྲུབསཿ འཛམ་གླིང་སྤོ་ན་མངོན་མཐོ་བའིཿ རྣམ་པར་རྒྱལ་བའི་རྒྱལ་མཚན་ཚུགསཿ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོདཿ   
 
«ཐང་ལྷའི་གཏོར་འབུལ་ནིཿ »རྃ་ཡྃ་ཁྃཿ ཨོཾ་ཨཱཿ་ཧཱུྃ་«གིས་བྱིན་གྱིས་བརླབས་ནསཿ »ཀྱེཿ རང་གྲུབ་རིན་ཆེན་འཕྲུལ་གྱི་གཞལ་ཡས་ནསཿ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་པའིཿ རོལ་སྲས་གཉན་གྱི་རྒྱལ་པོ་མཐུ་བོ་ཆེཿ བཙུན་མོ་སྲས་འཁོར་བཅས་པ་གནས་འདིར་གཤེགསཿ དགྱེས་བཞུགས་གུས་པ་ཆེན་པོས་རྗེས་ཡི་རངས༔ ལྷ་མཆོག་ཁྱོད་ལ་མཐུན་པའི་དམ་རྫསནིཿ གཏོར་མ་གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་དང༔ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་རྫསཿ མ་ཚང་མེད་པར་ལེགས་བཀོད་རྒྱ་ཆེན་གྱིཿ འབུལ་ལོ་མཆོད་དོ་འཛུམ་པའི་མདངས་སྟོན་ལཿ གསོལ་ལོ་རོལ་ཅིག་ཐུགས་དམ་གཉན་པོ་སྐོངཿ འཛམ་གླིང་དབང་སྒྱུར་རིན་ཆེན་གཏེར་གྱི་བདགཿ སྲོག་བདག་དཔའ་བོ་ཁྱོད་ལ་བདག་བསྟོད་དོཿ པདྨ་བཛྲ་ཁྲག་འཐུང་དཔའ་བོ་ཡིཿ སྤྱན་སྔར་ཁས་བླངས་སྲུང་མར་མངའ་གསོལ་ལྟརཿ དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང༔ མངའ་ཐང་ཆབ་སྲིད་སྙན་གྲགས་ལོངས་སྤྱོད་སྤེལ༔ ལྷ་འདྲེ་མི་གསུམ་དགྱེས་སྡེ་དབང་དུ་སྡུསཿ མདོར་ན་ཐུགས་ཀྱི་བཞེད་དོན་གང་ཡིན་པ༔ འབད་མེད་ཡིད་བཞིན་ལྷུན་གྱིས་གྲུབ་པ་དངཿ དམ་ལྡན་རྣལ་འབྱོར་བདག་གི་གྲོགས་མཛོད་ཅིགཿ« »  
 
«གཏེར་བདག་མཆོད་པ་ནིཿ »ཀྱཻཿ འཛམ་བུ་གླིང་ལ་དབང་སྒྱུར་བའིཿ མཐུ་ལྡན་དྲེགས་པའི་སྡེ་དཔུང་ཚོགས༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེསཿ གསེར་སྐྱེམས་གཡུ་སྐྱེམས་ཕུད་ཀྱིས་མཆོདཿ ཡང་གསང་བསྟན་པ་སྐྱོང་བ་དངཿ འཛིན་བ་རང་གྲོལ་ཉམས་ལེན་བའིཿ དམ་ལྡན་རྣལ་འབྱོར་ཕོ་མོ་སྐྱོངསཿ བླ་མ་མཁའ་འགྲོའི་སྤྱན་སྔ་རུཿ ཇི་ལྟར་ཁས་བླངས་དམ་བཅས་བཞིནཿ མ་གཡེལ་ལས་བཞི་ལྷུན་གྲུབ་ཅིངཿ ཕྱོགས་ལས་རྣམ་པར་རྒྱལ་བ་ཡིཿ རྒྱལ་མཚན་ཕྱོགས་དུས་ཀུན་ཏུ་ཕྱོརཿ བཀྲ་ཤིས་བདེ་ལེགས་ཡོངས་འགྲུབ་མཛོདཿ«
 
༄༅། །ཡང་གསང་མཁའ་འགྲོ་ཐུགས་ཐིག་ལས༔ དམ་ཅན་འཁྲུགས་སྐོང་གསེར་ཞུན་བཞུགསཿ ྅྅྅དཔལ་ཆེན་ཧེ་རུ་ཀ་ལ་འདུདཿ ཟབ་གསང་གདམས་པའི་གཉེར་འཛིན་མཆོགཿ དམ་ཅན་རྒྱ་མཚོའི་འཁྲུགས་སྐོང་བཿ གསེར་ཞུན་མ་ཞེས་བྱ་བར་བསྟནཿ རིན་ཆེན་གླང་གཙུག་ཚོགས་གཏོར་དང༔ དཀར་ཟླུམ་དམར་གཏོར་དབང་པོ་ལྔཿ འབྲང་རྒྱས་སྨན་ལེབ་སྨན་རཀ་བཤམསཿ ལྟ་བ་གྱད་གྱི་ངར་ལྡན་བསཿ »ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་«ཀྱིས་བསངསཿ »ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷ་རྨཿསྭ་བྷ་ཝ་ཤུདྡྷོ་྅ཧཾཿ«གིས་སྦྱངསཿ »ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱཿ སརྦ་ཏྑཾ་ཨུངྒ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ «བདུན་ནམ་གསུམ་གྱིས་ནམ་མཁའ་མཛོད་ཀྱི་ལོངས་སྤྱོ་འདོད་ཡོན་ལྔ་ལྡན་གྱི་སྤྲིན་ཕུང་འཕྲོ་བར་བྱིན་གྱིས་བརླབས་ལཿ »ཧཱུྃཿ ཀུན་བཟང་ཡབ་ཡུམ་མཁའ་ཀློང་ལསཿ ཡོངས་ཤར་དམ་ཅན་སྲུང་མའི་སྡེཿ ཿསྔགས་ཀྱི་སྲུང་མ་ཁྲོས་མའི་རྒྱལཿ མོ་རྒྱུད་མ་མོ་དཔལ་ལྷ་མོཿ འབྱུང་བ་ལྔ་ལ་དབང་སྒྱུར་ཞིང༔ སྲིད་པ་གསུམ་གྱི་བདེ་སྡུག་སྟོནཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ ཁྱོད་ལས་མ་བྱུང་གང་ཡང་མེད༔ སྐྱེ་འགྲོའི་སྲོག་གི་བདག་མོ་ཆེཿ ཁྱོད་ཀྱིས་ཀོ་ལོང་བསྡམས་ཙ་ནཿ ཁ་རླངས་སྔོ་དམར་འཁྲིགས་པ་ཡིས༔ སྲིད་གསུམ་ནད་དང་མཚོན་ཆར་འབེབསཿ ཡེ་ཤེས་ལྷ་ཡང་དབང་དུ་སྡུད༔ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགསཿ སྒྲུབ་པ་པོ་ལ་དྲོད་རྟགས་ཡལཿ རྣལ་འབྱོར་ཕོ་མོར་ཉམ་ང་སྡངཿ ཕོ་རིགས་ཀུན་ཀྱི་སྲོག་ལ་འཚེཿ མོ་རིགས་ཀུན་ཀྱི་བཀྲག་མདངས་ལེནཿ མི་འདོད་ཆགས་ཆེ་ཐོག་ལྟར་འབེབསཿ འདི་དང་ཕྱི་མའི་སྡུག་བསྔལ་བསྐྱེདཿ དེ་ཕྱིར་མ་མོ་མ་གཡེལ་ཅིགཿ ལྷ་ཆེན་དཔལ་འབར་མ་ནིང་ནགཿ སྤྲུལ་པ་སྐུ་གསུང་ཐུགས་ཡོན་ཏནཿ ཕྲིན་ལས་མགོན་པོ་སྡེ་ལྔ་དང༔ སྲས་དང་སྤྲུལ་པ་ཡང་སྤྲུལ་སོགསཿ དཔལ་མགོན་བདུན་ཅུ་རྩ་ལྔར་བཅསཿ ཕོ་རྒྱུད་མགོན་པོའི་སྡེ་ཚོགས་དཔུང༔ མཐུ་ལྡན་དྲང་སྲོང་རཱ་ཧུ་ལཿ གཟའ་བརྒྱད་གདོང་མོ་རྒྱུ་སྐར་ཚོགསཿ མཐུ་ཆེན་སྲུང་མའི་སྡེ་ཚོགས་དང༔ གཏེར་སྲུང་དམ་ཅན་རྒྱ་མཚོར་བཅསཿ དབྱིངས་ལ་ཁྲོ་བ་མི་མངའ་ཡངཿ རྣལ་འབྱོར་དམ་ཚིག་མི་ལྡན་ཞིངཿ སྒོ་གསུམ་བག་མེད་དབང་གྱུར་པའིཿ སོ་ཐར་སྡོམ་དང་བྱང་སེམས་བསླབཿ རིག་འཛིན་སྔགས་ཀྱི་བསྲུང་བྱ་མཆོགཿ རྡོ་རྗེ་སློབ་དབོན་སྐུ་གསུང་ཐུགསཿ རྩ་བ་ཡན་ལག་དམ་ཉམས་ཤིངཿ ཁས་བླངས་ཚིག་ལས་འགལ་གྱུར་པསཿ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགསཿ དམ་ཅན་སྲུང་མ་མཁོན་གྱུར་པཿ གཞན་ཡང་སྤྱོ་ལམ་མ་གཟོབ་པསཿ ཚོགས་གཏོར་ཆག་ཅིང་ཕུད་ཉམས་དང༔ ལྷ་ལ་སྤང་ལེན་དུས་མཆོད་ཆགཿ ཏིང་འཛིན་གཡེལ་ཞིང་ལྟ་སྒོམ་ཉམསཿ བརྟུལ་ཞུགས་ཆུང་དང་ཐ་མ་ལ་ཤོརཿ མཛེ་ཡུག་དམེ་དང་དམ་ཉམས་བསྟེན༔ སྙིང་རྗེས་སེམས་ཅན་དོན་མ་བྱསཿ གསང་སྔགས་སྦྱོར་སྒྲོལ་སྤྱོད་པ་སྤངསཿ སྔགས་ལ་གཤེ་ཞིང་ལྟར་སྣང་བསྒྲུབསཿ དེ་སོགས་འགལ་འཁྲུལ་ནོངས་པའི་རྒྱུསཿ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ མཁོན་འཁྲུགས་གཡེལ་ཞིང་ཐུགས་འགལ་ཞིངཿ བཀའ་ཡི་ཆད་པའི་རྒྱུར་བསྒྲུབས་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ དགོས་འདོད་ནོར་བུའི་ཚོགས་གཏོར་དང༔ དཀར་གསུམ་མངར་གསུམ་ལྷའི་ཞལ་ཟསཿ ཤ་ལྔ་བདུད་རྩི་ལྔར་སྦྱར་བའིཿ བཱ་ལིང་ཤ་ཁྲག་དམར་གཏོར་དངཿ སྐྱེ་མཆེད་དག་པའི་དབང་པོ་ལྔཿ དགོས་འདོད་ཀུན་འབྱུང་འབྲང་རྒྱས་བརྗིདཿ གསོ་བའི་སྨན་དང་འདོད་དགུའི་གཏེརཿ བདུད་རྩི་སྨན་དང་རཀྟའི་མཚོཿ གཞན་ཡང་གཟུགས་མཛེས་སྒྲ་སྙན་དང༔ དྲི་ཞིམ་རོ་མངར་རེག་བྱ་འཇམཿ གཞན་ཡང་དངོས་འབྱོར་ཡིད་ལས་སྤྲུལཿ སྲིད་ཞིའི་དཔལ་ཡོན་བླ་མེད་པཿ མ་ཚང་མེད་པར་ལེགས་བཀོད་འདིསཿ མ་ཅིག་སྔགས་ཀྱི་སྲུང་མ་དངཿ དཔལ་ལྡན་ལྷ་མོ་དཔལ་ལྷ་མོ༔ འདོད་པ་ཁམས་ལ་དབང་སྒྱུར་བའིཿ མོ་རྒྱུད་མ་མོའི་ཐུགས་དམ་བསྐང༔ སྟོབས་ལྡན་མ་ནིང་ནག་བོས་གཙོསཿ སྔགས་བསྟན་སྐྱོང་ཞིང་དམ་ཉམས་སྒྲོལཿ འཇིག་རྟེན་ཁམས་ཀྱི་མཐུ་ཆེན་སྡེཿ ཕོ་རྒྱུད་མགོན་པོའི་ཐུགས་དམ་བསྐང༔ དྲག་རྩལ་གཟའ་བདུད་རཱ་ཧུ་ལཿ གཟའ་ཆེན་བརྒྱད་དང་གདོང་མོ་བཞིཿ རྒྱུ་སྐར་ལ་སོགས་གནམ་སའི་བདགཿ གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང༔ གཞན་ཡང་རྒྱལ་བས་དམ་བཞག་པའིཿ བསྟན་པ་སྲུང་བའི་བཀའ་སྲུང་ཚོགསཿ མཐུ་དང་རྫུ་འཕྲུལ་ལ་དབང་བའིཿ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངཿ འཛམ་བུ་གླིང་ལ་དབང་སྒྱུར་བའིཿ གསང་སྔགས་བསྟན་པའི་ཞབས་ཏོག་སྤེལཿ སྐྱེ་འགྲོར་བདེ་སྐྱིད་དངོས་གྲུབ་སྟེརཿ གཉེར་སྲུང་ཚོགས་ཀྱི་ཐུགས་དམ་བསྐང༔ སོ་སོའི་ཐུགས་དང་མཐུན་པ་ཡིཿ སྐོང་རྫས་བྱེ་བྲག་དཔག་མེད་པསཿ ཐུགས་དམ་གཉེན་པོ་དགྱེས་བསྐངས་ལཿ ཐུགས་དང་འགལ་བར་བགྱིས་པ་ཡིསཿ འགལ་འཁྲུལ་ཉམས་ཆག་ཐམས་ཅད་དངཿ ཁས་བླངས་དམ་ལས་ཉམས་གྱུར་པཿ མཐོལ་ལོ་བཤགས་སོ་ཚངས་པར་སྩོལཿ ཀྱེཿ མ་གཡེལ་མ་གཡེལ་སྲུང་མའི་ཚོགསཿ ཁྱོད་ཐུགས་ཞི་བ་བྱང་ཆུབ་སེམསཿ ཚངས་བ་ཆེན་པོའི་སྒོ་ཕྱེས་ལཿ བདག་ལ་བརྩེ་ཆེན་ཐུགས་རྗེ་ཡིསཿ རྗེས་བཟུང་ཚངས་པའི་དངོས་གྲུབ་སྩོལཿ བདག་ནི་ལས་ཉོན་དྲག་པོས་མནརཿ མ་དག་སྒྱུ་མའི་སྤུབས་སུ་ཆུདཿ གཟུང་འཛིན་མདུད་པ་དམ་པོ་ཡིསཿ ཀུན་དཀྲིས་བག་ཆགས་ངན་པའི་རྒྱུསཿ སྒོ་གསུམ་ལས་ངན་རྒྱུར་བསྒྲུབས་དངཿ ཆོས་ཉིད་དོན་ལས་གཡེལ་བ་ཀུནཿ སླར་ཡང་རང་བྱུང་རིག་གདངས་ཀྱིསཿ ཆོས་ཉིད་དོན་གྱི་ཀློང་དུ་བཤག༔ ལྟ་བ་ནོར་ན་དབྱིངས་སུ་བཤགསཿ རྟག་ཆད་བྲལ་བའི་ཐུགས་དམ་བསྐང༔ སྒོམ་པ་ཡེངས་ན་རིག་པས་སྐྱོང༔ འཛིན་རྟོག་བྲལ་བའི་ཐུགས་དམ་བསྐང༔ སྤྱོད་པ་འཆོལ་ན་སྤང་བླང་ཞིགཿ ཚོགས་གཏོར་མདངས་ཀྱིས་ཐུགས་དམ་བསྐང༔ མདོར་ན་དབྱིངས་ཀྱི་རྗེ་མོ་དང༔ མ་མགོན་གཟའ་བདུད་དམ་ཅན་ཚོགས༔ བདག་དང་ཐུགས་ཡིད་གཅིག་ཏུ་བསྲེ༔ བསྐང་བྱ་སྐོང་བྱེད་བསྐང་ཡུལ་དང༔ བཤགས་བྱ་བཤགས་བྱེད་བཤགས་ཡུལ་སོགསཿ ཀ་དག་རིག་པའི་ཀློང་དུ་ཨཱཿ «རྣལ་འབྱོར་བག་མེད་དམ་ཚིག་ཉམས་པའི་དུསཿ དམ་ཅན་རྒྱ་མཚོའི་འཁྲུགས་སྐོང་འདི་ལ་འབདཿ ཉམས་འགལ་རལ་བས་དམ་འཁྲུགས་ཀུན་སྦྱོང་ཞིངཿ འབད་མེད་བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབསཿ དམ་ཅན་རྒྱ་མཚོ་བྲན་དུ་དབང་འདུ་ཞིངཿ ཕྲིན་ལས་གང་བཅོལ་འབད་མེད་མྱུར་དུ་འགྲུབཿ དཔལ་མགོན་མ་ནིང་ནག་པོའི་བཀས་བསྐུལ་ལྟརཿ དམ་ཅན་གསང་རྒྱུད་དུག་མཚོ་ཁོལ་མ་ནས༔ ཐོད་ཕྲེང་དྲག་པོ་རྩལ་གྱིས་བཏུས་པ་བཞིནཿ བདག་ཉིད་ཁྲག་འཐུང་ལས་ཀྱི་དཔའ་བོས་ཕབཿ ཡི་གེའི་འདུ་བྱེད་ཨ་ཏིའི་རྣལ་འབྱོར་བཿ འཁྲུལ་ཞིག་རིག་པའི་ཡེ་ཤེས་ཞེས་བྱས་བྲིསཿ དམ་ཅན་རྒྱ་མཚོའི་ཐུགས་དམ་ཡོངས་སྐོང་ཞིངཿ སྒྲུབ་པ་པོ་ལ་བཀྲ་ཤིས་བདེ་ལེགས་ཤོགཿ  

}}
}}

Latest revision as of 17:01, 28 June 2024

Wylie title las mdzad dam can mchod sgrub
Location mdo mkhyen brtse bka' 'bum
Volume 7, Text 84, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Colophon

དམ་ཅན་སྐྱེས་བུའི་མཆོད་སྒྲུབ་འདིཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ཕབཿ རྣོ་མྱུར་ལག་ཏུ་ལོངས་དང་ཤེསཿ ས་མ་ཡཿ རྒྱཿ

dam can skyes bu'i mchod sgrub 'di: pad+ma thod phreng bka' bzhin du: khrag 'thung las kyi dpa' bos phab: rno myur lag tu longs dang shes: sa ma ya: rgya:

[edit]
ཨཱྂཿ ལས་མཛད་དམ་ཅན་མཆོད་སྒྲུབ་ནིཿ ཀྱཻཿ འོ་ཡུག་ཤིང་གི་གནས་མཆོག་ནས༔ རྡོ་རྗེ་འཛིན་པའི་བཀའ་ཉན་པཿ སྐྱེས་མཆོག་བཛྲ་ཐིག་ལེ་རྩལཿ སྐུ་ཡི་སྤྲུལ་པ་མགར་བ་ནགཿ གསུང་སྤྲུལ་གནོད་སྦྱིན་དམ་ཚིག་ཅནཿ སུམ་བརྒྱ་དྲུག་ཅུ་འཁོར་བཅས་གཤེགསཿ གཡར་དམ་དྲན་ཞིང་དགྱེས་པར་བཞུགསཿ ཤ་ཁྲག་ཟས་སྣས་བརྒྱན་པ་ཡིཿ བརྗིད་ལྡན་དམ་རྫས་གཏོར་མ་དང༔ མྱོས་བྱེད་ཆང་དང་བསད་པའི་ཁྲགཿ ར་གསུར་ལ་སོགས་མཆོད་པའི་ཚོགས༔ མཆོད་དོ་འབུལ་ལོ་བཞེས་སུ་གསོལཿ གཙོ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང༔ ལས་མྱུར་སྙིང་ཉེ་ཕྲག་ཡངས་པའིཿ སྟོབས་ལྡན་ཁྱོད་ལ་བདག་བསྟོད་དོཿ མི་འདོད་རྐྱེན་ངན་བར་ཆད་སོལཿ ཚེ་བསོད་ལོངས་སྤྱོད་སྙན་གྲགས་སྤེལཿ གཞན་སེམས་ཟས་ནོར་དབང་དུ་སྡུསཿ སྡང་དགྲ་བསམ་ངན་འཆང་རྣམས་ལཿ ཆོ་འཕྲུལ་མི་འདོད་རྐྱེན་ངན་ཐོངསཿ ཚེ་ཕྲོགས་སྲོག་ཆོད་དོན་སྙིང་རོལཿ བདག་གིས་ཇི་ལྟར་བཅོལ་བའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ« དམ་ཅན་སྐྱེས་བུའི་མཆོད་སྒྲུབ་འདིཿ པདྨ་ཐོད་ཕྲེང་བཀའ་བཞིན་དུཿ ཁྲག་འཐུང་ལས་ཀྱི་དཔའ་བོས་ཕབཿ རྣོ་མྱུར་ལག་ཏུ་ལོངས་དང་ཤེསཿ ས་མ་ཡཿ རྒྱཿ