DKYD-KABUM-06-CHA-020: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཡང་གསང་ཐུགས་ཐིག་ཆ་ལག་ལས། བསྙེན་གནས་བྱང་ཆུབ་བདེ་ལམ།
|fulltitle=yang gsang thugs thig cha lag las bsnyen gnas byang chub bde lam
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum

|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|deity=thugs rje chen po
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=06
|volumenumber=06
|volumeLetter=CHA
|volnumtib=
|volyigtib=ཆ
|totalvolumes=8
|textnuminvol=020
|textnuminvol=020
|multivolumework=No
|colophontib=བསྙེན་གནས་ཆོ་ག་བྱང་ཆུབ་བདེ་ལམ་ཞེསཿ ཏཱ་རེ་སྤྲུལ་བསྒྱུར་ཆོས་བདག་དབང་མོ་ཡིསཿ སྐུ་ཚེ་ལོངས་སྤྱོད་འཁོར་ལོའི་གསང་མཛོད་བསྟོལ། བྱང་སེམས་པདྨའི་མིང་གི་སྨྲས་པ་བཞིནཿ ཡི་གེ་འདུ་བྱེད་ཕྱག་ན་པདྨ་ཡིཿ བྱིན་རླབས་རིགས་པའི་ཡེ་ཤེས་ཀྱིས་བགྱིས་པའིཿ དགེ་བའི་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོགཿ ཇི་སྲིད་འཁོར་བའི་འཇིགས་བརྟེན་མ་སྟོང་པརཿ དེ་སྲིད་ཆོས་འདིས་འགྲོ་དོན་མཐར་ཕྱིན་ནསཿ བཟང་ངན་འབྲེལ་བའི་བསྡུས་དང་མ་བསྡུས་ཀུན ཕྱག་ན་པདྨོའི་གོ་འཕང་ཐོབ་འགྱུར་ཅིགཿ དགེའོ། བཀྲ་ཤིས་པར་གྱུར་ཅིག།
|colophonwylie=bsnyen gnas byang chub bde lam zhes: tA re sprul bsgyur chos bdag dbang mo yis: sku tshe longs spyod 'khor lo'i gsang mdzod br byang sems pad+ma'i ming gis smras pa bzhin: yi ge 'du byed phyag na pad+ma yis: byin rlabs rig pa'i ye shes kyis bgyis pa'i: dge bas 'gro kun sangs rgyas myur thob shog: ji srid 'khor ba'i 'jig rten ma stongs bar: de srid chos 'dis 'gro don mthar phyin nas: bzang ngan 'brel bas bsdus dang ma bsdus kun: phyag na pad+mo'i go 'phang thob gyur cig:_dge'o/_bkra shis par gyur cig/
|pdflink=File:DKYD-KABUM-06-CHA-020.pdf
|pdflink=File:DKYD-KABUM-06-CHA-020.pdf
|volumeLetter=CHA
|InitCategories=Khyentse Lineage Project; DKYD-KABUM-Volume-06-CHA

}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཧཱྃ། ཡང་གསང་ཐུགས་ཐིག་ཆ་ལག་ལས། བསྙེན་གནས་བྱང་ཆུབ་བདེ་ལམ་བཞུགས་སོ། «།ན་མོ་ལོ་ཀི་ཤྭ་ར་ཡཿ ཐུགས་རྗེ་ཀུན་ལ་སྙོམ་པའི་སྤྱན་རས་གཟིགས»ཿ «འགྲོ་དོན་སྡུག་བསྔལ་སྨག་རུམ་ཐུགས་རྗེ་ཡིསཿ འོད་སྟོང་དཀྱིལ་འཁོར་རྒྱས་པའི་སེལ་མཛད་གཉེནཿ བླ་མ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལཿ མ་འོངས་སྙིགས་མ་ལྔ་བདོའི་དུས་ཀྱིས་ཚེཿ འགྲོ་»དྲུག་«ཉོན་མོངས་སྡུག་བསྔལ་སྟོབས་ཆེན་གྱིསཿ མནར་ཞིང་ངན་སོང་རྒྱུར་བསྒྲུབ་གཟུགས་ཅན་དང་ཿ གཟུགས་མེད་འབྱུང་པོའི་གནོད་པ་རླུང་ལྟར་འཚུབསཿ དེ་ཚེ་མོས་པའི་སྤྱོད་པ་གང་ཡང་རུང་ཿ ཉམས་སུ་ལེན་རུང་ལམ་མང་བྱིན་ཆེ་ཞིང་ཿ ཐར་བའི་ལམ་ལ་འདྲེན་མཛད་ཆོས་འདིར་འགོདཿ དེ་ལ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་ཡེ་གྲོལ་གྱི་ལྟ་བ་རྟོགས་པའི་གང་ཟག་ལཿ ཐུན་མོང་ལམ་གྱི་སྤྲོས་པ་མ་མཆིས་ཀྱང་བསྐྱེད་རྫོགས་ལ་སྦྱངས་ཆ་ཅུང་ཟད་ཐོན་ཞིང་གསང་སྔགས་མོས་པར་སྤྱོད་པ་གང་ཡང་དཀའ་ཐུབ་གདུང་བ་དྲག་པོ་སྤྱོད་པའང་ཅུང་ཟད་བཀག་ཤིང་ཿ ལས་འབྲས་ཁྱད་དུ་མི་བསད་ཕྱིར་སྐབས་ཀྱི་སྤྱོད་པ་སྒྲིབས་སྦྱོངས་ལ་འབད་པ་བྱང་སེམས་སྔགས་ཀྱི་ལམ་མཆོག་ཏུ་བསྔགས་པའི་བསྙེན་པར་གནས་པའི་ཆོ་ག་ཟབ་མོ་སྒྲུབ་བར་བྱེད་པ་ལཿ གཙང་མའི་གནས་སུ་རྟེན་གྱི་དྲུང་ངམ་མ་འབྱོར་ཡང་ཆད་སྐྱོན་མེད་དེའིཿ གནས་དུས་དང་བསྟུན་པའི་སྟེག་བུར་མ་མཎྜལ་ཚོམ་བུ་གཅིག་པའི་གཡས་སུ་པདྨ་འདབ་བཞིར་ཁྲུས་བུམ་ཁ་བརྒྱན་མགུལ་ཆིང་གིས་སྤྲས་པ་བཀོདཿ གཡོན་ཏུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་འདབ་བཞི་བརྒྱན་ལྟར་བཤམཿ མཐར་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་བདུན་དང་མར་མེ་ཞལ་ཟས་སོགས་མཆོད་པ་རྒྱ་ཆེན་པོར་བསྐོར་ཞིང་ཿ ཡུལ་དེའི་གཉུག་མར་གནས་པ་ལ་མཆོད་པ་དང་བགེགས་ལ་གཏོར་མ་སྦྱིནཿ སྐྱ་རེངས་དང་པོ་ཤར་བའི་དུས་སུ་གོས་གསར་པ་བསྒོསཿ ཤིང་རྩི་དུད་པས་བསང་བ་དང། ཁྲུས་ཆུ་ལ་རྡོ་རྗེ་རྣམ་འཇོམས་པ་བསྐྱེད་བཟླས་འོད་ཞུ་བྱས་ལཿ ཇི་ལྟར་བསྟམས་པ་ཙམ་གྱིས་ནི། ལྷ་རྣམས»༴« ལྷ་ཡི»༴« དེ་བཞིན་བདག་གིས་སྐུ་ཁྲུས་གསོལ»༴« ན་མཿསརྦ༴ ན་མོ་རརྣ་ཏྲ་ཡ་ཡཱ༴ སོགས། ཞེས་ཡན་ལག་ལྔ་ལ་ཁྲུས་ལེགས་པར་བྱ་ཞིང་ཿ བླ་མའི་དྲུང་ངམ་རྟེན་གྱི་དྲུང་དུ་གསོ་སྦྱོང་ལེན་པ་ནིཿ ཕྱག་འཚལ་ཡན་ལག་བདུན་པ་དང་མཎྜལ་ཕུལཿ གུས་པ་དང་བཅས་པའི་པུས་མོའི་གཡས་པའི་ལྷ་ང་ས་ལ་བཙུག་ལག་གཉིས་ཐལ་མོ་སྦྱར་ཞིང་ཿ ཁོང་ཁྲོ་བ་དང་ལོག་པར་ལྟ་བ་སོགས་བག་མེད་པ་སྤང་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་དང་ལྡན་པའི་ངང་ནས་འདི་ལྟར་རྗེས་བཟློས་བྱའོ། །ཀྱེ་ཧོ་ལེགས་པར་དགོང»ས«་སུ་གསོལ༔ འཕགས་མཆོག་ཕྱག་ན་པདྨ་དང་༔ དབྱེར་མེད་བླ་མ་རྡོ་རྗེ་འཛིནཿ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམསཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ མ་ལུས་བདག་ལ་དགོངས་སུ་གསོལཿ ཇི་ལྟར་སྔོན་གྱི་དེ་བཞིན་གཤེགསཿ དགྲ་བཅོམ་ཡན་ལག་རྫོགས་སངས་རྒྱས༔ ཉོན་མོངས་པ་ལས་རྣམ་གྲོལ་ཞིང་ཿ ཀུན་ཏུ་བདེ་»ཆེན«་བྱང་ཆུབ་ཀྱིཿ ས་ལ་བཞུགས་པའི་ཚོགས་རྣམས་ཀྱིསཿ འ»གྲོ«་»དྲུག«་སྡུག་བསྔལ་ལས་གྲོལ་ཞིང་ཿ ཡང་དག་མཆོག་གི་ལམ་འགོད་»ཕྱི«ར༔ བླ་མེད་ཡང་»ད«ག་རྫོགས་བྱང་དུཿ ཐུགས་བསྐྱེད་»གསོ«་སྦྱོངས་ཡང་དག་པརཿ ངེས་པར་བླང་བ་དེ་བཞིན་ཏུཿ བདག་མིང་འདི་ཞེས་བགྱི་བས་ཀྱང་༔ བླ་ན་མེད་པ་ཡང་དག་པརཿ རྫོགས་བྱང་མཆོག་དུ་སེམས་བསྐྱེད་ནསཿ གསོ་སྦྱོང་ངེས་པར་ཡང་»ད«ག་པརཿ རྣམ་གསུམ་དད་པའི་བླང་བར་བགྱིཿ སེམས་ཅན་མ་གྲོལ་བ་རྣམས་གྲོལཿ མ་བསྒྲ»ལ«་བ་རྣམས་བསྒྲལ་བར་བགྱིཿ དབུ་མ་དབྱུང་རྣམས་དབུག་དབྱུང་ཞིང་ཿ ཡོངས་སུ་མྱ་ངན་མ་འདས་པཿ ཡོངས་སུ་མྱ་ངན་འདས་བགྱིའོཿ ལན་གསུམ སླར་ཡང་འདི་ལྟར་རྗེས་བཟློས་བྱཿ བདག་དུས་འདི་ནས་བཟུང་སྟེཿ སང་ཉི་མ་མ་ཤར་བར་དུ་བ»སྙེ«ན་གནས་ཡན་ལག་བརྒྱད་པའི་བསྲུང་བྱ་རྣམས་ཚུལ་བཞིན་དུ་བསྲུང་»སྙ«མ་པའི་རྗེས་བཟློས་མཛོདཿ བདག་ཅག་མོ»ས«་པར་ལྡན་ཀུན་གྱིསཿ དུས་ཚིག»ས«་ཁྲིམས་ལ་ཡང»་«་དག་གནསཿ དེ་ཡང་སྲོག་གཅོད་མི་བྱ་ཞིང་ཿ གཞན་གྱི་ནོར་ཡང་བླང་མི་བྱཿ འཁྲིགས་པའི་ཆོས་ཀྱང་མི་བྱ་ཞིང་ཿ རྫུ»ན«་གྱི་ཚིག་ཀྱང་མི་སྨྲའོཿ སྐྱོན་ནི་»མང་པོ་ཉེར་«བསྟན་པའིཿ ཆང་ནི་ཡོངས་སུ་སྤངས་བར་བྱཿ ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་ཿ དེ་བཞིན་དུས་མ་ཡིན་པའི་ཟསཿ དྲི་འཕྲེང་གླུ་གར་བརྒྱན་སོགས་སྤངསཿ ཇི་ལྟར་དགྲ་བཅོམ་རྟག་ཏུ་ནིཿ མི་དགེ་བཅུ་པོ་»ཡོ«ང་སྤོ»ང«་ལྟརཿ དེ་བཞིན་མི་དགེ་བཅུ་རྣམས་སྤང་ཿ ཞི་ཞིང་དུལ་ལ་གནས་བྱའོཿ བདག་ཅག་མཁའ་ཁྱབ་སེམས་ཅན་ཀུནཿ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོགཿ ལན་གསུམ་གདབ་ཅིང་ཿ ཨཱོཾ་ཨ་མོ་ག་ཤི་ལ་སཾ་བྷཱ་རཿ བྷ་ར་བྷ་ར་»མ་ཧཱ་ཤུད«་དྷཿ ས་ཏྭ་»པདྨ་«བི་བྷུ་ཥིབྷུ་ཛཿ དྷ་ར་དྷ་རཿ ས་མནྟཿ ཨ་ཝ་ལོ་ཀི་»ཏེ«་ཧཱུཾ་ཕཊཿ སྭ་ཧཱཿ ༔ ཁྲིམས་གྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་ཿ ཚུལ་ཁྲིམས་རྣམ་པར་དག་དང་ལྡནཿ »རློ«མས་སེམས་མེད་པའི་ཚུལ་ཁྲིམས་ཀྱིསཿ ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོགཿ གཞན་གནོད་གཞི་བཅས་ལྡོག་པ་གོམས་པའི་མཐུསཿ རྨི་»ལམ་ན«་ཡང་སྡིག་སེམས་མི་འབྱུང་ངོ་ཿ བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བརཿ »ཚུ«་ཁྲིམས་»ཕ་རོ«ལ་ཕྱིན་པའི་བཀྲ་ཤིས་ཤོགཿ བརྗོད་ཅིང་གསོ་སྦྱོངས་ལེགས་པར་བླངས་ལ་ཕྱག་འཚལཿ དེ་ནས་གདན་གཅིག་བསྲུང་བའི་ཁྲིམས་ལས་གནས་པའི་ཕྱིརཿ གནས་པའི་གདན་གྱི་ཁར་ཀུ་ཤ་བཞག་བར་འཁོད་ཅིངཿ བསྙེན་གནས་དངོས་ལ་འཇུག་པའི་ཐོག་མར་སྐྱབས་སུ་འགྲོ་བ་ནི༔» «སངས་རྒྱས་ཆོས་དང་ཚོགས་ཀྱི༴ བྱང་ཆུབ་བར་དུ༴ བདག་གི༴ འགྲོ་ལ༴ མགོན་པོ་ཐུགས་རྗེ་ཆེར་ལྡན་པཿ ཐམས་ཅད་ཁྱེན་པའི་སྟོན་པ་པོ»ཿ« བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་ཿ དེ་བཞིན་གཤེགས་ལ་སྐྱབས་སུ་མཆིཿ དག་པའི་འདོད་ཆགས་བྲལ་བའི་རྒྱུདཿ དགེ་བའི་ངན་སོང་ལས་གྲོལ་ཞིང་ཿ གཅིག་ཏུ་དོན་དམ་མཆོག་གྱུར་པཿ ཞི་གྱུར་ཆོ»ས«་ལ»༴« གྲོལ་ནས་གྲོལ་བའི་ལམ་ཡང་སྟོནཿ བསླབ་པ་དག་ལ་རབ་ཏུ་གནསཿ ཞིང་གི་དམ་པ་ཡོན་ཏན་ལྡན»ཿ« དགེ་བདུན་ལ་ཡང་༴ གང་གི་འཁོར་བའི་ཉེས་པ་ལསཿ དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་ཿ བླ་མེད་བྱང་ཆུབ་ཐོབ་མཛད་པའིཿ བླ་མ་རྣམས་ལ་སྐྱབས་སུ་མཆིཿ མཆོག་གསུམ་རྩ་གསུམ་ཀུན་འདུས་དཔལཿ འགྲོ་བའ»ི་«མགོན་པོ་བཅོམ་ལྡན་འདསཿ སྡུག་བསྔལ་ནད་སེལ་»སྨ«ན་གཅིག་པུཿ སྤྱན་རས་གཟིགས་ལ་སྐྱབས་སུ་མཆིཿ ལན་གསུམ་སེམས་བསྐྱེད་ཚད་མེད་རྣམ་བཞི་ནིཿ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིགཿ ཀུན་ཀྱང་སྡུག་བསྔལ་»རྒྱུ«་འབྲས་དང་བྲལ་ནསཿ སྡུག་བསྔལ་མེད་པའི་བདེ་དང་མི་བྲལ་ཞིང་ཿ ཆགས་»སྡ«ང་མེད་པའི་བཏང་སྙོམས་གནས་གྱུར་ཅིགཿ ལན་གསུམ ཚོགས་ཞིང་གསལ་གདབ་པ་ནིཿ སྣང་བ་རྣམ་པར་དག་པའི་ཞིང་ཿ མ་དག་འཛིན་པ་ཀུན་བྲལ་བཿ ལག་མཐིལ་ལྟར་མཉམ་རང་བཞིན་འཇམཿ བཻ»ཌཱུ«རྱ»་«ཡི་ས་གཞི་ལཿ མཁའ་ཁྱབ་གཞལ་ཡས་བཀོད་མཛེས་དབུསཿ རིན་ཆེན་ཁྲི་»རྐ«ང་རྒྱ་ཆེ་བ»ཿ «ཟ་»འོག«་འབོལ་བརྩེགས་གདན་གྱི་ཁརཿ བླ་མ་མགོན་པ»ོ་«སྤྱན་རས་གཟིགསཿ སངས་རྒྱས་སྟོ»ང་«དང་བྱང་ཆུབ་སེམསཿ རྩ་གསུམ་དགྲ་»བཅོམས«་ཉན་རང་དང་ཿ མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགསཿ ཉི་ཟེར་རྡུལ་འཁྲིགས་ཇི་བཞིན་ཏུ༔ སྤྲིན་ལྟར་གཏིབ་ཅིང་བྱོན་པར་བསམཿ སྤྱན་འདྲིན་པ་ནིཿ མ་ལུས་སེམས་ཅན་ཀུན་ཀྱི༴ བདུད་སྡེ༴ དངོས་རྣམས»༴« བཅོམ་ལྡན་འཁོར་བཅས༔ བཛྲ་ས་མ་ཡ་ཛ་ཛཿ བཅོམ་ལྡན་འདིར་ནི༴ བདག་ཅག༴ བདག་གི༴ དེ་ཉིད་དུ་ནི་བརྟན་པར་བཞུགས༔ སྟོང་གསུམ་ཀུན་དང་མཉམ་པ་ཡིཿ པདྨ་འདབ་བརྒྱད་གེ་སར་བཅསཿ བདེ་ཞིང་ཡང་པར་འབུལ་ལགས་ནཿ ཅི་བདེར་བར་ནི་བཞེས་སུ་གསོལཿ པདྨ་ཀ་མ་ལ་ཡེ་སྟོམསཿ ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ཤེལ༴ སོགས ཇི་ལྟར་བལྟམ་པ༴ སོགས སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ༴ སོགས༴ ཕྱག་སྟོང་འཁོར་ལོ༴ སྤྱན་སྟོང་སྐལ༴ གང་ལ་གང༴ བཙུན་པ་སྤྱན་»རས་གཟིགས༴« སོགས མཐུན་པའི་དགེ་ཚོགས༴ སྤྱོད་པ༴ བསྐལ་བཟང་༴ རྫོགས་པའི་སངས་རྒྱས༴ སོགས འཇམ་དབྱངས་ཕྱག་ན་རྡོ་རྗེ༴ ས་ཡི་སྙིང་པོ་སྒྲིབ༴ ནམ་མཁའི་སྙིང་པོ་བྱམས་པ༴ ཉེ་བའ»ི«་སྲས༴» «སོགས རྒྱལ་བ་ཉིད་ལས༴ འཕྲིན་ལས་མཛད༴ བསྟན་དང་༴ ཨོ་རྒྱན་རྒྱུད༴ སོགས ཀུན་བཟང་རྡོར་སེམས༴ ཨོ་རྒྱན་པདྨ༴ བཀའ་གཏེར༴ འདྲེན་མཆོག༴ སོགས དེ་བཞིན་གཤེགས་པ༴ རིན་ཆེན་བུམ་པ་མང་པོ་སྤོས༴ ཡིད་འོང་ལེགས་པར༴ རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ༴ སོགས» «དེ་དག་སྐུ་ལ༴ གཙང་ལ་དྲི་བ༴ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿ་ཨཿ ཀ་ཡ་བྷི་ཤྭ་དྷ་ན་ཡེ་སྭ་ཧཱཿ དེ་ནི་དེ་ལ་ཁ་ཏོག་ལེགས༴ ནབ་བཟའ་ཤིན་ཏུ༴ གོ»ས«་སྲབ་ལ༴ བརྒྱན་མཆོག༴ བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ སོགས་མཎྜལ་འབུལ་བ་ནིཿ» «ཨོཾ་བཛྲ་བྷུ་མི་ཨ་ཧཱུཾཿ གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱིས་ས་གཞིཿ ཨོཾ་བཛྲ་རི་ཥེ་ཨ་ཧཱུཾཿ ཿཕྱི་ལྕགས་རི་འཁོར་ཡུག་གི་བ»སྐ«ོ»ར«་བའི་དབུས་སུ»༴« སོགས ས་གཞི་སྤོས་ཆུས༴» «སོགས མཉེས་བྱེད་མཎྜལ་བཟང་པ»ོ«ཿ སོགས» «ཏྲཾ་གུ་རུ»་ «སོགས་» «སྐུ་གསུམ་ཡོངས་རྫོགས༴ སོགས ཡན་ལག་བདུན་པ་འབུལ་བ་ནི༔ ཇི་སྙེད་སུ་དག༴ སོགས» «ཆེན་པོར་བསྔོཿ» «བྱང་སྡོམ་ལེན་པ་ནིཿ བྱང་ཆུབ་སྙིང་པོ་མཆིས་གྱི»༴ «སོགས། ཇི་ལྟར་»སྔོན«་གྱི་བདེ་གཤེགས༴» «སོགས་ལན་གསུམ་སྤྲོས་པ་བསྐྱེད་པ་ནིཿ དེང་དུས་བདག་ཚེ༴» «སོགས་ དགའ་བར་བགྱིཿ ཚོགས་ཞིང་སྤྱན་»སྔ«ར་སྡིག་ལྟུང་ཉམ་ཆགས་ཀུནཿ སྟོབས་བཞི་ལྡན་པའི་བཤགས་པའི་རྒྱལ་པོ་ནིཿ ཕུང་པོ་གསུམ་པ་ལན་གསུམ་ལ་འདོན་གྱིས་»ཿ« ལུས་ཀྱི་མན་ལྔ་ཕབ་པའི་རྐྱང་ཕྱག་འཚལཿ དེ་ནས་དངོས་གཞི་ཆོ་གའི་རིམ་པ་ནིཿ མཆོད་པའི་ཡོ་བྱེད་བྱིན་གྱིས་རླབས་པ་ནིཿ ཨོཾ་བཛྲ་ཨ྄ྀིར་ཏ༴ སོགས་ནས་བསང་ ཨཱོཾ་སྭཱ་བྷ་ཝ་ཤུ»དྡྷ«ེ༴ སོགས་སྦྱངས་ཤིང་ཿ མཆོད་རྫས་མ་དག་ཉེས་སྐྱོན་སྟོང་པར་གྱུརཿ »བྷཱུཾ་ལས་རིན་པོ་ཆེ་ཡི་སྣོད་ཡངས་སུཿ «འབྲུ་གསུམ་འོད་ཞུ་རོ་བརྒྱ་»ནུས«་ལྡན་གྱིཿ གཏོར་མ་ཟག་མེད་ལྷ་ཡི་ཞལ་ཟས་དང་ཿ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་ཏེཿ སྣང་གསལ་དྲི་»ཆ«བ་ཞལ་ཟས་»རོལ་«མོ་སྒྲཿ བཀྲ་ཤིས་རྟགས་བརྒྱད་རིན་ཆེན་སྣ་བདུན་སོགསཿ ཟག་མེད་ཀུན་བཟང་མཆོད་སྤྲིན་བླ་མེད་གྱུརཿ ན་མཿ སརྦ་ཏ་ཐ་ག་ཏ༴ སོགས» «ཨཱོཾ་བཛྲ་ཨརྒྷམ་»པྲ«་ཏི་ཙ་ཡེ་སྭ་ཧ»ཿ« སོགས་བརྗོདཿ» «མཆོད་པའི་སྤྲིན་གྱི་གཟུངས་ལན་བདུན་བརྗོདཿ དེ་ནས་བདག་བསྐྱེད་རིམ་པ་ནིཿ ཚོགས་ཞིང་འོད་ཞུ་རང་ལ་ཐིམཿ དམིགས་མེད་བརྗོད་བྲལ་ངང་ཉིད་ལསཿ ཀུན་སྣང་སྙིང་རྗེ་ཆེན་པོར་ཤརཿ རྒྱུ་ཡི་ས་བོན་ཧྲཱི༔ཡིག་ལསཿ སྤྲུལ་པའི་ཕྱི་སྣོད་བཞལ་ཡས་ཁངཿ འགོ»ག«་མིན་ར»ི«་བོ་ཏ་ལའི་ཞིང་ཿ ཕྱི་ནང་རྒྱན་བཀོད་ཕུན་སུམ་ཚོགསཿ »དྭ«ངས་གསལ་སྒྲིབ་གཡོག་བྲལ་བའི་དབུསཿ ཉི་ཟླར་ཧྲཱིཿ» «ཡིག་འོད་ཟེར་གྱིསཿ ཞིང་ཁམས་མཆོད་ཅིང་བྱིན་རླབས་བསྡུསཿ འ»གྲོ་དྲུག་«སྒྲིབ་སྦྱང་དག་ཞིང་བསྒྱུརཿ ཚུར་འདུས་འོད་གྱི་གོངབུ་ཉིདཿ ཡོངས་གྱུར་རང་ཉིད་འཕགས་པའི་སྐུཿ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགསཿ འཁོར་བ་དོ»ང«་སྤྲུག་པད་རག་མདངསཿ ཞལ་འཛུམ་སྤྱན་ཟུང་འགྲོ་ལ་གཟིགསཿ གཙུག་ཏོར་ཨ་མི་དྷེ་ཝས་བརྒྱནཿ »ཕྱ«ག་ཡས་མཆོད་སྦྱིན་སྤྱི་བླུག་བསྣམསཿ གཡོན་པའི་སྐྱབས་སྦྱིན་ནོར་འཕྲེང་འ»དྲེ«ན»ཿ« ཞབས་ཟུང་མཉམ་པའི་འགྲོ་དོན་བཞེསཿ པཉྩ་ལི་ཀའི་སྨད་དཀྲིས་ཅནཿ མཚན»་དཔེ«་»འོད«་ཟེར་གཟི་བརྗིད་འབརཿ སྤྱི་མགྲིན་སྙིང་»ཀ«ར་ཨོཾ་ཨཱཿ་ཧཱུྃཿ ཧྲིཿཡིག་མདངས་ལྡན་གསལ་བ་ལསཿ འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནསཿ རྒྱལ་བ་རིག་འཛིན་སློབ་མར་བཅསཿ འཁོར་བ་»དོང«་སྤྲུག་ལྷ་ཚོགས་ཀུན»ཿ« སྤྱན་དྲངས་ཐམས་ཅད་རྒྱུད་བསྐུལ་ལོཿ» «སྤྱན་འདྲེན་པ་ནིཿ» «ཧྲཱིཿ སྐུ་གསུམ་ཞིང་དང་བདེ་བ་ཅནཿ པོ་ཊ་ལ་སོགས་»ཕྱོགས་བཅུ«་ཡིཿ ཞིང་བཞུགས་རྒྱལ་བ་སྲས་དང་བཅསཿ ཁྱད་པར་འགྲོ་འདུལ་སྤྱན་རས་གཟིགསཿ ལྷ་ཚོགས་ཐུགས་རྗེ་ཤུགས་བསྐྱོད་ལཿ མོ»ས«་གུས་གདུང་བའི་སྤྱན་འདྲེན་ནཿ བརྩེ་བར་དགོངས་ནས་གཤེགས་སུ་གསོལཿ ཨོཾ་བྷུདྡྷ་བྷོ་དྷི་ས་ཏྭ་བཛྲ་ས་མ་ཡ་ཛ་ཛཿ རིགས་ལྔའི་ཕྱག་གི་བུམ་པ་ནསཿ ཡེ་ཤེས་བདུད་རྩིའི་རྒྱུན་བབ་ཅིང་ཿ དབང་བསྐུར་བདག་རྒྱུད་བྱིན་གྱི»ས«་རློབསཿ རྡོ་རྗེ་གསུམ་གྱི»ས་«ངོ་བོར་གྱུརཿ ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾཿ བཞུགས་སུ་གསོལ་བ་ནི འགྲོ་བའི་བླ་མ་སྟོན་པ་མཆོགཿ འཁོར་བ་དོ»ང«་»སྤྲུག«་སྤྱན་རས་གཟིགསཿ བདག་དང་དབྱེར་མེད་བརྟན་པར་བཞུགསཿ སེམས་ཅན་ཐུགས་རྗེ་ཟུང་དུ་གསོལཿ ཏིཥྛ་»ལྷ«ནཿ ཕྱག་འཚལ་བ་ནི། སྡུག་བསྔལ་སེལ་མཛད་འཕགས་པའི་སྐུརཿ འགྲོ་ཀུན་གུས་པའི་ཕྱག་འཚལ་ལོཿ སྡུག་བསྔལ་རྒྱ་མཚོ་མཐའ་བསྐམ་ནསཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་མ»ཛོ«དཿ ན་མོ་ན་མ་ཧོཿ» «མཆོད་པ་འབུལ་བ་ནིཿ འཇིག་རྟེན་ཁམས་ཀྱི་མཆོད་པའི་རྫསཿ བློ་ཡིས་བླང་ཏེ་དཀྱིལ་འཁོར་»ལྷ«རཿ རབ་གུས་»དྭ«ངས་བའི་ཡིད་ཀྱིས་འབུལཿ འ»གྲོ«་དོན་ཚོགས་རྫོགས་སྒྲིབ་དག་ནསཿ འཕགས་པའི་ཞིང་ལ་སྤྱོད་གྱུར་ཅིགཿ ཨོཾ་བཛྲ་ཨ»རྒྷཾ«་ཨ་ཧཱུཾ༔» «སོགས སརྦ་པཱུ་ཙ་ཨ་ཧཱུཾཿ» «བསྟོད་པ་ནིཿ ཧྲཱིཿ སྡུག་བསྔལ་ཀུན་འབྱུང་མ་རིག་སྨགཿ འཁོར་བར་འ»ཁྱ«མས་པའི་སེམས་ཅན་ཀུནཿ ཡེ་»ཤེ«ས་འོད་སྟོང་འགྱེད་མཛད་མགོནཿ འཁོར་བ་དོ»ང«་སྤྲུག་ཐུགས་རྗེ་གཏེརཿ སྤྱན་རས་གཟིགས་དབང་ཁྱོད་ལ་བསྟོདཿ བཟླས་པ་བྱ་བ་ནི »ཐུགས་ཀར«་པདྨ་འདབ་བརྒྱད་དབུསཿ ཟླ་སྟེང་ཧྲི་ཡིག་དཀར་པོའི་མཐརཿ ཡི»་གེ«་དྲུག་མའི་སྔགས་ཀྱིས་བསྐོརཿ འོད་ཀྱི་»རྒྱལ«་མཆོད་བྱིན་རླབས་བསྡུསཿ མ་དག་འགྲོ་བའི་ལས་ཉོན་སྦྱངསཿ སྣོད་བཅུད་འཕགས་པའི་ཞིང་སྐུར་གྱུརཿ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅི་ནུས་བཟླས་མཐར་ཐུགས་སྲོག་ཧྲཱིཿ བརྒྱ་རྩ་བརྒྱད་བཟླས་གཟུག་བཟླས་ཕྱིརཿ དེ་བཞིན་གཤེགས་པ་གསུམ་གྱི་མཚནཿ ཨོཾ་ཨཱཿ་མི་དྷེ་ཝ་ཧྲཱིཿ བརྒྱ་རྩ་བརྗོདཿ ཨོཾ་ཨ་ཡུར་ཧཱུཾ་བྷྲུམ་ཎི་ཛཿབརྒྱ་རྩ་བརྗོདཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བརྒྱ་རྩ་བརྗོད་མཐར་ལྡིག་སྒྲིབ་ཀུན་འཇོམས་སྙིང་པོར་བཅསཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་འ»ཅོ«་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་»སེ«ང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་»བུུ་«བརྩེགས་པའི་རྒྱལ་པོ»༴« བདག་གིས་རིག་སྔགས་འདི་འགྲུབ་པར་གྱུར་ཅིགཿ ཨོཾ་བཻ་པུ་ལ་གརྦྷེཿ མ་ཎི་པྲ་བྷེཿ ཏ་ཐ་ག་ཏ་དྷ་རི་ཤ་ནིཿ མ་»ཎ«ི་མ་ཎི་ སུ་བྲ་བྷེ བེ་མ་ལེ སང་ག་ར གམྦྷེ་རཿ ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ བྷུདྡྷ་བི་ལོ་ཀི་ཏི གུ་ཧྱ་ཨ་དྷིཥྛ་ཏེ་གྷརྦྷེ་»སྭ«་ཧཱཿ པ»དྨོ«་དྷ་ར་ཨ་མོ་གྷ་ཛ་ཡ་ཏི ཙུ་རུ་ཙུ་རུ་སྭ་ཧཱཿ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོ»ར«་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང་»ཿ« ལས་ངན་པའི་རྣམ་པར་སྨིན་པ་དང་»ཿ« ཉོན་མོངས་པ་དང༌། སྡུག་བསྔལ་བ་དང་བག་ཆགས་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས་སངས་རྒྱས་གྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིགཿ» «ཞེས་བརྒྱ་རྩ་བརྒྱད་བཟླས»་«སོ་བདེ་བར་ག»ཤེགས་«པ་ཁྱེད་སྐུ»༴« སོགས» «ཨོཾ་བཛྲ་ཨརྒྷམ སོགས་ཀྱིས་མཆོད། བསྟོད་པར་འོས་པ» «སོགས་བསྟོད་ཅིང་ཿ» «དགེ་བ་འདི་ཡི» «སོགས་བདག་བསྐྱེད་རིམ་པའོ། དེ་ནས་མདུན་བསྐྱེད་ཆོ་གའི་རིམ་པ་ནི། ཨོཾ་མ་ཧཱ་»ཤུ«་ནྱ་ཏ་ཛྙཱ་ན» «སོགས། སྣང་བ་སྣོད་ཀྱི་འཇིག་རྟེན་ཀུནཿ བྷྲུཾ་ཡིག་ཁ་དོགས་ལྔ་ལྡན་ལསཿ འོག་མིན་སྤྲུལ་པའི་གཞལ་གཡས་ཁང་ཿ བརྩིགས་པ་འདོད་སྣམ་ཕ་གུ་དང་ཿ དྲྭ་»ཕྱ«ེད་མདའ་ཡབ་པུ་ཤུ་ས»ོག«ས»ཿ« ཆོས་འཁོར་གདུག་ཏོག་མཛེས་པའི་བརྒྱནཿ མཚན་ཉིད་ཡོངས་རྫོགས་ཉམས་དགའ་བཿ རི་བོ་ཏ་ལའི་ཞིང་ཁམས་དབུསཿ རང་མདུན་རིན་ཆེན་ཁྲི་རྐང་མ»ཛེ«སཿ པདྨ་ཟླ་བའི་གདན་གྱི་ཁརཿ རང་གི་ཐུགས་ཀའི་ས་བོན་ལསཿ ཧྲཱི༔དཀར་བཀྲག་མདངས་ལྡན་པ་བབཿ འོད་ཟེར་འཕོས་འདུས་དོན་གཉིས་བྱསཿ ཚུར་འདུས་ཧྲཱི༔» «ཡིག་འོད་ཞུ་ལསཿ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགསཿ དྲི་མེད་དུང་མདོག་མཚན་དཔེ»ས་«སྤྲསཿ བཅུ་གཅིག་ལ་ཞལ་ཕྱག་སྟོང་ལྡན༔ རྩ་བའི་ཞལ་གསུམ་དཀར་ལ་འཚེརཿ གཡས་ཞལ་དཀར་»ལྗང་«དམར་བའི་མདངསཿ གཡོན་ཞལ་དཀར་དམར་ལྗང་མདོག་མཛེས»ཿ ཐབས་ཤེས«་སྤྱན་ཟུང་འགྲོ་ལ་བརྩེཿ སྟེང་ཞལ་ཁྲོ་བོའི་ཉམས་ལྡན་པཿ »མཐིང་གསལ་«ཞལ་གདངས་ལྗགས་འདྲིལ་ཞིང་ཿ སྤྱན་གསུམ»་« དམར་ཟླུམ་རལ་སྨིན་སེརཿ མེ་»སྟ«ག་ཚ་ཚ་སྐར་»སྟ«ར་འཁྲུགསཿ དབུ་གཙུགས་ཨ་མི་དྷེ་ཝའི་ཞལ༔ དམར་གསལ་གཙུག་ཏོར་སྲིད་རྩེར་ཕྱིནཿ མཛོད་སྤྲུ་འོད་ཟེར་»ཕྱོགས་བཅུ«ར་འཕྲོསཿ རྩ་ཕྱག་བརྒྱད་ཀྱི་»དང་པོ«་གཉིསཿ »ཐུགས«་ཀའི་སྟོད་དུ་ཐལ་མོ་སྦྱརཿ གཡས་གསུམ་ནོར་བུ་ཕྲེང་བ་མངའཿ མཆོག་སྦྱིན་རིལ་བ་སྤྱི་བླུག་བཅསཿ གཡོན་གསུམ་པདྨ་གཞུ་འཁོར་ལོཿ ལྷག་མ་དགུ་བརྒྱ་གོ་གཉིས་པོཿ དབུ་ཡི་གཙུགས་དོར་ནས་བཟུང་སྟེཿ ཞབས་ཀྱི་འཁོར་ལོའི་བར་དུ་བརྒྱནཿ ཕྱག་མཐིལ་སྤྱན་སྟོང་འགྲོ་ལ་གཟིགསཿ ཞབས་ཟུང་མཉམ་པའི་སྟབས་ཀྱི་བཞེངསཿ དར་ད»པྱ«ངས་སྟོད་གཡོག་སྨད་དཀྲིས་ཅནཿ རི་དྭགས་ལྤགས་པས་ནུ་གཡོན་བཀབཿ རིན་པོ་ཆ»ེ་«ཡི་བརྒྱན་དུ་མཿ »ལོངས་«སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ »ཏཱ་རེ་«ལྷ་མོ་ཉེར་གཅིག་དང་ཿ སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས༔ བྱང་སེམས་»ཉན«་»ཐོས«་རང་རྒྱལ་དང་ཿ རྩ་གསུམ་བསྲུང་མའི་ཚོགས་ཀྱི་བསྐོརཿ བདག་བསྐྱེད་»ཐུགས«་ཀའི་འོད་ཟེར་གྱིསཿ རྒྱལ་བ་རིགས་»ལྔ་«སྤྱན་དྲངས་ནསཿ དབང་སྐུར་བྱིན་གྱི»ས«་རླབས་པར་གྱུརཿ ཇི་ལྟར་བལྟམ་པ༴» «སོགས» «ཤྲི་ཡེ་ཧཱུཾཿ དབང་བསྐུར་སྐུ་གང་དྲི་མ་དགཿ ཆུ་ལྷག་ཡར་ལུད་སྣང་མཐའ་ཡསཿ གཙོར་བཞུགས་རིགས་ལྔའི་དབུ་བརྒྱན་གྱུརཿ» «སྤྱན་འདྲེན་པ་ནིཿ སྤོས་ཕོར་ཐོག་ཅིང་ཿ ན་མོ བདེ་གཤེགས་སྙིང་པོས་འ»གྲོ«་བ་ཡོངས་ལ༴ སེམས་ཅན་ནི༴ འགྲོ་བ༴ འདི་ན༴ བཞིངས་ཤིག༴ དུས་ལ༴ སེམས་ཅན་དོན༴ འཇིག་རྟེན་དབང་ཕྱུག་འགྲོ་འ»དུལ«་སྤྱན་རས་གཟིགས»ཿ« རྩ་གསུམ་»རྒྱལ«་བ་སྲས་དང་སློབ་མར་བཅས༔ ཡིད་»ཀྱི«ས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ ཐུགས་རྗེ་བརྩེ་བར་དགོངས་ཏེ་གཤེགས་སུ་གསོལཿ བཛྲ་ཛྙ་ན་སརྦ་ས་མ་ཡཱ་ཛཿབཞུགས་གསོལ་ནི བདག་དང་འགྲོ་ཀུན་བསོད་ནམས་སྐལ་བར་ལྡནཿ སྒྲིབ་ག»ཉ«ིས་སྦྱང་ཕྱི»ན«་སྤྲུལ་པའི་ཞིང་མཆོག་འདིར་ཿ དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་བཞུགསཿ འགྲོ་»དྲུག«་ལས་ཉོན་བག་ཆགས་སྦྱངས་དུ་གསོལཿ པདྨ་ཀ་མ་ལ་ཡེ་སྟྭམཿ ལྷ་ཁྲུས་བྱ་བ་ནིཿ གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེ»ན«་མཁྱེན་པ»ཿ« སྐྱེས་སུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་དེ་ཞལ་ནས་གསུང་བའི་དམ་པའི་ཆོས་དང་ཿ བྱང་ཆུབ་སེམས་དཔའ་»འཕགས«་པའི་དགེ་བདུན་ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་བདག་གི་ཡོ་བྱེད་དང་ལྡན་པའི་»ཁྲུ«ས་འདི་གསོལ་བར་བགྱིའོཿ ཁྲུས་ཀྱི་»ཁ«ང་པ་ཤིན་ཏུ་དྲི་ཞིམ་པཿ ཤེལ»༴« སོགས་ནས» «དེ་བཞིན་གཤེགས་པ» «སོགས ན་མཿ སརྦ་ཏ་ཐ་སོགས་ཇི་ལྟར་བ»ལྟ«མ་པ་སོགས ཆོས་»སྐུ་ནམ«་ནི་མཁའ་སོགས་སུ་སྟོན་པ་བླ་མེད»༴« སོགས་བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་»ལོ«་བསྐོརཿ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེ»ས«་གཟིགསཿ དམ་བཅའ་ཞལ་གསོལ་འགྲོ་བ་སྐྱོབས་མཛད་པཿ སྣང་མཐའ་མཉམ་བཞ»ག«་མཛད་ལ་སྐུ་ཁྲུས་གསོལཿ ན་མ་»སརྦ༴« སོགས་སོ ཕྱག་»སྟོང་« སོགས མཐུན་པའི་སོགས །འཇམ་དབྱིངས་ཕྱག་སོགས། པོ་ཊ་ལ་ཡི༴ སོགས རྒྱལ་བ་ཉིད༴ སོགས བལྟས་པ༴» «སོགས ཀུན་བཟང་རྡོར་སེམས»༴« སོགས སངས་རྒྱས་ཐམས་ཅད༴ སོགས ཞི་ཁྲོ་»ཡ«ི་དམ༴ སོགས མ་མོ་མ»ཁའ་འགྲོ«༴ སོགས སྔོན་ཚེ་ཨོ་རྒྱན༴ སོགས རྒྱལ་བའི་སྐུ་ལ༴» «སོགས རྒྱལ་བའི་གསུང་ལ༴ སོགས རྒྱལ་བའི་ཐུགས་ལ༴ སོགསཿ དེ་དག་སྐུ་ལ»༴« སོགས་» «སྲབ་འཇམ་ཡཾ་པ་ལྷ་ཡི་གོསཿ མི་ཤིག་རྡོ་རྗེ་སྐུ་མཆོག་ལཿ མི་ཕྱེད་དད་པའི་འབུལ་ལགས་ནཿ བདག་ཅག་རྡོ་རྗེ་སྐུ་ཐོབ་ཤོགཿ འདི་ནི་ཁྲུས༴ སོགས ཡན་ལག་བདུན་པ་འབུལ་བ་ནི༔ ཇི་སྙེད་སུ་དག༴ སོགས ལན་གསུམ མཎྜལ་རྒྱས་པར་ཕུལ་ལ་མཆོད་པ་ཕུལ་ཕྱག་བཅུའི་འཇིག་རྟེན་ནས་དུས་གསུམ་གཤེགས་པ་སོགས ཨོཾ་བཛྲ་བྷུ་མི་ཧཱུྃ་སོགས་ཊཾ་གུ»༴« རབ་བྱམས་»རྒྱ«་མཚོ་དཔག་མེད་ནཿ མཆོད་ཡོན་ཇི་སྙེད་ཡོད་པ་དང་ཿ བདག་གི་གུས་པར་བཤམས་པ་འདིསཿ ཇི་སྙེད་རྒྱལ་བའི་སྐུ་ལ་སྒྲིབ་པ་མི་མངའ་ཡང་ཿ སེམས་ཅན་ལུས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིརཿ འགྲོ་དྲུག་དོན་མཛད་སྐུ་ཡི་དཀྱིལ་འཁོར་ལ»ཿ« ཡན་ལག་བརྒྱད་ལྡན་ཆབ་ཀྱིས་སྐུ་ཁྲུས་གསོལཿ ཨོཾ་སརྦ་ཏ་ཐ༴ རྒྱལ་བའི་གསུང་ལ་སྒྲིབ་པ་མི་མངའ་ཡང་༔ སེམས་ཅན་ངག་གི་སྒྲིབ་པ་སྦྱང་བའི་ཕྱིར»ཿ« གང་ལ་གང་འདུལ་གསུང་མཆོག་དམ་ཆོས་ལཿ བདུད་རྩི་ཡན་ལག་བརྒྱད་ལྡན་ཁྲུས་ཆབ་འབུལ༔ ཨོཾ་སརྦ་ཏ་ཐ༴ རྒྱལ་བའི་ཐུགས་ལ་སྒྲིབ་པ་མི་མངའ་ཡངཿ སེམས་ཅན་ཡིད་ཀྱི»་«སྒྲིབ་པ་སྦྱངས་བའི་ཕྱིརཿ ཕྱོགས་མེད་ཀུན་ཤར་ཡེ་ཤེས་རང་བྱུང་ཐུགསཿ བདུད་རྩི་ཡན་ལག་བརྒྱད་ལྡན་ཁྲུས་ཆབ་འབུལཿ ཨོཾ་ན་མ»་«སརྦ་ཏ་ཐ་ག་ཏ༴ རྒྱལ་བ་སྲས་དང་བཅསཿ དེ་སྙེད་རྣམས་ལ་བདག་འདུལ་ནཿ ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱི»ས«ཿ ཅི་བདེར་བར་ནི་བཞེས་ནས་ཀྱང་ཿ སེམས་ཅན་དོན་ཀུན་མཛད་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་»པཱུ«་ཙ་མེ་གྷ་ས་མུ་ཏྲ་སྭ་ར་ཎ་ས་མ་ཡེ་ཨ་ཧཱུཾཿ རབ་བྱམས་རྒྱལ་མཚོ»༴« ཞབས་སིལ་ཇི་སྙེད»༴« བདག་གི་གུས་པས»༴« ཇི་»སྙེ«ད་རྒྱལ་བ༴ དེ་སྙེད་རྣམས་ལ༴ ཅི་བདེ་བར་ནི༴ འགྲོ་སེམས་ཅན་དོན་ཀུན་མཛད༴ ཨོཾ་བཛ་ས་ཏྱཾ་པྲ་ཏི»༴« རབ་བྱམས་རྒྱ་མཚོ༴ མེ་ཏོག་ཇི་སྙེད༴ བདག་གི་གུས༴ ཇི་»སྙེ«ད་རྒྱལ༴ དེ་»སྙ«ེད་རྣམས༴» «ཐུགས་རྗེ་མངའ་བ༴» «ཅི་བདེ་བར༴ སེམས་ཅན་དོན་ཀུན༴ ཨོཾ་བཛྲ་པུཥྤེ༴ རབ་བྱམས་རྒྱ་མཚོ༴ བདུག་སྤོས་ཇི་སྙེད༴ བདག་གི་གུས་པས༴ ཇི་སྙེད་རྒྱལ་བ༴ དེ་སྙེད་རྣམས་ལ༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ན»ི༴« སེམས་ཅན་དོན»༴« ཨོཾ་བཛྲ་དྡྷཱུ༴ རབ་བྱམས་རྒྱ་མཚོ༴ »སྣང་གསལ«་ཇི་སྙེད༴ བདག་གི་གུས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ནི་བཞེས་ནས་ཀྱང་»ཿ« སེམས་ཅན་དོན༴ ཨོཾ་བཛྲ་ཨ་ལོ་ཀེ༴ རབ་འབྱམས་རྒྱ་མཚོ༴ དྲི་ཆབ་ཇི་སྙེད༴ བདག་གི་གུས་པས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས་ལ༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ནི༴ སེམས་ཅན་དོན་ཀུན»༴« ཨོཾ་བཛྲ་གྷནྡྷེ»༴« རབ་བྱམས་རྒྱ་མཚོ༴ ཞལ་ཟས་ཇི་སྙེད»༴« བདག་གི་གུས་པས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས༴ ཐུགས་རྗེ་མངའ་བ»༴« ཅི་བདེ་བར་ནི༴ འགྲོ་བའི་དོན༴ ཨོཾ་བཛྲ་ནཻ་ཝི་ཏྱཻ༴ རབ་བྱམས་རྒྱ་མཚོ༴ རོལ་མོ་ཇི་སྙེད༴ བདག་གི་ གུས་པས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ནི༴ སེམས་ཅན་དོན»་ཀུ«ན༴ ཨོཾ་བཛྲ་ཤབྟ་པྲ་ཏི་ཙ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨ་ཧཱུཾ༔ གཞན་ཡང་ཞིང་ཁམས་དཔག་མེད་ན»ཿ« ཀུན་བཟང་རྣམ་རོལ་ཆོག་པའི་སྤྲིན»ཿ« བདག་གི་གུས་པས༴ ཇི་སྙེད་རྒྱལ་བ་སྲས་དང་བཅས»ཿ« དེ་སྙེད་རྣམས་ལ་བདག་འདུལ་ནཿ ཐུགས་རྗེ་མངའ་བ་ཁྱེད་རྣམས་»གྱིཿ« ཅི་བདེ་བར་ནི་བཞེས་ནས་ཀྱང་ཿ སེམས་ཅན་དོན་ཀུན་མཛད་དུ་གསོལཿ ཨོཾ་ན་མཿསརྦ་ཏ་ཐ༴ སརྦ་»པུ«་ཙ་མེ་ག་ས་མུ་༴ ཨ་ཧཱུཾཿ བསྟོད་པ་ནི ཧྲཱིཿ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུཿ འགྲོ་དྲུག་སེམས་ཅན་༴སོགས ཕྱག་སྟོང་འོད་ཟེར་སོགས བོད་ཡུལ་ཁ་བ་ཅན་གྱི་ལྗོངས་འདི་རུ»ཿ« ཐུགས་རྗེ་སྐྱོབ་མཛད་འཕགས་མཆོག་སྤྱན་རས་གཟིགསཿ འགྲོ་བ་མགོན་མེད་ལྷག་པར་རྗེ་འཛིན་རྗེ»ཿ« ཁྱོད་ཀྱི་གསང་བ་གསུམ་ལ་སྙིང་ནས་བསྟོདཿ འདྲེན་པ་སྟོང་དང་བྱང་སེམས་ཉན་རང་འཁོརཿ »ཏཱ«་རེ་ཉེར་གཅིག་རྩ་གསུམ་ལྷ་དང་ནིཿ སྤྲུལ་པའི་ཆོ་འཕྲུལ་དཔག་ཡས་ལྷུན་གྲུབ་རྩལཿ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ལ་བསྟོདཿབཟླས་པ་བྱ་བ་ནི།» «མདུན་བསྐྱེད་»ཐུགས་ཀར་པད་«ཟླར་ཧྲིཿ ཡི་གེ་དྲུག་མའི་བསྐོར་བ་ལསཿ འོད་འཕྲོ་འཕགས་མཆོད་བྱིན་རླབས་བསྐུལཿ བསྡུས་ནས་བཀྲག་མདངས་གཟི་བརྗིད་འབར༔ སེམས་ཅན་ཀུན་གྱི་སྡིག་»སྒྲི«བ་སྦྱངསཿ ལྷ་སྔགས་ཏིང་འཛིན་རོལ་བའི་ངངཿ ཐུགས་སྲོག་སྙིང་པོ་བརྒྱ་རྩ་བགྲངསཿ ཧྲཱིཿ ཡི་གེ་དྲུག་མ་་སྟོང་བཟླས་ཞིང༌།» «མཐའ་སྐོར་སྔགས་ཀྱི་ཕྲེང་བའི་བསྐོརཿ འོད་ཀྱི་འགྲོ་བའི་དོན་བྱེད་མོསཿ ན་མོཿ»ཏྣ«་ཏྲ་ཡ་ཡཿ ན་མ་ཨརྱ་ཛྙཱ་ན་ས་ག་ར་བཻ་རོ་ཙ་ན་བྷུ་ཧ་ར་ཛ་ཡཱཿ ཏ་ཐཱ་ག་ཏཱ་ཡཿ ཨ»རྷ«་ཏེ་སམྱག་སཾ་བུདྷ་ཡཿ ན་མཿ སརྦ་ཏཱ་ཐཱ་ག་ཏཱ་བྷྱཿ ཨ»རྷ«་ཏེ་བྷྱཿ སམྱག་ས»ཾ«་བུདྡྷེ་བྷྱཿ ན་མཿ ཨརྻ་ཨ་ཝ་ལོ་ཀི་ཤྭ་ར་ཡཿ བོ་དྷི་ས་ཏྭ་ཡཿ མ་ཧཱ་ས་ཏྭ་ཡཿ མ་ཧཱ་ཀ་རུ་ནི་ཀ་ཡཿ »ཏྱ«་ཐཱ ཨོཾ་དྷ་ར་དྷ་རཿ དྷི་རི་དྷི་རིཿ དྷུ་རུ་དྷུ་རུཿ ཨི»ཊྚ«་ཝི»ཊྚ«༔ ཙ་ལེ་ཙ་ལེཿ པྲ་ཙ་ལེ་པྲ་ཙ་ལེཿ ཀུ་སུ་མེ་ཀུ་སུ་མ་ཝ་རེ༔ ཨི་ལི་མི་ལིཿ ཙི་ཏི་ཛ་ལ་མ་པ་ན་ཡེ་སྭཱ་ཧཱཿ གཟུངས་འདི་བརྒྱ་རྩ་བརྒྱད་བཟླ་པའོཿ དེ་ནས་མདུན་བསྐྱེད་ཕྱག་སོར་གྱིཿ སྤྱི་བླུགས་བདུད་རྩིས་རྒྱུན་བབ་པསཿ བུམ་པ་»ལྟེམ་«གྱིས་ཡོངས་གང་ཞིང་ཿ རོ་བཅུད་ནུས་པ་ཕུན་སུམ་ཚོགས་གྱུརཿ གཟུངས་རིང་ཉི་ཤུ་རྩ་གཅིག་དང་ཿ གཟུངས་ཐུང་བརྒྱ་རྩ་བརྒྱད་དུ་བཟླསཿ བདག་བསྐྱེད་འཇའ་ཚོན་མཁའ་ཐིམ་བཞིནཿ མདུན་བསྐྱེད་འཕགས་པའི་སྐུ་ལ་ཐིམཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ མོས་གུས་འདུན་པ་རྩེ་གཅིག་ངངཿ ཡན་ལགས་བདུན་པ་སྔར་ལྟར་འབུལཿ དེ་ནས་བསྟོད་ཅིང་སྒྲིབ་སྦྱོང་ནིཿ ཕྱག་འཚལ་ཉེར་གཅིག་ལན་གསུམ་བརྗོདཿ ཨོཾ་»པོ་ཊ«་ལ་ཡི་གནས་མཆོག»༴« སོགས རང་དང་འགྲོ་དྲུག་སེམས་ཅན་གྱིཿ སྤྱི་བོར་རྗེ་བཙུན་སྒྲོལ་ལྗང་མརཿ ཏཱ་རེ་ཉེར་གཅིག་འཁོར་དང་བཅསཿ ད»གྱེ«ས་ཞིང་འཛུམ་པའི་མདུན་བསྐྱེད་ལྷརཿ རང་གཞན་སྒྲིབ་སྦྱང»་«ཚོགས་རྫོགས་ཤིང་ཿ རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོགཿ ངོ་ཆེན་གསོལ་བ་འདེབས་པ་བསྒོམཿ ཨོཾ་བླ་མ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ»ཿ« འཇིག་རྟེན་བླ་མ་སྲིད་པ་གསུམ་གྱི་བསྟོད་པ་»པོ«༔ ལྷའི་གཙོ་བོ་བདུད་དང་ཚངས་པའི་བསྟོད་པ»༴« ཐུབ་པའི་རྒྱལ་མཆོག་བསྟོད་པའི་གྲུབ་པར་མཛད༴ འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ༴ བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན༴ བདེ་གཤེགས་སྣང་མཐའ་ཡས་ཀྱི»ས«་རྒྱན་འཛིན་པ༴ ཕྱག་གཡས་མཆོད་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ»༴ «ཕྱག་གཡོན་གསེར་གྱི་པདྨའི་རྣམ་པར་བརྒྱན་པ་སོགས»ཿ« དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག༴ ཞལ་རེ་རྒྱས་པ་ཟླ་བ་»ལྟ་བུ«ར་མཛ»ེ«ས་པ»༴« སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས༴ ཁ་བ་དུང་ལྟར་རྣམ་དཀར་དྲི»་ངད་«ལྡང༴ དྲི་མེད་འོད་ཟེར་མེ་ཏོག་ཚོམ་འཛིན༴ མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོའི་བརྒྱན༴ པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས༴ སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན༴ རིན་ཆེན་མང་པོའི་དཔུང་པ་གཉིས་ནི་བརྒྱན༴ ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ༴ རི་དྭགས་ལྤགས་པས་ནུ་མ་»གཡོན«་པ་བཀབ༴ སྙན་ཆ་གདུ་བུས་སྒེགས་ཅིང་རྒྱན་རྣམས་འཆང་༴ དྲི་མ་མེད་པའི་པདྨའི་མཆོག་ལ་གནས༴ ལྟེ་བའི་»ངོ«ས་ནི་པདྨའི་འདབ་ལྟར་འཇམ༴ གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས༴ སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན༴ ཐུབ་པའི་མཁྱེན་མཆོག་མཛོད་ཆེན་»ཕ་རོ«ལ་ཕྱིན་པ་པོ༔ »མ«ཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས༴ རྟག་»ཏུ«་བདེ་བའི་འབྱུང་ག»ན«ས་རྒ་ནད་སེལ༴ གསུམ་མཐར་མ»ཛད«་ཅིང་མཁའ་ཆོད་སྤྱོ»ད«་པ་སྟོན༴ ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ༴ གསེར་གྱི་»རྐང«་གདུབ་སྒྲ་ཡི་ཞབས་ཡིད་འོང་བ༴ ཚངས་པའི་གནས་པ་བཞི་ཡི་དབེན་པར་མཛད༴ »ངང་«པའི་འགྲོས་དང་གླང་ཆ»ེ«ན་དྲེགས་ལྟར་གཤེགས༴ ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེགས་བ་པོཿ འོ་མའི་མཚོ་དང་ཆུའི་མཚོ་ལས་སྒྲོལ་བ་པོཿ གང་ཞིག་རྟ»ག་ཏུ«་ཐོ་རངས་ལང་ནས་གུས་པ་ཡིཿ སྤྱན་རས་གཟིགས་ཀྱི་»དབང་པོ་«ཡིད་ལ་སེམས་བྱེད་ཅིང་»ཿ« བསྟོད་པའི་མཆོག་འདི་དག་ཅིང་གསལ་བར་བསྟོད་བྱས་ན»ཿ« དེ་ནས་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་ཿ འཇིག་རྟེན་འདིའམ་མ་འོས་སྐྱེ་བ་ཐམས་ཅད་དུཿ འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུརཿ ཕྱག་དང་བཅས་ཏེ་བསྟོད་པ་ཉེར་གཅིག་འབུལཿ སླར་ཕུར་ཚུགས་གསོལ་བ་བཏབ་པ་ནིཿ སྙིང་རྗེའི་རང་གཟུགས་འཕགས་མཆོག་པད་དཀར་འཆང་ཿ འདྲེན་པ་སྟོང་རྩ་བྱང་སེམས་རྩ་གསུམ་ལྷཿ དམ་ཅན་ཆོས་བསྲུང་དཀར་ཕྱོགས་སྐྱོང་བར་བཅསཿ མ་ལུས་ཐུགས་རྗེ་བརྩེ་བའི་དག»ོ«ངས་སུ་གསོལ༔ བདག་གི་བྱང་ཆུབ་སེམས་ཀྱི་དམ་བཅའ་འཛིནཿ འགྲོ་བའི་དོན་དུ་ལུས་དང་སྲོག་གཏོང་ཞིང་ཿ ངན་སོང་སྡུག་བསྔལ་དུས་གཅིག་བྱུང་ཡང་བཟོདཿ ཞི་བདེར་མི་གཞ»ོ«ལ་རྟག་ཏུ་གཞན་ཕན་སྐྱོང་ཿ ལྔ་ཕྲག་ཐ་མའི་འགྲོ་བ་ལས་ངན་དང་ཿ ཉོན་མོངས་དབང་བཙན་སྡུག་བསྔལ་བཟོད»་བླགས་«མེདཿ གཟུགས་ཅན་གཟུགས་མེད་སྡིག་སྡུག་འཐོར་རླུང་འཁྲུགསཿ མགོན་དང་ཐུགས་རྗེ་ལྕགས་ཀྱུའི་མི་འདྲེན་ནམཿ འཁོར་བ་དོ»ང«་སྤྲུག་»ཐུགས་«བསྐྱེད་དམ་བཅའ་གང་ཿ དུས་ལ་བབ་པ»ོ«་དེ་ལྟར་དུས་སྨིན་»མཛོ«དཿ རྒྱལ་བསྟན་ཉམས་ཤིང་འདུལ་སྡོམ་གཟུགས་བརྙན་»ཙམ«ཿ བྱང་སེམས་བ»སླབ«་པ་འཆལ་ཞིང་གསང་སྔགས་ཀྱི»ཿ« དམ་ཚིག་ཉམས་འགལ་རལ་དང་སློབ་དཔོན་བསྲུངསཿ ནད་མཚོན་མུ་གེའི་བསྐལ་བ་ངན་པ་ཤརཿ མི་མིན་འབྱུང་པོ་བདུད་ཀྱི་སྡེ་དར་ཞིང་ཿ ཁྱད་པར་སྨོན་ལམ་ལོག་པའི་སྟོབས་ཤུགས་»ཀྱི«སཿ དམ་སྲི་རྒྱལ་འགོང་བསེ་མོའི་རིགས་གྱུར་ཀུནཿ བར་ལུས་བཟུང་ནས་འགྲོ་བ་སྡུག་ལ་སྦྱོརཿ སྐྱེས་འགྲོའི་སྲོག་གཅོད་ངན་སོང་»གནས«་སུ་ཁྲིདཿ འདི་རྣམས་མགོན་»ཁྱོ«ད་ཐུགས་རྗེ»ས་«མི་འདུལ་ནཿ སངས་རྒྱས་བསྟན་ནུབ་བྱང་ཆུབ་སེམས་དཔའ་སུནཿ གསང་སྔགས་ཉམས་ཤི»ང«་འ»གྲོ་ཀུན«་ངན་འ»གྲོའི་«རྒྱུཿ དེ་ཕྱིར་ཐུགས་རྗེ་ཤུག་དྲག་ཡེ་ཤེས་མེསཿ འགྲོ་བའི་ལས་ཉོན་བག་ཆགས་ཡོངས་བསྲེགས་ནསཿ བྱང་སེམས་སྙིང་པོའི་ཆབ་ཀྱིས་རྒྱུ»ད«་བརླན་ནསཿ ཤེ་རབ་སྟོང་ཉིད་ཡེ་ཤེས་སྙིང་པོ་ཅནཿ ཡང་དག་རྒྱུད་ལ་སྐྱེས་པར་གསོལ་བ་འདེབསཿ ལྕགས་ཁམས་གསེར་འགྱུར་»རྩ«ི་ཡིས་ཐོབ་པ་བཞིནཿ དུས་ངན་ཁོང་འཁྲོ་ལོག་ལྟ་ཤར་བའི་ཚེཿ ཁྱེད་»ཐུགས«་སྙིང་རྗེའི་འདུལ་བར་ཞལ་བཞེས་པའིཿ ཐུགས་བསྐྱེད་འད»ོར་«རམ་འཕགས་མཆོག་ཀྱཻ་མ་ཧུདཿ དུང་དུང་ལྷང་ལྷང་མོས་པའི་གསོལ་འདེབས་ནཿ ལྷ་»ངེ«་ལྷན་»ནེ«ར་ཡེ་ཤེས་སྤྱན་»གྱིས་གཟིགསཿ« ཐུགས་རྗེ་ཤུགས་ཀྱིས་རྒྱལ་བསྟན་སྐྱོ»ང«་བའི་གཞི༔ སྐལ་ལྡན་སྐྱེ་དགུའི་བདེ་སྐྱིད་སྤེལ་བ་དང་ཿ སྐལ་མེད་སྐྱེ་བོའི་»བླ«ོ་ཁ་ཆོས་ལ་སྒྱུརཿ གཟུགས་མེད་སྣ་ཚོགས་ཐབས་ཀྱི»ས«་རྒྱུ»ད«་གྲོལ་ཞིང་ཿ ངན་སོང་འཁོར་བའི་རྒྱ་མཚོ་དོ»ང«་ནས་སྤྲུགཿ ཕྱམ་གཅིག་འཕགས་པའི་ཞིང་དུ་མངོན་འཚང་རྒྱཿ ལོངས་སྤྱོད་རྫོགས་སྐུའི་ཞིང་ལ་དབང་བསྒྱུར་ནསཿ »སྤྲོས་བྲལ་ཆོས«་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཞེས་མོས་གུས་མཆུ་མ་འཁྲུགས་བཞིན་གསོལ་བ་བཏབ་ཅིང་ཁྲུས་གསོལ་བ་ནིཿ ཁྲུས་གྱི་ཁང་པ༴ སོགས ཇི་ལྟར་བལྟམས་པ༴ སོགས ན་མཿ ས་རྦ༴ སོགས དེ་བཞིན་གཤེགས༴ སོགས ན་མ་ཿསརྦ་༴» «སོགས རྒྱལ་བའི་སྐུ་གསུང་མཆོག་ལ༴ སོགས ན་མ༴ ས་རྦ༴ སོགས དེ་དག་སྐུ༴ སོགས སྣ་ཚོགས་དབང་པོ་གཞི་ལྟར༴ དེ་ནས་རང་ལ་ཁྲུས་བྱ་བ་ནིཿ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༴སོགས» «ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ན་མཿ སརྦ༴ བུམ་པ་»བཟང་པོ་ཁྲུས་ཀྱི་«རྒྱུནཿ འདི་ནི་སྦྱིན་པའི་རང་བཞིན་ཆུཿ སེར་སྣའི་དྲི་མ་སྦྱོང་མཛད་པཿ གཏོང་བ་དྲི་ཡི»ས«་ལེགས་བགོས་ཆུསཿ ཁྲུས་ལེགས་མཛད་ཀྱི་»ཁྲུ«ས་བགྱིའོཿ ཨོཾ་མ་ཎི༴ ན་མཿསརྦ་ཏ༴ »བུ«མ་པ་བཟང་པོ༴ འདི་ནི་ཚུལུ་ཁྲིམས»༴« ཁྲིམས་འཆལ༴ བསྲུང་བ་དྲི་ཡི༴ ཁྲུས་ལེགས༴ ཨོཾ་མ༴ ན་མཿ སརྦ༴ བུམ་པ་བཟང་པོ༴ འདི་ནི་བཟོད་པའི༴ ཁོང་ཁྲོ་དྲི་མ༴ བཟོད་པ་དྲི་ཡི་ལེགས༴ ཁྲུས༴ ཨོཾ་མ༴ ན་མཿ སརྦ༴ བུམ་པ་བཟང་པོ༴ འདི་ནི་བརྩོན་»འགྲུ«ས༴ »ལེ«་ལོའི་དྲི་མ༴ བརྩོན་འ»གྲུས«་དྲི༴ ཁྲུས་ལེགས༴ ཨོཾ་མ༴ ན་མཿསརྦ༴ བུམ་པ་བཟང་པོ༴ འདི་ནི་བསམ་གཏན༴ རྣམ་གཡེང་དྲི་མ༴ ཏིང་འཛིན་དྲི་ཡི༴ ཁྲུས་ལེགས༴ ཨོཾ་མ༴ ན་མ༔ བུམ་པ་བཟང་པོ༴ འདི་ནི་ཤེ»ས«་རབ༴ ཤེས་འཆལ་དྲི་མ༴ ཡེ་ཤེས་དྲི་ཡི་ལེགས༴ ཁྲུས་ལེགས༴ ཨོཾ་མ་ཎི༴ ན་མ༴ མཐར་ཡི་གེ་བརྒྱ་བ་ལན་གཅིག་བརྗོདཿ སྒོ་གསུམ་སྡིག་སྒྲིབ་དག་པར་བསམཿ ལུས་ཕྱེས་ནིཿ འཕགས་པའི་གནང་བའི་པཉྩ་ལི་ཀ་ཡིསཿ བདག་གཞན་ཡན་ལག་»དྲ«ི་མ་ཕྱི་ས་ཡིསཿ འགྲོ་ཀུན་སྒོ་གསུམ་སྒྲིབ་པ་ཡོངས་བྱང་ནསཿ »སྤྱ«ན་རས་གཟ»ིགས་«ཀྱི་གོ་འཕང་མྱུར་ཐོབ་ཤོག༔ དེ་ནས་རྗེས་ཀྱི་རིམ་པ་ནིཿ གཏོར་མ་འབུལ་བ་ནི༔ ཟབ་ཡང་རིན་པོ་ཆེ་ཡི་སྣོདཿ ཡངས་ཤིང་རྒྱ་ཆེ་ལྷའི་ཞལ་ཡས»ཿ« རོ་བརྒྱ་ནུས་པ་སྟོང་ལྡན་པཿ ཟག་མེད་ཡེ་ཤེས་བདུད་རྩིར་གྱུརཿ ཨོཾ་ཨཱཿ་ཧཱུ»ཾ« ཧ་ཧོ་ཧྲཱི༔ ལན་བདུན་» ན«་མོ་ལོ་ཀི་ཤྭ་རི་བྷུདྡྷ་བྷོ་དྷི་ས་ཏྭ་གུ་»རུ་«དྷེ་ཝ་ཌཱཀྐི་ནི་ས་པ་རི་ཝ་ར་ཨེ་དམ་»བྷ«་ལིང་ཏ་ཁ་ཁ་ཁྷཱི་ཁྷཱིཿ ལན་བདུན»་ «གཏོར་མ་འདོད་ཡ»ོན«་ལྔ་ལྡན་པའིཿ འཕགས་མཆོག་སྤྱན་རས་གཟིགས་དབང་ལྷ༔ སངས་རྒྱས་བྱང་སེམས་རྩ་བ་གསུམཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ བཞེས་ནས་ཚོགས་རྫོགས་སྒྲིབ་སྦྱངས་ཤིང་»ཿ« »མ«ཉེས་ཤིང་ཚིམ་ནས་དངོས་གྲུབ་»སྩ«ོལཿ ཡོན་ཏན་འདྲེན་ལཿ ཨོཾ་སརྦ་ལོ་ཀ་ཊ་ཀ་ཊ་ཀི་ནི་དྷརྨ་པ་ལ་ཀྵེ་ཊ»་པ«་ལ་ལོ་ཀ་པ་ལ་ས་པ་རི་ཝ་ར་ཨེ་དམ»༴« གཏོར་མ་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འདི»ཿ« ལས་དང་དམ་ཚིག་ཤ་ཟ་ཊཀྐི་ལཿ བསྟན་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལཿ འབུལ་ལོ་དགྱེས་པར་བཞེས་ལ་རྣམས་བཞི་ཡིཿ འ»ཕྲིན་ལས་«ཀུན་སྒྲུབས་སངས་རྒྱས་བསྟན་པ་སྐྱོང་ཿ སྙིང་རྗེའི་མགྲོན་ལཿ» «ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མི་ཁེ་བྷྱེ་སརྦ་ཏཁཾ་ཨུད་ག་ཏེ་ས་ཕ་ར་ན་ཧི་མ»ཾ«་ག་ག་ན་ཁཾ་ཨེ་དམ་བྷ»་ལིངྟ«༴» «ལན་བདུན གཏོར་མ་འདོད་ཡ»ོ«ན་ལྔ་དང་ལྡན་པ་འདིཿ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིནཿ ལྷ་དང་མི་ཡི་རིགས་གྱུར་སྙིང་རྗེའི་མགོནཿ ཀུན་ལ་སྦྱིན་ནོ་སྡུག་བ»སྔལ«་ཡོངས་དག་ནསཿ ཕྱག་ན་པདྨོའི་གདུལ་»བྱ«་གྱུར་བར་ཤོགཿ ལན་ཆགས་མགྲོན་ལ་» «ན་མཿ སརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ སོགས་ལན་བདུན། གཏོར་མ་འདོད་ཡོན་བདུད་རྩི»འི«་རྒྱ་མཚོ་འདིཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ བུ་ལོན་ལན་ཆགས་ཤ་མཁོན་མ་འཁོར་བའིཿ འབྱུང་པོ་གདུག་སེམས་ལྡན་པ་ཡོངས་ལ་སྦྱིནཿ བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་བར་ཤོགཿ གཞི་བདག་ལ་དཀར་གཏོར་ནིཿ ཡུལ་ལྷ་གཞི་བདག༴སོགས སྡིག་པ་ཅི་ཡང་༴ སོགས ཞེས་ཆོས་ཀྱི་སྦྱིན་པ་བྱའོ། །སླར་མཆོད་པ་ནིཿ འཇིག་རྟེན་ཁམས་ནི་དཔག་མེད་ནཿ མཆོ»ད«་རྫས་ཇི་སྙེད་ཡོད་པ་ཀུནཿ རྒྱལ་བ་སྲས་དང་བཅས་ལ་འབུལཿ སེམས་ཅན་དོན་དུ་བཞེས་སུ་གསོལཿ ཨོཾ་»བཛྲ«་ཨརྒྷམ» «སོགས་ནས་»«ཤབྷ་སརྦ་»པཱུ«་ཙ་ཧོཿ བསྟོད་པར་འོས་པ་ཐམས་ཅད་ལཿ ཞེས་པའི་བསྟོད་ལཿ ལོ་ཀི་ཤྭ་ར་ས་ཏྭ་ས་མ་ཡཿ སོགས་ལན་གསུམ་གྱི་བཤགས་ཅིངཿ མ་འབྱོར་བ་དང་༴ སོགས། ལྷག་པ་དང་ནི»༴« སོགས། བག་མེད་བརྗོད་བྱ༴ སོགས། སེར་སྣའི་དབང་གིས༴ སོགས། ཁྱེད་ཐུགས་གསང་བ༴ སོགས། ཆོ་གའི་མཐར་རྫོགས་»ཚེ་«གཤེགས་གསོལ་ནིཿ ཨཱོཾ་ཁྱེད་ཀྱི་སེམས་ཅན༴ སོགས བཛྲ་མུཾཿ འབྱུང་པོ་ས་འོ»ག«་རྒྱུ་བ༴ སོགས འབྱུང་པོ་གང་དག༴ བསྔོ་བ་ནིཿ བྱང་ཆུབ་མཆོག་གི་ལམ་བཟང་འདིརཿ འབད་པའི་དགེ་བ་གང་ལགས་པ༔» «དྲིན་ལྡན་མཁའ་ཁྱབ་ཕ་མ་ཀུནཿ རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོཿ དགེ་བ་འདི་ཡི»༴« སྨོ་»ལམ«་ནིཿ ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་གི»ཿ« ལམ་མཆོག་བརྙེ»ད«་ནས་ཆོ་ག་འདིར་འབད་དགེཿ རྒྱལ་བསྟན་མི་»ནུ«བ་འཕེལ་ཞིང་རྒྱས་པ་དང་ཿ བསྟན་འཛིན་སྐྱེ་བུའི་སྐུ་ཚེ་མཛད་ཕྲིན་རྒྱསཿ དབྱར་གྱི་ཆར་ལྟར་གོང་ནས་གོང་འཕེལ་ཞིང་ཿ མཁའ་ཁྱབ་སེམས་ཅན་འཕགས་པའི་གདུལ་བྱར་གྱུརཿ ངན་སོང་གནས་སྟོང་འཁོར་བ་དོ»ང«་»སྤྲུ«ག་ནསཿ བྱང་ཆུབ་སེམས་ལྡན་འགྲོ་བ་གང་ཡང་རུངཿ ཕྱག་ན་པདྨའི་འགྲོ་དོན་དང་མཉམ་ནསཿ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བརཿ དེ་སྲིད་འགྲོ་དོན་རྒྱུན་ཆད་མེད་པར་ཤོགཿ བདག་ཀྱང་སྙིང་སྟོབས་ཆེན་པོའི་གོ་བགོས་ལྟརཿ རང་དོན་ཞི་བདེ་གཞོལ་བའི་བློ་ཞིག་ནསཿ སྡུག་བསྔལ་ཉམ་ཐག་སེམས་ཅན་གཅིག་ག»ི་«དོན༔ སྒོ་གསུམ་གཏོང་ལ་འཕངས་པ་མེད་པ་རུཿ སེམས་བསྐྱེད་དམ་བཅའ་མཐའ་རུ་ཕྱིན་གྱུར་ནསཿ འཁོར་བ་མཐའ་ཅན་རྫོགས་སངས་རྒྱས་གྱུར་ནསཿ ཀུན་ཀྱང་གཞོན་ནུ་བུམ་བསྐུར་གྲོལ་བར་ཤོགཿ» «བཀྲ་ཤིས་གང་རྒྱས་ཀྱི་མཐའ་བརྒྱན་པར་བྱའོ། །ཞིང་ཁམས་སྦྱོངས་བའི་གནད་གྱི་ཕྱིརཿ ཕྱི་སྣོད་རི་བོ་ཏ་ལའི་ཞིང་ཿ ནང་བཅུད་འཕགས་པའི་སྐུའི་རང་བཞིནཿ སྒྲ་གྲགས་ཡི་གེ་དྲུག་མའི་སྒྲ། དྲན་རྟོག་སྟོངཉིད་སྙིང་རྗེའི་ངངཿ བསྡུས་རིམ་ལོགས་སུ་ཕྱེད་མི་དགོསཿ ཨེ་མཿ སྤྱན་རས་གཟིགས་གྱི་གདན་ས་བླ་ན་མེདཿ ཐུན་མོང་ཐུན་མིན་ཀུན་ཀྱིས་ལམ་མཆོག་སྟེཿ སྔགས་དང་མི་འགལ་མདོ་དང་གོ་བསྟུན་ཞིང་ཿ བདག་གི་པདྨའི་རང་ལུགས་མ་ནོར་བཀོདཿ བསྙེན་པར་གནས་པའི་ཆོ་ག་ཟབ་མོ་འདིརཿ སྙིགས་དུས་མ་རུང་ལྔ་བརྒྱའི་ཐ་མ་ལཿ འགྲོ་བ་གཟུགས་ཅན་གཟུགས་མེད་ལས་ལྡན་དང་ཿ ལས་ངན་ལོག་ལྟ་དམ་ཉམས་ཀུན་གྲོལ་ཞིང་ཿ ཐོས་གྲོལ་འཕྲད་ཚད་རང་གྲོལ་འབྲེལ་བསྡུས་ཀུནཿ དོན་དང་ལྡན་ཞིང་བྱང་ཆུབ་ལམ་ལ་བཀོདཿ ཟབ་པའི་མཐར་ཐུག་ལམ་གྱི་བྱིན་ཆེ་བཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ཆ་ལག་ཏུཿ བདག་གིས་ཨ་ཙར་ཤྭཀྱ་སེང་གེས་བཀོདཿ མ་འོངས་སྐལ་ལྡན་ཀུན་གྱི་ལག་དུ་སྤྲོདཿ བྱེ་མའི་གྲངས་སྙེད་སེམས་ཅན་གྲོལ་བར་ཤོགཿ ལམ་ལ་མ་ཞུགས་པའི་འགྲོ་རྣམས་དང་ཿ དཀའ་ཐུབ་ལ་མོས་པ་རྣམས་ཀྱིས་དོན་དུ་བསྙུང་བར་གནས་པའི་ཆོ་ག་དཔལ་མོ་ལུགས་ལྟར་བྱེད་པར་འདོད་ཀྱང་ཿ སྐབས་སུ་བབ་པ་གདུལ་བྱའི་བློ་དུང་མཐུན་པར་བླ་མའི་ཞལ་ལས་ཤེས་པར་བྱའོཿ རང་ལུགས་བསྙེན་གནས་སྔ་ཆོག་ལེགས་པར་གྲུབ་མཐར་གདན་གཅིག་བསྲུང་བའི་གུང་ཚིག་ལ་འཇུག་ཅིང་བཟའ་བཏུང་རྫོགས་ནས་ཁྲུས་བྱསཿ ངག་བསྡོམ་ཞིང་ཕྱི་ཆོག་ལ་འཇུགཿ ཆོ་ག་རྫོགས་ནས་མལ་དུ་བཞུགསཿ ཉེས་སྐྱོན་བྱུང་ན་བཤགས་པར་བྱཿ སྣོད་བཅུད་ལམ་ཁྱེར་དང་མ་བྲལ་བར་ཕྱག་སྟོང་འཁོར་ལོ་བསྒྱུར་བའི་སོགས་མ་ཎི་འདྲེན་བཞིན་ནས་ཀུན་རྟོག་ཉོན་མོངས་པའི་དབང་དུ་མ་སོང་བར་བྱང་ཆུབ་སེམས་དང་མ་བྲལ་བར་གཉིད་ལོགས་ཅིང་༔ གསལ་དེ་ཐུགས་རྗེ་ཆེན་པོའི་ཡོན་ཏན་དྲན་པའི་གསོལ་བ་འདེབསཿ སྐྱ་རེངས་དང་པོ་ཤར་བའི་དུས་སུ་དགེ་བ་འདི་ཡི་ལེགས་བརྗོད་མཐར་ངག་གྲོལཿ སླར་ཡང་ཆོ་ག་ལ་འཇུག་པའམ་རྗེས་ཆོ་་ག་བྱེད་པ་སོགས་ཞལ་ཤེས་ཕྱག་ལེན་གྱི་གནད་མ་འཆུག་པར་བྱའོཿ བསྙེན་གནས་ཆོ་ག་བྱང་ཆུབ་བདེ་ལམ་ཞེསཿ ཏཱ་རེ་སྤྲུལ་བསྒྱུར་ཆོས་བདག་དབང་མོ་ཡིསཿ སྐུ་ཚེ་ལོངས་སྤྱོད་འཁོར་ལོའི་གསང་མཛོད་བསྟོལ། བྱང་སེམས་པདྨའི་མིང་གི་སྨྲས་པ་བཞིནཿ ཡི་གེ་འདུ་བྱེད་ཕྱག་ན་པདྨ་ཡིཿ བྱིན་རླབས་རིགས་པའི་ཡེ་ཤེས་ཀྱིས་བགྱིས་པའིཿ དགེ་བའི་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོགཿ ཇི་སྲིད་འཁོར་བའི་འཇིགས་བརྟེན་མ་སྟོང་པརཿ དེ་སྲིད་ཆོས་འདིས་འགྲོ་དོན་མཐར་ཕྱིན་ནསཿ བཟང་ངན་འབྲེལ་བའི་བསྡུས་དང་མ་བསྡུས་ཀུན ཕྱག་ན་པདྨོའི་གོ་འཕང་ཐོབ་འགྱུར་ཅིགཿ དགེའོ། བཀྲ་ཤིས་པར་གྱུར་ཅིག།
{{TibP|ཧཱྃ། ཡང་གསང་ཐུགས་ཐིག་ཆ་ལག་ལས། བསྙེན་གནས་བྱང་ཆུབ་བདེ་ལམ་བཞུགས་སོ།  
།ན་མོ་ལོ་ཀི་ཤྭ་ར་ཡཿ ཐུགས་རྗེ་ཀུན་ལ་སྙོམ་པའི་སྤྱན་རས་གཟིགས»ཿ «འགྲོ་དོན་སྡུག་བསྔལ་སྨག་རུམ་ཐུགས་རྗེ་ཡིསཿ འོད་སྟོང་དཀྱིལ་འཁོར་རྒྱས་པའི་སེལ་མཛད་གཉེནཿ བླ་མ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལཿ མ་འོངས་སྙིགས་མ་ལྔ་བདོའི་དུས་ཀྱིས་ཚེཿ འགྲོ་»དྲུག་«ཉོན་མོངས་སྡུག་བསྔལ་སྟོབས་ཆེན་གྱིསཿ མནར་ཞིང་ངན་སོང་རྒྱུར་བསྒྲུབ་གཟུགས་ཅན་དང་ཿ གཟུགས་མེད་འབྱུང་པོའི་གནོད་པ་རླུང་ལྟར་འཚུབསཿ དེ་ཚེ་མོས་པའི་སྤྱོད་པ་གང་ཡང་རུང་ཿ ཉམས་སུ་ལེན་རུང་ལམ་མང་བྱིན་ཆེ་ཞིང་ཿ ཐར་བའི་ལམ་ལ་འདྲེན་མཛད་ཆོས་འདིར་འགོདཿ དེ་ལ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་ཡེ་གྲོལ་གྱི་ལྟ་བ་རྟོགས་པའི་གང་ཟག་ལཿ ཐུན་མོང་ལམ་གྱི་སྤྲོས་པ་མ་མཆིས་ཀྱང་བསྐྱེད་རྫོགས་ལ་སྦྱངས་ཆ་ཅུང་ཟད་ཐོན་ཞིང་གསང་སྔགས་མོས་པར་སྤྱོད་པ་གང་ཡང་དཀའ་ཐུབ་གདུང་བ་དྲག་པོ་སྤྱོད་པའང་ཅུང་ཟད་བཀག་ཤིང་ཿ ལས་འབྲས་ཁྱད་དུ་མི་བསད་ཕྱིར་སྐབས་ཀྱི་སྤྱོད་པ་སྒྲིབས་སྦྱོངས་ལ་འབད་པ་བྱང་སེམས་སྔགས་ཀྱི་ལམ་མཆོག་ཏུ་བསྔགས་པའི་བསྙེན་པར་གནས་པའི་ཆོ་ག་ཟབ་མོ་སྒྲུབ་བར་བྱེད་པ་ལཿ གཙང་མའི་གནས་སུ་རྟེན་གྱི་དྲུང་ངམ་མ་འབྱོར་ཡང་ཆད་སྐྱོན་མེད་དེའིཿ གནས་དུས་དང་བསྟུན་པའི་སྟེག་བུར་མ་མཎྜལ་ཚོམ་བུ་གཅིག་པའི་གཡས་སུ་པདྨ་འདབ་བཞིར་ཁྲུས་བུམ་ཁ་བརྒྱན་མགུལ་ཆིང་གིས་སྤྲས་པ་བཀོདཿ གཡོན་ཏུ་དཀར་གསུམ་མངར་གསུམ་གྱི་གཏོར་མ་འདབ་བཞི་བརྒྱན་ལྟར་བཤམཿ མཐར་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་བདུན་དང་མར་མེ་ཞལ་ཟས་སོགས་མཆོད་པ་རྒྱ་ཆེན་པོར་བསྐོར་ཞིང་ཿ ཡུལ་དེའི་གཉུག་མར་གནས་པ་ལ་མཆོད་པ་དང་བགེགས་ལ་གཏོར་མ་སྦྱིནཿ སྐྱ་རེངས་དང་པོ་ཤར་བའི་དུས་སུ་གོས་གསར་པ་བསྒོསཿ ཤིང་རྩི་དུད་པས་བསང་བ་དང། ཁྲུས་ཆུ་ལ་རྡོ་རྗེ་རྣམ་འཇོམས་པ་བསྐྱེད་བཟླས་འོད་ཞུ་བྱས་ལཿ ཇི་ལྟར་བསྟམས་པ་ཙམ་གྱིས་ནི། ལྷ་རྣམས»༴« ལྷ་ཡི»༴« དེ་བཞིན་བདག་གིས་སྐུ་ཁྲུས་གསོལ»༴« ན་མཿསརྦ༴ ན་མོ་རརྣ་ཏྲ་ཡ་ཡཱ༴ སོགས། ཞེས་ཡན་ལག་ལྔ་ལ་ཁྲུས་ལེགས་པར་བྱ་ཞིང་ཿ བླ་མའི་དྲུང་ངམ་རྟེན་གྱི་དྲུང་དུ་གསོ་སྦྱོང་ལེན་པ་ནིཿ ཕྱག་འཚལ་ཡན་ལག་བདུན་པ་དང་མཎྜལ་ཕུལཿ གུས་པ་དང་བཅས་པའི་པུས་མོའི་གཡས་པའི་ལྷ་ང་ས་ལ་བཙུག་ལག་གཉིས་ཐལ་མོ་སྦྱར་ཞིང་ཿ ཁོང་ཁྲོ་བ་དང་ལོག་པར་ལྟ་བ་སོགས་བག་མེད་པ་སྤང་ཞིང་བྱང་ཆུབ་ཀྱི་སེམས་ཀྱི་དང་ལྡན་པའི་ངང་ནས་འདི་ལྟར་རྗེས་བཟློས་བྱའོ། །ཀྱེ་ཧོ་ལེགས་པར་དགོང»ས«་སུ་གསོལ༔ འཕགས་མཆོག་ཕྱག་ན་པདྨ་དང་༔ དབྱེར་མེད་བླ་མ་རྡོ་རྗེ་འཛིནཿ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམསཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ མ་ལུས་བདག་ལ་དགོངས་སུ་གསོལཿ ཇི་ལྟར་སྔོན་གྱི་དེ་བཞིན་གཤེགསཿ དགྲ་བཅོམ་ཡན་ལག་རྫོགས་སངས་རྒྱས༔ ཉོན་མོངས་པ་ལས་རྣམ་གྲོལ་ཞིང་ཿ ཀུན་ཏུ་བདེ་»ཆེན«་བྱང་ཆུབ་ཀྱིཿ ས་ལ་བཞུགས་པའི་ཚོགས་རྣམས་ཀྱིསཿ འ»གྲོ«་»དྲུག«་སྡུག་བསྔལ་ལས་གྲོལ་ཞིང་ཿ ཡང་དག་མཆོག་གི་ལམ་འགོད་»ཕྱི«ར༔ བླ་མེད་ཡང་»ད«ག་རྫོགས་བྱང་དུཿ ཐུགས་བསྐྱེད་»གསོ«་སྦྱོངས་ཡང་དག་པརཿ ངེས་པར་བླང་བ་དེ་བཞིན་ཏུཿ བདག་མིང་འདི་ཞེས་བགྱི་བས་ཀྱང་༔ བླ་ན་མེད་པ་ཡང་དག་པརཿ རྫོགས་བྱང་མཆོག་དུ་སེམས་བསྐྱེད་ནསཿ གསོ་སྦྱོང་ངེས་པར་ཡང་»ད«ག་པརཿ རྣམ་གསུམ་དད་པའི་བླང་བར་བགྱིཿ སེམས་ཅན་མ་གྲོལ་བ་རྣམས་གྲོལཿ མ་བསྒྲ»ལ«་བ་རྣམས་བསྒྲལ་བར་བགྱིཿ དབུ་མ་དབྱུང་རྣམས་དབུག་དབྱུང་ཞིང་ཿ ཡོངས་སུ་མྱ་ངན་མ་འདས་པཿ ཡོངས་སུ་མྱ་ངན་འདས་བགྱིའོཿ ལན་གསུམ སླར་ཡང་འདི་ལྟར་རྗེས་བཟློས་བྱཿ བདག་དུས་འདི་ནས་བཟུང་སྟེཿ སང་ཉི་མ་མ་ཤར་བར་དུ་བ»སྙེ«ན་གནས་ཡན་ལག་བརྒྱད་པའི་བསྲུང་བྱ་རྣམས་ཚུལ་བཞིན་དུ་བསྲུང་»སྙ«མ་པའི་རྗེས་བཟློས་མཛོདཿ བདག་ཅག་མོ»ས«་པར་ལྡན་ཀུན་གྱིསཿ དུས་ཚིག»ས«་ཁྲིམས་ལ་ཡང»་«་དག་གནསཿ དེ་ཡང་སྲོག་གཅོད་མི་བྱ་ཞིང་ཿ གཞན་གྱི་ནོར་ཡང་བླང་མི་བྱཿ འཁྲིགས་པའི་ཆོས་ཀྱང་མི་བྱ་ཞིང་ཿ རྫུ»ན«་གྱི་ཚིག་ཀྱང་མི་སྨྲའོཿ སྐྱོན་ནི་»མང་པོ་ཉེར་«བསྟན་པའིཿ ཆང་ནི་ཡོངས་སུ་སྤངས་བར་བྱཿ ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་ཿ དེ་བཞིན་དུས་མ་ཡིན་པའི་ཟསཿ དྲི་འཕྲེང་གླུ་གར་བརྒྱན་སོགས་སྤངསཿ ཇི་ལྟར་དགྲ་བཅོམ་རྟག་ཏུ་ནིཿ མི་དགེ་བཅུ་པོ་»ཡོ«ང་སྤོ»ང«་ལྟརཿ དེ་བཞིན་མི་དགེ་བཅུ་རྣམས་སྤང་ཿ ཞི་ཞིང་དུལ་ལ་གནས་བྱའོཿ བདག་ཅག་མཁའ་ཁྱབ་སེམས་ཅན་ཀུནཿ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོགཿ ལན་གསུམ་གདབ་ཅིང་ཿ ཨཱོཾ་ཨ་མོ་ག་ཤི་ལ་སཾ་བྷཱ་རཿ བྷ་ར་བྷ་ར་»མ་ཧཱ་ཤུད«་དྷཿ ས་ཏྭ་»པདྨ་«བི་བྷུ་ཥིབྷུ་ཛཿ དྷ་ར་དྷ་རཿ ས་མནྟཿ ཨ་ཝ་ལོ་ཀི་»ཏེ«་ཧཱུཾ་ཕཊཿ སྭ་ཧཱཿ ༔ ཁྲིམས་གྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་ཿ ཚུལ་ཁྲིམས་རྣམ་པར་དག་དང་ལྡནཿ »རློ«མས་སེམས་མེད་པའི་ཚུལ་ཁྲིམས་ཀྱིསཿ ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོགཿ གཞན་གནོད་གཞི་བཅས་ལྡོག་པ་གོམས་པའི་མཐུསཿ རྨི་»ལམ་ན«་ཡང་སྡིག་སེམས་མི་འབྱུང་ངོ་ཿ བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བརཿ »ཚུ«་ཁྲིམས་»ཕ་རོ«ལ་ཕྱིན་པའི་བཀྲ་ཤིས་ཤོགཿ བརྗོད་ཅིང་གསོ་སྦྱོངས་ལེགས་པར་བླངས་ལ་ཕྱག་འཚལཿ དེ་ནས་གདན་གཅིག་བསྲུང་བའི་ཁྲིམས་ལས་གནས་པའི་ཕྱིརཿ གནས་པའི་གདན་གྱི་ཁར་ཀུ་ཤ་བཞག་བར་འཁོད་ཅིངཿ བསྙེན་གནས་དངོས་ལ་འཇུག་པའི་ཐོག་མར་སྐྱབས་སུ་འགྲོ་བ་ནི༔» «སངས་རྒྱས་ཆོས་དང་ཚོགས་ཀྱི༴ བྱང་ཆུབ་བར་དུ༴ བདག་གི༴ འགྲོ་ལ༴ མགོན་པོ་ཐུགས་རྗེ་ཆེར་ལྡན་པཿ ཐམས་ཅད་ཁྱེན་པའི་སྟོན་པ་པོ»ཿ« བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་ཿ དེ་བཞིན་གཤེགས་ལ་སྐྱབས་སུ་མཆིཿ དག་པའི་འདོད་ཆགས་བྲལ་བའི་རྒྱུདཿ དགེ་བའི་ངན་སོང་ལས་གྲོལ་ཞིང་ཿ གཅིག་ཏུ་དོན་དམ་མཆོག་གྱུར་པཿ ཞི་གྱུར་ཆོ»ས«་ལ»༴« གྲོལ་ནས་གྲོལ་བའི་ལམ་ཡང་སྟོནཿ བསླབ་པ་དག་ལ་རབ་ཏུ་གནསཿ ཞིང་གི་དམ་པ་ཡོན་ཏན་ལྡན»ཿ« དགེ་བདུན་ལ་ཡང་༴ གང་གི་འཁོར་བའི་ཉེས་པ་ལསཿ དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་ཿ བླ་མེད་བྱང་ཆུབ་ཐོབ་མཛད་པའིཿ བླ་མ་རྣམས་ལ་སྐྱབས་སུ་མཆིཿ མཆོག་གསུམ་རྩ་གསུམ་ཀུན་འདུས་དཔལཿ འགྲོ་བའ»ི་«མགོན་པོ་བཅོམ་ལྡན་འདསཿ སྡུག་བསྔལ་ནད་སེལ་»སྨ«ན་གཅིག་པུཿ སྤྱན་རས་གཟིགས་ལ་སྐྱབས་སུ་མཆིཿ ལན་གསུམ་སེམས་བསྐྱེད་ཚད་མེད་རྣམ་བཞི་ནིཿ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིགཿ ཀུན་ཀྱང་སྡུག་བསྔལ་»རྒྱུ«་འབྲས་དང་བྲལ་ནསཿ སྡུག་བསྔལ་མེད་པའི་བདེ་དང་མི་བྲལ་ཞིང་ཿ ཆགས་»སྡ«ང་མེད་པའི་བཏང་སྙོམས་གནས་གྱུར་ཅིགཿ ལན་གསུམ ཚོགས་ཞིང་གསལ་གདབ་པ་ནིཿ སྣང་བ་རྣམ་པར་དག་པའི་ཞིང་ཿ མ་དག་འཛིན་པ་ཀུན་བྲལ་བཿ ལག་མཐིལ་ལྟར་མཉམ་རང་བཞིན་འཇམཿ བཻ»ཌཱུ«རྱ»་«ཡི་ས་གཞི་ལཿ མཁའ་ཁྱབ་གཞལ་ཡས་བཀོད་མཛེས་དབུསཿ རིན་ཆེན་ཁྲི་»རྐ«ང་རྒྱ་ཆེ་བ»ཿ «ཟ་»འོག«་འབོལ་བརྩེགས་གདན་གྱི་ཁརཿ བླ་མ་མགོན་པ»ོ་«སྤྱན་རས་གཟིགསཿ སངས་རྒྱས་སྟོ»ང་«དང་བྱང་ཆུབ་སེམསཿ རྩ་གསུམ་དགྲ་»བཅོམས«་ཉན་རང་དང་ཿ མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགསཿ ཉི་ཟེར་རྡུལ་འཁྲིགས་ཇི་བཞིན་ཏུ༔ སྤྲིན་ལྟར་གཏིབ་ཅིང་བྱོན་པར་བསམཿ སྤྱན་འདྲིན་པ་ནིཿ མ་ལུས་སེམས་ཅན་ཀུན་ཀྱི༴ བདུད་སྡེ༴ དངོས་རྣམས»༴« བཅོམ་ལྡན་འཁོར་བཅས༔ བཛྲ་ས་མ་ཡ་ཛ་ཛཿ བཅོམ་ལྡན་འདིར་ནི༴ བདག་ཅག༴ བདག་གི༴ དེ་ཉིད་དུ་ནི་བརྟན་པར་བཞུགས༔ སྟོང་གསུམ་ཀུན་དང་མཉམ་པ་ཡིཿ པདྨ་འདབ་བརྒྱད་གེ་སར་བཅསཿ བདེ་ཞིང་ཡང་པར་འབུལ་ལགས་ནཿ ཅི་བདེར་བར་ནི་བཞེས་སུ་གསོལཿ པདྨ་ཀ་མ་ལ་ཡེ་སྟོམསཿ ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ཤེལ༴ སོགས ཇི་ལྟར་བལྟམ་པ༴ སོགས སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ༴ སོགས༴ ཕྱག་སྟོང་འཁོར་ལོ༴ སྤྱན་སྟོང་སྐལ༴ གང་ལ་གང༴ བཙུན་པ་སྤྱན་»རས་གཟིགས༴« སོགས མཐུན་པའི་དགེ་ཚོགས༴ སྤྱོད་པ༴ བསྐལ་བཟང་༴ རྫོགས་པའི་སངས་རྒྱས༴ སོགས འཇམ་དབྱངས་ཕྱག་ན་རྡོ་རྗེ༴ ས་ཡི་སྙིང་པོ་སྒྲིབ༴ ནམ་མཁའི་སྙིང་པོ་བྱམས་པ༴ ཉེ་བའ»ི«་སྲས༴» «སོགས རྒྱལ་བ་ཉིད་ལས༴ འཕྲིན་ལས་མཛད༴ བསྟན་དང་༴ ཨོ་རྒྱན་རྒྱུད༴ སོགས ཀུན་བཟང་རྡོར་སེམས༴ ཨོ་རྒྱན་པདྨ༴ བཀའ་གཏེར༴ འདྲེན་མཆོག༴ སོགས དེ་བཞིན་གཤེགས་པ༴ རིན་ཆེན་བུམ་པ་མང་པོ་སྤོས༴ ཡིད་འོང་ལེགས་པར༴ རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ༴ སོགས» «དེ་དག་སྐུ་ལ༴ གཙང་ལ་དྲི་བ༴ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿ་ཨཿ ཀ་ཡ་བྷི་ཤྭ་དྷ་ན་ཡེ་སྭ་ཧཱཿ དེ་ནི་དེ་ལ་ཁ་ཏོག་ལེགས༴ ནབ་བཟའ་ཤིན་ཏུ༴ གོ»ས«་སྲབ་ལ༴ བརྒྱན་མཆོག༴ བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ སོགས་མཎྜལ་འབུལ་བ་ནིཿ» «ཨོཾ་བཛྲ་བྷུ་མི་ཨ་ཧཱུཾཿ གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱིས་ས་གཞིཿ ཨོཾ་བཛྲ་རི་ཥེ་ཨ་ཧཱུཾཿ ཿཕྱི་ལྕགས་རི་འཁོར་ཡུག་གི་བ»སྐ«ོ»ར«་བའི་དབུས་སུ»༴« སོགས ས་གཞི་སྤོས་ཆུས༴» «སོགས མཉེས་བྱེད་མཎྜལ་བཟང་པ»ོ«ཿ སོགས» «ཏྲཾ་གུ་རུ»་ «སོགས་» «སྐུ་གསུམ་ཡོངས་རྫོགས༴ སོགས ཡན་ལག་བདུན་པ་འབུལ་བ་ནི༔ ཇི་སྙེད་སུ་དག༴ སོགས» «ཆེན་པོར་བསྔོཿ» «བྱང་སྡོམ་ལེན་པ་ནིཿ བྱང་ཆུབ་སྙིང་པོ་མཆིས་གྱི»༴ «སོགས། ཇི་ལྟར་»སྔོན«་གྱི་བདེ་གཤེགས༴» «སོགས་ལན་གསུམ་སྤྲོས་པ་བསྐྱེད་པ་ནིཿ དེང་དུས་བདག་ཚེ༴» «སོགས་ དགའ་བར་བགྱིཿ ཚོགས་ཞིང་སྤྱན་»སྔ«ར་སྡིག་ལྟུང་ཉམ་ཆགས་ཀུནཿ སྟོབས་བཞི་ལྡན་པའི་བཤགས་པའི་རྒྱལ་པོ་ནིཿ ཕུང་པོ་གསུམ་པ་ལན་གསུམ་ལ་འདོན་གྱིས་»ཿ« ལུས་ཀྱི་མན་ལྔ་ཕབ་པའི་རྐྱང་ཕྱག་འཚལཿ དེ་ནས་དངོས་གཞི་ཆོ་གའི་རིམ་པ་ནིཿ མཆོད་པའི་ཡོ་བྱེད་བྱིན་གྱིས་རླབས་པ་ནིཿ ཨོཾ་བཛྲ་ཨ྄ྀིར་ཏ༴ སོགས་ནས་བསང་ ཨཱོཾ་སྭཱ་བྷ་ཝ་ཤུ»དྡྷ«ེ༴ སོགས་སྦྱངས་ཤིང་ཿ མཆོད་རྫས་མ་དག་ཉེས་སྐྱོན་སྟོང་པར་གྱུརཿ »བྷཱུཾ་ལས་རིན་པོ་ཆེ་ཡི་སྣོད་ཡངས་སུཿ «འབྲུ་གསུམ་འོད་ཞུ་རོ་བརྒྱ་»ནུས«་ལྡན་གྱིཿ གཏོར་མ་ཟག་མེད་ལྷ་ཡི་ཞལ་ཟས་དང་ཿ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་ཏེཿ སྣང་གསལ་དྲི་»ཆ«བ་ཞལ་ཟས་»རོལ་«མོ་སྒྲཿ བཀྲ་ཤིས་རྟགས་བརྒྱད་རིན་ཆེན་སྣ་བདུན་སོགསཿ ཟག་མེད་ཀུན་བཟང་མཆོད་སྤྲིན་བླ་མེད་གྱུརཿ ན་མཿ སརྦ་ཏ་ཐ་ག་ཏ༴ སོགས» «ཨཱོཾ་བཛྲ་ཨརྒྷམ་»པྲ«་ཏི་ཙ་ཡེ་སྭ་ཧ»ཿ« སོགས་བརྗོདཿ» «མཆོད་པའི་སྤྲིན་གྱི་གཟུངས་ལན་བདུན་བརྗོདཿ དེ་ནས་བདག་བསྐྱེད་རིམ་པ་ནིཿ ཚོགས་ཞིང་འོད་ཞུ་རང་ལ་ཐིམཿ དམིགས་མེད་བརྗོད་བྲལ་ངང་ཉིད་ལསཿ ཀུན་སྣང་སྙིང་རྗེ་ཆེན་པོར་ཤརཿ རྒྱུ་ཡི་ས་བོན་ཧྲཱི༔ཡིག་ལསཿ སྤྲུལ་པའི་ཕྱི་སྣོད་བཞལ་ཡས་ཁངཿ འགོ»ག«་མིན་ར»ི«་བོ་ཏ་ལའི་ཞིང་ཿ ཕྱི་ནང་རྒྱན་བཀོད་ཕུན་སུམ་ཚོགསཿ »དྭ«ངས་གསལ་སྒྲིབ་གཡོག་བྲལ་བའི་དབུསཿ ཉི་ཟླར་ཧྲཱིཿ» «ཡིག་འོད་ཟེར་གྱིསཿ ཞིང་ཁམས་མཆོད་ཅིང་བྱིན་རླབས་བསྡུསཿ འ»གྲོ་དྲུག་«སྒྲིབ་སྦྱང་དག་ཞིང་བསྒྱུརཿ ཚུར་འདུས་འོད་གྱི་གོངབུ་ཉིདཿ ཡོངས་གྱུར་རང་ཉིད་འཕགས་པའི་སྐུཿ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགསཿ འཁོར་བ་དོ»ང«་སྤྲུག་པད་རག་མདངསཿ ཞལ་འཛུམ་སྤྱན་ཟུང་འགྲོ་ལ་གཟིགསཿ གཙུག་ཏོར་ཨ་མི་དྷེ་ཝས་བརྒྱནཿ »ཕྱ«ག་ཡས་མཆོད་སྦྱིན་སྤྱི་བླུག་བསྣམསཿ གཡོན་པའི་སྐྱབས་སྦྱིན་ནོར་འཕྲེང་འ»དྲེ«ན»ཿ« ཞབས་ཟུང་མཉམ་པའི་འགྲོ་དོན་བཞེསཿ པཉྩ་ལི་ཀའི་སྨད་དཀྲིས་ཅནཿ མཚན»་དཔེ«་»འོད«་ཟེར་གཟི་བརྗིད་འབརཿ སྤྱི་མགྲིན་སྙིང་»ཀ«ར་ཨོཾ་ཨཱཿ་ཧཱུྃཿ ཧྲིཿཡིག་མདངས་ལྡན་གསལ་བ་ལསཿ འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནསཿ རྒྱལ་བ་རིག་འཛིན་སློབ་མར་བཅསཿ འཁོར་བ་»དོང«་སྤྲུག་ལྷ་ཚོགས་ཀུན»ཿ« སྤྱན་དྲངས་ཐམས་ཅད་རྒྱུད་བསྐུལ་ལོཿ» «སྤྱན་འདྲེན་པ་ནིཿ» «ཧྲཱིཿ སྐུ་གསུམ་ཞིང་དང་བདེ་བ་ཅནཿ པོ་ཊ་ལ་སོགས་»ཕྱོགས་བཅུ«་ཡིཿ ཞིང་བཞུགས་རྒྱལ་བ་སྲས་དང་བཅསཿ ཁྱད་པར་འགྲོ་འདུལ་སྤྱན་རས་གཟིགསཿ ལྷ་ཚོགས་ཐུགས་རྗེ་ཤུགས་བསྐྱོད་ལཿ མོ»ས«་གུས་གདུང་བའི་སྤྱན་འདྲེན་ནཿ བརྩེ་བར་དགོངས་ནས་གཤེགས་སུ་གསོལཿ ཨོཾ་བྷུདྡྷ་བྷོ་དྷི་ས་ཏྭ་བཛྲ་ས་མ་ཡ་ཛ་ཛཿ རིགས་ལྔའི་ཕྱག་གི་བུམ་པ་ནསཿ ཡེ་ཤེས་བདུད་རྩིའི་རྒྱུན་བབ་ཅིང་ཿ དབང་བསྐུར་བདག་རྒྱུད་བྱིན་གྱི»ས«་རློབསཿ རྡོ་རྗེ་གསུམ་གྱི»ས་«ངོ་བོར་གྱུརཿ ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾཿ བཞུགས་སུ་གསོལ་བ་ནི འགྲོ་བའི་བླ་མ་སྟོན་པ་མཆོགཿ འཁོར་བ་དོ»ང«་»སྤྲུག«་སྤྱན་རས་གཟིགསཿ བདག་དང་དབྱེར་མེད་བརྟན་པར་བཞུགསཿ སེམས་ཅན་ཐུགས་རྗེ་ཟུང་དུ་གསོལཿ ཏིཥྛ་»ལྷ«ནཿ ཕྱག་འཚལ་བ་ནི། སྡུག་བསྔལ་སེལ་མཛད་འཕགས་པའི་སྐུརཿ འགྲོ་ཀུན་གུས་པའི་ཕྱག་འཚལ་ལོཿ སྡུག་བསྔལ་རྒྱ་མཚོ་མཐའ་བསྐམ་ནསཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་མ»ཛོ«དཿ ན་མོ་ན་མ་ཧོཿ» «མཆོད་པ་འབུལ་བ་ནིཿ འཇིག་རྟེན་ཁམས་ཀྱི་མཆོད་པའི་རྫསཿ བློ་ཡིས་བླང་ཏེ་དཀྱིལ་འཁོར་»ལྷ«རཿ རབ་གུས་»དྭ«ངས་བའི་ཡིད་ཀྱིས་འབུལཿ འ»གྲོ«་དོན་ཚོགས་རྫོགས་སྒྲིབ་དག་ནསཿ འཕགས་པའི་ཞིང་ལ་སྤྱོད་གྱུར་ཅིགཿ ཨོཾ་བཛྲ་ཨ»རྒྷཾ«་ཨ་ཧཱུཾ༔» «སོགས སརྦ་པཱུ་ཙ་ཨ་ཧཱུཾཿ» «བསྟོད་པ་ནིཿ ཧྲཱིཿ སྡུག་བསྔལ་ཀུན་འབྱུང་མ་རིག་སྨགཿ འཁོར་བར་འ»ཁྱ«མས་པའི་སེམས་ཅན་ཀུནཿ ཡེ་»ཤེ«ས་འོད་སྟོང་འགྱེད་མཛད་མགོནཿ འཁོར་བ་དོ»ང«་སྤྲུག་ཐུགས་རྗེ་གཏེརཿ སྤྱན་རས་གཟིགས་དབང་ཁྱོད་ལ་བསྟོདཿ བཟླས་པ་བྱ་བ་ནི »ཐུགས་ཀར«་པདྨ་འདབ་བརྒྱད་དབུསཿ ཟླ་སྟེང་ཧྲི་ཡིག་དཀར་པོའི་མཐརཿ ཡི»་གེ«་དྲུག་མའི་སྔགས་ཀྱིས་བསྐོརཿ འོད་ཀྱི་»རྒྱལ«་མཆོད་བྱིན་རླབས་བསྡུསཿ མ་དག་འགྲོ་བའི་ལས་ཉོན་སྦྱངསཿ སྣོད་བཅུད་འཕགས་པའི་ཞིང་སྐུར་གྱུརཿ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅི་ནུས་བཟླས་མཐར་ཐུགས་སྲོག་ཧྲཱིཿ བརྒྱ་རྩ་བརྒྱད་བཟླས་གཟུག་བཟླས་ཕྱིརཿ དེ་བཞིན་གཤེགས་པ་གསུམ་གྱི་མཚནཿ ཨོཾ་ཨཱཿ་མི་དྷེ་ཝ་ཧྲཱིཿ བརྒྱ་རྩ་བརྗོདཿ ཨོཾ་ཨ་ཡུར་ཧཱུཾ་བྷྲུམ་ཎི་ཛཿབརྒྱ་རྩ་བརྗོདཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བརྒྱ་རྩ་བརྗོད་མཐར་ལྡིག་སྒྲིབ་ཀུན་འཇོམས་སྙིང་པོར་བཅསཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་འ»ཅོ«་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་»སེ«ང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་བརྟན་པ་ནོར་»བུུ་«བརྩེགས་པའི་རྒྱལ་པོ»༴« བདག་གིས་རིག་སྔགས་འདི་འགྲུབ་པར་གྱུར་ཅིགཿ ཨོཾ་བཻ་པུ་ལ་གརྦྷེཿ མ་ཎི་པྲ་བྷེཿ ཏ་ཐ་ག་ཏ་དྷ་རི་ཤ་ནིཿ མ་»ཎ«ི་མ་ཎི་ སུ་བྲ་བྷེ བེ་མ་ལེ སང་ག་ར གམྦྷེ་རཿ ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ བྷུདྡྷ་བི་ལོ་ཀི་ཏི གུ་ཧྱ་ཨ་དྷིཥྛ་ཏེ་གྷརྦྷེ་»སྭ«་ཧཱཿ པ»དྨོ«་དྷ་ར་ཨ་མོ་གྷ་ཛ་ཡ་ཏི ཙུ་རུ་ཙུ་རུ་སྭ་ཧཱཿ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོ»ར«་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དང་»ཿ« ལས་ངན་པའི་རྣམ་པར་སྨིན་པ་དང་»ཿ« ཉོན་མོངས་པ་དང༌། སྡུག་བསྔལ་བ་དང་བག་ཆགས་ངན་པའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས་སངས་རྒྱས་གྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིགཿ» «ཞེས་བརྒྱ་རྩ་བརྒྱད་བཟླས»་«སོ་བདེ་བར་ག»ཤེགས་«པ་ཁྱེད་སྐུ»༴« སོགས» «ཨོཾ་བཛྲ་ཨརྒྷམ སོགས་ཀྱིས་མཆོད། བསྟོད་པར་འོས་པ» «སོགས་བསྟོད་ཅིང་ཿ» «དགེ་བ་འདི་ཡི» «སོགས་བདག་བསྐྱེད་རིམ་པའོ། དེ་ནས་མདུན་བསྐྱེད་ཆོ་གའི་རིམ་པ་ནི། ཨོཾ་མ་ཧཱ་»ཤུ«་ནྱ་ཏ་ཛྙཱ་ན» «སོགས། སྣང་བ་སྣོད་ཀྱི་འཇིག་རྟེན་ཀུནཿ བྷྲུཾ་ཡིག་ཁ་དོགས་ལྔ་ལྡན་ལསཿ འོག་མིན་སྤྲུལ་པའི་གཞལ་གཡས་ཁང་ཿ བརྩིགས་པ་འདོད་སྣམ་ཕ་གུ་དང་ཿ དྲྭ་»ཕྱ«ེད་མདའ་ཡབ་པུ་ཤུ་ས»ོག«ས»ཿ« ཆོས་འཁོར་གདུག་ཏོག་མཛེས་པའི་བརྒྱནཿ མཚན་ཉིད་ཡོངས་རྫོགས་ཉམས་དགའ་བཿ རི་བོ་ཏ་ལའི་ཞིང་ཁམས་དབུསཿ རང་མདུན་རིན་ཆེན་ཁྲི་རྐང་མ»ཛེ«སཿ པདྨ་ཟླ་བའི་གདན་གྱི་ཁརཿ རང་གི་ཐུགས་ཀའི་ས་བོན་ལསཿ ཧྲཱི༔དཀར་བཀྲག་མདངས་ལྡན་པ་བབཿ འོད་ཟེར་འཕོས་འདུས་དོན་གཉིས་བྱསཿ ཚུར་འདུས་ཧྲཱི༔» «ཡིག་འོད་ཞུ་ལསཿ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགསཿ དྲི་མེད་དུང་མདོག་མཚན་དཔེ»ས་«སྤྲསཿ བཅུ་གཅིག་ལ་ཞལ་ཕྱག་སྟོང་ལྡན༔ རྩ་བའི་ཞལ་གསུམ་དཀར་ལ་འཚེརཿ གཡས་ཞལ་དཀར་»ལྗང་«དམར་བའི་མདངསཿ གཡོན་ཞལ་དཀར་དམར་ལྗང་མདོག་མཛེས»ཿ ཐབས་ཤེས«་སྤྱན་ཟུང་འགྲོ་ལ་བརྩེཿ སྟེང་ཞལ་ཁྲོ་བོའི་ཉམས་ལྡན་པཿ »མཐིང་གསལ་«ཞལ་གདངས་ལྗགས་འདྲིལ་ཞིང་ཿ སྤྱན་གསུམ»་« དམར་ཟླུམ་རལ་སྨིན་སེརཿ མེ་»སྟ«ག་ཚ་ཚ་སྐར་»སྟ«ར་འཁྲུགསཿ དབུ་གཙུགས་ཨ་མི་དྷེ་ཝའི་ཞལ༔ དམར་གསལ་གཙུག་ཏོར་སྲིད་རྩེར་ཕྱིནཿ མཛོད་སྤྲུ་འོད་ཟེར་»ཕྱོགས་བཅུ«ར་འཕྲོསཿ རྩ་ཕྱག་བརྒྱད་ཀྱི་»དང་པོ«་གཉིསཿ »ཐུགས«་ཀའི་སྟོད་དུ་ཐལ་མོ་སྦྱརཿ གཡས་གསུམ་ནོར་བུ་ཕྲེང་བ་མངའཿ མཆོག་སྦྱིན་རིལ་བ་སྤྱི་བླུག་བཅསཿ གཡོན་གསུམ་པདྨ་གཞུ་འཁོར་ལོཿ ལྷག་མ་དགུ་བརྒྱ་གོ་གཉིས་པོཿ དབུ་ཡི་གཙུགས་དོར་ནས་བཟུང་སྟེཿ ཞབས་ཀྱི་འཁོར་ལོའི་བར་དུ་བརྒྱནཿ ཕྱག་མཐིལ་སྤྱན་སྟོང་འགྲོ་ལ་གཟིགསཿ ཞབས་ཟུང་མཉམ་པའི་སྟབས་ཀྱི་བཞེངསཿ དར་ད»པྱ«ངས་སྟོད་གཡོག་སྨད་དཀྲིས་ཅནཿ རི་དྭགས་ལྤགས་པས་ནུ་གཡོན་བཀབཿ རིན་པོ་ཆ»ེ་«ཡི་བརྒྱན་དུ་མཿ »ལོངས་«སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ »ཏཱ་རེ་«ལྷ་མོ་ཉེར་གཅིག་དང་ཿ སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས༔ བྱང་སེམས་»ཉན«་»ཐོས«་རང་རྒྱལ་དང་ཿ རྩ་གསུམ་བསྲུང་མའི་ཚོགས་ཀྱི་བསྐོརཿ བདག་བསྐྱེད་»ཐུགས«་ཀའི་འོད་ཟེར་གྱིསཿ རྒྱལ་བ་རིགས་»ལྔ་«སྤྱན་དྲངས་ནསཿ དབང་སྐུར་བྱིན་གྱི»ས«་རླབས་པར་གྱུརཿ ཇི་ལྟར་བལྟམ་པ༴» «སོགས» «ཤྲི་ཡེ་ཧཱུཾཿ དབང་བསྐུར་སྐུ་གང་དྲི་མ་དགཿ ཆུ་ལྷག་ཡར་ལུད་སྣང་མཐའ་ཡསཿ གཙོར་བཞུགས་རིགས་ལྔའི་དབུ་བརྒྱན་གྱུརཿ» «སྤྱན་འདྲེན་པ་ནིཿ སྤོས་ཕོར་ཐོག་ཅིང་ཿ ན་མོ བདེ་གཤེགས་སྙིང་པོས་འ»གྲོ«་བ་ཡོངས་ལ༴ སེམས་ཅན་ནི༴ འགྲོ་བ༴ འདི་ན༴ བཞིངས་ཤིག༴ དུས་ལ༴ སེམས་ཅན་དོན༴ འཇིག་རྟེན་དབང་ཕྱུག་འགྲོ་འ»དུལ«་སྤྱན་རས་གཟིགས»ཿ« རྩ་གསུམ་»རྒྱལ«་བ་སྲས་དང་སློབ་མར་བཅས༔ ཡིད་»ཀྱི«ས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ ཐུགས་རྗེ་བརྩེ་བར་དགོངས་ཏེ་གཤེགས་སུ་གསོལཿ བཛྲ་ཛྙ་ན་སརྦ་ས་མ་ཡཱ་ཛཿབཞུགས་གསོལ་ནི བདག་དང་འགྲོ་ཀུན་བསོད་ནམས་སྐལ་བར་ལྡནཿ སྒྲིབ་ག»ཉ«ིས་སྦྱང་ཕྱི»ན«་སྤྲུལ་པའི་ཞིང་མཆོག་འདིར་ཿ དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་བཞུགསཿ འགྲོ་»དྲུག«་ལས་ཉོན་བག་ཆགས་སྦྱངས་དུ་གསོལཿ པདྨ་ཀ་མ་ལ་ཡེ་སྟྭམཿ ལྷ་ཁྲུས་བྱ་བ་ནིཿ གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེ»ན«་མཁྱེན་པ»ཿ« སྐྱེས་སུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་དེ་ཞལ་ནས་གསུང་བའི་དམ་པའི་ཆོས་དང་ཿ བྱང་ཆུབ་སེམས་དཔའ་»འཕགས«་པའི་དགེ་བདུན་ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་བདག་གི་ཡོ་བྱེད་དང་ལྡན་པའི་»ཁྲུ«ས་འདི་གསོལ་བར་བགྱིའོཿ ཁྲུས་ཀྱི་»ཁ«ང་པ་ཤིན་ཏུ་དྲི་ཞིམ་པཿ ཤེལ»༴« སོགས་ནས» «དེ་བཞིན་གཤེགས་པ» «སོགས ན་མཿ སརྦ་ཏ་ཐ་སོགས་ཇི་ལྟར་བ»ལྟ«མ་པ་སོགས ཆོས་»སྐུ་ནམ«་ནི་མཁའ་སོགས་སུ་སྟོན་པ་བླ་མེད»༴« སོགས་བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་»ལོ«་བསྐོརཿ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེ»ས«་གཟིགསཿ དམ་བཅའ་ཞལ་གསོལ་འགྲོ་བ་སྐྱོབས་མཛད་པཿ སྣང་མཐའ་མཉམ་བཞ»ག«་མཛད་ལ་སྐུ་ཁྲུས་གསོལཿ ན་མ་»སརྦ༴« སོགས་སོ ཕྱག་»སྟོང་« སོགས མཐུན་པའི་སོགས །འཇམ་དབྱིངས་ཕྱག་སོགས། པོ་ཊ་ལ་ཡི༴ སོགས རྒྱལ་བ་ཉིད༴ སོགས བལྟས་པ༴» «སོགས ཀུན་བཟང་རྡོར་སེམས»༴« སོགས སངས་རྒྱས་ཐམས་ཅད༴ སོགས ཞི་ཁྲོ་»ཡ«ི་དམ༴ སོགས མ་མོ་མ»ཁའ་འགྲོ«༴ སོགས སྔོན་ཚེ་ཨོ་རྒྱན༴ སོགས རྒྱལ་བའི་སྐུ་ལ༴» «སོགས རྒྱལ་བའི་གསུང་ལ༴ སོགས རྒྱལ་བའི་ཐུགས་ལ༴ སོགསཿ དེ་དག་སྐུ་ལ»༴« སོགས་» «སྲབ་འཇམ་ཡཾ་པ་ལྷ་ཡི་གོསཿ མི་ཤིག་རྡོ་རྗེ་སྐུ་མཆོག་ལཿ མི་ཕྱེད་དད་པའི་འབུལ་ལགས་ནཿ བདག་ཅག་རྡོ་རྗེ་སྐུ་ཐོབ་ཤོགཿ འདི་ནི་ཁྲུས༴ སོགས ཡན་ལག་བདུན་པ་འབུལ་བ་ནི༔ ཇི་སྙེད་སུ་དག༴ སོགས ལན་གསུམ མཎྜལ་རྒྱས་པར་ཕུལ་ལ་མཆོད་པ་ཕུལ་ཕྱག་བཅུའི་འཇིག་རྟེན་ནས་དུས་གསུམ་གཤེགས་པ་སོགས ཨོཾ་བཛྲ་བྷུ་མི་ཧཱུྃ་སོགས་ཊཾ་གུ»༴« རབ་བྱམས་»རྒྱ«་མཚོ་དཔག་མེད་ནཿ མཆོད་ཡོན་ཇི་སྙེད་ཡོད་པ་དང་ཿ བདག་གི་གུས་པར་བཤམས་པ་འདིསཿ ཇི་སྙེད་རྒྱལ་བའི་སྐུ་ལ་སྒྲིབ་པ་མི་མངའ་ཡང་ཿ སེམས་ཅན་ལུས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིརཿ འགྲོ་དྲུག་དོན་མཛད་སྐུ་ཡི་དཀྱིལ་འཁོར་ལ»ཿ« ཡན་ལག་བརྒྱད་ལྡན་ཆབ་ཀྱིས་སྐུ་ཁྲུས་གསོལཿ ཨོཾ་སརྦ་ཏ་ཐ༴ རྒྱལ་བའི་གསུང་ལ་སྒྲིབ་པ་མི་མངའ་ཡང་༔ སེམས་ཅན་ངག་གི་སྒྲིབ་པ་སྦྱང་བའི་ཕྱིར»ཿ« གང་ལ་གང་འདུལ་གསུང་མཆོག་དམ་ཆོས་ལཿ བདུད་རྩི་ཡན་ལག་བརྒྱད་ལྡན་ཁྲུས་ཆབ་འབུལ༔ ཨོཾ་སརྦ་ཏ་ཐ༴ རྒྱལ་བའི་ཐུགས་ལ་སྒྲིབ་པ་མི་མངའ་ཡངཿ སེམས་ཅན་ཡིད་ཀྱི»་«སྒྲིབ་པ་སྦྱངས་བའི་ཕྱིརཿ ཕྱོགས་མེད་ཀུན་ཤར་ཡེ་ཤེས་རང་བྱུང་ཐུགསཿ བདུད་རྩི་ཡན་ལག་བརྒྱད་ལྡན་ཁྲུས་ཆབ་འབུལཿ ཨོཾ་ན་མ»་«སརྦ་ཏ་ཐ་ག་ཏ༴ རྒྱལ་བ་སྲས་དང་བཅསཿ དེ་སྙེད་རྣམས་ལ་བདག་འདུལ་ནཿ ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱི»ས«ཿ ཅི་བདེར་བར་ནི་བཞེས་ནས་ཀྱང་ཿ སེམས་ཅན་དོན་ཀུན་མཛད་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་»པཱུ«་ཙ་མེ་གྷ་ས་མུ་ཏྲ་སྭ་ར་ཎ་ས་མ་ཡེ་ཨ་ཧཱུཾཿ རབ་བྱམས་རྒྱལ་མཚོ»༴« ཞབས་སིལ་ཇི་སྙེད»༴« བདག་གི་གུས་པས»༴« ཇི་»སྙེ«ད་རྒྱལ་བ༴ དེ་སྙེད་རྣམས་ལ༴ ཅི་བདེ་བར་ནི༴ འགྲོ་སེམས་ཅན་དོན་ཀུན་མཛད༴ ཨོཾ་བཛ་ས་ཏྱཾ་པྲ་ཏི»༴« རབ་བྱམས་རྒྱ་མཚོ༴ མེ་ཏོག་ཇི་སྙེད༴ བདག་གི་གུས༴ ཇི་»སྙེ«ད་རྒྱལ༴ དེ་»སྙ«ེད་རྣམས༴» «ཐུགས་རྗེ་མངའ་བ༴» «ཅི་བདེ་བར༴ སེམས་ཅན་དོན་ཀུན༴ ཨོཾ་བཛྲ་པུཥྤེ༴ རབ་བྱམས་རྒྱ་མཚོ༴ བདུག་སྤོས་ཇི་སྙེད༴ བདག་གི་གུས་པས༴ ཇི་སྙེད་རྒྱལ་བ༴ དེ་སྙེད་རྣམས་ལ༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ན»ི༴« སེམས་ཅན་དོན»༴« ཨོཾ་བཛྲ་དྡྷཱུ༴ རབ་བྱམས་རྒྱ་མཚོ༴ »སྣང་གསལ«་ཇི་སྙེད༴ བདག་གི་གུས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ནི་བཞེས་ནས་ཀྱང་»ཿ« སེམས་ཅན་དོན༴ ཨོཾ་བཛྲ་ཨ་ལོ་ཀེ༴ རབ་འབྱམས་རྒྱ་མཚོ༴ དྲི་ཆབ་ཇི་སྙེད༴ བདག་གི་གུས་པས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས་ལ༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ནི༴ སེམས་ཅན་དོན་ཀུན»༴« ཨོཾ་བཛྲ་གྷནྡྷེ»༴« རབ་བྱམས་རྒྱ་མཚོ༴ ཞལ་ཟས་ཇི་སྙེད»༴« བདག་གི་གུས་པས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས༴ ཐུགས་རྗེ་མངའ་བ»༴« ཅི་བདེ་བར་ནི༴ འགྲོ་བའི་དོན༴ ཨོཾ་བཛྲ་ནཻ་ཝི་ཏྱཻ༴ རབ་བྱམས་རྒྱ་མཚོ༴ རོལ་མོ་ཇི་སྙེད༴ བདག་གི་ གུས་པས༴ ཇི་སྙེད་རྒྱལ༴ དེ་སྙེད་རྣམས༴ ཐུགས་རྗེ་མངའ་བ༴ ཅི་བདེ་བར་ནི༴ སེམས་ཅན་དོན»་ཀུ«ན༴ ཨོཾ་བཛྲ་ཤབྟ་པྲ་ཏི་ཙ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨ་ཧཱུཾ༔ གཞན་ཡང་ཞིང་ཁམས་དཔག་མེད་ན»ཿ« ཀུན་བཟང་རྣམ་རོལ་ཆོག་པའི་སྤྲིན»ཿ« བདག་གི་གུས་པས༴ ཇི་སྙེད་རྒྱལ་བ་སྲས་དང་བཅས»ཿ« དེ་སྙེད་རྣམས་ལ་བདག་འདུལ་ནཿ ཐུགས་རྗེ་མངའ་བ་ཁྱེད་རྣམས་»གྱིཿ« ཅི་བདེ་བར་ནི་བཞེས་ནས་ཀྱང་ཿ སེམས་ཅན་དོན་ཀུན་མཛད་དུ་གསོལཿ ཨོཾ་ན་མཿསརྦ་ཏ་ཐ༴ སརྦ་»པུ«་ཙ་མེ་ག་ས་མུ་༴ ཨ་ཧཱུཾཿ བསྟོད་པ་ནི ཧྲཱིཿ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུཿ འགྲོ་དྲུག་སེམས་ཅན་༴སོགས ཕྱག་སྟོང་འོད་ཟེར་སོགས བོད་ཡུལ་ཁ་བ་ཅན་གྱི་ལྗོངས་འདི་རུ»ཿ« ཐུགས་རྗེ་སྐྱོབ་མཛད་འཕགས་མཆོག་སྤྱན་རས་གཟིགསཿ འགྲོ་བ་མགོན་མེད་ལྷག་པར་རྗེ་འཛིན་རྗེ»ཿ« ཁྱོད་ཀྱི་གསང་བ་གསུམ་ལ་སྙིང་ནས་བསྟོདཿ འདྲེན་པ་སྟོང་དང་བྱང་སེམས་ཉན་རང་འཁོརཿ »ཏཱ«་རེ་ཉེར་གཅིག་རྩ་གསུམ་ལྷ་དང་ནིཿ སྤྲུལ་པའི་ཆོ་འཕྲུལ་དཔག་ཡས་ལྷུན་གྲུབ་རྩལཿ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ལ་བསྟོདཿབཟླས་པ་བྱ་བ་ནི།» «མདུན་བསྐྱེད་»ཐུགས་ཀར་པད་«ཟླར་ཧྲིཿ ཡི་གེ་དྲུག་མའི་བསྐོར་བ་ལསཿ འོད་འཕྲོ་འཕགས་མཆོད་བྱིན་རླབས་བསྐུལཿ བསྡུས་ནས་བཀྲག་མདངས་གཟི་བརྗིད་འབར༔ སེམས་ཅན་ཀུན་གྱི་སྡིག་»སྒྲི«བ་སྦྱངསཿ ལྷ་སྔགས་ཏིང་འཛིན་རོལ་བའི་ངངཿ ཐུགས་སྲོག་སྙིང་པོ་བརྒྱ་རྩ་བགྲངསཿ ཧྲཱིཿ ཡི་གེ་དྲུག་མ་་སྟོང་བཟླས་ཞིང༌།» «མཐའ་སྐོར་སྔགས་ཀྱི་ཕྲེང་བའི་བསྐོརཿ འོད་ཀྱི་འགྲོ་བའི་དོན་བྱེད་མོསཿ ན་མོཿ»ཏྣ«་ཏྲ་ཡ་ཡཿ ན་མ་ཨརྱ་ཛྙཱ་ན་ས་ག་ར་བཻ་རོ་ཙ་ན་བྷུ་ཧ་ར་ཛ་ཡཱཿ ཏ་ཐཱ་ག་ཏཱ་ཡཿ ཨ»རྷ«་ཏེ་སམྱག་སཾ་བུདྷ་ཡཿ ན་མཿ སརྦ་ཏཱ་ཐཱ་ག་ཏཱ་བྷྱཿ ཨ»རྷ«་ཏེ་བྷྱཿ སམྱག་ས»ཾ«་བུདྡྷེ་བྷྱཿ ན་མཿ ཨརྻ་ཨ་ཝ་ལོ་ཀི་ཤྭ་ར་ཡཿ བོ་དྷི་ས་ཏྭ་ཡཿ མ་ཧཱ་ས་ཏྭ་ཡཿ མ་ཧཱ་ཀ་རུ་ནི་ཀ་ཡཿ »ཏྱ«་ཐཱ ཨོཾ་དྷ་ར་དྷ་རཿ དྷི་རི་དྷི་རིཿ དྷུ་རུ་དྷུ་རུཿ ཨི»ཊྚ«་ཝི»ཊྚ«༔ ཙ་ལེ་ཙ་ལེཿ པྲ་ཙ་ལེ་པྲ་ཙ་ལེཿ ཀུ་སུ་མེ་ཀུ་སུ་མ་ཝ་རེ༔ ཨི་ལི་མི་ལིཿ ཙི་ཏི་ཛ་ལ་མ་པ་ན་ཡེ་སྭཱ་ཧཱཿ གཟུངས་འདི་བརྒྱ་རྩ་བརྒྱད་བཟླ་པའོཿ དེ་ནས་མདུན་བསྐྱེད་ཕྱག་སོར་གྱིཿ སྤྱི་བླུགས་བདུད་རྩིས་རྒྱུན་བབ་པསཿ བུམ་པ་»ལྟེམ་«གྱིས་ཡོངས་གང་ཞིང་ཿ རོ་བཅུད་ནུས་པ་ཕུན་སུམ་ཚོགས་གྱུརཿ གཟུངས་རིང་ཉི་ཤུ་རྩ་གཅིག་དང་ཿ གཟུངས་ཐུང་བརྒྱ་རྩ་བརྒྱད་དུ་བཟླསཿ བདག་བསྐྱེད་འཇའ་ཚོན་མཁའ་ཐིམ་བཞིནཿ མདུན་བསྐྱེད་འཕགས་པའི་སྐུ་ལ་ཐིམཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ མོས་གུས་འདུན་པ་རྩེ་གཅིག་ངངཿ ཡན་ལགས་བདུན་པ་སྔར་ལྟར་འབུལཿ དེ་ནས་བསྟོད་ཅིང་སྒྲིབ་སྦྱོང་ནིཿ ཕྱག་འཚལ་ཉེར་གཅིག་ལན་གསུམ་བརྗོདཿ ཨོཾ་»པོ་ཊ«་ལ་ཡི་གནས་མཆོག»༴« སོགས རང་དང་འགྲོ་དྲུག་སེམས་ཅན་གྱིཿ སྤྱི་བོར་རྗེ་བཙུན་སྒྲོལ་ལྗང་མརཿ ཏཱ་རེ་ཉེར་གཅིག་འཁོར་དང་བཅསཿ ད»གྱེ«ས་ཞིང་འཛུམ་པའི་མདུན་བསྐྱེད་ལྷརཿ རང་གཞན་སྒྲིབ་སྦྱང»་«ཚོགས་རྫོགས་ཤིང་ཿ རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོགཿ ངོ་ཆེན་གསོལ་བ་འདེབས་པ་བསྒོམཿ ཨོཾ་བླ་མ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ»ཿ« འཇིག་རྟེན་བླ་མ་སྲིད་པ་གསུམ་གྱི་བསྟོད་པ་»པོ«༔ ལྷའི་གཙོ་བོ་བདུད་དང་ཚངས་པའི་བསྟོད་པ»༴« ཐུབ་པའི་རྒྱལ་མཆོག་བསྟོད་པའི་གྲུབ་པར་མཛད༴ འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ༴ བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན༴ བདེ་གཤེགས་སྣང་མཐའ་ཡས་ཀྱི»ས«་རྒྱན་འཛིན་པ༴ ཕྱག་གཡས་མཆོད་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ»༴ «ཕྱག་གཡོན་གསེར་གྱི་པདྨའི་རྣམ་པར་བརྒྱན་པ་སོགས»ཿ« དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག༴ ཞལ་རེ་རྒྱས་པ་ཟླ་བ་»ལྟ་བུ«ར་མཛ»ེ«ས་པ»༴« སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས༴ ཁ་བ་དུང་ལྟར་རྣམ་དཀར་དྲི»་ངད་«ལྡང༴ དྲི་མེད་འོད་ཟེར་མེ་ཏོག་ཚོམ་འཛིན༴ མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོའི་བརྒྱན༴ པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས༴ སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན༴ རིན་ཆེན་མང་པོའི་དཔུང་པ་གཉིས་ནི་བརྒྱན༴ ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ༴ རི་དྭགས་ལྤགས་པས་ནུ་མ་»གཡོན«་པ་བཀབ༴ སྙན་ཆ་གདུ་བུས་སྒེགས་ཅིང་རྒྱན་རྣམས་འཆང་༴ དྲི་མ་མེད་པའི་པདྨའི་མཆོག་ལ་གནས༴ ལྟེ་བའི་»ངོ«ས་ནི་པདྨའི་འདབ་ལྟར་འཇམ༴ གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས༴ སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན༴ ཐུབ་པའི་མཁྱེན་མཆོག་མཛོད་ཆེན་»ཕ་རོ«ལ་ཕྱིན་པ་པོ༔ »མ«ཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས༴ རྟག་»ཏུ«་བདེ་བའི་འབྱུང་ག»ན«ས་རྒ་ནད་སེལ༴ གསུམ་མཐར་མ»ཛད«་ཅིང་མཁའ་ཆོད་སྤྱོ»ད«་པ་སྟོན༴ ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ༴ གསེར་གྱི་»རྐང«་གདུབ་སྒྲ་ཡི་ཞབས་ཡིད་འོང་བ༴ ཚངས་པའི་གནས་པ་བཞི་ཡི་དབེན་པར་མཛད༴ »ངང་«པའི་འགྲོས་དང་གླང་ཆ»ེ«ན་དྲེགས་ལྟར་གཤེགས༴ ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེགས་བ་པོཿ འོ་མའི་མཚོ་དང་ཆུའི་མཚོ་ལས་སྒྲོལ་བ་པོཿ གང་ཞིག་རྟ»ག་ཏུ«་ཐོ་རངས་ལང་ནས་གུས་པ་ཡིཿ སྤྱན་རས་གཟིགས་ཀྱི་»དབང་པོ་«ཡིད་ལ་སེམས་བྱེད་ཅིང་»ཿ« བསྟོད་པའི་མཆོག་འདི་དག་ཅིང་གསལ་བར་བསྟོད་བྱས་ན»ཿ« དེ་ནས་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་ཿ འཇིག་རྟེན་འདིའམ་མ་འོས་སྐྱེ་བ་ཐམས་ཅད་དུཿ འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུརཿ ཕྱག་དང་བཅས་ཏེ་བསྟོད་པ་ཉེར་གཅིག་འབུལཿ སླར་ཕུར་ཚུགས་གསོལ་བ་བཏབ་པ་ནིཿ སྙིང་རྗེའི་རང་གཟུགས་འཕགས་མཆོག་པད་དཀར་འཆང་ཿ འདྲེན་པ་སྟོང་རྩ་བྱང་སེམས་རྩ་གསུམ་ལྷཿ དམ་ཅན་ཆོས་བསྲུང་དཀར་ཕྱོགས་སྐྱོང་བར་བཅསཿ མ་ལུས་ཐུགས་རྗེ་བརྩེ་བའི་དག»ོ«ངས་སུ་གསོལ༔ བདག་གི་བྱང་ཆུབ་སེམས་ཀྱི་དམ་བཅའ་འཛིནཿ འགྲོ་བའི་དོན་དུ་ལུས་དང་སྲོག་གཏོང་ཞིང་ཿ ངན་སོང་སྡུག་བསྔལ་དུས་གཅིག་བྱུང་ཡང་བཟོདཿ ཞི་བདེར་མི་གཞ»ོ«ལ་རྟག་ཏུ་གཞན་ཕན་སྐྱོང་ཿ ལྔ་ཕྲག་ཐ་མའི་འགྲོ་བ་ལས་ངན་དང་ཿ ཉོན་མོངས་དབང་བཙན་སྡུག་བསྔལ་བཟོད»་བླགས་«མེདཿ གཟུགས་ཅན་གཟུགས་མེད་སྡིག་སྡུག་འཐོར་རླུང་འཁྲུགསཿ མགོན་དང་ཐུགས་རྗེ་ལྕགས་ཀྱུའི་མི་འདྲེན་ནམཿ འཁོར་བ་དོ»ང«་སྤྲུག་»ཐུགས་«བསྐྱེད་དམ་བཅའ་གང་ཿ དུས་ལ་བབ་པ»ོ«་དེ་ལྟར་དུས་སྨིན་»མཛོ«དཿ རྒྱལ་བསྟན་ཉམས་ཤིང་འདུལ་སྡོམ་གཟུགས་བརྙན་»ཙམ«ཿ བྱང་སེམས་བ»སླབ«་པ་འཆལ་ཞིང་གསང་སྔགས་ཀྱི»ཿ« དམ་ཚིག་ཉམས་འགལ་རལ་དང་སློབ་དཔོན་བསྲུངསཿ ནད་མཚོན་མུ་གེའི་བསྐལ་བ་ངན་པ་ཤརཿ མི་མིན་འབྱུང་པོ་བདུད་ཀྱི་སྡེ་དར་ཞིང་ཿ ཁྱད་པར་སྨོན་ལམ་ལོག་པའི་སྟོབས་ཤུགས་»ཀྱི«སཿ དམ་སྲི་རྒྱལ་འགོང་བསེ་མོའི་རིགས་གྱུར་ཀུནཿ བར་ལུས་བཟུང་ནས་འགྲོ་བ་སྡུག་ལ་སྦྱོརཿ སྐྱེས་འགྲོའི་སྲོག་གཅོད་ངན་སོང་»གནས«་སུ་ཁྲིདཿ འདི་རྣམས་མགོན་»ཁྱོ«ད་ཐུགས་རྗེ»ས་«མི་འདུལ་ནཿ སངས་རྒྱས་བསྟན་ནུབ་བྱང་ཆུབ་སེམས་དཔའ་སུནཿ གསང་སྔགས་ཉམས་ཤི»ང«་འ»གྲོ་ཀུན«་ངན་འ»གྲོའི་«རྒྱུཿ དེ་ཕྱིར་ཐུགས་རྗེ་ཤུག་དྲག་ཡེ་ཤེས་མེསཿ འགྲོ་བའི་ལས་ཉོན་བག་ཆགས་ཡོངས་བསྲེགས་ནསཿ བྱང་སེམས་སྙིང་པོའི་ཆབ་ཀྱིས་རྒྱུ»ད«་བརླན་ནསཿ ཤེ་རབ་སྟོང་ཉིད་ཡེ་ཤེས་སྙིང་པོ་ཅནཿ ཡང་དག་རྒྱུད་ལ་སྐྱེས་པར་གསོལ་བ་འདེབསཿ ལྕགས་ཁམས་གསེར་འགྱུར་»རྩ«ི་ཡིས་ཐོབ་པ་བཞིནཿ དུས་ངན་ཁོང་འཁྲོ་ལོག་ལྟ་ཤར་བའི་ཚེཿ ཁྱེད་»ཐུགས«་སྙིང་རྗེའི་འདུལ་བར་ཞལ་བཞེས་པའིཿ ཐུགས་བསྐྱེད་འད»ོར་«རམ་འཕགས་མཆོག་ཀྱཻ་མ་ཧུདཿ དུང་དུང་ལྷང་ལྷང་མོས་པའི་གསོལ་འདེབས་ནཿ ལྷ་»ངེ«་ལྷན་»ནེ«ར་ཡེ་ཤེས་སྤྱན་»གྱིས་གཟིགསཿ« ཐུགས་རྗེ་ཤུགས་ཀྱིས་རྒྱལ་བསྟན་སྐྱོ»ང«་བའི་གཞི༔ སྐལ་ལྡན་སྐྱེ་དགུའི་བདེ་སྐྱིད་སྤེལ་བ་དང་ཿ སྐལ་མེད་སྐྱེ་བོའི་»བླ«ོ་ཁ་ཆོས་ལ་སྒྱུརཿ གཟུགས་མེད་སྣ་ཚོགས་ཐབས་ཀྱི»ས«་རྒྱུ»ད«་གྲོལ་ཞིང་ཿ ངན་སོང་འཁོར་བའི་རྒྱ་མཚོ་དོ»ང«་ནས་སྤྲུགཿ ཕྱམ་གཅིག་འཕགས་པའི་ཞིང་དུ་མངོན་འཚང་རྒྱཿ ལོངས་སྤྱོད་རྫོགས་སྐུའི་ཞིང་ལ་དབང་བསྒྱུར་ནསཿ »སྤྲོས་བྲལ་ཆོས«་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཞེས་མོས་གུས་མཆུ་མ་འཁྲུགས་བཞིན་གསོལ་བ་བཏབ་ཅིང་ཁྲུས་གསོལ་བ་ནིཿ ཁྲུས་གྱི་ཁང་པ༴ སོགས ཇི་ལྟར་བལྟམས་པ༴ སོགས ན་མཿ ས་རྦ༴ སོགས དེ་བཞིན་གཤེགས༴ སོགས ན་མ་ཿསརྦ་༴» «སོགས རྒྱལ་བའི་སྐུ་གསུང་མཆོག་ལ༴ སོགས ན་མ༴ ས་རྦ༴ སོགས དེ་དག་སྐུ༴ སོགས སྣ་ཚོགས་དབང་པོ་གཞི་ལྟར༴ དེ་ནས་རང་ལ་ཁྲུས་བྱ་བ་ནིཿ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༴སོགས» «ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ན་མཿ སརྦ༴ བུམ་པ་»བཟང་པོ་ཁྲུས་ཀྱི་«རྒྱུནཿ འདི་ནི་སྦྱིན་པའི་རང་བཞིན་ཆུཿ སེར་སྣའི་དྲི་མ་སྦྱོང་མཛད་པཿ གཏོང་བ་དྲི་ཡི»ས«་ལེགས་བགོས་ཆུསཿ ཁྲུས་ལེགས་མཛད་ཀྱི་»ཁྲུ«ས་བགྱིའོཿ ཨོཾ་མ་ཎི༴ ན་མཿསརྦ་ཏ༴ »བུ«མ་པ་བཟང་པོ༴ འདི་ནི་ཚུལུ་ཁྲིམས»༴« ཁྲིམས་འཆལ༴ བསྲུང་བ་དྲི་ཡི༴ ཁྲུས་ལེགས༴ ཨོཾ་མ༴ ན་མཿ སརྦ༴ བུམ་པ་བཟང་པོ༴ འདི་ནི་བཟོད་པའི༴ ཁོང་ཁྲོ་དྲི་མ༴ བཟོད་པ་དྲི་ཡི་ལེགས༴ ཁྲུས༴ ཨོཾ་མ༴ ན་མཿ སརྦ༴ བུམ་པ་བཟང་པོ༴ འདི་ནི་བརྩོན་»འགྲུ«ས༴ »ལེ«་ལོའི་དྲི་མ༴ བརྩོན་འ»གྲུས«་དྲི༴ ཁྲུས་ལེགས༴ ཨོཾ་མ༴ ན་མཿསརྦ༴ བུམ་པ་བཟང་པོ༴ འདི་ནི་བསམ་གཏན༴ རྣམ་གཡེང་དྲི་མ༴ ཏིང་འཛིན་དྲི་ཡི༴ ཁྲུས་ལེགས༴ ཨོཾ་མ༴ ན་མ༔ བུམ་པ་བཟང་པོ༴ འདི་ནི་ཤེ»ས«་རབ༴ ཤེས་འཆལ་དྲི་མ༴ ཡེ་ཤེས་དྲི་ཡི་ལེགས༴ ཁྲུས་ལེགས༴ ཨོཾ་མ་ཎི༴ ན་མ༴ མཐར་ཡི་གེ་བརྒྱ་བ་ལན་གཅིག་བརྗོདཿ སྒོ་གསུམ་སྡིག་སྒྲིབ་དག་པར་བསམཿ ལུས་ཕྱེས་ནིཿ འཕགས་པའི་གནང་བའི་པཉྩ་ལི་ཀ་ཡིསཿ བདག་གཞན་ཡན་ལག་»དྲ«ི་མ་ཕྱི་ས་ཡིསཿ འགྲོ་ཀུན་སྒོ་གསུམ་སྒྲིབ་པ་ཡོངས་བྱང་ནསཿ »སྤྱ«ན་རས་གཟ»ིགས་«ཀྱི་གོ་འཕང་མྱུར་ཐོབ་ཤོག༔ དེ་ནས་རྗེས་ཀྱི་རིམ་པ་ནིཿ གཏོར་མ་འབུལ་བ་ནི༔ ཟབ་ཡང་རིན་པོ་ཆེ་ཡི་སྣོདཿ ཡངས་ཤིང་རྒྱ་ཆེ་ལྷའི་ཞལ་ཡས»ཿ« རོ་བརྒྱ་ནུས་པ་སྟོང་ལྡན་པཿ ཟག་མེད་ཡེ་ཤེས་བདུད་རྩིར་གྱུརཿ ཨོཾ་ཨཱཿ་ཧཱུ»ཾ« ཧ་ཧོ་ཧྲཱི༔ ལན་བདུན་» ན«་མོ་ལོ་ཀི་ཤྭ་རི་བྷུདྡྷ་བྷོ་དྷི་ས་ཏྭ་གུ་»རུ་«དྷེ་ཝ་ཌཱཀྐི་ནི་ས་པ་རི་ཝ་ར་ཨེ་དམ་»བྷ«་ལིང་ཏ་ཁ་ཁ་ཁྷཱི་ཁྷཱིཿ ལན་བདུན»་ «གཏོར་མ་འདོད་ཡ»ོན«་ལྔ་ལྡན་པའིཿ འཕགས་མཆོག་སྤྱན་རས་གཟིགས་དབང་ལྷ༔ སངས་རྒྱས་བྱང་སེམས་རྩ་བ་གསུམཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལཿ བཞེས་ནས་ཚོགས་རྫོགས་སྒྲིབ་སྦྱངས་ཤིང་»ཿ« »མ«ཉེས་ཤིང་ཚིམ་ནས་དངོས་གྲུབ་»སྩ«ོལཿ ཡོན་ཏན་འདྲེན་ལཿ ཨོཾ་སརྦ་ལོ་ཀ་ཊ་ཀ་ཊ་ཀི་ནི་དྷརྨ་པ་ལ་ཀྵེ་ཊ»་པ«་ལ་ལོ་ཀ་པ་ལ་ས་པ་རི་ཝ་ར་ཨེ་དམ»༴« གཏོར་མ་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འདི»ཿ« ལས་དང་དམ་ཚིག་ཤ་ཟ་ཊཀྐི་ལཿ བསྟན་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལཿ འབུལ་ལོ་དགྱེས་པར་བཞེས་ལ་རྣམས་བཞི་ཡིཿ འ»ཕྲིན་ལས་«ཀུན་སྒྲུབས་སངས་རྒྱས་བསྟན་པ་སྐྱོང་ཿ སྙིང་རྗེའི་མགྲོན་ལཿ» «ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མི་ཁེ་བྷྱེ་སརྦ་ཏཁཾ་ཨུད་ག་ཏེ་ས་ཕ་ར་ན་ཧི་མ»ཾ«་ག་ག་ན་ཁཾ་ཨེ་དམ་བྷ»་ལིངྟ«༴» «ལན་བདུན གཏོར་མ་འདོད་ཡ»ོ«ན་ལྔ་དང་ལྡན་པ་འདིཿ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིནཿ ལྷ་དང་མི་ཡི་རིགས་གྱུར་སྙིང་རྗེའི་མགོནཿ ཀུན་ལ་སྦྱིན་ནོ་སྡུག་བ»སྔལ«་ཡོངས་དག་ནསཿ ཕྱག་ན་པདྨོའི་གདུལ་»བྱ«་གྱུར་བར་ཤོགཿ ལན་ཆགས་མགྲོན་ལ་» «ན་མཿ སརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ སོགས་ལན་བདུན། གཏོར་མ་འདོད་ཡོན་བདུད་རྩི»འི«་རྒྱ་མཚོ་འདིཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ བུ་ལོན་ལན་ཆགས་ཤ་མཁོན་མ་འཁོར་བའིཿ འབྱུང་པོ་གདུག་སེམས་ལྡན་པ་ཡོངས་ལ་སྦྱིནཿ བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་བར་ཤོགཿ གཞི་བདག་ལ་དཀར་གཏོར་ནིཿ ཡུལ་ལྷ་གཞི་བདག༴སོགས སྡིག་པ་ཅི་ཡང་༴ སོགས ཞེས་ཆོས་ཀྱི་སྦྱིན་པ་བྱའོ། །སླར་མཆོད་པ་ནིཿ འཇིག་རྟེན་ཁམས་ནི་དཔག་མེད་ནཿ མཆོ»ད«་རྫས་ཇི་སྙེད་ཡོད་པ་ཀུནཿ རྒྱལ་བ་སྲས་དང་བཅས་ལ་འབུལཿ སེམས་ཅན་དོན་དུ་བཞེས་སུ་གསོལཿ ཨོཾ་»བཛྲ«་ཨརྒྷམ» «སོགས་ནས་»«ཤབྷ་སརྦ་»པཱུ«་ཙ་ཧོཿ བསྟོད་པར་འོས་པ་ཐམས་ཅད་ལཿ ཞེས་པའི་བསྟོད་ལཿ ལོ་ཀི་ཤྭ་ར་ས་ཏྭ་ས་མ་ཡཿ སོགས་ལན་གསུམ་གྱི་བཤགས་ཅིངཿ མ་འབྱོར་བ་དང་༴ སོགས། ལྷག་པ་དང་ནི»༴« སོགས། བག་མེད་བརྗོད་བྱ༴ སོགས། སེར་སྣའི་དབང་གིས༴ སོགས། ཁྱེད་ཐུགས་གསང་བ༴ སོགས། ཆོ་གའི་མཐར་རྫོགས་»ཚེ་«གཤེགས་གསོལ་ནིཿ ཨཱོཾ་ཁྱེད་ཀྱི་སེམས་ཅན༴ སོགས བཛྲ་མུཾཿ འབྱུང་པོ་ས་འོ»ག«་རྒྱུ་བ༴ སོགས འབྱུང་པོ་གང་དག༴ བསྔོ་བ་ནིཿ བྱང་ཆུབ་མཆོག་གི་ལམ་བཟང་འདིརཿ འབད་པའི་དགེ་བ་གང་ལགས་པ༔» «དྲིན་ལྡན་མཁའ་ཁྱབ་ཕ་མ་ཀུནཿ རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོཿ དགེ་བ་འདི་ཡི»༴« སྨོ་»ལམ«་ནིཿ ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་གི»ཿ« ལམ་མཆོག་བརྙེ»ད«་ནས་ཆོ་ག་འདིར་འབད་དགེཿ རྒྱལ་བསྟན་མི་»ནུ«བ་འཕེལ་ཞིང་རྒྱས་པ་དང་ཿ བསྟན་འཛིན་སྐྱེ་བུའི་སྐུ་ཚེ་མཛད་ཕྲིན་རྒྱསཿ དབྱར་གྱི་ཆར་ལྟར་གོང་ནས་གོང་འཕེལ་ཞིང་ཿ མཁའ་ཁྱབ་སེམས་ཅན་འཕགས་པའི་གདུལ་བྱར་གྱུརཿ ངན་སོང་གནས་སྟོང་འཁོར་བ་དོ»ང«་»སྤྲུ«ག་ནསཿ བྱང་ཆུབ་སེམས་ལྡན་འགྲོ་བ་གང་ཡང་རུངཿ ཕྱག་ན་པདྨའི་འགྲོ་དོན་དང་མཉམ་ནསཿ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བརཿ དེ་སྲིད་འགྲོ་དོན་རྒྱུན་ཆད་མེད་པར་ཤོགཿ བདག་ཀྱང་སྙིང་སྟོབས་ཆེན་པོའི་གོ་བགོས་ལྟརཿ རང་དོན་ཞི་བདེ་གཞོལ་བའི་བློ་ཞིག་ནསཿ སྡུག་བསྔལ་ཉམ་ཐག་སེམས་ཅན་གཅིག་ག»ི་«དོན༔ སྒོ་གསུམ་གཏོང་ལ་འཕངས་པ་མེད་པ་རུཿ སེམས་བསྐྱེད་དམ་བཅའ་མཐའ་རུ་ཕྱིན་གྱུར་ནསཿ འཁོར་བ་མཐའ་ཅན་རྫོགས་སངས་རྒྱས་གྱུར་ནསཿ ཀུན་ཀྱང་གཞོན་ནུ་བུམ་བསྐུར་གྲོལ་བར་ཤོགཿ» «བཀྲ་ཤིས་གང་རྒྱས་ཀྱི་མཐའ་བརྒྱན་པར་བྱའོ། །ཞིང་ཁམས་སྦྱོངས་བའི་གནད་གྱི་ཕྱིརཿ ཕྱི་སྣོད་རི་བོ་ཏ་ལའི་ཞིང་ཿ ནང་བཅུད་འཕགས་པའི་སྐུའི་རང་བཞིནཿ སྒྲ་གྲགས་ཡི་གེ་དྲུག་མའི་སྒྲ། དྲན་རྟོག་སྟོངཉིད་སྙིང་རྗེའི་ངངཿ བསྡུས་རིམ་ལོགས་སུ་ཕྱེད་མི་དགོསཿ ཨེ་མཿ སྤྱན་རས་གཟིགས་གྱི་གདན་ས་བླ་ན་མེདཿ ཐུན་མོང་ཐུན་མིན་ཀུན་ཀྱིས་ལམ་མཆོག་སྟེཿ སྔགས་དང་མི་འགལ་མདོ་དང་གོ་བསྟུན་ཞིང་ཿ བདག་གི་པདྨའི་རང་ལུགས་མ་ནོར་བཀོདཿ བསྙེན་པར་གནས་པའི་ཆོ་ག་ཟབ་མོ་འདིརཿ སྙིགས་དུས་མ་རུང་ལྔ་བརྒྱའི་ཐ་མ་ལཿ འགྲོ་བ་གཟུགས་ཅན་གཟུགས་མེད་ལས་ལྡན་དང་ཿ ལས་ངན་ལོག་ལྟ་དམ་ཉམས་ཀུན་གྲོལ་ཞིང་ཿ ཐོས་གྲོལ་འཕྲད་ཚད་རང་གྲོལ་འབྲེལ་བསྡུས་ཀུནཿ དོན་དང་ལྡན་ཞིང་བྱང་ཆུབ་ལམ་ལ་བཀོདཿ ཟབ་པའི་མཐར་ཐུག་ལམ་གྱི་བྱིན་ཆེ་བཿ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ཆ་ལག་ཏུཿ བདག་གིས་ཨ་ཙར་ཤྭཀྱ་སེང་གེས་བཀོདཿ མ་འོངས་སྐལ་ལྡན་ཀུན་གྱི་ལག་དུ་སྤྲོདཿ བྱེ་མའི་གྲངས་སྙེད་སེམས་ཅན་གྲོལ་བར་ཤོགཿ ལམ་ལ་མ་ཞུགས་པའི་འགྲོ་རྣམས་དང་ཿ དཀའ་ཐུབ་ལ་མོས་པ་རྣམས་ཀྱིས་དོན་དུ་བསྙུང་བར་གནས་པའི་ཆོ་ག་དཔལ་མོ་ལུགས་ལྟར་བྱེད་པར་འདོད་ཀྱང་ཿ སྐབས་སུ་བབ་པ་གདུལ་བྱའི་བློ་དུང་མཐུན་པར་བླ་མའི་ཞལ་ལས་ཤེས་པར་བྱའོཿ རང་ལུགས་བསྙེན་གནས་སྔ་ཆོག་ལེགས་པར་གྲུབ་མཐར་གདན་གཅིག་བསྲུང་བའི་གུང་ཚིག་ལ་འཇུག་ཅིང་བཟའ་བཏུང་རྫོགས་ནས་ཁྲུས་བྱསཿ ངག་བསྡོམ་ཞིང་ཕྱི་ཆོག་ལ་འཇུགཿ ཆོ་ག་རྫོགས་ནས་མལ་དུ་བཞུགསཿ ཉེས་སྐྱོན་བྱུང་ན་བཤགས་པར་བྱཿ སྣོད་བཅུད་ལམ་ཁྱེར་དང་མ་བྲལ་བར་ཕྱག་སྟོང་འཁོར་ལོ་བསྒྱུར་བའི་སོགས་མ་ཎི་འདྲེན་བཞིན་ནས་ཀུན་རྟོག་ཉོན་མོངས་པའི་དབང་དུ་མ་སོང་བར་བྱང་ཆུབ་སེམས་དང་མ་བྲལ་བར་གཉིད་ལོགས་ཅིང་༔ གསལ་དེ་ཐུགས་རྗེ་ཆེན་པོའི་ཡོན་ཏན་དྲན་པའི་གསོལ་བ་འདེབསཿ སྐྱ་རེངས་དང་པོ་ཤར་བའི་དུས་སུ་དགེ་བ་འདི་ཡི་ལེགས་བརྗོད་མཐར་ངག་གྲོལཿ སླར་ཡང་ཆོ་ག་ལ་འཇུག་པའམ་རྗེས་ཆོ་་ག་བྱེད་པ་སོགས་ཞལ་ཤེས་ཕྱག་ལེན་གྱི་གནད་མ་འཆུག་པར་བྱའོཿ བསྙེན་གནས་ཆོ་ག་བྱང་ཆུབ་བདེ་ལམ་ཞེསཿ ཏཱ་རེ་སྤྲུལ་བསྒྱུར་ཆོས་བདག་དབང་མོ་ཡིསཿ སྐུ་ཚེ་ལོངས་སྤྱོད་འཁོར་ལོའི་གསང་མཛོད་བསྟོལ། བྱང་སེམས་པདྨའི་མིང་གི་སྨྲས་པ་བཞིནཿ ཡི་གེ་འདུ་བྱེད་ཕྱག་ན་པདྨ་ཡིཿ བྱིན་རླབས་རིགས་པའི་ཡེ་ཤེས་ཀྱིས་བགྱིས་པའིཿ དགེ་བའི་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོགཿ ཇི་སྲིད་འཁོར་བའི་འཇིགས་བརྟེན་མ་སྟོང་པརཿ དེ་སྲིད་ཆོས་འདིས་འགྲོ་དོན་མཐར་ཕྱིན་ནསཿ བཟང་ངན་འབྲེལ་བའི་བསྡུས་དང་མ་བསྡུས་ཀུན ཕྱག་ན་པདྨོའི་གོ་འཕང་ཐོབ་འགྱུར་ཅིགཿ དགེའོ། བཀྲ་ཤིས་པར་གྱུར་ཅིག།

}}
}}

Latest revision as of 15:27, 27 June 2024

Wylie title yang gsang thugs thig cha lag las bsnyen gnas byang chub bde lam
Location mdo mkhyen brtse bka' 'bum
Volume 6, Text 20, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Sadhanas - Evocation Ritual - sgrub thabs
Deity thugs rje chen po
Colophon

བསྙེན་གནས་ཆོ་ག་བྱང་ཆུབ་བདེ་ལམ་ཞེསཿ ཏཱ་རེ་སྤྲུལ་བསྒྱུར་ཆོས་བདག་དབང་མོ་ཡིསཿ སྐུ་ཚེ་ལོངས་སྤྱོད་འཁོར་ལོའི་གསང་མཛོད་བསྟོལ། བྱང་སེམས་པདྨའི་མིང་གི་སྨྲས་པ་བཞིནཿ ཡི་གེ་འདུ་བྱེད་ཕྱག་ན་པདྨ་ཡིཿ བྱིན་རླབས་རིགས་པའི་ཡེ་ཤེས་ཀྱིས་བགྱིས་པའིཿ དགེ་བའི་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོགཿ ཇི་སྲིད་འཁོར་བའི་འཇིགས་བརྟེན་མ་སྟོང་པརཿ དེ་སྲིད་ཆོས་འདིས་འགྲོ་དོན་མཐར་ཕྱིན་ནསཿ བཟང་ངན་འབྲེལ་བའི་བསྡུས་དང་མ་བསྡུས་ཀུན ཕྱག་ན་པདྨོའི་གོ་འཕང་ཐོབ་འགྱུར་ཅིགཿ དགེའོ། བཀྲ་ཤིས་པར་གྱུར་ཅིག།

bsnyen gnas byang chub bde lam zhes: tA re sprul bsgyur chos bdag dbang mo yis: sku tshe longs spyod 'khor lo'i gsang mdzod br byang sems pad+ma'i ming gis smras pa bzhin: yi ge 'du byed phyag na pad+ma yis: byin rlabs rig pa'i ye shes kyis bgyis pa'i: dge bas 'gro kun sangs rgyas myur thob shog: ji srid 'khor ba'i 'jig rten ma stongs bar: de srid chos 'dis 'gro don mthar phyin nas: bzang ngan 'brel bas bsdus dang ma bsdus kun: phyag na pad+mo'i go 'phang thob gyur cig:_dge'o/_bkra shis par gyur cig/

[edit]
ཧཱྃ། ཡང་གསང་ཐུགས་ཐིག་ཆ་ལག་ལས། བསྙེན་གནས་བྱང་ཆུབ་བདེ་ལམ་བཞུགས་སོ།