DKYD-KABUM-05-CA-039: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=དྲག་སྒྲུབ་མཚོན་ཆའིའཁོར་ལོ་ཡིཿ སྲུང་བ་བྱད་མ་འབུམ་བཟློགཿ
|fulltitle=drag sgrub mtshon cha'i'akhor lo yi srung ba byad ma 'bum bzlog
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=mdo mkhyen brtse bka' 'bum
|collectiontitle=mdo mkhyen brtse bka' 'bum
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=8
|author=Mdo mkhyen brtse
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|authortib=མདོ་མཁྱེན་བརྩེ་
|citation=
|sourcerevealer=Mdo mkhyen brtse
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Averting or Dispelling Rites- zlog pa
|terma=Yes
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=05
|volumenumber=05
|volumeLetter=CA
|volnumtib=
|volyigtib=ཅ
|totalvolumes=8
|textnuminvol=039
|textnuminvol=039
|multivolumework=No
|colophontib=ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའོཿ དགེའོ། །།
|colophonwylie=khrag 'thung las kyi dpa' bos brda ris las dag par phab pa'o:_dge'o/_//
|pdflink=File:DKYD-KABUM-05-CA-039.pdf
|pdflink=File:DKYD-KABUM-05-CA-039.pdf
|volumeLetter=CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
|InitCategories=Khyentse Lineage Project; DKYD-KABUM-Volume-05-CA
}}
}}

Latest revision as of 11:08, 27 June 2024

Wylie title drag sgrub mtshon cha'i'akhor lo yi srung ba byad ma 'bum bzlog
Location mdo mkhyen brtse bka' 'bum
Volume 5, Text 39, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Averting or Dispelling Rites- zlog pa
Colophon

ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའོཿ དགེའོ། །།

khrag 'thung las kyi dpa' bos brda ris las dag par phab pa'o:_dge'o/_//

[edit]
༄༅། «།དྲག་སྒྲུབ་མཚོན་ཆའིའཁོར་ལོ་ཡིཿ སྲུང་བ་བྱད་མ་འབུམ་བཟློག་ནིཿ» ཧཱུྃཿ བདག་ཉིད་བདུད་འདུལ་དྲག་མོ་ཡིཿ ཐུགས་ཀར་ཕ་ལམ་ལས་གྲུབ་པའིཿ སྤུ་རི་དཀར་པོའི་བུམ་མཐིལ་དབུསཿ མཆོང་སྨུག་གུར་གྱི་ལྟེ་བ་ལཿ ཧཱུྃ་མཐིང་བཀྲག་མདངས་གཟི་བརྗིད་ལྡནཿ ཚེ་བསོད་དཔལ་ཡོན་འོད་དུ་འཁྱིལཿ ཀླད་ཀོར་བླ་མ་ཁོག་པར་ལྷཿ མཐའ་བསྐོར་བསྲུང་བྱ་རྣམས་གནས་པའིཿ རྒྱལ་བ་རབ་འབྱམས་མཐུ་སྟོབས་བཅུདཿ རང་དང་བསྲུང་བྱའི་ཚེ་བསོད་བླཿ ཉམས་ཡར་འཕྲོག་དང་འཁྱམས་པ་ཀུནཿ ཟེར་གྱིས་བསྡུས་ནས་ཐུགས་སྲོག་ལཿ ཐིམ་པས་བཀྲག་མདངས་གཟི་བརྗིད་རྒྱསཿ སྤུ་རི་སྲ་མཁྲེགས་འོད་ཟེར་འབརཿ དྲག་མོའི་སྐུ་ལས་རྡོ་རྗེ་མེཿ འབར་ཞིང་ཚྭ་ཚྭ་འཕྲོས་པ་ཡིསཿ སྲིད་ཞིས་གླགས་མི་རྙེད་པར་གྱུརཿ རྩ་སྔགས་ཡིག་འབྲུ་«བཅུ་བཞིའི་གཤམསཿ» ནྲྀ་ཨ་ཡུར་པུཎྱེ་ཤྲཱི་ཧྲཱི་བྷྲཱུྃཿ ཀུ་རུ་ཀུ་རུ་ཛཿ བཛྲ་སརྦ་རཀྵ་ཛྭ་ལ་རཾཿ «བཟླ་ཞིང་རྩེ་གཅིག་དམིགས་པ་གཏདཿ བཟློག་པ་སྤུ་གྲི་རེག་གཅོད་ནིཿ »བྷྱོཿ དྲག་མོའི་ཞལ་ནས་སྔགས་སྒྲ་སྒྲོགསཿ སྐུ་ལས་རྡོ་རྗེའི་ཚྭ་ཚྭ་དང་ཿ ཁྲོ་མཚོན་མེ་དཔུང་འབར་བ་ཡིསཿ བྱད་མ་རྦོད་གཏོང་མགོན་སྐྱབས་ལྷཿ དགྲ་གདོན་འབྱུང་པོ་བཅས་པ་ཀུནཿ མེ་ལྕེར་སྦྲང་བུ་འཕྲད་བཞིན་བརླགཿ ཚེ་བསོད་བཀྲག་མདངས་གཟི་བྱིན་བསྡུསཿ རང་གཤེགས་རང་ལ་དབབ་པར་བསམཿ «རྩ་སྔགས་གཤམ་དུ་འདི་བཞིན་བཏགསཿ» ཧཱུྃ་བཛྲ་བྷྱོཿ ཀྲོ་ཏ་ཙཀྲ་ཛྭ་ལ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་བྱད་མ་དགྲ་གདོན་གྱི་སྲོག་དང་སྟོབས་རྩལ་ནུས་པ་མ་ར་ཡ་རྦདཿ ཤིག་ལྷུ་རུ་གཏུབསཿ ཛྭ་ལ་རཾ་རཾཿ «གསུམ། མ་ཡེངས་རྩེ་གཅིག་བཟླས་པའི་མཐརཿ »ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་བཀའཿ བླ་མ་ཡི་དམ་མཁའ་འགྲོའི་མཐུཿ ཆོས་ཉིད་ཆོས་ཅན་ལྷ་སྔགས་སྟོབསཿ བདུད་འདུལ་དྲག་མོའི་བདེན་མཐུ་ཡིསཿ ཕས་རྒོལ་བསམ་ངན་སྦྱོར་རྩུབ་པའིཿ བན་བོན་བྱད་མ་རྦོད་གཏོང་བཟློགཿ རང་གཤེད་རང་ལ་དབབ་གྱུར་ནསཿ འདུས་མ་བྱས་པའི་ཀློང་དུ་བཟློགཿ «ལས་སྦྱོར་རིམ་པ་སྐབས་དང་སྦྱརཿ ཤིན་ཏུ་ཟབ་པའི་མཐར་ཐུག་ཆོསཿ བྱད་མ་རང་གཤེད་དབབ་པ་ལཿ འདི་ལས་ཟབ་པངས་མ་བཤདཿ དལ་ལྡན་རྣམས་ཀྱི་སྙིང་ནོར་སྟེཿ སྐལ་མེད་ལག་ཏུ་ཤོར་ར་རེཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབ་པའོཿ དགེའོ། །།