DKYD-KABUM-03-GA-005: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
༄༅ཿ བླ་རྫོགས་ཐུགས་གསུམ་བཅུད་དྲིལ་གནདཿ དབང་རབ་རྒྱུན་གྱི་རྣལ་འབྱོར་བཞུགསཿ འདི་ཁོ་ནའོཿ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|sectionheading=No | |||
|fulltitletib=བླ་རྫོགས་ཐུགས་གསུམ་བཅུད་དྲིལ་གནདཿ དབང་རབ་རྒྱུན་གྱི་རྣལ་འབྱོརཿ | |||
|fulltitle=bla rdzogs thugs gsum bcud dril gnad dbang rab rgyun gyi rnal 'byor | |||
|collectiontitletib=མདོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=mdo mkhyen brtse bka' 'bum | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|sourcerevealer=Mdo mkhyen brtse | |||
|sourcerevealertib=མདོ་མཁྱེན་བརྩེ་ | |||
|tibgenre=Daily Practice - rgyun khyer, Guru Yoga Texts - bla ma'i rnal 'byor | |||
|terma=Yes | |||
|language=Tibetan | |||
|volumenumber=03 | |||
|volnumtib=༣ | |||
|volyigtib=ག | |||
|totalvolumes=8 | |||
|textnuminvol=005 | |||
|multivolumework=No | |||
|colophontib=པདྨའི་མན་ངག་ལྷ་ལྕམ་གོང་ཁུག་མ་ཞེས་བྱ་བ་ཌཱཀྐི་མའི་དགོངས་བཞེད་ལྟར་འཁྲུལ་ཞིག་རིག་པའི་ཡེ་ཤེས་ཀྱིས་བླ་མས་གསུང་བཞིན་དག་པར་ཕབ་པའོཿ | |||
|colophonwylie=pad+ma'i man ngag lha lcam gong khug ma zhes bya ba DAk+ki ma'i dgongs bzhed ltar 'khrul zhig rig pa'i ye shes kyis bla mas gsung bzhin dag par phab pa'o: | |||
|pdflink=File:DKYD-KABUM-03-GA-005.pdf | |||
|volumeLetter=GA | |||
|InitCategories=Khyentse Lineage Project; DKYD-KABUM-Volume-03-GA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅ཿ བླ་རྫོགས་ཐུགས་གསུམ་བཅུད་དྲིལ་གནདཿ དབང་རབ་རྒྱུན་གྱི་རྣལ་འབྱོར་བཞུགསཿ འདི་ཁོ་ནའོཿ | |||
༄༅ཿ ཀ་དག་ཀློང་ལས་རང་ཤར་བཿ ཀུན་བཟང་དབྱིངས་རིག་ཡབ་ཡུམ་ལཿ འཛིན་ཞེན་བྲལ་བས་ཕྱག་འཚལ་ལོཿ དགའ་རབ་དཔའ་བོའི་ཐུགས་ཀྱི་བཅུདཿ ཨ་ཙར་དམར་པོའི་ཉམས་ལེན་གནདཿ བླ་རྫོགས་ཐུགས་གསུམ་ཟབ་གནད་བསྟནཿ དང་པོར་རླུང་རོ་ལན་གསུམ་བུསཿ ཉོན་མོངས་འབྱུང་བ་བདག་འཛིན་བདུདཿ སྙིགས་མའི་དུག་ཀུན་ཕྱིར་སོང་བསམཿ དེ་ནས་ལུས་གནད་དྲང་པོར་བསྲངསཿ རླུང་སེམས་རང་མལ་ངང་ཉིད་ནསཿ ན་མོ་ཧོཿ མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་འཆངཿ པདྨ་ཐོད་ཕྲེང་ཞི་འཛུམ་ཆགས་པའི་ཉམསཿ རྡོ་རྗེ་དྲིལ་བུ་བསྣོལ་ཐབས་ཡུམ་དང་བཅསཿ རྩ་གསུམ་ལྷ་ཚོགས་འཁོར་གྱིས་བསྐོར་བར་བསྒོམསཿ ན་མོ་བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་བའི་དོན་དུ་སྨོན་འཇུག་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ ལན་གསུམ་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་གདབསཿ ཀྱེ་མ་ཁྱོད་ནི་བླ་མ་ཡི་དམ་མཁའ་འགྲོ་སྟེཿ དཀྱིལ་འཁོར་གཙོ་བོ་སྐུ་གསུམ་ཞིང་གི་སྤྲུལ་གཞིའི་དཔལཿ སྲིད་ཞིའི་མངའ་བདག་འཁོར་འདས་ཁྱོད་ལས་མ་སྤྲུལ་མེདཿ བདག་ལ་རེ་ས་གཞན་ན་མེད་དེ་སྙིང་ཁུང་རུས་པའི་གཏིང་ཉིད་ནསཿ རྩེ་ཅིག་གཅིག་ཆོག་ནོར་བུའི་ལུགས་སུ་གསོལ་བ་འདེབསཿ ཁྱོད་ཀྱི་གསང་གསུམ་དཔལ་ཡོན་ཐུགས་རྗེ་ནུས་པའི་བཅུདཿ བདག་རྒྱུད་དད་གསུམ་བུམ་པར་ལེགས་དྲོངས་གསང་བ་གསུམ་དང་དབྱེར་མེད་ཤོགཿ ཨོཾ་ཨཱཿམ་ཧཱ་གུ་རུ་ཛྙཱ་ན་གརྦྷེ་སརྦ་སིདྡྷི་ཧཱུྃཿ བརྒྱ་རྩ་བརྒྱད་བཟླས་མོས་གུས་མཆི་མ་འཁྲུག་ཅིང་ཡིད་ཆེས་ཀྱིས་གདེངས་ཚུགས་པར་བྱའོཿ དངོས་གཞིའི་ཉམས་ལེན་རིམ་པ་ནིཿ བླ་མའི་ལྷ་ཚོགས་དགྱེས་པའི་རྣམ་རོལ་གྱིསཿ ཁ་དོག་ལྔ་ལྡན་འོད་ཞུ་རང་ལ་ཐིམཿ རང་ལུས་ཕུང་ཁམས་སྐྱེ་མཆེད་གདོས་བཅས་ཀུནཿ རྩྭ་ཕུང་མེ་དང་འཕྲད་བཞིན་ལྷག་མེད་སྦྱོངཿ རང་རིག་སོ་མ་མ་བཅོས་གཉུག་མའི་ངངཿ སླར་ཡང་མཁའ་ལ་འཇའ་ཚོན་ཤར་བ་བཞིནཿ རང་ལུས་རྡོ་རྗེ་མཐིང་གསལ་རྩེ་ལྔ་པཿ ཡར་རྩེ་རྭ་གདེངས་གཟུགས་མེད་ཁམས་སུ་རེགཿ མར་རྩེ་མནར་མེད་གནས་ཀུན་ཁྱབ་པར་ཟུགཿ འོད་ཀྱི་རང་བཞིན་རྡོ་རྗེ་ཆོས་བདུན་ངོ་ཿ ལྟེ་བར་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་དབུསཿ ཨཱཿདམར་རིང་ཆ་ཚེག་དྲག་དང་བཅས་པཿ པད་རག་ཉི་མའི་ཟེར་གྱིས་ཕོག་པ་བཞིནཿ འོད་དང་བཀྲག་མདངས་གཟི་བརྗིད་རབ་ཏུ་འབརཿ སྐུ་ནི་མི་འགྱུར་རྡོ་རྗེ་ཆོས་བདུན་ངོཿ གསུང་ནི་མི་འགགས་སྐྱེ་མེད་ཡི་གེའི་སྒྲཿ ཐུགས་ནི་མི་གཡོ་དབྱིངས་རིག་དབྱེར་མེད་ངངཿ རྩལ་སྣང་ཐམས་ཅད་བླ་མའི་རོལ་གར་ལཿ འཛིན་རྟོགས་བདེ་བའི་ཡེ་ཤེས་མོས་གུས་ཀློངཿ ངང་མདངས་སྙིང་རྗེ་སྒྱུ་མར་ལམ་གྱིས་ཤརཿ མ་གྲོལ་བར་དུ་འདི་ལས་མི་འདའ་ཞིངཿ མ་ཞིག་བར་དུ་ངང་ལས་མི་གཡོ་ཞིངཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་འགྲུབ་བྱཿ ཨཱ་ཨཱ་ཨཱཿ མ་གསལ་བར་དུ་དར་ཅིག་འདི་ལ་འབདཿ རྡོ་རྗེ་གསུམ་གྱིས་གསལ་སྣང་ཐོན་པའི་ཚེཿ ལྟེ་བའི་ཡི་གེར་ཤེས་པ་རྩེ་གཅིག་གཏདཿ མ་ནི་རླུང་གཅུན་སྟེང་རླུང་རང་བབ་བཞགཿ འབྱོང་འཇུག་ཡི་གེའི་འཁོར་ལོར་བསླབ་པའི་ཚེཿ ལྟེ་བའི་ཨཱཿལས་འོད་ཟེར་ཡེ་ཤེས་མེསཿ ཉི་མ་འབུམ་གྱི་ཚ་དབལ་དང་ལྡན་པཿ འཕོས་པས་ལས་ཉོན་ཤེས་བྱའི་སྒྲིབ་པ་བསྲེགསཿ བདག་འཛིན་གཞི་སྟོང་རྡོ་རྗེའི་ཁོང་སེང་ཁྱབཿ སྲིད་རྩེ་མནར་མེད་ཡན་བཟུང་བསྲེགས་སྦྱངས་སྟོངཿ རང་ལུས་རྡོ་རྗེ་ཚོན་གང་ཙམ་དུ་གནསཿ ལྟེ་བའི་ཡི་གེ་དུས་མཐའི་མེའི་ཚ་དབལཿ རྡོ་རྗེའི་རྭ་རྩེར་ཡེ་ཤེས་མེ་འབར་བརཿ སེམས་བཟུང་དར་ཅིག་སྐྱེ་མེད་ཡི་གེ་བསྒྲངསཿ གསུམ་པ་འོད་གསལ་ཆེན་པོའི་ཉམས་ལེན་ནིཿ དང་པོ་དབྱིངས་རིག་ནམ་མཁའི་མཐོངས་སུ་གཏོདཿ དབྱིངས་ཀྱི་སྒྲོན་མ་འོད་ལྔའི་རེ་ལྡེ་གཞིརཿ སྟོང་པའི་སྒྲོན་མ་ཐིག་ལེ་ཟླུམ་པོར་འཁྱིལཿ ལུག་རྒྱུད་སྒྲོན་མ་རིག་མདངས་མུ་ཏིག་ཕྲེངཿ གཞི་ཡི་སྒྲོན་མ་རིག་པ་དེ་བཞིན་ཉིདཿ ཤ་ཡི་སྒྲོན་མ་འོད་རྩའི་ལམ་བརྒྱུད་དེཿ ཆུ་ཡི་སྒྲོན་མ་འདྲེན་བྱེད་ལམ་ལ་འཆརཿ མངོན་སུམ་སྣང་བར་ཇི་བཞིན་ངོ་འཕྲོད་དེ། གོང་འཕེལ་སྣང་བར་སྐུ་དང་ཡིག་འབྲུའི་གཟུགསཿ ཚད་ཕེབ་ཚེ་ན་འོད་སྣང་རང་དག་ནསཿ ལུག་རྒྱུད་སྒྲོན་མ་རིག་མདངས་མུ་ཏིག་ཕྲེངཿ གཞི་ཡི་སྒྲོན་མ་རིག་པ་དེ་བཞིན་ཉིདཿ ཤ་ཡི་སྒྲོན་མ་འོད་རྩའི་ལམ་བརྒྱུད་དེཿ ཆུ་ཡི་སྒྲོན་མ་འདྲེན་བྱེད་ལམ་ལ་འཆརཿ མངོན་སུམ་སྣང་བར་ཇི་བཞིན་ངོ་འཕྲོད་དེཿ གོང་འཕེལ་སྣང་བར་སྐུ་དང་ཡིག་འབྲུའི་གཟུགསཿ ཚད་ཕེབ་ཚེ་ན་འོད་སྣང་རང་དག་ནསཿ ལུག་རྒྱུད་གདེངས་ལས་ལོངས་སྐུའི་ཞིང་ཁམས་མཐོངཿ དེ་ཡང་ཕྱི་རོལ་ཡུལ་གྱི་སྣང་བ་ལཿ གཏད་ཚེ་ཡུལ་སྣང་འཛིན་པར་རང་དག་ནསཿ སྣོད་བཅུད་གདོས་བཅས་གཟུགས་སུ་མ་གྲུབ་པརཿ འོད་སྣང་སྤྲུལ་པའི་སྟོང་གཟུགས་ཆེན་པོ་ལཿ བླ་མ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པསཿ བརྡ་དང་བརྡའ་ཡིས་ཚུལ་དུ་ཆོས་སྟོན་ནོཿ དེ་ཚེ་རྨི་ལམ་འོད་གསལ་ཆེན་པོ་ལཿ རང་ལུས་རྡོ་རྗེར་ལམ་གྱི་ཤར་བའི་ཚེཿ སྤྲུལ་སྒྱུར་ཞིང་ཉུལ་ལས་བཞིའི་ཕྲིན་ལས་འགྲུབཿ ཟག་པ་ཡོངས་ཟད་གདོས་བཅས་འཛིན་པ་ཞིགཿ གཤང་ཆུའི་དྲི་ཡལ་འབྱུང་བའི་ན་ཚ་བྲལཿ ལུས་ཡངས་ངག་སྙན་རེ་དོགས་ཆགས་སྡང་ཞིཿ མ་བསླབ་ཆོས་ཤེས་རྡོ་རྗེའི་གླུ་དབྱངས་སྒྲོགཿ རྡོ་རྗེ་ལུས་ཀྱི་རྫུ་འཕྲུལ་སྤྲུལ་གྱུར་སྟོནཿ འོད་ལུས་ཡེ་ཤེས་སྙིང་པོ་ཅན་ཞེས་བྱཿ འཕོ་བ་ཆེན་པོའི་འབྲས་བུ་ཐོབ་པའོཿ བློ་འདས་ཆོས་ཟད་ཆེན་པོའི་སྣང་བ་ནིཿ འདའ་ཀ་ཡེ་ཤེས་ཤོག་དྲིལ་ནང་དུ་གབཿ ཉལ་དང་ལྡན་སོགས་བྱར་མེད་ལྷུག་པའི་ངངཿ སྤྱོད་ལམ་གང་ཤར་འཛིན་པས་མ་བཅིང་ཞིངཿ ཐད་ཀའི་གང་ཤར་གཉེན་པོས་མ་བཅོས་ཤིགཿ ཀུན་བཟང་དགའ་རབ་དཔའ་བོའི་ཁྱད་ཆོསཿ བདག་ཉིད་ཨ་ཙར་དམར་པོའི་གྲོལ་པཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཐིག་ལེཿ ཚིག་ཉུང་དོན་འདུས་གནད་ཀྱི་གདམས་པཿ སྙིང་ཕྱུངས་ལག་མཐིལ་བཀྲམ་པའི་མན་ངགཿ ཌཱཀྐིའི་གཙོ་མོས་བཀའ་རྒྱ་ཁྲོལ་ཚེཿ ལྷ་ལྕམ་ཡེ་ཤེས་ཌཱཀྐའི་དོན་དུཿ རྡོ་རྗེ་དྲག་རྩལ་འཇའ་ལུས་རྡོ་རྗེསཿ ཀློང་བྱང་བརྡ་སྒྱུར་ཤུགས་ཀྱིས་ཕབས་སོཿ དབྱིངས་ཕྱུག་མ་མོ་ཨེ་ཀ་ཙ་ཏིཿ དྲག་རྩལ་ལྡན་པའི་གསང་རིགས་འབར་མཿ གདུག་རྩུབ་མི་སྲུན་རཱ་ཧུ་ལ་ཡིསཿ དུས་ཀུན་གཡེལ་བ་མེད་པར་སྲུངས་ཤིགཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ རྡོ་རྗེའི་དམ་རྒྱཿ སྲོག་གི་བཀའ་རྒྱ་ན་རཀྐནཿ པདྨའི་མན་ངག་ལྷ་ལྕམ་གོང་ཁུག་མ་ཞེས་བྱ་བ་ཌཱཀྐི་མའི་དགོངས་བཞེད་ལྟར་འཁྲུལ་ཞིག་རིག་པའི་ཡེ་ཤེས་ཀྱིས་བླ་མས་གསུང་བཞིན་དག་པར་ཕབ་པའོཿ | ༄༅ཿ ཀ་དག་ཀློང་ལས་རང་ཤར་བཿ ཀུན་བཟང་དབྱིངས་རིག་ཡབ་ཡུམ་ལཿ འཛིན་ཞེན་བྲལ་བས་ཕྱག་འཚལ་ལོཿ དགའ་རབ་དཔའ་བོའི་ཐུགས་ཀྱི་བཅུདཿ ཨ་ཙར་དམར་པོའི་ཉམས་ལེན་གནདཿ བླ་རྫོགས་ཐུགས་གསུམ་ཟབ་གནད་བསྟནཿ དང་པོར་རླུང་རོ་ལན་གསུམ་བུསཿ ཉོན་མོངས་འབྱུང་བ་བདག་འཛིན་བདུདཿ སྙིགས་མའི་དུག་ཀུན་ཕྱིར་སོང་བསམཿ དེ་ནས་ལུས་གནད་དྲང་པོར་བསྲངསཿ རླུང་སེམས་རང་མལ་ངང་ཉིད་ནསཿ ན་མོ་ཧོཿ མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་འཆངཿ པདྨ་ཐོད་ཕྲེང་ཞི་འཛུམ་ཆགས་པའི་ཉམསཿ རྡོ་རྗེ་དྲིལ་བུ་བསྣོལ་ཐབས་ཡུམ་དང་བཅསཿ རྩ་གསུམ་ལྷ་ཚོགས་འཁོར་གྱིས་བསྐོར་བར་བསྒོམསཿ ན་མོ་བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགསཿ སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགསཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ འགྲོ་བའི་དོན་དུ་སྨོན་འཇུག་སེམས་མཆོག་བསྐྱེདཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོཿ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལཿ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགསཿ གསང་སྔགས་མཛད་པ་སྒྲུབ་ལ་རྗེས་ཡི་རངསཿ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལཿ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགསཿ དགེ་ཚོགས་བླ་མེད་བྱང་ཆུབ་ཆེན་པོར་བསྔོཿ ལན་གསུམ་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་གདབསཿ ཀྱེ་མ་ཁྱོད་ནི་བླ་མ་ཡི་དམ་མཁའ་འགྲོ་སྟེཿ དཀྱིལ་འཁོར་གཙོ་བོ་སྐུ་གསུམ་ཞིང་གི་སྤྲུལ་གཞིའི་དཔལཿ སྲིད་ཞིའི་མངའ་བདག་འཁོར་འདས་ཁྱོད་ལས་མ་སྤྲུལ་མེདཿ བདག་ལ་རེ་ས་གཞན་ན་མེད་དེ་སྙིང་ཁུང་རུས་པའི་གཏིང་ཉིད་ནསཿ རྩེ་ཅིག་གཅིག་ཆོག་ནོར་བུའི་ལུགས་སུ་གསོལ་བ་འདེབསཿ ཁྱོད་ཀྱི་གསང་གསུམ་དཔལ་ཡོན་ཐུགས་རྗེ་ནུས་པའི་བཅུདཿ བདག་རྒྱུད་དད་གསུམ་བུམ་པར་ལེགས་དྲོངས་གསང་བ་གསུམ་དང་དབྱེར་མེད་ཤོགཿ ཨོཾ་ཨཱཿམ་ཧཱ་གུ་རུ་ཛྙཱ་ན་གརྦྷེ་སརྦ་སིདྡྷི་ཧཱུྃཿ བརྒྱ་རྩ་བརྒྱད་བཟླས་མོས་གུས་མཆི་མ་འཁྲུག་ཅིང་ཡིད་ཆེས་ཀྱིས་གདེངས་ཚུགས་པར་བྱའོཿ དངོས་གཞིའི་ཉམས་ལེན་རིམ་པ་ནིཿ བླ་མའི་ལྷ་ཚོགས་དགྱེས་པའི་རྣམ་རོལ་གྱིསཿ ཁ་དོག་ལྔ་ལྡན་འོད་ཞུ་རང་ལ་ཐིམཿ རང་ལུས་ཕུང་ཁམས་སྐྱེ་མཆེད་གདོས་བཅས་ཀུནཿ རྩྭ་ཕུང་མེ་དང་འཕྲད་བཞིན་ལྷག་མེད་སྦྱོངཿ རང་རིག་སོ་མ་མ་བཅོས་གཉུག་མའི་ངངཿ སླར་ཡང་མཁའ་ལ་འཇའ་ཚོན་ཤར་བ་བཞིནཿ རང་ལུས་རྡོ་རྗེ་མཐིང་གསལ་རྩེ་ལྔ་པཿ ཡར་རྩེ་རྭ་གདེངས་གཟུགས་མེད་ཁམས་སུ་རེགཿ མར་རྩེ་མནར་མེད་གནས་ཀུན་ཁྱབ་པར་ཟུགཿ འོད་ཀྱི་རང་བཞིན་རྡོ་རྗེ་ཆོས་བདུན་ངོ་ཿ ལྟེ་བར་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་དབུསཿ ཨཱཿདམར་རིང་ཆ་ཚེག་དྲག་དང་བཅས་པཿ པད་རག་ཉི་མའི་ཟེར་གྱིས་ཕོག་པ་བཞིནཿ འོད་དང་བཀྲག་མདངས་གཟི་བརྗིད་རབ་ཏུ་འབརཿ སྐུ་ནི་མི་འགྱུར་རྡོ་རྗེ་ཆོས་བདུན་ངོཿ གསུང་ནི་མི་འགགས་སྐྱེ་མེད་ཡི་གེའི་སྒྲཿ ཐུགས་ནི་མི་གཡོ་དབྱིངས་རིག་དབྱེར་མེད་ངངཿ རྩལ་སྣང་ཐམས་ཅད་བླ་མའི་རོལ་གར་ལཿ འཛིན་རྟོགས་བདེ་བའི་ཡེ་ཤེས་མོས་གུས་ཀློངཿ ངང་མདངས་སྙིང་རྗེ་སྒྱུ་མར་ལམ་གྱིས་ཤརཿ མ་གྲོལ་བར་དུ་འདི་ལས་མི་འདའ་ཞིངཿ མ་ཞིག་བར་དུ་ངང་ལས་མི་གཡོ་ཞིངཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་འགྲུབ་བྱཿ ཨཱ་ཨཱ་ཨཱཿ མ་གསལ་བར་དུ་དར་ཅིག་འདི་ལ་འབདཿ རྡོ་རྗེ་གསུམ་གྱིས་གསལ་སྣང་ཐོན་པའི་ཚེཿ ལྟེ་བའི་ཡི་གེར་ཤེས་པ་རྩེ་གཅིག་གཏདཿ མ་ནི་རླུང་གཅུན་སྟེང་རླུང་རང་བབ་བཞགཿ འབྱོང་འཇུག་ཡི་གེའི་འཁོར་ལོར་བསླབ་པའི་ཚེཿ ལྟེ་བའི་ཨཱཿལས་འོད་ཟེར་ཡེ་ཤེས་མེསཿ ཉི་མ་འབུམ་གྱི་ཚ་དབལ་དང་ལྡན་པཿ འཕོས་པས་ལས་ཉོན་ཤེས་བྱའི་སྒྲིབ་པ་བསྲེགསཿ བདག་འཛིན་གཞི་སྟོང་རྡོ་རྗེའི་ཁོང་སེང་ཁྱབཿ སྲིད་རྩེ་མནར་མེད་ཡན་བཟུང་བསྲེགས་སྦྱངས་སྟོངཿ རང་ལུས་རྡོ་རྗེ་ཚོན་གང་ཙམ་དུ་གནསཿ ལྟེ་བའི་ཡི་གེ་དུས་མཐའི་མེའི་ཚ་དབལཿ རྡོ་རྗེའི་རྭ་རྩེར་ཡེ་ཤེས་མེ་འབར་བརཿ སེམས་བཟུང་དར་ཅིག་སྐྱེ་མེད་ཡི་གེ་བསྒྲངསཿ གསུམ་པ་འོད་གསལ་ཆེན་པོའི་ཉམས་ལེན་ནིཿ དང་པོ་དབྱིངས་རིག་ནམ་མཁའི་མཐོངས་སུ་གཏོདཿ དབྱིངས་ཀྱི་སྒྲོན་མ་འོད་ལྔའི་རེ་ལྡེ་གཞིརཿ སྟོང་པའི་སྒྲོན་མ་ཐིག་ལེ་ཟླུམ་པོར་འཁྱིལཿ ལུག་རྒྱུད་སྒྲོན་མ་རིག་མདངས་མུ་ཏིག་ཕྲེངཿ གཞི་ཡི་སྒྲོན་མ་རིག་པ་དེ་བཞིན་ཉིདཿ ཤ་ཡི་སྒྲོན་མ་འོད་རྩའི་ལམ་བརྒྱུད་དེཿ ཆུ་ཡི་སྒྲོན་མ་འདྲེན་བྱེད་ལམ་ལ་འཆརཿ མངོན་སུམ་སྣང་བར་ཇི་བཞིན་ངོ་འཕྲོད་དེ། གོང་འཕེལ་སྣང་བར་སྐུ་དང་ཡིག་འབྲུའི་གཟུགསཿ ཚད་ཕེབ་ཚེ་ན་འོད་སྣང་རང་དག་ནསཿ ལུག་རྒྱུད་སྒྲོན་མ་རིག་མདངས་མུ་ཏིག་ཕྲེངཿ གཞི་ཡི་སྒྲོན་མ་རིག་པ་དེ་བཞིན་ཉིདཿ ཤ་ཡི་སྒྲོན་མ་འོད་རྩའི་ལམ་བརྒྱུད་དེཿ ཆུ་ཡི་སྒྲོན་མ་འདྲེན་བྱེད་ལམ་ལ་འཆརཿ མངོན་སུམ་སྣང་བར་ཇི་བཞིན་ངོ་འཕྲོད་དེཿ གོང་འཕེལ་སྣང་བར་སྐུ་དང་ཡིག་འབྲུའི་གཟུགསཿ ཚད་ཕེབ་ཚེ་ན་འོད་སྣང་རང་དག་ནསཿ ལུག་རྒྱུད་གདེངས་ལས་ལོངས་སྐུའི་ཞིང་ཁམས་མཐོངཿ དེ་ཡང་ཕྱི་རོལ་ཡུལ་གྱི་སྣང་བ་ལཿ གཏད་ཚེ་ཡུལ་སྣང་འཛིན་པར་རང་དག་ནསཿ སྣོད་བཅུད་གདོས་བཅས་གཟུགས་སུ་མ་གྲུབ་པརཿ འོད་སྣང་སྤྲུལ་པའི་སྟོང་གཟུགས་ཆེན་པོ་ལཿ བླ་མ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པསཿ བརྡ་དང་བརྡའ་ཡིས་ཚུལ་དུ་ཆོས་སྟོན་ནོཿ དེ་ཚེ་རྨི་ལམ་འོད་གསལ་ཆེན་པོ་ལཿ རང་ལུས་རྡོ་རྗེར་ལམ་གྱི་ཤར་བའི་ཚེཿ སྤྲུལ་སྒྱུར་ཞིང་ཉུལ་ལས་བཞིའི་ཕྲིན་ལས་འགྲུབཿ ཟག་པ་ཡོངས་ཟད་གདོས་བཅས་འཛིན་པ་ཞིགཿ གཤང་ཆུའི་དྲི་ཡལ་འབྱུང་བའི་ན་ཚ་བྲལཿ ལུས་ཡངས་ངག་སྙན་རེ་དོགས་ཆགས་སྡང་ཞིཿ མ་བསླབ་ཆོས་ཤེས་རྡོ་རྗེའི་གླུ་དབྱངས་སྒྲོགཿ རྡོ་རྗེ་ལུས་ཀྱི་རྫུ་འཕྲུལ་སྤྲུལ་གྱུར་སྟོནཿ འོད་ལུས་ཡེ་ཤེས་སྙིང་པོ་ཅན་ཞེས་བྱཿ འཕོ་བ་ཆེན་པོའི་འབྲས་བུ་ཐོབ་པའོཿ བློ་འདས་ཆོས་ཟད་ཆེན་པོའི་སྣང་བ་ནིཿ འདའ་ཀ་ཡེ་ཤེས་ཤོག་དྲིལ་ནང་དུ་གབཿ ཉལ་དང་ལྡན་སོགས་བྱར་མེད་ལྷུག་པའི་ངངཿ སྤྱོད་ལམ་གང་ཤར་འཛིན་པས་མ་བཅིང་ཞིངཿ ཐད་ཀའི་གང་ཤར་གཉེན་པོས་མ་བཅོས་ཤིགཿ ཀུན་བཟང་དགའ་རབ་དཔའ་བོའི་ཁྱད་ཆོསཿ བདག་ཉིད་ཨ་ཙར་དམར་པོའི་གྲོལ་པཿ རྡོ་རྗེ་ཕག་མོའི་ཐུགས་ཀྱི་ཐིག་ལེཿ ཚིག་ཉུང་དོན་འདུས་གནད་ཀྱི་གདམས་པཿ སྙིང་ཕྱུངས་ལག་མཐིལ་བཀྲམ་པའི་མན་ངགཿ ཌཱཀྐིའི་གཙོ་མོས་བཀའ་རྒྱ་ཁྲོལ་ཚེཿ ལྷ་ལྕམ་ཡེ་ཤེས་ཌཱཀྐའི་དོན་དུཿ རྡོ་རྗེ་དྲག་རྩལ་འཇའ་ལུས་རྡོ་རྗེསཿ ཀློང་བྱང་བརྡ་སྒྱུར་ཤུགས་ཀྱིས་ཕབས་སོཿ དབྱིངས་ཕྱུག་མ་མོ་ཨེ་ཀ་ཙ་ཏིཿ དྲག་རྩལ་ལྡན་པའི་གསང་རིགས་འབར་མཿ གདུག་རྩུབ་མི་སྲུན་རཱ་ཧུ་ལ་ཡིསཿ དུས་ཀུན་གཡེལ་བ་མེད་པར་སྲུངས་ཤིགཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ རྡོ་རྗེའི་དམ་རྒྱཿ སྲོག་གི་བཀའ་རྒྱ་ན་རཀྐནཿ པདྨའི་མན་ངག་ལྷ་ལྕམ་གོང་ཁུག་མ་ཞེས་བྱ་བ་ཌཱཀྐི་མའི་དགོངས་བཞེད་ལྟར་འཁྲུལ་ཞིག་རིག་པའི་ཡེ་ཤེས་ཀྱིས་བླ་མས་གསུང་བཞིན་དག་པར་ཕབ་པའོཿ | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Latest revision as of 15:43, 20 June 2024
Wylie title | bla rdzogs thugs gsum bcud dril gnad dbang rab rgyun gyi rnal 'byor | |
---|---|---|
Location | mdo mkhyen brtse bka' 'bum Volume 3, Text 5, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Tertön | མདོ་མཁྱེན་བརྩེ་ (Mdo mkhyen brtse) | |
Citation | ||
Genre | Daily Practice - rgyun khyer · Guru Yoga Texts - bla ma'i rnal 'byor | |
Colophon |
པདྨའི་མན་ངག་ལྷ་ལྕམ་གོང་ཁུག་མ་ཞེས་བྱ་བ་ཌཱཀྐི་མའི་དགོངས་བཞེད་ལྟར་འཁྲུལ་ཞིག་རིག་པའི་ཡེ་ཤེས་ཀྱིས་བླ་མས་གསུང་བཞིན་དག་པར་ཕབ་པའོཿ | |
pad+ma'i man ngag lha lcam gong khug ma zhes bya ba DAk+ki ma'i dgongs bzhed ltar 'khrul zhig rig pa'i ye shes kyis bla mas gsung bzhin dag par phab pa'o: |