DKYD-DZINDROL-031: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 13: Line 13:
|sourcerevealertib=མདོ་མཁྱེན་བརྩེ་
|sourcerevealertib=མདོ་མཁྱེན་བརྩེ་
|tibgenre=Protector Rituals - gsol mchod
|tibgenre=Protector Rituals - gsol mchod
|terma=No
|terma=Yes
|cycle=a ti thugs kyi thig le
|cycletib=ཨ་ཏི་ཐུགས་ཀྱི་ཐིག་ལེ་
|parentcycle=gcod 'dzin pa rang grol
|parentcycletib=གཅོད་འཛིན་པ་རང་གྲོལ་
|language=Tibetan
|language=Tibetan
|volumenumber=1
|volumenumber=1

Latest revision as of 08:28, 14 June 2024

Wylie title a ti thugs kyi thig le las bka' srung dgongs btsan mchod thabs DKYD-DZINDROL-031.pdf
Location mdo mkhyen brtse 'dzin grol
Volume 1, Text 31, Pages 323-324 (Folios 1a1 to 1b6)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. A ti thugs kyi thig le las bka' srung dgongs btsan mchod thabs. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 323-324. Delhi: Shechen Publications, 2020.
Genre Protector Rituals - gsol mchod
Cycle ཨ་ཏི་ཐུགས་ཀྱི་ཐིག་ལེ་ (a ti thugs kyi thig le)
Parent Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབ་སྟེ་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་ཡི་གེ་བགྱིས་པའོ། །དགེ་འོ།།

khrag 'thung las kyi dpa' bos brda ris las dag par phab ste slob bu 'od zer mtha' yas kyis yi ge bgyis pa'o/_/dge 'o//

[edit]
ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ བཀའ་སྲུང་དགོངས་བཙན་མཆོད་ཐབས་བཞུགསཿ ྈཿ ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ ཐུན་མོང་ནང་གི་བཀའ་སྲུང་ཆེཿ དྲག་རྩལ་ཆེ་ཞིང་མྱུར་མགྱོགས་ལྡནཿ མཆོད་རྫས་དགོས་པའི་ཡོ་བྱད་ནིཿ ཁྲག་ཆེན་བ་ལིཾ་སྐྱེམས་ཕུད་དངཿ ར་ཚིལ་སྤོས་དཀར་དུད་པས་བདུགཿ རང་ཉིད་ཡི་དམ་ང་རྒྱལ་སྐྱེདཿ ཧཱུྃཿ འཇིགས་རུང་བསེ་མཁར་སྨུག་པོ་མཁའ་ལ་བསྙེགསཿ རྩེ་ལ་རུ་མཚོན་རྒོད་ཀྱི་ལྡེམ་འཕྲུ་བཙུགསཿ རླུང་གིས་བསྐྱོད་ཅིང་སྣང་སྲིད་གཡོ་ཞིང་འགུལཿ ཐང་དཀར་ཐང་སྨུག་འབུམ་ནི་འཕུར་ཞིང་ལྡིངཿ འོག་ན་འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྱིལཿ ང་རྒྱལ་གདུག་པའི་བཙན་གྱི་ཁྱི་དམར་རྒོདཿ གཏི་མུག་རྨོངས་པའི་གཅན་ཟན་རྔམ་ཞིང་རྒྱུགཿ སྐུ་མཁར་སྨུག་པོ་སྟོང་པའི་ནང་དབྱིངས་སུཿ དམར་ནག་ཁྲག་གི་ཐིག་ལེ་བདུན་བྱུང་བཿ ང་རྒྱལ་གདུག་པའི་བཙན་རྒོད་བདུན་དུ་གྱུརཿ སློབ་དཔོན་པདྨའི་བཀའ་ཉན་ཐ་ཚིག་ཅནཿ འདིར་གཤེགས་ཁྲག་ཆེན་བ་ལིཾ་སྐྱེམས་ཕུད་བཞེསཿ ད་ལྟ་རིག་འཛིན་དྲི་མ་མེད་པའི་བཀའཿ མཁའ་འགྲོའི་གསུང་བཅུད་བདུད་རྩིའི་བཅུད་ཕྱུང་བའིཿ ཡང་གསང་ཐུགས་ཀྱི་ཐིག་ལེ་སྐོར་གསུམ་གྱིཿ གདམས་པའི་གཉེར་ཁ་ཁྱོད་ལ་བཏད་པ་ཡིནཿ དམ་ཚིག་བདུད་རྩི་བླུད་ཅིང་རྡོ་རྗེ་གཏདཿ དབང་བསྐུར་ཐ་ཚིག་བསྒྲགས་ཤིང་མཚན་ཡང་གསོལཿ ཡང་གསང་འདི་ལ་བསྟན་པའི་དགྲ་བྱུང་ནཿ མ་གཡེལ་མ་འགྱང་བསད་ཁྲག་དོན་སྙིང་ཕྱུངསཿ ཁྱད་པར་བཀའ་འགལ་གདམས་ངག་རང་ཤོར་བའིཿ རྡོ་རྗེ་སློབ་དཔོན་ཐུགས་དཀྲུགས་དམ་ལོག་རིགསཿ ཙིཏྟའི་གར་བུ་གཟིར་ཞིང་སྙིང་སྲོག་ཁྲོལཿ བསྟན་པ་འཛིན་ཞིང་བསྟན་འཛིན་སྐྱེས་བུ་སྐྱོངསཿ བདུད་རིགས་ལོག་ལྟ་ཅན་རྣམས་ཆམ་ལ་ཕོབཿ ཡང་གསང་བསྟན་པ་མི་ནུབ་མཐའ་རྒྱས་ཤིངཿ བརྒྱུད་འཛིན་བུ་སློབ་ཡངས་པའི་ས་སྟེང་ཁྱབཿ སྙན་གྲགས་དབྱར་རྔ་ལས་ཀྱང་སྒྲ་ཆེ་ཞིངཿ ཡང་གསང་དམ་ཆོས་གེགས་མེད་མྱུར་འགྲུབ་ནསཿ མཐར་ཐུག་འོག་མིན་དོན་གྱི་ཕོ་བྲང་དུཿ འབྲེལ་ཚད་དོན་ལྡན་ཚེ་འདིར་ཕྱིན་པར་ཤོགཿ ས་མ་ཡཿརྒྱ་རྒྱ་རྒྱཿ ཨ་ཏི་ཐིག་ལེ་སྐོར་གསུམ་བཀའ་འཛིན་སྐྱོངཿ ཁྱོད་ལ་གཏད་པས་གཡེལ་མེད་བྱ་ར་གྱིསཿ བཀའ་འདི་ད་ལྟ་སྤེལ་བའི་གནས་མེད་པསཿ མ་འོངས་སྐལ་ལྡན་རྣམས་ལ་སྤྲོད་ཅེས་གསུངསཿ ས་མ་ཡཿརྒྱ་རྒྱ་རྒྱཿ ཁྲག་འཐུང་ལས་ཀྱི་དཔའ་བོས་བརྡ་རིས་ལས་དག་པར་ཕབ་སྟེ་སློབ་བུ་འོད་ཟེར་མཐའ་ཡས་ཀྱིས་ཡི་གེ་བགྱིས་པའོ། །དགེ་འོ།། །།