DKYD-DZINDROL-019: Difference between revisions

From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
 
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=mdo mkhyen brtse 'dzin grol
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ།
|totalvolumes=1
|author=Mdo mkhyen brtse
|authortib=མདོ་མཁྱེན་བརྩེ་
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'',  (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020.
|language=Tibetan
|pagestatus=Temporary stub only
|volumenumber=1
|volumeLetter=
|textnuminvol=019
|pdflink=File:DKYD-DZINDROL-019.pdf
|InitCategories=Khyentse Lineage Project; DKYD-DZINDROL
}}
<h1>Tibetan Text</h1>
<onlyinclude>
{{TibP|
ྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈ
ྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈ
༄། །སཾ གུ ཧྱཾ ཌཱ ཀཱ སྱ ཙི ཏྟཾ ཏི ལ ཀཱ ཏྭ དྷཱ ནཾ བི ཥ ལོ བི ཥྚ རོ ྅ གྲ མི ཀཱ བི ཧ ར ཏི སྨ ། །

ྈ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ གཅོད་ཡུལ་གདན་ཐོག་གཅིག་མ་བཞུགསཿ ཿ

ྈྈྈྈྈ བཟང་མོ་མཆོག་ལ་གུས་པས་འདུདཿ བདེ་ཆེན་ཡུམ་གྱི་དགོངས་དོན་མཆོགཿ འཛིན་པ་རང་སར་གྲོལ་བའི་ཆོསཿ སྤྲོས་བཅས་ཚོགས་གསག་སྒྲིབ་སྦྱང་ཕྱིརཿ ཀུ་སུ་ལུ་པའི་མཆོད་སྦྱིན་གནདཿ གདན་ཐོག་གཅིག་ཏུ་གྲོལ་བའི་ཐབསཿ བསྟན་ནོ་གུས་པས་ཉམས་སུ་ལོངསཿ དགོས་པའི་ཡོ་བྱད་འདུ་བྱ་ཞིངཿ བླ་མར་རྩེ་གཅིག་འདུན་པ་གཏདཿ ལྟ་བ་རང་གྲོལ་གཉུག་མའི་ངངཿ མི་རྐང་གླིང་བུའི་སྒྲ་སྒྲོག་ཅིངཿ ཕཊ་ཅེས་རང་གི་སྙིང་ག་ནསཿ གནམ་ལྕགས་རི་རབ་འབར་བ་འཕྲོསཿ གང་དམིགས་གཉན་སར་ཐོག་ལྟར་བབཿ གནས་གདོན་ལུས་གདོན་ཀུན་མནན་ཞིངཿ སྣང་སྲིད་ལྷ་འདྲེའི་དཔའ་ཟིལ་ཆགཿ འདར་ཞིང་ཉམ་ཐག་གནས་པར་བསམཿ ཕཊཿ ཨ་ཡིག་སྐྱེ་མེད་རིག་པ་རང་གྲོལ་གཤིསཿ གཟུང་འཛིན་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་ཨུ་ཙ་ལཿ འཇིགས་རུང་བྱིན་ཆགས་དུར་ཁྲོད་ཆེན་པོའི་དབུསཿ རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མཿ དུར་ཁྲོད་ཆས་རྫོགས་གཡང་གཞི་རྐང་གླིང་འཛིནཿ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་ལས་བཞིའི་མདོགཿ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོནཿ གནས་གདོན་ལུས་གདོན་གཙོར་བྱས་ལྷ་འདྲེ་ཀུནཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་མདུན་དུ་འདུསཿ རང་དབང་མེད་པར་སྔངས་སྐྲག་འདར་ཞུམ་ཞིངཿ བདག་གིས་ཅི་གསུངས་བཀའ་ལས་འདའ་མེད་གྱུརཿ ཕཊཿ མདུན་མཁར་འཇའ་འོད་མེ་ཕུང་འཁྲིགས་པའི་དབུསཿ སྐྱབས་གནས་ཀུན་འདུས་བླ་མ་ཧེ་རུ་ཀཿ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས་དང་བཅསཿ སྤྲིན་གྱི་ཕུང་པོ་འཁྲིགས་པ་ཇི་བཞིན་གསལཿ དེ་ནས་སྐྱབས་སུ་འགྲོ་བ་ནིཿ ཕཊཿ ན་མོཿ རང་རིག་ཆོས་སྐུའི་རྒྱལ་ས་མ་ཟིན་བརཿ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པཿ སྐུ་གསུམ་འདུས་པའི་ངོ་བོ་བླ་མ་དངཿ ཡུམ་ཆེན་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནིཿ ཕཊཿ འཁོར་བ་བདེན་མེད་སྒྱུ་མའི་གྲོང་ཁྱེར་དུཿ རྣམ་པར་འཁྲུལ་པའི་མ་རྒན་རིགས་དྲུག་འགྲོཿ རང་རིག་ཡེ་ཤེས་མ་རྟོགས་དེ་སྲིད་དུཿ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ མཎྜལ་སྤྲོས་མེད་རང་ལུས་འབུལཿ ཕཊཿ མ་དག་སྒྱུ་མ་ལུས་ཀྱི་གྲོང་ཁྱེར་སྦུབསཿ རང་རིག་རྣལ་འབྱོར་མར་གྱུར་ནམ་མཁར་འཕགཿ ལུས་ཀྱི་པགས་པ་དབང་ཆེན་ས་གཞིར་གདལཿ ཤ་ཁྲག་རུས་པ་ནང་རོལ་དབང་ལྔ་དངཿ དོན་སྣོད་རི་རབ་ལྷ་གནས་གསེར་རི་བདུནཿ རོལ་མཚོ་གླིང་བཞི་གླིང་ཕྲན་ལྕགས་རིར་བཅསཿ ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་སྤྲུལ་ནསཿ བླ་མ་ཡུམ་ཆེན་རྒྱལ་བ་སྲས་བཅས་དངཿ རྩ་གསུམ་དཔའ་བོ་ཌཱཀྐིའི་ཚོགས་ལ་འབུལཿ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱངཿ མ་རིག་འཁྲུལ་པའི་སྒྲིབ་པ་ཡོངས་དག་ནསཿ ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་མཆོག་ཐོབ་ཤོགཿ གུ་རུ་རཏྣ་མཎྜ་ལ་པཱུ་ཛ་ཧོཿ ཚོགས་ཞིང་གསལ་གདབ་རྒྱུད་བསྐུལ་གསོལ་འདེབས་ནིཿ ཕཊཿ མདུན་མཁར་ཆོས་དབྱིངས་རྣམ་དག་ཕོ་བྲང་ནསཿ རྒྱན་བཀོད་ཡོངས་རྫོགས་ངོ་མཚར་བཀོད་མཛེས་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ ཧེ་རུ་ཀཿདཔལ་རྩ་བའི་བླ་མ་ཉིདཿ དཀར་གསལ་ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལཿ གཡོན་པ་དངུལ་དཀར་དྲིལ་བུ་ཡུམ་ལ་འཁྱུདཿ སྟག་ཤམ་རུས་པའི་རྒྱན་དྲུག་སྐུ་ལ་གསོལཿ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགསཿ བདེ་ཆེན་ཡུམ་མཆོག་ཌཱཀྐི་གསང་ཡེ་མཿ གཡས་པས་གྲི་གུག་དང་བཅས་ཡབ་མགུལ་འཁྱུདཿ གཡོན་པའི་མཆོག་ཆེན་མི་རྐང་གླིང་བུ་སྒྲོགཿ དཔའ་མོའི་ཆས་རྫོགས་ཡབ་དང་གཉིས་མེད་སྦྱོརཿ འཁོར་དུ་བཀའ་བརྒྱུད་བླ་མ་སངས་རྒྱས་སྲསཿ གཡས་སུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དངཿ གཡོན་དུ་ཁྲོས་མ་ལྷ་ལྔ་མཁའ་འགྲོའི་འཁོརཿ རྒྱབ་ཏུ་ཐུབ་དབང་བསྐལ་བཟང་འདྲེན་པ་སྟོངཿ བྱང་སེམས་དགྲ་བཅོམ་ཉན་རང་འཕགས་པའི་སྡེཿ མདུན་དུ་ཏཱ་རེ་ཉེར་གཅིག་ལྷ་མོའི་འཁོརཿ མཐའ་སྐོར་དམ་ཅན་ཆོས་སྐྱོང་རྒྱ་མཚོའི་ཚོགསཿ ཉི་ཟེར་རྡུལ་ཕྲན་འཁྲིགས་བཞིན་མ་འདྲེས་གསལཿ བླ་མའི་དབུ་ཐོག་སྟོན་པ་དྲི་མ་མེདཿ དེ་སྟེང་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ དེ་ཡི་དབུ་གཙུག་ཀུན་བཟང་རིགས་ལྔའི་འཁོརཿ སྐུ་གསུམ་ལྷ་ཚོགས་མཚོ་ལ་གཟའ་སྐར་བཞིནཿ བདག་དང་འགྲོ་དྲུག་ཁམས་གསུམ་སེམས་ཅན་ཀུནཿ ས་གཞིར་ཁྲོམ་ཚོགས་བཞིན་དུ་འདུས་པ་ལཿ བརྩེ་ཆེན་ཐུགས་རྗེ་ཆེན་པོས་གཟིགས་པར་བསྒོམཿ ན་མོཿ ཆོས་སྐུ་ཀུན་བཟང་རིགས་ལྔ་གངས་ཆེན་མཚོཿ ལོངས་སྤྱོད་རྫོགས་སྐུ་སྟོན་པ་དྲི་མ་མེདཿ བཀའ་དྲིན་འཁོར་མེད་འདྲེན་མཆོག་བླ་མ་རྗེཿ ཞིང་ཁམས་དབང་བསྒྱུར་མ་ཅིག་ཡུམ་ཆེན་མོཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ སྐྱེེ་མེད་ཆོས་སྐུ་ས་མནྟ་བྷ་དྲིཿ འགགས་མེད་ལོངས་སྐུ་བཛྲ་བྷ་རཱ་ཧཱིཿ ཐུགས་རྗེ་སྤྲུལ་སྐུ་བདུད་འདུལ་མ་ཅིག་མཿ ལས་ལ་དབང་བསྒྱུར་ཁྲོས་མ་ནག་མོ་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ རང་སྣང་སྤྲུལ་པའི་རྩ་གསུམ་ཞི་ཆགས་ཁྲོཿ སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་སྡེཿ ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་དངཿ ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ ཨ་འཐས་སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབསཿ བག་ཆགས་འཁྲུལ་སྣང་སྟོང་པའི་རང་སྒྲ་འདིསཿ འགྲོ་དྲུག་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབསཿ དངོས་མེད་འགྱུ་བ་སེམས་ཀྱི་རྣམ་རྟོག་འདིཿ འཛིན་པ་རང་གྲོལ་རྟོགས་པར་བྱིན་གྱིས་རློབསཿ ལྷ་འདྲེ་གཉིས་སྣང་སེམས་ཀྱི་ཆོ་འཕྲུལ་འདིཿ བདེན་མེད་སྒྱུ་མར་རྟོགས་པར་བྱིན་གྱིས་རློབསཿ བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བ་འདིཿ གཉུག་མའི་གནས་ལུགས་རང་གྲོལ་བྱིན་གྱིས་རློབསཿ བྱར་མེད་བློ་འདས་བདེ་སྟོང་ཡུམ་གྱི་ངངཿ ཚོགས་དྲུག་རང་གྲོལ་ཆོས་སྐུ་མངོན་དུ་གྱུརཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བྱིན་ཕོབ་ཅིགཿ སྣང་བ་གཏད་མེད་ངང་དུ་གཞགཿ སླར་ཡང་མཆོད་སྦྱིན་ཚོགས་གསག་བྱཿ  དང་པོ་སྒྲིབ་སྦྱོང་ནག་འགྱེད་ནིཿ ཕཊཿ མོས་གུས་གསོལ་བཏབ་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པསཿ བདག་དང་འགྲོ་དྲུག་སྤྱི་བོ་ནས་ཞུགས་ཤིངཿ ནད་གདོན་སྒྲིབ་གཉིས་བག་ཆགས་དྲི་མ་ཀུནཿ བཀྲུས་ཤིང་བཤལ་པའི་དྲི་ཁུ་དུག་རླངས་མདོགཿ འོག་སྒོ་རྐང་སེན་ནས་འཐོན་བདུད་རྩིར་བསྒྱུརཿ འོག་ཕྱོགས་འཆི་བདག་གཤིན་རྗེའི་ཚོགས་རྣམས་དངཿ ལན་ཆགས་གདོན་བགེགས་གནོད་བྱེད་ཁར་སོང་ཞིངཿ ངོམས་ཤིང་ཚིམས་ཏེ་དགའ་མགུ་ཡི་རང་ནསཿ ཤ་མཁོན་བུ་ལོན་ལན་ཆགས་ཀུན་བྱང་གྱུརཿ ཕཊཿ དམིགས་འདུན་རྩེ་གཅིག་མ་ཡེངས་གསལ་ཐེབས་བྱཿ  ༈ གཉིས་པ་དཀར་འགྱེད་བདུད་རྩིའི་རྒྱ་མཚོ་ནིཿ ཕཊཿ རང་རིག་དབུ་མའི་ལམ་ནས་ནམ་མཁར་འཕགཿ རྣལ་འབྱོར་དམར་མོ་རུས་པའི་རྒྱན་དྲུག་གསོལཿ ཕྱག་གཡས་གྲི་གུག་རང་ལུས་ཐོད་པ་བྲེགསཿ སྟོང་གསུམ་བྷནྡྷ་སྐུ་གསུམ་སྒྱེད་བུར་བཙུགསཿ བམ་རོ་ཐོད་པར་བཞག་ཅིང་སྒྱེད་བུའི་དབུསཿ རླུང་གཡོས་ཨ་ཐུང་སྦར་ཞིང་ཐོད་པ་དྲོསཿ ཤ་ཁྲག་ཞིག་ཅིང་ཐུགས་ཀའི་འོད་ཟེར་གྱིསཿ རིགས་ལྔ་ཡབ་ཡུམ་སྤྱན་དྲངས་སྦྱོར་བ་མཛདཿ བདུད་རྩིའི་རྒྱུན་བབས་བེམ་སྟེང་ཧཾ་ཡིག་ཞུཿ ཤ་ཁྲག་རུས་གསུམ་ཞུ་ཞིང་བདུད་རྩིའི་མཚོརཿ དབྱེར་མེད་འདྲེས་ཤིང་འདོད་ཡོན་སྤྲིན་འཕྲོ་བཿ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གྲངས་བརྗོད་ཅིང་ཚོགས་ཞིང་མཆོད་པ་ནིཿ ཕཊཿ བདག་ལུས་ཟག་མེད་བདུད་རྩིའི་རྒྱ་མཚོ་འདིཿ སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅསཿ བཀའ་དྲིན་འཁོར་མེད་བླ་མ་ཡུམ་ཆེན་མོཿ མ་ཅིག་ཆོས་ལོངས་སྤྲུལ་སྐུའི་ཚོགས་དང་བཅསཿ ཡི་དམ་རྩ་གསུམ་ཞི་ཆགས་ཁྲོ་བོའི་ཚོགསཿ སྲི་ཞུའི་མགྲོན་གྱུར་ཚོགས་ཞིང་ལྷ་ལ་འབུལཿ ཚོགས་རྫོགས་སྒྲིབ་དག་བྱིན་རླབས་མཆོག་སྩོལ་ཅིགཿ ཕཊཿ རང་ལུས་ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འདིཿ མ་མོ་སྔགས་སྲུང་གཟའ་བདུད་རཱ་ཧུ་ལཿ དཔལ་མགོན་མ་ནིང་དམ་ཅན་རྡོར་ལེགས་སོགསཿ ཡེ་ཤེས་འཇིག་རྟེན་བསྟན་སྲུང་རྒྱ་མཚོ་དངཿ དེད་དཔོན་ཆེན་པོ་དྲེགས་པ་སྡེ་བརྒྱད་ཚོགསཿ དཀར་སྐྱོང་ཡུལ་ལྷ་གཞི་བདག་ཀླུ་རིགས་སོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ འབུལ་ལོ་དགྱེས་སྐོང་དངོས་གྲུབ་མཆོག་སྩོལ་ཅིགཿ ཕཊཿ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱ་མཚོ་འདིཿ སྲིད་པའི་རྩེ་མན་མནར་མེད་གཏིང་རུམ་ཡནཿ ལྷ་དང་ལྷ་མིན་མི་ཡི་རིགས་གྱུར་དངཿ དམྱལ་བ་ཡི་དྭགས་དུད་འགྲོའི་རིགས་གྱུར་པའིཿ འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལཿ ཟག་མེད་བདུད་རྩིའི་མཆོད་པ་དཔག་མེད་འབུལཿ དགའ་མགུ་ཡི་རང་སྡུག་བསྔལ་ཀུན་བྲལ་ཞིངཿ མཐར་ཐུག་བྱང་ཆུབ་སེམས་ཀྱིས་རྒྱུད་གྲོལ་ཤོགཿ ཕཊཿ བདག་ལུས་བདུད་རྩི་འཛད་པ་མེད་པའི་རྒྱུནཿ འཁོར་བ་ཐོག་མ་མེད་ནས་ད་ལྟའི་བརཿ ཤ་མཁོན་བུ་ལོན་ལན་ཆགས་བདག་གྱུར་མགྲོནཿ ཕོ་མོ་མ་ནིང་རིགས་སུ་གྱུར་རྣམས་དངཿ སྣང་ཞིང་སྲིད་པའི་ལྷ་དང་འདྲེའི་རིགས་གྱུརཿ གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་རྣམས་ལཿ བསྔོ་ཞིང་སྦྱིན་ནོ་དགྱེས་ཚིམས་ལན་ཆགས་སྦྱངསཿ ཁོང་ཁྲོ་གཞན་གནོད་བསམ་སྦྱོར་ཀུན་ཞི་ཞིངཿ སྟོང་ཉིད་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ མགྲོན་བཞིའི་ཚོགས་ལ་དགྱེས་པར་སྦྱིནཿ ཡིད་ཆེས་སྐྱེ་བའི་དམིགས་པ་བྱཿ འདི་ཡི་ཕན་ཡོན་བརྗོད་འདས་སོཿ  ༈ གསུམ་པ་དྲག་པོའི་དམར་འགྱེད་ནིཿ ཕཊཿ རང་རིག་ལུས་དབུས་ནས་ཐོན་ནམ་མཁར་འཕགཿ སྐད་ཅིག་བདུད་འདུལ་ཁྲོས་མ་ནག་མོའི་སྐུཿ མཁའ་ལ་འཇའ་ཚོན་ཇི་བཞིན་གསལ་བ་ཡིཿ ཕྱག་གཡས་གྲི་གུག་བམ་གྱི་པགས་པ་ཕྲལཿ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ རང་ལུས་པགས་པ་དམར་བཤལ་བཏིང་བའི་སྟེངཿ ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་དངཿ ནང་རོལ་རྐང་དང་རུས་པའི་གྲམ་ཁྲོད་གྱུརཿ ཕཊཿ མི་རྐང་གླིང་བུའི་སྒྲ་ཆེན་རབ་སྒྲོག་ཅིངཿ ཕཊཿ འཁྲུལ་སྣང་བདག་བཟུང་སྒྱུ་ལུས་ཕུང་པོའི་ཁམསཿ གྲངས་མེད་འཁོར་བའི་གནས་སུ་ཆུད་ཟོས་བྱསཿ ད་རེས་སྒྱུ་མ་ལུས་འདིའི་གཅེས་འཛིན་འཕྲལཿ ཅིས་ཀྱང་མི་གཞག་ལྷ་འདྲེའི་ཚོགས་ལ་སྦྱིནཿ ཕོ་གདོན་རྒྱལ་པོ་མོ་གདོན་བསེན་མོ་དངཿ ཀླུ་གདོན་ས་བདག་གཟའ་གདོན་རྒྱུ་སྐར་དངཿ དམུ་དང་ཐེའུ་རང་གྲོང་རྒྱུག་འདྲེ་མོ་ཡནཿ ཟ་འདྲེ་ཤི་གཤེད་གདོན་བགེགས་འབྱུང་པོའི་ཚོགསཿ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལཿ སྟོང་གསུམ་ཁྱབ་པའི་ཤ་ཁྲག་མཆོད་པར་འབུལཿ ཁྱད་པར་བདག་ལ་གནོད་ཅིང་འཚེ་བ་ཡིཿ བདུད་དང་དམ་སྲི་མ་རུངས་ལོག་འདྲེན་ཚོགསཿ སྲིད་གསུམ་བགེགས་དཔུང་མཁའ་རྒྱུའི་ཡི་དྭགས་རིགསཿ བུ་ལོན་ལན་ཆགས་བདག་པོ་བདག་མོའི་ཚོགསཿ དམིགས་པའི་ཡུལ་གྱུར་མ་ལུས་ཐམས་ཅད་ལཿ ཤ་ཁྲག་པགས་རུས་ཀླད་རྐང་ནང་རོལ་ཚོགསཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་འབུལཿ རང་རང་གང་ལ་གང་འདོད་ཤ་ཁྲག་རུསཿ ཟོ་ཞིག་ཐུངས་ཤིག་རོལ་ཅིག་ངོམས་པར་མཛོདཿ ཇི་སྲིད་བྱང་ཆུབ་འབྲས་བུ་མ་ཐོབ་བརཿ མི་ཟད་འདོད་ཡོན་གཏེར་ལ་ལོངས་སྤྱོད་ནསཿ ཁོང་ཁྲོ་གནོད་སེམས་གདུག་རྩུབ་ཀུན་ཞི་ཞིངཿ ཤ་མཁོན་བུ་ལོན་ལན་ཆགས་ཡོངས་བྱང་ནསཿ མཐར་ཐུག་ཡུམ་ཆེན་གདུལ་བྱར་འགྱུར་བ་དངཿ གནས་སྐབས་རྡོ་རྗེའི་དམ་ལས་མི་འདའ་ཤོགཿ ཕཊཿ དམར་སྟོན་གཙོ་བོ་རྣམས་ཀྱི་རྗེས་འབྲང་དངཿ ཁས་ཞན་དབང་ཆུང་ཤ་དང་ཁྲག་ལ་སྲེདཿ གློ་བུར་ལྷགས་པའི་མགྲོན་རྣམས་ཐམས་ཅད་ལཿ སྟོང་གསུམ་ཁྱབ་པའི་དམར་མཆོད་དཔག་མེད་འབུལཿ ཤ་འདོད་ཤ་ཟོ་ཁྲག་རྔམས་ཁྲག་ལ་ཐུངསཿ རུས་འདོད་རུས་འཆོས་པགས་འདོད་པགས་པ་གྱོནཿ ནང་རོལ་ཀླད་པ་རྐང་ཞག་བཅས་པ་ཡིསཿ ཐམས་ཅད་ངོམས་ཤིང་ཚིམས་ནས་དགའ་མགུར་ལྡནཿ མཐར་ཐུག་བྱང་ཆུབ་སེམས་དང་ལྡན་གྱུར་ཅིགཿ ཕཊཿ ༈ བཞི་པ་འདོད་ཡོན་ཁྲ་འགྱེད་ནིཿ ཕཊཿ ན་མོཿ རང་རིག་དབུ་མའི་ལམ་བརྒྱུད་ནམ་མཁར་འཕགཿ ཡེ་ཤེས་ཌཱཀྐིའི་སྐུ་རུ་ལམ་གྱིས་གྱུརཿ སྟོང་གསུམ་ཁྱབ་པའི་བེམ་རོའི་པགས་པ་བཤུསཿ ཤ་ཁྲག་རུས་གསུམ་འཇིག་རྟེན་ཁམས་ཁྱབ་ལསཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ བཟའ་བཏུང་གོས་རྒྱན་གནས་ཁང་ཡོ་བྱད་དངཿ ནོར་བུ་རིན་ཆེན་དགོས་འབྱུང་དཔལ་ཡོན་ལྡནཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ལྟ་བུར་གྱུརཿ ཕཊཿ སྐྱབས་གནས་གཅིག་ཆོག་བླ་མ་ཡུམ་ཆེན་དངཿ སངས་རྒྱས་བྱང་སེམས་སྐུ་གསུམ་ཞིང་བཞུགས་པའིཿ སྐྱབས་གནས་དཀོན་མཆོག་སྲི་ཞུའི་མགྲོན་ལ་འབུལཿ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ཡོངས་བྱང་ཤོགཿ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དངཿ མ་གཟའ་རྡོར་ལེགས་དེད་དཔོན་ཆེན་པོ་སོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འབུལཿ མཉེས་ཤིང་ཚིམས་ནས་དམ་ལས་མི་འདའ་ཤོགཿ སྲིད་རྩེ་མནར་མེད་བར་གནས་རིགས་དྲུག་གིཿ སྙིང་རྗེའི་ཡུལ་གྱུར་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་གང་འདོད་འདོད་ཡོན་དཔག་མེད་སྦྱིནཿ ངོམས་ཤིང་ཚིམས་ནས་སངས་རྒྱས་མྱུར་ཐོབ་ཤོགཿ སྡུག་བསྔལ་འཁོར་བའི་རྒྱ་མཚོར་སྐྱེ་གྲངས་མངཿ དེ་ཚེ་ཤ་མཁོན་བུ་ལོན་འཁོར་བ་ཡིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་ལོངས་སྤྱོད་མི་ཟད་གཏེར་ཆེན་སྦྱིནཿ འཁོར་བ་མ་སྟོངས་བར་དུ་མི་ཟད་པའིཿ གཏེར་ལ་ལོངས་སྤྱོད་ཤ་མཁོན་ཀུན་དག་ནསཿ མ་ཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ  མཆོད་སྦྱིན་ལྷག་མགྲོན་ལ་སྦྱིན་པཿ ཕཊཿ དེ་ལྟར་མཆོད་སྦྱིན་ལྷག་ལ་རེ་བ་ཡིཿ ཞ་ལོང་འོན་ལྐུག་རྗེས་འབྲང་གློ་བུར་ལྷགསཿ ཉམ་ཆུང་གཟུགས་ངན་སྟོབས་མེད་འབྱུང་པོའི་རིགསཿ མིང་དང་མཚན་ནས་མ་ཐོན་ཐམས་ཅད་ལཿ བདག་ལུས་འདོད་ཡོན་ཟག་མེད་གཏེར་ཆེན་འདིཿ གང་ལ་གང་འདོད་དགོས་དགུའི་གཏེར་དུ་སྦྱིནཿ ནད་དང་དབུལ་ཕོངས་སྡུག་བསྔལ་ཀུན་ཞི་ཞིངཿ སངས་རྒྱས་སྲས་ཀྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ དེ་ལྟར་མཆོད་སྦྱིན་ཡོངས་རྫོགས་ནསཿ ལུས་ནི་ཡོངས་སུ་སྦྱིན་པས་སྟོངཿ རང་སེམས་དངོས་མེད་ནམ་མཁར་འདྲེསཿ ཡེ་ནས་ཆོས་སྐུ་ཡུམ་ཆེན་ཀློངཿ འཛིན་མེད་རང་གྲོལ་ངང་དུ་གཞགཿ  དེ་ནས་བདུད་བཞི་དབྱིངས་གཅོད་ནིཿ ཕཊཿ རང་སེམས་འགྱུ་བ་དངོས་མེད་ནམ་མཁའི་ཀློངཿ ཅིར་ཡང་མ་གྲུབ་སྟོང་ཆེན་ཡུམ་གྱི་མཁའཿ རེ་དང་དོགས་པའི་མཚན་མ་ཡེ་ནས་ཞིགཿ ཐོགས་བཅས་འབྱུང་བཞི་གཟུགས་ཅན་གཟུགས་མེད་བདུདཿ ཐོགས་མེད་ཉོན་མོངས་རྣམ་རྟོག་གྱ་གྱུའི་བདུདཿ དགའ་བྲོད་དངོས་གྲུབ་རྟགས་མཚན་རེ་བའི་བདུདཿ སྙེམས་བྱེད་ཐེ་ཚོམ་གཉིས་འཛིན་འཁྲུལ་པའི་བདུདཿ ཐམས་ཅད་བདག་མེད་ཀུན་བཟང་ཡུམ་གྱི་ངངཿ བྱིན་གྱིས་རློབས་ཤིག་བླ་མ་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་ཁྲོས་མ་ལྷ་ལྔ་མཿ བར་ཆད་སོལ་ཅིག་ཡེ་ཤེས་མཁའ་འགྲོའི་ཚོགསཿ སྐུ་གསུམ་རང་ངོ་ཤེས་པར་བྱིན་གྱིས་རློབསཿ དེ་ལ་འཛིན་རྟོག་མེད་པར་བྱིན་གྱིས་རློབསཿ ལྷ་འདྲེ་སེམས་སུ་ཤེས་པར་བྱིན་གྱིས་རློབསཿ དེ་ལ་སྙེམས་རྟོག་མེད་པར་བྱིན་གྱིས་རློབསཿ ན་ཚ་ལམ་ལོང་རྐྱེན་ངན་གྲོགས་སུ་ཤརཿ བར་ཆད་བདུད་དང་འཁྲུལ་པའི་སྣང་བ་ཀུནཿ ཁྱབ་གདལ་ཆེན་པོ་མ་ཅིག་ཐུགས་ཀློང་ཨཿ རྗེས་ལ་བསྔོ་སྨོན་མཚམས་སྦྱོར་ནིཿ ཕཊཿ དེ་ལྟར་མཆོད་སྦྱིན་དགེ་རྩ་བླ་མེད་པསཿ མཁའ་ཁྱབ་མ་རྒན་སེམས་ཅན་མ་ལུས་ཀུནཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་ཐར་ནསཿ རྣམ་མཁྱེན་རྫོགས་པའི་སངས་རྒྱས་འཐོབ་ཕྱིར་བསྔོཿ ཕཊཿ འཛིན་པ་རང་གྲོལ་གདམས་པ་ཉམས་བླངས་མཐུསཿ བླ་མ་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཤིངཿ རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་བཅསཿ དགྱེས་བསྐངས་དངོས་གྲུབ་ཕྲིན་ལས་ཐོགས་མེད་འགྲུབཿ འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཀུན་ཞི་ཞིངཿ སྣང་སྲིད་ལྷ་འདྲེ་བྱང་ཆུབ་སེམས་ལྡན་ཤོགཿ བདག་ཀྱང་བརྟུལ་ཞུགས་སྤྱོད་པ་ལམ་དུ་ལོངསཿ འཛིན་པ་རང་གྲོལ་མན་ངག་ཉམས་སུ་ལོནཿ གཟུགས་མེད་འགྲོ་དོན་མཐའ་རུ་ཕྱིན་ནས་ཀྱངཿ འཁོར་བ་དོང་སྤྲུགས་འཇའ་ལུས་འགྲུབ་པར་ཤོགཿ ཡུམ་ཆེན་དགོངས་དོན་བདུད་ཀྱི་གཅོད་ཡུལ་ཞེསཿ འཛིན་པ་རང་གྲོལ་ཉམས་ལེན་འགྱེད་ཆེན་བཞིཿ གདན་ཐོག་གཅིག་ཏུ་གྲོལ་བའི་གདམས་པ་ནིཿ གནད་བྱང་མཁའ་འགྲོའི་བརྡ་རིས་ཆེན་མོ་ལསཿ དྲི་མ་མེད་པའི་གསུང་གི་བདུད་རྩིའི་བཅུདཿ བདག་ཉིད་ལས་ཀྱི་དཔའ་བོས་ཕབ་པ་བཞིནཿ ཡི་གེའི་འདུ་བྱེད་ཞེན་མེད་རྣལ་འབྱོར་པཿ རིག་པའི་ཡེ་ཤེས་ཞེས་བྱས་བགྱིས་པ་ཡིཿ དགེ་བས་འཁོར་བ་དོང་ནས་སྤྲུག་པར་ཤོགཿ ས་མ་ཡ་རྒྱཿ ཆོས་འདིས་འགྲོ་དོན་འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོཿ དགེའོ།། །།

Line 9: Line 28:
   
[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 14:48, 3 June 2024

Wylie title DKYD-DZINDROL-019.pdf
Location mdo mkhyen brtse 'dzin grol
Volume 1, Text 19, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020.
Genre
Karchag page DKYD-DZINDROL-Karchag
[edit]

ྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈ ༄། །སཾ གུ ཧྱཾ ཌཱ ཀཱ སྱ ཙི ཏྟཾ ཏི ལ ཀཱ ཏྭ དྷཱ ནཾ བི ཥ ལོ བི ཥྚ རོ ྅ གྲ མི ཀཱ བི ཧ ར ཏི སྨ ། ། ྈ ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལསཿ གཅོད་ཡུལ་གདན་ཐོག་གཅིག་མ་བཞུགསཿ ཿ ྈྈྈྈྈ བཟང་མོ་མཆོག་ལ་གུས་པས་འདུདཿ བདེ་ཆེན་ཡུམ་གྱི་དགོངས་དོན་མཆོགཿ འཛིན་པ་རང་སར་གྲོལ་བའི་ཆོསཿ སྤྲོས་བཅས་ཚོགས་གསག་སྒྲིབ་སྦྱང་ཕྱིརཿ ཀུ་སུ་ལུ་པའི་མཆོད་སྦྱིན་གནདཿ གདན་ཐོག་གཅིག་ཏུ་གྲོལ་བའི་ཐབསཿ བསྟན་ནོ་གུས་པས་ཉམས་སུ་ལོངསཿ དགོས་པའི་ཡོ་བྱད་འདུ་བྱ་ཞིངཿ བླ་མར་རྩེ་གཅིག་འདུན་པ་གཏདཿ ལྟ་བ་རང་གྲོལ་གཉུག་མའི་ངངཿ མི་རྐང་གླིང་བུའི་སྒྲ་སྒྲོག་ཅིངཿ ཕཊ་ཅེས་རང་གི་སྙིང་ག་ནསཿ གནམ་ལྕགས་རི་རབ་འབར་བ་འཕྲོསཿ གང་དམིགས་གཉན་སར་ཐོག་ལྟར་བབཿ གནས་གདོན་ལུས་གདོན་ཀུན་མནན་ཞིངཿ སྣང་སྲིད་ལྷ་འདྲེའི་དཔའ་ཟིལ་ཆགཿ འདར་ཞིང་ཉམ་ཐག་གནས་པར་བསམཿ ཕཊཿ ཨ་ཡིག་སྐྱེ་མེད་རིག་པ་རང་གྲོལ་གཤིསཿ གཟུང་འཛིན་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་ཨུ་ཙ་ལཿ འཇིགས་རུང་བྱིན་ཆགས་དུར་ཁྲོད་ཆེན་པོའི་དབུསཿ རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མཿ དུར་ཁྲོད་ཆས་རྫོགས་གཡང་གཞི་རྐང་གླིང་འཛིནཿ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་ལས་བཞིའི་མདོགཿ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོནཿ གནས་གདོན་ལུས་གདོན་གཙོར་བྱས་ལྷ་འདྲེ་ཀུནཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་མདུན་དུ་འདུསཿ རང་དབང་མེད་པར་སྔངས་སྐྲག་འདར་ཞུམ་ཞིངཿ བདག་གིས་ཅི་གསུངས་བཀའ་ལས་འདའ་མེད་གྱུརཿ ཕཊཿ མདུན་མཁར་འཇའ་འོད་མེ་ཕུང་འཁྲིགས་པའི་དབུསཿ སྐྱབས་གནས་ཀུན་འདུས་བླ་མ་ཧེ་རུ་ཀཿ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས་དང་བཅསཿ སྤྲིན་གྱི་ཕུང་པོ་འཁྲིགས་པ་ཇི་བཞིན་གསལཿ དེ་ནས་སྐྱབས་སུ་འགྲོ་བ་ནིཿ ཕཊཿ ན་མོཿ རང་རིག་ཆོས་སྐུའི་རྒྱལ་ས་མ་ཟིན་བརཿ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པཿ སྐུ་གསུམ་འདུས་པའི་ངོ་བོ་བླ་མ་དངཿ ཡུམ་ཆེན་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནིཿ ཕཊཿ འཁོར་བ་བདེན་མེད་སྒྱུ་མའི་གྲོང་ཁྱེར་དུཿ རྣམ་པར་འཁྲུལ་པའི་མ་རྒན་རིགས་དྲུག་འགྲོཿ རང་རིག་ཡེ་ཤེས་མ་རྟོགས་དེ་སྲིད་དུཿ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ མཎྜལ་སྤྲོས་མེད་རང་ལུས་འབུལཿ ཕཊཿ མ་དག་སྒྱུ་མ་ལུས་ཀྱི་གྲོང་ཁྱེར་སྦུབསཿ རང་རིག་རྣལ་འབྱོར་མར་གྱུར་ནམ་མཁར་འཕགཿ ལུས་ཀྱི་པགས་པ་དབང་ཆེན་ས་གཞིར་གདལཿ ཤ་ཁྲག་རུས་པ་ནང་རོལ་དབང་ལྔ་དངཿ དོན་སྣོད་རི་རབ་ལྷ་གནས་གསེར་རི་བདུནཿ རོལ་མཚོ་གླིང་བཞི་གླིང་ཕྲན་ལྕགས་རིར་བཅསཿ ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་སྤྲུལ་ནསཿ བླ་མ་ཡུམ་ཆེན་རྒྱལ་བ་སྲས་བཅས་དངཿ རྩ་གསུམ་དཔའ་བོ་ཌཱཀྐིའི་ཚོགས་ལ་འབུལཿ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱངཿ མ་རིག་འཁྲུལ་པའི་སྒྲིབ་པ་ཡོངས་དག་ནསཿ ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་མཆོག་ཐོབ་ཤོགཿ གུ་རུ་རཏྣ་མཎྜ་ལ་པཱུ་ཛ་ཧོཿ ཚོགས་ཞིང་གསལ་གདབ་རྒྱུད་བསྐུལ་གསོལ་འདེབས་ནིཿ ཕཊཿ མདུན་མཁར་ཆོས་དབྱིངས་རྣམ་དག་ཕོ་བྲང་ནསཿ རྒྱན་བཀོད་ཡོངས་རྫོགས་ངོ་མཚར་བཀོད་མཛེས་དབུསཿ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེངཿ ཧེ་རུ་ཀཿདཔལ་རྩ་བའི་བླ་མ་ཉིདཿ དཀར་གསལ་ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལཿ གཡོན་པ་དངུལ་དཀར་དྲིལ་བུ་ཡུམ་ལ་འཁྱུདཿ སྟག་ཤམ་རུས་པའི་རྒྱན་དྲུག་སྐུ་ལ་གསོལཿ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགསཿ བདེ་ཆེན་ཡུམ་མཆོག་ཌཱཀྐི་གསང་ཡེ་མཿ གཡས་པས་གྲི་གུག་དང་བཅས་ཡབ་མགུལ་འཁྱུདཿ གཡོན་པའི་མཆོག་ཆེན་མི་རྐང་གླིང་བུ་སྒྲོགཿ དཔའ་མོའི་ཆས་རྫོགས་ཡབ་དང་གཉིས་མེད་སྦྱོརཿ འཁོར་དུ་བཀའ་བརྒྱུད་བླ་མ་སངས་རྒྱས་སྲསཿ གཡས་སུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དངཿ གཡོན་དུ་ཁྲོས་མ་ལྷ་ལྔ་མཁའ་འགྲོའི་འཁོརཿ རྒྱབ་ཏུ་ཐུབ་དབང་བསྐལ་བཟང་འདྲེན་པ་སྟོངཿ བྱང་སེམས་དགྲ་བཅོམ་ཉན་རང་འཕགས་པའི་སྡེཿ མདུན་དུ་ཏཱ་རེ་ཉེར་གཅིག་ལྷ་མོའི་འཁོརཿ མཐའ་སྐོར་དམ་ཅན་ཆོས་སྐྱོང་རྒྱ་མཚོའི་ཚོགསཿ ཉི་ཟེར་རྡུལ་ཕྲན་འཁྲིགས་བཞིན་མ་འདྲེས་གསལཿ བླ་མའི་དབུ་ཐོག་སྟོན་པ་དྲི་མ་མེདཿ དེ་སྟེང་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ དེ་ཡི་དབུ་གཙུག་ཀུན་བཟང་རིགས་ལྔའི་འཁོརཿ སྐུ་གསུམ་ལྷ་ཚོགས་མཚོ་ལ་གཟའ་སྐར་བཞིནཿ བདག་དང་འགྲོ་དྲུག་ཁམས་གསུམ་སེམས་ཅན་ཀུནཿ ས་གཞིར་ཁྲོམ་ཚོགས་བཞིན་དུ་འདུས་པ་ལཿ བརྩེ་ཆེན་ཐུགས་རྗེ་ཆེན་པོས་གཟིགས་པར་བསྒོམཿ ན་མོཿ ཆོས་སྐུ་ཀུན་བཟང་རིགས་ལྔ་གངས་ཆེན་མཚོཿ ལོངས་སྤྱོད་རྫོགས་སྐུ་སྟོན་པ་དྲི་མ་མེདཿ བཀའ་དྲིན་འཁོར་མེད་འདྲེན་མཆོག་བླ་མ་རྗེཿ ཞིང་ཁམས་དབང་བསྒྱུར་མ་ཅིག་ཡུམ་ཆེན་མོཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ སྐྱེེ་མེད་ཆོས་སྐུ་ས་མནྟ་བྷ་དྲིཿ འགགས་མེད་ལོངས་སྐུ་བཛྲ་བྷ་རཱ་ཧཱིཿ ཐུགས་རྗེ་སྤྲུལ་སྐུ་བདུད་འདུལ་མ་ཅིག་མཿ ལས་ལ་དབང་བསྒྱུར་ཁྲོས་མ་ནག་མོ་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ རང་སྣང་སྤྲུལ་པའི་རྩ་གསུམ་ཞི་ཆགས་ཁྲོཿ སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་སྡེཿ ཟབ་མོ་གཅོད་ཡུལ་བརྒྱུད་པའི་བླ་མ་དངཿ ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ ཨ་འཐས་སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབསཿ བག་ཆགས་འཁྲུལ་སྣང་སྟོང་པའི་རང་སྒྲ་འདིསཿ འགྲོ་དྲུག་ཆོས་ལ་བསྒྱུར་བར་བྱིན་གྱིས་རློབསཿ དངོས་མེད་འགྱུ་བ་སེམས་ཀྱི་རྣམ་རྟོག་འདིཿ འཛིན་པ་རང་གྲོལ་རྟོགས་པར་བྱིན་གྱིས་རློབསཿ ལྷ་འདྲེ་གཉིས་སྣང་སེམས་ཀྱི་ཆོ་འཕྲུལ་འདིཿ བདེན་མེད་སྒྱུ་མར་རྟོགས་པར་བྱིན་གྱིས་རློབསཿ བདེ་གསལ་མི་རྟོག་ཉམས་ཀྱི་སྣང་བ་འདིཿ གཉུག་མའི་གནས་ལུགས་རང་གྲོལ་བྱིན་གྱིས་རློབསཿ བྱར་མེད་བློ་འདས་བདེ་སྟོང་ཡུམ་གྱི་ངངཿ ཚོགས་དྲུག་རང་གྲོལ་ཆོས་སྐུ་མངོན་དུ་གྱུརཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བྱིན་ཕོབ་ཅིགཿ སྣང་བ་གཏད་མེད་ངང་དུ་གཞགཿ སླར་ཡང་མཆོད་སྦྱིན་ཚོགས་གསག་བྱཿ དང་པོ་སྒྲིབ་སྦྱོང་ནག་འགྱེད་ནིཿ ཕཊཿ མོས་གུས་གསོལ་བཏབ་ཚོགས་ཞིང་ལྷ་རྣམས་ཀྱིཿ སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པསཿ བདག་དང་འགྲོ་དྲུག་སྤྱི་བོ་ནས་ཞུགས་ཤིངཿ ནད་གདོན་སྒྲིབ་གཉིས་བག་ཆགས་དྲི་མ་ཀུནཿ བཀྲུས་ཤིང་བཤལ་པའི་དྲི་ཁུ་དུག་རླངས་མདོགཿ འོག་སྒོ་རྐང་སེན་ནས་འཐོན་བདུད་རྩིར་བསྒྱུརཿ འོག་ཕྱོགས་འཆི་བདག་གཤིན་རྗེའི་ཚོགས་རྣམས་དངཿ ལན་ཆགས་གདོན་བགེགས་གནོད་བྱེད་ཁར་སོང་ཞིངཿ ངོམས་ཤིང་ཚིམས་ཏེ་དགའ་མགུ་ཡི་རང་ནསཿ ཤ་མཁོན་བུ་ལོན་ལན་ཆགས་ཀུན་བྱང་གྱུརཿ ཕཊཿ དམིགས་འདུན་རྩེ་གཅིག་མ་ཡེངས་གསལ་ཐེབས་བྱཿ ༈ གཉིས་པ་དཀར་འགྱེད་བདུད་རྩིའི་རྒྱ་མཚོ་ནིཿ ཕཊཿ རང་རིག་དབུ་མའི་ལམ་ནས་ནམ་མཁར་འཕགཿ རྣལ་འབྱོར་དམར་མོ་རུས་པའི་རྒྱན་དྲུག་གསོལཿ ཕྱག་གཡས་གྲི་གུག་རང་ལུས་ཐོད་པ་བྲེགསཿ སྟོང་གསུམ་བྷནྡྷ་སྐུ་གསུམ་སྒྱེད་བུར་བཙུགསཿ བམ་རོ་ཐོད་པར་བཞག་ཅིང་སྒྱེད་བུའི་དབུསཿ རླུང་གཡོས་ཨ་ཐུང་སྦར་ཞིང་ཐོད་པ་དྲོསཿ ཤ་ཁྲག་ཞིག་ཅིང་ཐུགས་ཀའི་འོད་ཟེར་གྱིསཿ རིགས་ལྔ་ཡབ་ཡུམ་སྤྱན་དྲངས་སྦྱོར་བ་མཛདཿ བདུད་རྩིའི་རྒྱུན་བབས་བེམ་སྟེང་ཧཾ་ཡིག་ཞུཿ ཤ་ཁྲག་རུས་གསུམ་ཞུ་ཞིང་བདུད་རྩིའི་མཚོརཿ དབྱེར་མེད་འདྲེས་ཤིང་འདོད་ཡོན་སྤྲིན་འཕྲོ་བཿ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གྲངས་བརྗོད་ཅིང་ཚོགས་ཞིང་མཆོད་པ་ནིཿ ཕཊཿ བདག་ལུས་ཟག་མེད་བདུད་རྩིའི་རྒྱ་མཚོ་འདིཿ སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅསཿ བཀའ་དྲིན་འཁོར་མེད་བླ་མ་ཡུམ་ཆེན་མོཿ མ་ཅིག་ཆོས་ལོངས་སྤྲུལ་སྐུའི་ཚོགས་དང་བཅསཿ ཡི་དམ་རྩ་གསུམ་ཞི་ཆགས་ཁྲོ་བོའི་ཚོགསཿ སྲི་ཞུའི་མགྲོན་གྱུར་ཚོགས་ཞིང་ལྷ་ལ་འབུལཿ ཚོགས་རྫོགས་སྒྲིབ་དག་བྱིན་རླབས་མཆོག་སྩོལ་ཅིགཿ ཕཊཿ རང་ལུས་ཡེ་ཤེས་བདུད་རྩིའི་སྤྲིན་ཕུང་འདིཿ མ་མོ་སྔགས་སྲུང་གཟའ་བདུད་རཱ་ཧུ་ལཿ དཔལ་མགོན་མ་ནིང་དམ་ཅན་རྡོར་ལེགས་སོགསཿ ཡེ་ཤེས་འཇིག་རྟེན་བསྟན་སྲུང་རྒྱ་མཚོ་དངཿ དེད་དཔོན་ཆེན་པོ་དྲེགས་པ་སྡེ་བརྒྱད་ཚོགསཿ དཀར་སྐྱོང་ཡུལ་ལྷ་གཞི་བདག་ཀླུ་རིགས་སོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ འབུལ་ལོ་དགྱེས་སྐོང་དངོས་གྲུབ་མཆོག་སྩོལ་ཅིགཿ ཕཊཿ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱ་མཚོ་འདིཿ སྲིད་པའི་རྩེ་མན་མནར་མེད་གཏིང་རུམ་ཡནཿ ལྷ་དང་ལྷ་མིན་མི་ཡི་རིགས་གྱུར་དངཿ དམྱལ་བ་ཡི་དྭགས་དུད་འགྲོའི་རིགས་གྱུར་པའིཿ འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལཿ ཟག་མེད་བདུད་རྩིའི་མཆོད་པ་དཔག་མེད་འབུལཿ དགའ་མགུ་ཡི་རང་སྡུག་བསྔལ་ཀུན་བྲལ་ཞིངཿ མཐར་ཐུག་བྱང་ཆུབ་སེམས་ཀྱིས་རྒྱུད་གྲོལ་ཤོགཿ ཕཊཿ བདག་ལུས་བདུད་རྩི་འཛད་པ་མེད་པའི་རྒྱུནཿ འཁོར་བ་ཐོག་མ་མེད་ནས་ད་ལྟའི་བརཿ ཤ་མཁོན་བུ་ལོན་ལན་ཆགས་བདག་གྱུར་མགྲོནཿ ཕོ་མོ་མ་ནིང་རིགས་སུ་གྱུར་རྣམས་དངཿ སྣང་ཞིང་སྲིད་པའི་ལྷ་དང་འདྲེའི་རིགས་གྱུརཿ གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་རྣམས་ལཿ བསྔོ་ཞིང་སྦྱིན་ནོ་དགྱེས་ཚིམས་ལན་ཆགས་སྦྱངསཿ ཁོང་ཁྲོ་གཞན་གནོད་བསམ་སྦྱོར་ཀུན་ཞི་ཞིངཿ སྟོང་ཉིད་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ མགྲོན་བཞིའི་ཚོགས་ལ་དགྱེས་པར་སྦྱིནཿ ཡིད་ཆེས་སྐྱེ་བའི་དམིགས་པ་བྱཿ འདི་ཡི་ཕན་ཡོན་བརྗོད་འདས་སོཿ ༈ གསུམ་པ་དྲག་པོའི་དམར་འགྱེད་ནིཿ ཕཊཿ རང་རིག་ལུས་དབུས་ནས་ཐོན་ནམ་མཁར་འཕགཿ སྐད་ཅིག་བདུད་འདུལ་ཁྲོས་མ་ནག་མོའི་སྐུཿ མཁའ་ལ་འཇའ་ཚོན་ཇི་བཞིན་གསལ་བ་ཡིཿ ཕྱག་གཡས་གྲི་གུག་བམ་གྱི་པགས་པ་ཕྲལཿ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ རང་ལུས་པགས་པ་དམར་བཤལ་བཏིང་བའི་སྟེངཿ ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་དངཿ ནང་རོལ་རྐང་དང་རུས་པའི་གྲམ་ཁྲོད་གྱུརཿ ཕཊཿ མི་རྐང་གླིང་བུའི་སྒྲ་ཆེན་རབ་སྒྲོག་ཅིངཿ ཕཊཿ འཁྲུལ་སྣང་བདག་བཟུང་སྒྱུ་ལུས་ཕུང་པོའི་ཁམསཿ གྲངས་མེད་འཁོར་བའི་གནས་སུ་ཆུད་ཟོས་བྱསཿ ད་རེས་སྒྱུ་མ་ལུས་འདིའི་གཅེས་འཛིན་འཕྲལཿ ཅིས་ཀྱང་མི་གཞག་ལྷ་འདྲེའི་ཚོགས་ལ་སྦྱིནཿ ཕོ་གདོན་རྒྱལ་པོ་མོ་གདོན་བསེན་མོ་དངཿ ཀླུ་གདོན་ས་བདག་གཟའ་གདོན་རྒྱུ་སྐར་དངཿ དམུ་དང་ཐེའུ་རང་གྲོང་རྒྱུག་འདྲེ་མོ་ཡནཿ ཟ་འདྲེ་ཤི་གཤེད་གདོན་བགེགས་འབྱུང་པོའི་ཚོགསཿ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལཿ སྟོང་གསུམ་ཁྱབ་པའི་ཤ་ཁྲག་མཆོད་པར་འབུལཿ ཁྱད་པར་བདག་ལ་གནོད་ཅིང་འཚེ་བ་ཡིཿ བདུད་དང་དམ་སྲི་མ་རུངས་ལོག་འདྲེན་ཚོགསཿ སྲིད་གསུམ་བགེགས་དཔུང་མཁའ་རྒྱུའི་ཡི་དྭགས་རིགསཿ བུ་ལོན་ལན་ཆགས་བདག་པོ་བདག་མོའི་ཚོགསཿ དམིགས་པའི་ཡུལ་གྱུར་མ་ལུས་ཐམས་ཅད་ལཿ ཤ་ཁྲག་པགས་རུས་ཀླད་རྐང་ནང་རོལ་ཚོགསཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་འབུལཿ རང་རང་གང་ལ་གང་འདོད་ཤ་ཁྲག་རུསཿ ཟོ་ཞིག་ཐུངས་ཤིག་རོལ་ཅིག་ངོམས་པར་མཛོདཿ ཇི་སྲིད་བྱང་ཆུབ་འབྲས་བུ་མ་ཐོབ་བརཿ མི་ཟད་འདོད་ཡོན་གཏེར་ལ་ལོངས་སྤྱོད་ནསཿ ཁོང་ཁྲོ་གནོད་སེམས་གདུག་རྩུབ་ཀུན་ཞི་ཞིངཿ ཤ་མཁོན་བུ་ལོན་ལན་ཆགས་ཡོངས་བྱང་ནསཿ མཐར་ཐུག་ཡུམ་ཆེན་གདུལ་བྱར་འགྱུར་བ་དངཿ གནས་སྐབས་རྡོ་རྗེའི་དམ་ལས་མི་འདའ་ཤོགཿ ཕཊཿ དམར་སྟོན་གཙོ་བོ་རྣམས་ཀྱི་རྗེས་འབྲང་དངཿ ཁས་ཞན་དབང་ཆུང་ཤ་དང་ཁྲག་ལ་སྲེདཿ གློ་བུར་ལྷགས་པའི་མགྲོན་རྣམས་ཐམས་ཅད་ལཿ སྟོང་གསུམ་ཁྱབ་པའི་དམར་མཆོད་དཔག་མེད་འབུལཿ ཤ་འདོད་ཤ་ཟོ་ཁྲག་རྔམས་ཁྲག་ལ་ཐུངསཿ རུས་འདོད་རུས་འཆོས་པགས་འདོད་པགས་པ་གྱོནཿ ནང་རོལ་ཀླད་པ་རྐང་ཞག་བཅས་པ་ཡིསཿ ཐམས་ཅད་ངོམས་ཤིང་ཚིམས་ནས་དགའ་མགུར་ལྡནཿ མཐར་ཐུག་བྱང་ཆུབ་སེམས་དང་ལྡན་གྱུར་ཅིགཿ ཕཊཿ ༈ བཞི་པ་འདོད་ཡོན་ཁྲ་འགྱེད་ནིཿ ཕཊཿ ན་མོཿ རང་རིག་དབུ་མའི་ལམ་བརྒྱུད་ནམ་མཁར་འཕགཿ ཡེ་ཤེས་ཌཱཀྐིའི་སྐུ་རུ་ལམ་གྱིས་གྱུརཿ སྟོང་གསུམ་ཁྱབ་པའི་བེམ་རོའི་པགས་པ་བཤུསཿ ཤ་ཁྲག་རུས་གསུམ་འཇིག་རྟེན་ཁམས་ཁྱབ་ལསཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ བཟའ་བཏུང་གོས་རྒྱན་གནས་ཁང་ཡོ་བྱད་དངཿ ནོར་བུ་རིན་ཆེན་དགོས་འབྱུང་དཔལ་ཡོན་ལྡནཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ལྟ་བུར་གྱུརཿ ཕཊཿ སྐྱབས་གནས་གཅིག་ཆོག་བླ་མ་ཡུམ་ཆེན་དངཿ སངས་རྒྱས་བྱང་སེམས་སྐུ་གསུམ་ཞིང་བཞུགས་པའིཿ སྐྱབས་གནས་དཀོན་མཆོག་སྲི་ཞུའི་མགྲོན་ལ་འབུལཿ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ཡོངས་བྱང་ཤོགཿ མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དངཿ མ་གཟའ་རྡོར་ལེགས་དེད་དཔོན་ཆེན་པོ་སོགསཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འབུལཿ མཉེས་ཤིང་ཚིམས་ནས་དམ་ལས་མི་འདའ་ཤོགཿ སྲིད་རྩེ་མནར་མེད་བར་གནས་རིགས་དྲུག་གིཿ སྙིང་རྗེའི་ཡུལ་གྱུར་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་གང་འདོད་འདོད་ཡོན་དཔག་མེད་སྦྱིནཿ ངོམས་ཤིང་ཚིམས་ནས་སངས་རྒྱས་མྱུར་ཐོབ་ཤོགཿ སྡུག་བསྔལ་འཁོར་བའི་རྒྱ་མཚོར་སྐྱེ་གྲངས་མངཿ དེ་ཚེ་ཤ་མཁོན་བུ་ལོན་འཁོར་བ་ཡིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ བདག་ལུས་ལོངས་སྤྱོད་མི་ཟད་གཏེར་ཆེན་སྦྱིནཿ འཁོར་བ་མ་སྟོངས་བར་དུ་མི་ཟད་པའིཿ གཏེར་ལ་ལོངས་སྤྱོད་ཤ་མཁོན་ཀུན་དག་ནསཿ མ་ཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ མཆོད་སྦྱིན་ལྷག་མགྲོན་ལ་སྦྱིན་པཿ ཕཊཿ དེ་ལྟར་མཆོད་སྦྱིན་ལྷག་ལ་རེ་བ་ཡིཿ ཞ་ལོང་འོན་ལྐུག་རྗེས་འབྲང་གློ་བུར་ལྷགསཿ ཉམ་ཆུང་གཟུགས་ངན་སྟོབས་མེད་འབྱུང་པོའི་རིགསཿ མིང་དང་མཚན་ནས་མ་ཐོན་ཐམས་ཅད་ལཿ བདག་ལུས་འདོད་ཡོན་ཟག་མེད་གཏེར་ཆེན་འདིཿ གང་ལ་གང་འདོད་དགོས་དགུའི་གཏེར་དུ་སྦྱིནཿ ནད་དང་དབུལ་ཕོངས་སྡུག་བསྔལ་ཀུན་ཞི་ཞིངཿ སངས་རྒྱས་སྲས་ཀྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ དེ་ལྟར་མཆོད་སྦྱིན་ཡོངས་རྫོགས་ནསཿ ལུས་ནི་ཡོངས་སུ་སྦྱིན་པས་སྟོངཿ རང་སེམས་དངོས་མེད་ནམ་མཁར་འདྲེསཿ ཡེ་ནས་ཆོས་སྐུ་ཡུམ་ཆེན་ཀློངཿ འཛིན་མེད་རང་གྲོལ་ངང་དུ་གཞགཿ དེ་ནས་བདུད་བཞི་དབྱིངས་གཅོད་ནིཿ ཕཊཿ རང་སེམས་འགྱུ་བ་དངོས་མེད་ནམ་མཁའི་ཀློངཿ ཅིར་ཡང་མ་གྲུབ་སྟོང་ཆེན་ཡུམ་གྱི་མཁའཿ རེ་དང་དོགས་པའི་མཚན་མ་ཡེ་ནས་ཞིགཿ ཐོགས་བཅས་འབྱུང་བཞི་གཟུགས་ཅན་གཟུགས་མེད་བདུདཿ ཐོགས་མེད་ཉོན་མོངས་རྣམ་རྟོག་གྱ་གྱུའི་བདུདཿ དགའ་བྲོད་དངོས་གྲུབ་རྟགས་མཚན་རེ་བའི་བདུདཿ སྙེམས་བྱེད་ཐེ་ཚོམ་གཉིས་འཛིན་འཁྲུལ་པའི་བདུདཿ ཐམས་ཅད་བདག་མེད་ཀུན་བཟང་ཡུམ་གྱི་ངངཿ བྱིན་གྱིས་རློབས་ཤིག་བླ་མ་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་ཁྲོས་མ་ལྷ་ལྔ་མཿ བར་ཆད་སོལ་ཅིག་ཡེ་ཤེས་མཁའ་འགྲོའི་ཚོགསཿ སྐུ་གསུམ་རང་ངོ་ཤེས་པར་བྱིན་གྱིས་རློབསཿ དེ་ལ་འཛིན་རྟོག་མེད་པར་བྱིན་གྱིས་རློབསཿ ལྷ་འདྲེ་སེམས་སུ་ཤེས་པར་བྱིན་གྱིས་རློབསཿ དེ་ལ་སྙེམས་རྟོག་མེད་པར་བྱིན་གྱིས་རློབསཿ ན་ཚ་ལམ་ལོང་རྐྱེན་ངན་གྲོགས་སུ་ཤརཿ བར་ཆད་བདུད་དང་འཁྲུལ་པའི་སྣང་བ་ཀུནཿ ཁྱབ་གདལ་ཆེན་པོ་མ་ཅིག་ཐུགས་ཀློང་ཨཿ རྗེས་ལ་བསྔོ་སྨོན་མཚམས་སྦྱོར་ནིཿ ཕཊཿ དེ་ལྟར་མཆོད་སྦྱིན་དགེ་རྩ་བླ་མེད་པསཿ མཁའ་ཁྱབ་མ་རྒན་སེམས་ཅན་མ་ལུས་ཀུནཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་ཐར་ནསཿ རྣམ་མཁྱེན་རྫོགས་པའི་སངས་རྒྱས་འཐོབ་ཕྱིར་བསྔོཿ ཕཊཿ འཛིན་པ་རང་གྲོལ་གདམས་པ་ཉམས་བླངས་མཐུསཿ བླ་མ་དམ་པའི་ཐུགས་དགོངས་ཡོངས་རྫོགས་ཤིངཿ རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་བཅསཿ དགྱེས་བསྐངས་དངོས་གྲུབ་ཕྲིན་ལས་ཐོགས་མེད་འགྲུབཿ འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཀུན་ཞི་ཞིངཿ སྣང་སྲིད་ལྷ་འདྲེ་བྱང་ཆུབ་སེམས་ལྡན་ཤོགཿ བདག་ཀྱང་བརྟུལ་ཞུགས་སྤྱོད་པ་ལམ་དུ་ལོངསཿ འཛིན་པ་རང་གྲོལ་མན་ངག་ཉམས་སུ་ལོནཿ གཟུགས་མེད་འགྲོ་དོན་མཐའ་རུ་ཕྱིན་ནས་ཀྱངཿ འཁོར་བ་དོང་སྤྲུགས་འཇའ་ལུས་འགྲུབ་པར་ཤོགཿ ཡུམ་ཆེན་དགོངས་དོན་བདུད་ཀྱི་གཅོད་ཡུལ་ཞེསཿ འཛིན་པ་རང་གྲོལ་ཉམས་ལེན་འགྱེད་ཆེན་བཞིཿ གདན་ཐོག་གཅིག་ཏུ་གྲོལ་བའི་གདམས་པ་ནིཿ གནད་བྱང་མཁའ་འགྲོའི་བརྡ་རིས་ཆེན་མོ་ལསཿ དྲི་མ་མེད་པའི་གསུང་གི་བདུད་རྩིའི་བཅུདཿ བདག་ཉིད་ལས་ཀྱི་དཔའ་བོས་ཕབ་པ་བཞིནཿ ཡི་གེའི་འདུ་བྱེད་ཞེན་མེད་རྣལ་འབྱོར་པཿ རིག་པའི་ཡེ་ཤེས་ཞེས་བྱས་བགྱིས་པ་ཡིཿ དགེ་བས་འཁོར་བ་དོང་ནས་སྤྲུག་པར་ཤོགཿ ས་མ་ཡ་རྒྱཿ ཆོས་འདིས་འགྲོ་དོན་འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོཿ དགེའོ།། །།