DKYD-DZINDROL-017: Difference between revisions
From Khyentse Lineage - A Tsadra Foundation Project
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=mdo mkhyen brtse 'dzin grol | |||
|collectiontitletib=མདོ་མཁྱེན་བརྩེ་འཛིན་གྲོལ། | |||
|totalvolumes=1 | |||
|author=Mdo mkhyen brtse | |||
|authortib=མདོ་མཁྱེན་བརྩེ་ | |||
|citation=[[Mdo mkhyen brtse]]. ''''. In ''Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor'', (''The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje''): . Delhi: Shechen Publications, 2020. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=1 | |||
|volumeLetter= | |||
|textnuminvol=017 | |||
|pdflink=File:DKYD-DZINDROL-017.pdf | |||
|InitCategories=Khyentse Lineage Project; DKYD-DZINDROL | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP| | |||
ྈ ྈྈྈྈྈྈྈྈྈྈྈྈྈྈྈ ྈ | ྈ ྈྈྈྈྈྈྈྈྈྈྈྈྈྈྈ ྈ | ||
ྈ ྈྈྈྈྈྈྈྈྈྈྈྈྈྈྈ ྈ | ྈ ྈྈྈྈྈྈྈྈྈྈྈྈྈྈྈ ྈ | ||
ྈ ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ འཛིན་པ་རང་གྲོལ་གདམས་པ་བཞུགསཿ ཿ | ྈ ཨ་ཏི་ཐུགས་ཀྱི་ཐིག་ལེ་ལསཿ འཛིན་པ་རང་གྲོལ་གདམས་པ་བཞུགསཿ ཿ | ||
ྈྈྈྈྈྈྈ རིག་སྟོང་དབྱེར་མེད་ཆོས་ཀྱི་དབྱིངསཿ བཟང་མོ་དོན་གྱི་ལྷ་ལ་འདུདཿ ཤིན་ཏུ་རྣལ་འབྱོར་དབང་རབ་མཆོགཿ དབྱིངས་རིག་དབྱེར་མེད་སྐུ་གསུམ་གདངསཿ རྩོལ་མེད་ཉམས་བླངས་འབྲས་བུ་ཆེཿ གདོད་མའི་གཞི་ཐོག་གྲོལ་བ་ལཿ སྤྲོས་བཅས་བོགས་འདོན་འཛིན་པ་བྲལཿ དབང་འབྲིང་ལམ་གྱི་ཆ་རྐྱེན་དུཿ འཛིན་པ་རང་གྲོལ་མན་ངག་གནདཿ ཉམས་ཀྱི་ཞེན་པ་རང་ཞིག་ནསཿ གདོད་མའི་སྐུ་གསུམ་མངོན་གྱུར་གྱིཿ ཟབ་ལམ་ཉམས་སུ་ལེན་པ་ལཿ ཐོག་མར་རང་སྣང་དབང་འདུས་ཤིངཿ གཞན་སྣང་ཟིལ་གྱིས་གནོན་པའི་ཕྱིརཿ སྔ་ནོན་མན་ངག་འདི་ལྟ་སྟེཿ དང་པོ་སྐྱབས་སེམས་བསྡུས་པ་ནིཿ ན་མོཿ སྐུ་གསུམ་ཀུན་འདུས་བླ་མ་ཡུམ་ཆེན་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ ལས་ཉོན་འཁྲུལ་པའི་དབང་གྱུར་འགྲོ་བ་རྣམསཿ སངས་རྒྱས་འཐོབ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ ལན་གསུམ་བརྗོད་ཅིང་གསོལ་འདེབས་ལྷར་བསྐྱེད་ནིཿ མདུན་མཁར་འོད་ཕུང་འཁྲིགས་པའི་གཞལ་ཡས་སུཿ གཞི་དབྱིངས་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ རྣམ་རོལ་དུ་མར་ཤར་བའི་སྒྱུ་འཕྲུལ་ལསཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་མཿ གསེར་རྡོར་གླེགས་བམ་ས་གནོན་མཉམ་གཞག་རྒྱཿ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆསཿ ཡེ་ཤེས་ལྔ་ལྡན་ཕྱོགས་ཀུན་ཐ་ལེར་གཟིགསཿ ཀ་དག་ཡེ་གྲོལ་སྣང་བ་ལྷུན་གྱིས་གྲུབཿ དེ་འོག་རིན་ཆེན་སེང་ཁྲི་མཛེས་པའི་སྟེངཿ བླ་མ་ཧེ་རུ་ཀཿདཔལ་ཡབ་ཡུམ་ལཿ བཀའ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ འཁོར་གྱིས་བསྐོར་ཞིང་ཐུགས་རྗེས་བདག་ལ་གཟིགསཿ ན་མོཿ གཏན་གྱི་སྐྱབས་གནས་བླ་མ་ཡུམ་ཆེན་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ བདག་ཏུ་འཛིན་པ་རང་སར་གྲོལ་ནས་ཀྱངཿ ཡེ་ཤེས་ལྔ་ལྡན་ཆོས་སྐུ་འཐོབ་པར་ཤོགཿ མོས་གུས་རྩེ་གཅིག་གསོལ་གདབ་ཅིངཿ ཡེ་གྲོལ་གཤིས་ཀྱི་ངང་ཉིད་དུཿ གསོལ་འདེབས་བསྙེན་པ་འདི་ལ་འབདཿ ཏདྱ་ཐཱཿ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱཿ ཅི་ནུས་བཟླས་ཤིངཿ བླ་མ་ཡབ་ཡུམ་ཐུགས་ཀ་ནསཿ འོད་ཟེར་བ་ཐག་འཛིང་བཞིན་འཕྲོསཿ རང་ལུས་བག་ཆགས་འཛིན་སྟངས་དངཿ ཤ་ཁྲག་གདོས་བཅས་མངོན་ཞེན་སྦྱངསཿ རྟོག་ཚོགས་སྣ་ཚོགས་འཕྲོ་གཅད་ཕྱིརཿ ཕཊཿ ཨ་འཐས་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ རང་རིག་མ་བཅོས་རྗེ་བཙུན་ཁྲོས་མ་ནགཿ མཐིང་གསལ་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ཉམསཿ ཞི་ཆགས་སྤྱན་གསུམ་སྡང་མིག་སྲིད་གསུམ་གཟིགསཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་དུང་ལྟར་གཙིགསཿ ཕྱག་གཡས་མི་ལྤགས་གཡང་གཞི་ཕྱར་ཞིང་རྡེབཿ གཡོན་པའི་མི་རྐང་གླིང་བུས་རང་སྒྲ་སྒྲོགཿ རུས་པའི་རྒྱན་དྲུག་མི་མགོ་སྙིང་ཕྲེང་བརྒྱནཿ པདྨ་ཉི་མ་རོ་ཡི་གདན་སྟེང་དུཿ ཞབས་གཉིས་དཔའ་མོ་རོལ་པའི་སྟབས་སུ་འགྱིངསཿ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག་པ་ཡིསཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་རྣམས་གཡོཿ ཤར་ཕྱོགས་བདེ་ཆེན་དཀར་མོ་འཛུམ་པའི་ཞལཿ ལྷོ་རུ་སེར་མོ་དོན་གྲུབ་ཞི་མ་ཁྲོཿ ནུབ་ཕྱོགས་དམར་མོ་སྒྲ་སྒྲོག་ཆགས་པའི་ཉམསཿ བྱང་ཕྱོགས་སྣ་ཚོགས་མཐར་ཕྱིན་ལྗང་མོ་ཁྲོཿ ཆ་ལུགས་གཙོ་མོ་དང་མཚུངས་ལས་བཞིའི་རྒྱནཿ མདའ་དར་རིན་ཆེན་ལྕགས་ཀྱུ་གྲི་གུག་གཡསཿ གཡོན་པས་བྷནྡྷ་འཛིན་ཅིང་གར་སྟབས་འགྱིངསཿ རང་མདོག་རིགས་མཐུན་ཌཱཀྐི་འབུམ་རེས་བསྐོརཿ ཆོས་ཉིད་དྲག་པོའི་རང་སྒྲ་འབྲུག་ལྟར་སྒྲོགཿ ཡེ་ཤེས་དམ་ཚིག་ཤ་ཟ་འཇིག་རྟེན་གྱིཿ མ་མོ་མཁའ་འགྲོ་སྲུང་མ་དམ་ཅན་སྡེཿ དཀར་ཕྱོགས་དྲེགས་པ་སྡེ་བརྒྱད་མཐུ་ལྡན་ཚོགསཿ སྲིད་པའི་རྩེ་མན་དམྱལ་བའི་གཏིང་རུམ་ཡནཿ ཁམས་གསུམ་རིགས་དྲུག་གཟུགས་ཅན་གཟུགས་མེད་ཀུནཿ དབང་སྡུད་ཟིལ་གྱིས་གནོན་པའི་སྟོབས་རྩལ་ལྡནཿ ལྷ་དང་རང་རིག་དབྱེར་མེད་གསལ་སྣང་ཆེཿ ཡེ་ནས་རང་བྱུང་རང་ཤར་ཆེན་པོར་གྲུབཿ དབྱེར་མེད་དུ་མ་རོ་གཅིག་ཆེན་པོའི་ངངཿ ཕཊཿ གཙོ་མོའི་ཐུགས་ཀར་ཉི་དཀྱིལ་དགའ་འཁྱིལ་དབུསཿ བྃ་ཡིག་མཐིང་གའི་མཐའ་སྐོར་སྔགས་ཕྲེང་བསྐོརཿ འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུསཿ སླར་འཕྲོས་འགྲོ་དྲུག་ལས་ཉོན་བག་ཆགས་སྦྱངསཿ དག་ཞིང་དཔའ་བོ་རྣལ་འབྱོར་མར་བསྒྱུར་ཅིངཿ གཟུགས་སྣང་ལྷར་གསལ་སྒྲ་གྲགས་སྔགས་ཀྱི་སྒྲཿ མ་རིག་འཁྲུལ་རྟོག་རིག་པ་ཡེ་ཤེས་ཀློངཿ འཁོར་འདས་མཉམ་ཉིད་ཁྱབ་བརྡལ་ངང་དུ་བཟླཿ བསྙེན་སྒྲུབ་ནི། | ྈྈྈྈྈྈྈ རིག་སྟོང་དབྱེར་མེད་ཆོས་ཀྱི་དབྱིངསཿ བཟང་མོ་དོན་གྱི་ལྷ་ལ་འདུདཿ ཤིན་ཏུ་རྣལ་འབྱོར་དབང་རབ་མཆོགཿ དབྱིངས་རིག་དབྱེར་མེད་སྐུ་གསུམ་གདངསཿ རྩོལ་མེད་ཉམས་བླངས་འབྲས་བུ་ཆེཿ གདོད་མའི་གཞི་ཐོག་གྲོལ་བ་ལཿ སྤྲོས་བཅས་བོགས་འདོན་འཛིན་པ་བྲལཿ དབང་འབྲིང་ལམ་གྱི་ཆ་རྐྱེན་དུཿ འཛིན་པ་རང་གྲོལ་མན་ངག་གནདཿ ཉམས་ཀྱི་ཞེན་པ་རང་ཞིག་ནསཿ གདོད་མའི་སྐུ་གསུམ་མངོན་གྱུར་གྱིཿ ཟབ་ལམ་ཉམས་སུ་ལེན་པ་ལཿ ཐོག་མར་རང་སྣང་དབང་འདུས་ཤིངཿ གཞན་སྣང་ཟིལ་གྱིས་གནོན་པའི་ཕྱིརཿ སྔ་ནོན་མན་ངག་འདི་ལྟ་སྟེཿ དང་པོ་སྐྱབས་སེམས་བསྡུས་པ་ནིཿ ན་མོཿ སྐུ་གསུམ་ཀུན་འདུས་བླ་མ་ཡུམ་ཆེན་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ ལས་ཉོན་འཁྲུལ་པའི་དབང་གྱུར་འགྲོ་བ་རྣམསཿ སངས་རྒྱས་འཐོབ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེདཿ ལན་གསུམ་བརྗོད་ཅིང་གསོལ་འདེབས་ལྷར་བསྐྱེད་ནིཿ མདུན་མཁར་འོད་ཕུང་འཁྲིགས་པའི་གཞལ་ཡས་སུཿ གཞི་དབྱིངས་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ རྣམ་རོལ་དུ་མར་ཤར་བའི་སྒྱུ་འཕྲུལ་ལསཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་མཿ གསེར་རྡོར་གླེགས་བམ་ས་གནོན་མཉམ་གཞག་རྒྱཿ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆསཿ ཡེ་ཤེས་ལྔ་ལྡན་ཕྱོགས་ཀུན་ཐ་ལེར་གཟིགསཿ ཀ་དག་ཡེ་གྲོལ་སྣང་བ་ལྷུན་གྱིས་གྲུབཿ དེ་འོག་རིན་ཆེན་སེང་ཁྲི་མཛེས་པའི་སྟེངཿ བླ་མ་ཧེ་རུ་ཀཿདཔལ་ཡབ་ཡུམ་ལཿ བཀའ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ འཁོར་གྱིས་བསྐོར་ཞིང་ཐུགས་རྗེས་བདག་ལ་གཟིགསཿ ན་མོཿ གཏན་གྱི་སྐྱབས་གནས་བླ་མ་ཡུམ་ཆེན་ལཿ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿ བདག་ཏུ་འཛིན་པ་རང་སར་གྲོལ་ནས་ཀྱངཿ ཡེ་ཤེས་ལྔ་ལྡན་ཆོས་སྐུ་འཐོབ་པར་ཤོགཿ མོས་གུས་རྩེ་གཅིག་གསོལ་གདབ་ཅིངཿ ཡེ་གྲོལ་གཤིས་ཀྱི་ངང་ཉིད་དུཿ གསོལ་འདེབས་བསྙེན་པ་འདི་ལ་འབདཿ ཏདྱ་ཐཱཿ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱཿ ཅི་ནུས་བཟླས་ཤིངཿ བླ་མ་ཡབ་ཡུམ་ཐུགས་ཀ་ནསཿ འོད་ཟེར་བ་ཐག་འཛིང་བཞིན་འཕྲོསཿ རང་ལུས་བག་ཆགས་འཛིན་སྟངས་དངཿ ཤ་ཁྲག་གདོས་བཅས་མངོན་ཞེན་སྦྱངསཿ རྟོག་ཚོགས་སྣ་ཚོགས་འཕྲོ་གཅད་ཕྱིརཿ ཕཊཿ ཨ་འཐས་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ རང་རིག་མ་བཅོས་རྗེ་བཙུན་ཁྲོས་མ་ནགཿ མཐིང་གསལ་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་ཉམསཿ ཞི་ཆགས་སྤྱན་གསུམ་སྡང་མིག་སྲིད་གསུམ་གཟིགསཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་དུང་ལྟར་གཙིགསཿ ཕྱག་གཡས་མི་ལྤགས་གཡང་གཞི་ཕྱར་ཞིང་རྡེབཿ གཡོན་པའི་མི་རྐང་གླིང་བུས་རང་སྒྲ་སྒྲོགཿ རུས་པའི་རྒྱན་དྲུག་མི་མགོ་སྙིང་ཕྲེང་བརྒྱནཿ པདྨ་ཉི་མ་རོ་ཡི་གདན་སྟེང་དུཿ ཞབས་གཉིས་དཔའ་མོ་རོལ་པའི་སྟབས་སུ་འགྱིངསཿ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག་པ་ཡིསཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་རྣམས་གཡོཿ ཤར་ཕྱོགས་བདེ་ཆེན་དཀར་མོ་འཛུམ་པའི་ཞལཿ ལྷོ་རུ་སེར་མོ་དོན་གྲུབ་ཞི་མ་ཁྲོཿ ནུབ་ཕྱོགས་དམར་མོ་སྒྲ་སྒྲོག་ཆགས་པའི་ཉམསཿ བྱང་ཕྱོགས་སྣ་ཚོགས་མཐར་ཕྱིན་ལྗང་མོ་ཁྲོཿ ཆ་ལུགས་གཙོ་མོ་དང་མཚུངས་ལས་བཞིའི་རྒྱནཿ མདའ་དར་རིན་ཆེན་ལྕགས་ཀྱུ་གྲི་གུག་གཡསཿ གཡོན་པས་བྷནྡྷ་འཛིན་ཅིང་གར་སྟབས་འགྱིངསཿ རང་མདོག་རིགས་མཐུན་ཌཱཀྐི་འབུམ་རེས་བསྐོརཿ ཆོས་ཉིད་དྲག་པོའི་རང་སྒྲ་འབྲུག་ལྟར་སྒྲོགཿ ཡེ་ཤེས་དམ་ཚིག་ཤ་ཟ་འཇིག་རྟེན་གྱིཿ མ་མོ་མཁའ་འགྲོ་སྲུང་མ་དམ་ཅན་སྡེཿ དཀར་ཕྱོགས་དྲེགས་པ་སྡེ་བརྒྱད་མཐུ་ལྡན་ཚོགསཿ སྲིད་པའི་རྩེ་མན་དམྱལ་བའི་གཏིང་རུམ་ཡནཿ ཁམས་གསུམ་རིགས་དྲུག་གཟུགས་ཅན་གཟུགས་མེད་ཀུནཿ དབང་སྡུད་ཟིལ་གྱིས་གནོན་པའི་སྟོབས་རྩལ་ལྡནཿ ལྷ་དང་རང་རིག་དབྱེར་མེད་གསལ་སྣང་ཆེཿ ཡེ་ནས་རང་བྱུང་རང་ཤར་ཆེན་པོར་གྲུབཿ དབྱེར་མེད་དུ་མ་རོ་གཅིག་ཆེན་པོའི་ངངཿ ཕཊཿ གཙོ་མོའི་ཐུགས་ཀར་ཉི་དཀྱིལ་དགའ་འཁྱིལ་དབུསཿ བྃ་ཡིག་མཐིང་གའི་མཐའ་སྐོར་སྔགས་ཕྲེང་བསྐོརཿ འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུསཿ སླར་འཕྲོས་འགྲོ་དྲུག་ལས་ཉོན་བག་ཆགས་སྦྱངསཿ དག་ཞིང་དཔའ་བོ་རྣལ་འབྱོར་མར་བསྒྱུར་ཅིངཿ གཟུགས་སྣང་ལྷར་གསལ་སྒྲ་གྲགས་སྔགས་ཀྱི་སྒྲཿ མ་རིག་འཁྲུལ་རྟོག་རིག་པ་ཡེ་ཤེས་ཀློངཿ འཁོར་འདས་མཉམ་ཉིད་ཁྱབ་བརྡལ་ངང་དུ་བཟླཿ བསྙེན་སྒྲུབ་ནི། ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་སརྦ་ཀརྨ་ཧཱུྃ་ཕཊཿ རྩེ་གཅིག་བཟླ་ཞིང་རིག་པ་གཞུར་ལ་དྲངསཿ གང་ཤར་རང་གྲོལ་ཆེན་པོའི་ཉམས་ལེན་སྐྱོངཿ རིགས་བཞིའི་ཐུགས་ཀར་ཧ་རི་ནི་སས་མཚནཿ གཙོ་མོའི་ཐུགས་ཀའི་སྔགས་ཕྲེང་གཡོན་དུ་འཁོརཿ རིགས་བཞི་འཁོར་བཅས་འཁོར་བའི་སྟོབས་ཤུགས་ཀྱིསཿ ཁམས་གསུམ་རིགས་དྲུག་སེམས་ཅན་རླུང་ལྟར་འཁོརཿ སྔངས་སྐྲག་འདར་བརྒྱལ་དབང་བསྡུས་ཟིལ་གྱིས་གནོནཿ སྲོག་སྙིང་སྐྱུག་ཕུལ་ཁས་བླངས་བྲོ་བོར་ཏེཿ ཡེ་ཤེས་ལས་དམ་མཁའ་འགྲོས་དངོས་གྲུབ་ཕུལཿ ལས་བཞི་ལྷུན་གྲུབ་སྲིད་གསུམ་སྲོག་དབང་བསྒྱུརཿ བསྒྲུབ་སྔགས་དྲག་ཏུ་བཟླ་ཞིང་བརྟུལ་ཞུགས་སྐྱོངཿ རོ་སྙོམས་སྣང་བ་གཏད་མེད་ཆེན་པོར་བཏངཿ བསྐྱེད་རིམ་དམིགས་པའི་འཕྲུལ་འཁོར་གསལ་སྣང་ཐོནཿ དངོས་ཉམས་རྨི་ལམ་རྟགས་མཚན་མཐོང་བའི་ཚེཿ རྫོགས་རིམ་ནམ་མཁའ་ལྟ་བུའི་ཏིང་འཛིན་ནིཿ ལྷ་འདྲེ་གཉིས་རྟོག་གཟུང་འཛིན་དབྱིངས་སུ་གཏོརཿ ཕཊཿ རང་བྱུང་ཡེ་ཤེས་ཤེས་པ་རང་ཐོག་ལྷོདཿ ཅིར་ཡང་མི་དམིགས་རྒྱ་ཆད་ཕྱོགས་ལྷུང་བྲལཿ རྣམ་རྟོག་གྱ་གྱུའི་དགག་སྒྲུབ་ཞེན་པ་ལྷོདཿ སྤྲོས་བྲལ་ནམ་མཁའ་ལྟ་བུའི་ཉམས་ལེན་གནདཿ་་་་་མ་བཅོས་རང་བྱུང་ཡེ་ཤེས་ཀྱི། གནད་ཀྱི་ངོ་སྤྲོད་སྙན་བརྒྱུད་ཞལ་ལས་ཤེས།མཆན། རང་ལུས་འཛིན་ཞེན་ཞིག་ཚེ་གཉན་འབོད་ནིཿ ཕཊཿཅེས་ལྟ་བའི་ངར་མདངས་ཤུགས་སྐྱེད་ལཿ རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གཡང་གཞི་ཐོ་བ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པསཿ སྲིད་གསུམ་གྱི་གཟུགས་ཅན་གཟུགས་མེད་སྡེ་བརྒྱད་འབྱུང་པོ་མ་རུངས་པའི་ཚོགས་དང་བཅས་པ་རྣམས་རང་དབང་མེད་པར་ཤོག་སྐྱ་རླུང་གིས་དེད་པ་བཞིན་དུ་བཀུག་པར་བསམཿ ཕཊཿ ཉོན་ཅིགཿ རྐང་དུང་དྲག་ཐུང་གཉིས་ཀྱི་མཐརཿ སྲིད་རྩེ་ནས་མནར་མེད་ཡན་ཆོད་འདུས་ཤིགཿ དལ་ལ་རིང་བཿ མྱུར་དུ་འདུས་ཤིགཿ དྲག་ཅིང་དལ་བཿ བཀའ་ལས་མ་འདའ་ཞིགཿ རྔམ་ཞིང་ཐུང་བཿ དམ་ལས་མ་འདའ་ཞིགཿ རྔམ་ཞིང་འགྱུར་བཿ བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིགཿ དལ་འཇམ་འཁྱུག་པཿ ཀྱཻཿ མཐོ་སྲིད་པའི་རྩེ་མོ་མན་ཆདཿ དམའ་ན་རག་དམྱལ་ཁམས་ཡན་ཆོད་ན་གནས་པའི་གཟུགས་ཅན་དང་གཟུགས་མེདཿ དཀར་པོ་ལྷ་ཡི་སྡེ་ཚོགསཿ སེར་པོ་གཉན་གྱི་སྡེ་ཚོགསཿ དམར་པོ་བཙན་གྱི་སྡེ་ཚོགསཿ ལྗང་གུ་ས་བདག་གི་སྡེ་ཚོགསཿ སྔོན་པོ་ཀླུ་ཡི་སྡེ༴ ནག་པོ་བདུད་ཀྱི་སྡེ༴ ཁྲ་བོ་གཟའ་ཡི་སྡེ༴ རཀྴ་སྲིན་པོའི་སྡེ༴ ཕོ་མོ་མ་ནིང་གི་སྡེ༴ དམུ་དང་ཐེའུ་རང་གི་སྡེ༴ ཕྲ་མེན་མ་མོའི་སྡེ༴ འཇིག་རྟེན་མཁའ་འགྲོའི་སྡེ༴ ཤ་ཟ་མཁའ་འགྲོའི་སྡེ༴ མཐུ་ལྡན་དྲེགས་པའི་སྡེ༴ སྡེ་བརྒྱད་འབྱུང་པོའི་སྡེ་ཚོགསཿ འཁོར་དང་བཅས་པ་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ གཞན་ཡང་རྒྱལ་པོ་པེ་ཧར་མན་ཆདཿ སེར་གཟུགས་ཁ་འཁྱམས་ཡན་ཆོདཿ ཕོ་གདོན་རྒྱལ་པོའི་སྡེ་ཚོགསཿ དཔལ་ལྡན་ལྷ་མོ་མན་ཆདཿ གྲོང་རྒྱུག་འདྲེ་མོ་ཡན་ཆོདཿ མོ་གདོན་བསེན་མོའི་རིགས་གྱུརཿ དགའ་བོ་འཇོག་པོ་མན་ཆདཿ སྦལ་སྦྲུལ་སྡོམ་སྡིག་ཡན་ཆོདཿ ཀླུ་གདོན་འཛིན་མའི་རིགས་གྱུརཿ ཐེ་སེ་རྒྱལ་པོ་མན་ཆདཿ ས་འབུ་ཐབ་འདྲེ་ཡན་ཆོདཿ གཉན་རིགས་ས་བདག་རིགས་གྱུརཿ བྱ་མགོ་ལྟེ་ཕུར་མན་ཆདཿ ར་མགོ་རྐང་གཅིག་ཡན་ཆོདཿ བཀའ་འགལ་དམ་སྲིའི་རིགས་གྱུརཿ རོལ་པ་རྐྱ་བདུན་མན་ཆདཿ དམར་བཙན་ཁྲ་མགོ་ཡན་ཆོདཿ སྲོག་གཅོད་བཙན་གྱི་སྡེ་ཚོགསཿ གནས་ཉུལ་མཁའ་འགྲོ་མན་ཆདཿ རིགས་བཞིའི་མི་མོ་ཡན་ཆོདཿ འཇིག་རྟེན་མཁའ་འགྲོའི་རིགས་གྱུརཿ གཟའ་བདུད་མགོ་དགུ་མན་ཆདཿ དུས་འཛིན་ལག་མང་ཡན་ཆོདཿ འཇིག་རྟེན་དབང་སྒྱུར་སྡེ་ཚོགསཿ ནམ་མཁའི་ལྷ་མོ་མན་ཆདཿ ལྟོ་འཕྱེ་ཆེན་པོ་ཡན་ཆོདཿ འབྱུང་བར་དབང་བའི་རིགས་གྱུརཿ དཔལ་མགོན་སྡེ་ལྔ་མན་ཆདཿ དུག་མགོ་རོ་ཟན་ཡན་ཆོདཿ མགོན་པོ་ཕོ་རྒྱུད་ཀྱི་རིགས་གྱུརཿ སྔགས་ཀྱི་སྲུང་མ་མན་ཆདཿ ལྷ་མོ་དུས་འཛིན་ཡན་ཆོདཿ མོ་རྒྱུད་ལྷ་མོའི་རིགས་གྱུརཿ ཤ་ཟ་མཆེད་བདུན་མན་ཆདཿ ས་སྲིན་འབྱུང་པོ་ཡན་ཆོདཿ ཤ་ཟ་ཁྲག་འཐུང་རིགས་གྱུརཿ རྗེས་འབྲང་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཐམས་ཅད་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ གཞན་ཡང་སྐྱེ་མཆེད་མུ་བཞི་མན་ཆདཿ སུམ་ཅུ་རྩ་གསུམ་ཡན་ཆོད་ལྷའི་རིགས་སུ་གཏོགས་པཿ སེམས་དཔའ་ཆེན་པོ་མན་ཆདཿ མངལ་འཛིན་རྣམ་ཤེས་ཡན་ཆོད་མིའི་རིགས་སུ་གཏོགས་པཿ ཐགས་བཟང་དེད་དཔོན་མན་ཆདཿ ཕྲག་དོག་ས་འཛིན་ཡན་ཆོད་ལྷ་མིན་གྱི་རིགས་སུ་གཏོགས་པཿ སེང་གེ་རབ་བརྟན་མན་ཆདཿ སྲིན་བུ་པདྨ་ཡན་ཆོད་དུད་འགྲོའི་རིགས་སུ་གཏོགས་པཿ ཁ་འབར་རྒྱལ་མོ་མན་ཆདཿ ཁ་མེད་ལུས་དུམ་ཡན་ཆད་ཡི་དྭགས་ཀྱི་རིགས་སུ་གཏོགས་པཿ མཐུ་ཆེན་སྡེ་བདུན་མན་ཆདཿ བྱུར་འདྲེ་ཕྲན་བུ་ཡན་ཆོད་མཁར་རྒྱུའི་རིགས་སུ་གཏོགས་པཿ ཆོས་ཀྱི་རྒྱལ་པོ་མན་ཆདཿ ཡུལ་གནས་རྣམ་ཤེས་ཡན་ཆོད་དམྱལ་བའི་རིགས་སུ་གཏོགས་པཿ ལུས་སྐྱེད་ཕ་མ་མན་བཟུངཿ གནོད་སེམས་ཕྲན་བུ་ཡན་བཟུང་ལན་ཆགས་ཀྱི་རིགས་སུ་གཏོགས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ གཞན་ཡང་རྣལ་འབྱོར་པ་བདག་ཅག་ལ་དོ་བསྡོ་ཞིང་ཕོད་བཙུགས་པར་བྱེད་པའི་སྡང་བྱེད་ཀྱི་དགྲཿ གནོད་བྱེད་ཀྱི་བགེགསཿ བར་ཆོད་ཀྱི་རྐྱེནཿ ཚེ་ལེན་གྱི་བདུདཿ ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགཿ བདག་འཛིན་རྣམ་རྟོག་ལས་གྱུར་པའི་ལྷ་འདྲེཿ རེ་དོགས་ཆགས་སྡང་ལས་གྱུར་པའི་སྣང་གཟུགསཿ ངར་འཛིན་ཤེས་བྱ་ལས་གྱུར་པའི་ཕན་གནོད་དུ་མངོན་པར་འདུ་ཤེས་པའི་སྲིད་གསུམ་གཟུགས་ཅན་གཟུགས་མེད་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཤོག་འདིར་འདུས་ཤིགཿ ཕཊཿ ཐམས་ཅད་རང་དབང་མེད་པར་འདུསཿ ལྷ་མིའི་ཁྲོམ་ཚོགས་ཇི་བཞིན་དུཿ ས་གཞིའི་རྡུལ་ལྟར་འཁྲིགས་པར་བསམཿ མི་རྐང་གླིང་བུ་ལན་གསུམ་འབུདཿ སྙིང་རྗེ་བྱང་ཆུབ་སེམས་ལྡན་པསཿ ལྟ་བའི་ངར་དང་མ་བྲལ་བྱཿ དེ་ནས་ཁྲོས་མ་ནག་མོ་ཡིཿ དབང་སྡུད་ཟིལ་གནོན་ཆེན་མོ་ནིཿ ཕཊཿཅེས་བདག་འཛིན་དབྱིངས་སུ་གཅོདཿ མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲསཿ མ་ཅིག་རྡོ་རྗེ་རྣལ་འབྱོར་མཿ བདེ་ཆེན་དབྱིངས་ཀྱི་ཌཱཀྐི་མཿ ཁྲོས་མ་ནག་མོ་སྤྱན་འདྲེན་ནོཿ མ་གནས་འདི་ཨོ་རྒྱན་མཁའ་འགྲོའི་གླིངཿ སྤྲིན་ནག་འདུས་པའི་གནས་མཆོག་སྟེཿ ཨུ་ཙ་ལ་ཡི་དུར་ཁྲོད་འཇིགསཿ རི་བོ་ཐམས་ཅད་ཀེང་རུས་རིཿ རྩི་ཤིང་ཐམས་ཅད་མཚོན་ཆར་གཟེངསཿ ཆུ་མིག་ཐམས་ཅད་ཁྲག་རྣག་རྒྱུནཿ སྒྲ་སྐད་ཐམས་ཅད་མཁའ་འགྲོའི་བརྡཿ འབྱུང་ལྔའི་རང་སྒྲ་རྒྱོབ་སོད་སྒྲོགཿ དུས་གསུམ་སངས་རྒྱས་ཡ་ང་ཞིངཿ ཁྲོ་བཅུ་རྒྱུ་བར་མི་ནུས་པཿ ཕྱག་ན་རྡོ་རྗེ་འཇིགས་པའི་གནསཿ རྩུབ་འགྱུར་འཇིགས་པའི་གཞལ་ཡས་ནཿ མ་ཅིག་རྡོ་རྗེ་རྣལ་འབྱོར་མཿ ཁྲོས་མ་ནག་མོ་དེ་ན་བཞུགསཿ སྐུ་སྤྲུལ་བདེ་ཆེན་དཀར་མོ་དངཿ ཡོན་ཏན་སེར་མོ་དོན་གྲུབ་མཿ གསུང་སྤྲུལ་དམར་མོ་སྒྲ་སྒྲོག་མཿ ཕྲིན་ལས་སྣ་ཚོགས་མཐར་ཕྱིན་བཅསཿ རང་རང་རིགས་ཀྱི་འབུམ་ཕྲག་འཁོརཿ གུས་པའི་ཡིད་ཀྱིས་གསོལ་འདེབས་ཤིངཿ གདུང་བའི་ང་རོས་སྤྱན་འདྲེན་ནཿ མ་ཐུགས་རྗེས་གཟིགས་ལ་གཤེགས་སུ་གསོལཿ མ་ཁྲོས་མ་ནག་མོ་བྱོན་པའི་ཚེཿ ཆོས་ཉིད་ལྟ་བའི་ཉམས་ལྡན་ཞིངཿ ཡེ་ཤེས་ལྔ་ཡི་ཐུགས་རྗེ་འཕྲོཿ བྱིན་རླབས་དངོས་གྲུབ་ཆར་རྒྱུན་འབེབཿ ཉོན་མོངས་དུག་ལྔ་རང་སར་གྲོལཿ ཤེས་སྒྲིབ་གཟུང་འཛིན་དབྱིངས་སུ་གཅོདཿ མ་དག་འཁྲུལ་པའི་འཛིན་ཞེན་ཞིགཿ ལྷ་དང་འདྲེར་འཛིན་རྟོག་ངན་གྲོལཿ བདེ་སྟོང་མཉམ་ཉིད་ལྷང་ངེ་བཿ མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབསཿ འཛིན་ཞེན་སེམས་ཀྱི་ཆོ་འཕྲུལ་ལསཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་གཟུགསཿ སྲིད་གསུམ་གཟུགས་ཅན་གཟུགས་མེད་ཀུནཿ གནས་གདོན་ལུས་གདོན་གཙོ་བྱས་པའིཿ འདིར་གནས་སྣང་སྲིད་ལྷ་འདྲེའི་ཚོགསཿ དབང་དུ་སྡུས་ལ་ཟིལ་གྱིས་གནོནཿ མ་ཁྲོས་མ་ནག་མོས་དབང་སྡུད་ཚེཿ ཕྱག་གཡས་མི་ལྤགས་གཡང་གཞིར་ནིཿ ཁྲག་དང་རྣག་གི་ཆར་རྒྱུན་འབེབཿ དུག་རླངས་མཚོན་གྱི་འོད་ཟེར་འཕྲོཿ ནམ་མཁའི་ཁམས་སུ་གཡུག་པའི་ཚེཿ སྟེང་གདོན་མ་ལུས་ཆམ་ལ་འབེབཿ བར་སྣང་ཁམས་སུ་གཡུག་པའི་ཚེཿ བར་གདོན་འབྱུང་པོ་དམྱལ་ཐག་གཅོདཿ དབང་ཆེན་གཞི་ལ་བརྡབས་པ་ཡིསཿ འོག་གདོན་འབྱུང་པོ་རྡུལ་དུ་རློགཿ སྲིད་གསུམ་གནས་སུ་གཡུགས་པ་ཡིསཿ གཟུགས་ཅན་གཟུགས་མེད་དྲན་མེད་བརྒྱལཿ མ་དབང་སྡུད་མཁའ་འགྲོ་མཐུ་མ་ཆུངཿ མི་ལྤགས་གཡང་གཞི་རྩལ་མ་ཞནཿ ལས་བྱེད་མཁའ་འགྲོ་བང་མ་བུལཿ དབང་དུ་སྡུས་ལ་དཔའ་སྐུམས་ཤིགཿ མ་མཆོག་ཆེན་རྐང་གི་གླིང་བུ་ལསཿ ཆོས་ཉིད་དྲག་པོའི་རང་སྒྲ་སྒྲོགཿ རིགས་ལྔའི་ཌཱཀྐི་འདར་བྱེད་ནཿ སྲིད་གསུམ་གནས་པ་ལྟ་ཅི་སྨྲོསཿ ཁྲོ་བོ་ཁྲོ་མོ་བརྒྱལ་བྱེད་ནཿ གདུག་སེམས་ལྡན་པ་སྨྲོས་ཅི་དགོསཿ སྐུ་གསུམ་ཞིང་གི་རྒྱུད་བསྐུལ་ནཿ སེམས་ཅན་འཛིན་ལྡན་དྲན་པ་ཉམསཿ མ་ལྷ་འདྲེ་རིགས་དྲུག་སེམས་ཅན་དངཿ གནས་གདོན་ལུས་གདོན་འབྱུང་པོའི་ཚོགསཿ ཁྲོས་མ་ནག་མོའི་ཟིལ་གྱིས་གནོནཿ མི་རྐང་གླིང་བུ་ངར་མ་ཆུངཿ སྤྲུལ་པའི་མཁའ་འགྲོ་བང་མ་བུལཿ ཟིལ་གྱིས་གནོན་ལ་འཆིང་བར་མཛོདཿ མ་ཅིག་མཁའ་འགྲོ་སྡེ་ལྔ་མཿ ཕག་ཞལ་ངུར་སྒྲས་སྲིད་གསུམ་གཡོཿ ཞབས་གཉིས་ཁྲིག་ཁྲིག་ས་ལ་རྡེབཿ རྡོ་རྗེའི་གར་སྟབས་སྒྱུར་བ་ཡིསཿ ཡེ་ཤེས་མཁའ་འགྲོ་མན་ཆད་དངཿ མནར་མེད་སེམས་ཅན་ཡན་བཟུང་ཀུནཿ སྲིད་གསུམ་གཟུགས་ཅན་གཟུགས་མེད་ཚོགསཿ སྔངས་སྐྲག་འདར་ཞིང་དཔའ་ཞུམ་ནསཿ དབང་དུ་སྡུས་ལ་ཟིལ་གྱིས་གནོནཿ བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནསཿ སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོགཿ ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་ལཿ གྲངས་མེད་སྤྲུལ་པའི་ཚོགས་དང་བཅསཿ ཕྱི་རོལ་མཚོན་ཆའི་གུར་གྱིས་བསྐོརཿ བྲོས་ཤིང་འཁྱམ་པའི་དབང་མེད་པརཿ དད་ཅིང་གུས་པས་གནས་པར་གྱུརཿ ཕཊཿ གླིང་བུའི་སྒྲ་སྒྲོག་གར་སྟབས་མང་དུ་སྒྱུརཿ ཆོས་ཉིད་ཉམས་ཀྱི་སྣང་བར་གཏད་མེད་གཏངཿ ཕཊཿ དེ་ལྟར་སྤྲུལ་དང་སྤྲུལ་གཞི་སེམས་ལས་བྱུངཿ ལྷ་འདྲེ་སེམས་ཡིན་དགྲ་གཉེན་འཛིན་པའང་སེམསཿ དགའ་སྡུག་ཆགས་སྡང་རེ་དོགས་གཙང་བཙོག་སོགསཿ བཟང་ངན་གཉིས་རྟོག་བདག་འཛིན་སེམས་ལས་བྱུངཿ ཐམས་ཅད་ཆོད་ཚེ་མ་ཅིག་ཐུགས་ཀློང་འདྲེསཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་རྡོ་རྗེ་རྣལ་འབྱོར་མཿ རྟོགས་པ་སྤོར་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ ན་ཚ་ལམ་སློང་རྐྱེན་ངན་གྲོགས་སུ་འཆརཿ མ་ཅིག་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ བར་ཆད་གྲོགས་དང་བདེ་སྡུག་རྒྱན་དུ་ཤརཿ མ་ཅིག་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ ཉོན་མོངས་རྒྱན་ཤར་བདག་འཛིན་རང་སར་གྲོལཿ མ་ཅིག་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ལྟ་བ་གཏད་མེད་རྒྱ་ཡན་བྱིན་གྱིས་རློབསཿ སྒོམ་པ་བློ་བྲལ་གཏད་མེད་བྱིན་གྱིས་རློབསཿ སྤྱོད་པ་ཆལ་མ་ཆོལ་མར་བྱིན༴ འབྲས་བུ་རེ་དོགས་བྲལ་བར་བྱིན༴ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ རིག་རྩལ་ཡེ་ཤེས་ལྔ་ཡི་མཁའ་འགྲོ་སྟེཿ ཡེ་ནས་རང་དང་ཡི་དམ་འདུ་འབྲལ་མེདཿ མ་ཅིག་ཁྱོད་ཀྱི་དགོངས་ཀློང་རོ་གཅིག་འདྲེསཿ ཕཊཿ གང་ཡང་འཛིན་ཞེན་བྲལ་བ་རུཿ རིག་པ་མ་བཅོས་ངང་དུ་གཞགཿ རེས་འགའ་ལུས་ཀྱིས་གར་སྟབས་སྒྱུརཿ ངག་གིས་ཧཱུྃ་ཕཊ་གད་རྒྱངས་སྒྲོགཿ སེམས་ཀྱིས་གང་ཤར་ངོ་ལ་ལྟཿ རེས་འགའ་བརྟུལ་ཞུགས་རོ་ཉལ་གྱིསཿ ངག་གི་སྨྲ་བ་རྒྱུན་བཅད་དེཿ རིག་པ་ནམ་མཁའི་དབྱིངས་སུ་གཏདཿ གང་ཡང་འཛིན་མེད་ཁྲལ་མ་ཁྲོལཿ དགའ་སྡུག་གཉིས་མེད་ཆལ་མ་ཆོལཿ ཉམས་ཀྱི་སྣང་བ་འར་མ་འུརཿ དམ་ཚིག་མོས་གུས་འལ་མ་འོལཿ ལྷ་དང་འདྲེར་འཛིན་དབྱིངས་སུ་ཡལཿ དེ་ཚེ་རང་སྣང་དབང་འདུས་ཤིངཿ གཞན་སྣང་ཟིལ་གྱིས་གནོན་པ་སྟེཿ སྔ་མ་སྔ་རུ་ནོན་པ་ཡིསཿ མན་ངག་གདེང་དང་ལྡན་པ་འོཿ ༈ གཉིས་པ་དངོས་གཞིའི་ཉམས་ལེན་ནིཿ ནམ་མཁའ་སྒོ་འབྱེད་མན་ངག་སྟེཿ ལུས་ནི་དུར་ཁྲོད་རོ་བཞིན་གཞགཿ རླུང་གནད་སྨད་དུ་བསྐྱིལ་ཞིང་གཟིརཿ ངག་གནད་བག་ཡང་ཅི་དགར་སྤྱོདཿ སེམས་ནི་ནམ་མཁའི་དབྱིངས་སུ་གཏདཿ རྣམ་རྟོག་གང་ཤར་ཕཊཿཀྱིས་གཅདཿ རྩུབ་ན་ཧ་ཧའི་གད་རྒྱངས་སྒྲོགཿ བདེ་ན་ངོ་བོའི་རྩ་གདར་གཅདཿ བྱིང་ན་ནམ་མཁའི་མཐོངས་སུ་གཏདཿ བཟང་རྟོག་ངན་རྟོག་ལུང་མ་བསྟནཿ གང་ཡང་བདག་མེད་རང་གྲོལ་ངངཿ སྤང་བླང་འཛིན་བྲལ་ཆོས་ཉིད་གཤིསཿ གཉུག་མའི་གནད་ལ་གོམས་བྱ་འོཿ སྐབས་སུ་ཐུགས་དམ་རྒྱུད་བསྐུལ་གྱིཿ བྱིན་རླབས་གནད་འབེབ་རིང་མོ་ནིཿ མི་རྐང་གླིང་བུ་དྲག་ཏུ་འབུདཿ ཅང་ཏེའུ་དྲིལ་བུའི་སྒྲ་སྒྲོག་ཅིངཿ ཕཊཿ སྣང་བ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁངཿ འོག་མིན་ཆོས་དབྱིངས་གཏུམ་དྲག་རོལ་པའི་ཞིངཿ རང་རིག་མ་བཅོས་རྗེ་བཙུན་རྣལ་འབྱོར་མཿ གསལ་སྟོང་ཐུགས་ཀའི་འོད་ཀྱིས་ཞིང་ཁམས་བསྐུལཿ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུནཿ བྱིན་རླབས་ཐུགས་རྗེའི་ཤུགས་ཀྱིས་རྒྱུད་སྨིན་ནསཿ དབང་དང་དངོས་གྲུབ་ཐོབ་ཅིང་འཛིན་པ་གྲོལཿ ཀུན་བཟང་ཡུམ་དང་དགོངས་པ་མཉམ་པར་གྱུརཿ ན་མོཿ འོག་མིན་ཆོས་དབྱིངས་དབུས་མཐའ་བྲལ་བ་ནསཿ དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་གཉིསཿ ཐུགས་རྒྱུད་དགོངས་པ་རྟོགས་པར་བྱིན་རློབས་ལཿ སྐྱེ་མེད་ཆོས་སྐུའི་རིག་པ་མངོན་གྱུར་སྩོལཿ ལྔ་ལྡན་ལོངས་སྐུ་ཆེན་པོའི་ཞིང་ཁམས་ནསཿ འཁོར་ལོས་སྒྱུར་རྒྱལ་སྟོན་པ་འོད་མི་འགྱུརཿ ཞི་ཆགས་ཁྲོ་བོའི་འཁོར་ཚོགས་དཔག་ཏུ་མེདཿ རང་སྣང་རྣམ་པར་དག་པར་བྱིན་ཕོབ་ལཿ ཡེ་ཤེས་ལྔ་ལྡན་དངོས་གྲུབ་མཆོག་སྩོལ་ཅིགཿ ཕྱེད་སྤྲུལ་ལོངས་སྐུའི་ཞིང་ཁམས་ཆེན་པོ་ནསཿ སྟོན་པ་རིགས་ཀྱི་གཙོ་བོ་རྣམ་པ་ལྔཿ བྱང་སེམས་རིག་འཛིན་མཁའ་འགྲོའི་འཁོར་དང་བཅསཿ འགྲོ་ཀུན་ཐུགས་རྗེས་འཛིན་པར་བྱིན་རློབས་ལཿ རང་གྲོལ་གཉུག་མའི་གཤིས་ཀྱི་དངོས་གྲུབ་སྩོལཿ ཆོས་དབྱིངས་དོན་གྱི་འོག་མིན་ཆེན་པོ་ནསཿ སྟོན་པ་རིགས་ཀུན་ཁྱབ་བདག་དྲི་མ་མེདཿ ཤེས་རབ་ཡུམ་མཆོག་མ་ཅིག་ཡུམ་ཆེན་མོཿ ཐུགས་རྗེ་རང་གྲོལ་སྤྲུལ་པའི་འཁོར་ཚོགས་བཅསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོ་ནསཿ གསང་བདག་སྟོན་པ་དགའ་རབ་དཔའ་བོ་དངཿ ཤེས་རབ་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མཿ ཐུགས་སྤྲུལ་དཔའ་བོ་དཔའ་མོའི་འཁོར་ཚོགས་བཅསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ནསཿ རིག་འཛིན་རྗེ་བོ་པདྨ་བཛྲ་དངཿ ཤེས་རབ་ཡུམ་མཆོག་བདེ་སྟེར་ཌཱཀྐི་མཿ འཛིན་པ་རང་གྲོལ་རྣལ་འབྱོར་ཕོ་མོའི་ཚོགསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ མེ་རི་དགུ་ཀློང་འཁྱིལ་པའི་དུར་ཁྲོད་ནསཿ སྟོན་པ་ཁྲག་འཐུང་ཆེ་མཆོག་འདུས་པ་རྩལཿ ཤེས་རབ་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མཿ ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར་ཚོགས་བཅསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ གཏུམ་དྲག་མེ་ལྟར་འབར་བའི་དུར་ཁྲོད་ནསཿ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ ཐབས་མཆོག་གསང་བ་རིགས་ལྔའི་ཧེ་རུ་ཀཿ ཡེ་ཤེས་ལས་མཛད་མཁའ་འགྲོའི་འཁོར་ཚོགས་བཅསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ རབ་འཇིགས་ཨུ་ཙ་ལ་ཡི་དུར་ཁྲོད་ནསཿ འཁོར་འདས་དབང་སྡུད་སྣང་སྲིད་ཟིལ་གནོན་མཿ མ་ཅིག་ཡུམ་ཆེན་མཁའ་འགྲོ་ཁྲོས་མའི་རྒྱལཿ ཌཱཀྐི་བྱེ་བ་འབུམ་སྡེའི་ཚོགས་དང་བཅསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ སྣང་སྲིད་ཟིལ་གནོན་ཆོས་སྐུའི་ཞིང་ཁམས་ནསཿ ཐབས་མཆོག་བདེ་ཆེན་བཛྲ་ཧེ་རུ་ཀཿ ཤེས་རབ་ཡུམ་མཆོག་བདེ་བ་དབྱིངས་སྒྲོན་མཿ འཛིན་པ་རང་གྲོལ་རིག་འཛིན་ཕོ་མོའི་ཚོགསཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ འབྲལ་མེད་སྤྱི་གཙུག་བདེ་ཆེན་འཁོར་ལོ་ནསཿ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་རྗེཿ ཤེས་རབ་ཡུམ་མཆོག་མཆོག་གི་ཕོ་ཉ་མོཿ འཛིན་པ་རང་གྲོལ་རྡོ་རྗེ་མཆེད་ལྕམ་འཁོརཿ གསོལ་བ་འདེབས་སོ་སྐལ་ལྡན་མོས་པའི་བུརཿ ཐུགས་རྗེས་གཟིགས་ཤིག་སྐྱབས་གནས་བླ་མ་རྗེཿ བྱིན་གྱིས་རློབས་ཤིག་མ་ཅིག་ཡུམ་ཆེན་མོཿ དངོས་གྲུབ་སྩོལ་ཅིག་བདུད་འདུལ་ཁྲོས་མ་ནགཿ བར་ཆད་སོལ་ཅིག་རིགས་བཞིའི་མཁའ་འགྲོའི་ཚོགསཿ ཕྲིན་ལས་སྒྲུབས་ཤིག་ཞི་ཆགས་ཁྲོ་བོའི་ལྷཿ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངསཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ མ་དག་ལུས་ཀྱི་འཛིན་ཞེན་རང་གྲོལ་ནསཿ རྩོལ་མེད་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ ཐ་མལ་སྒྲ་ཚིག་འཛིན་ཞེན་རང་གྲོལ་ནསཿ འགག་མེད་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ འཁྲུལ་རྟོག་སེམས་ཀྱི་འཛིན་ཞེན་རང་གྲོལ་ནསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ ཡི་དམ་ཁྲོས་མ་རྡོ་རྗེ་རྣལ་འབྱོར་མཿ སྐུ་མདོག་མཐིང་ནག་ནམ་མཁའི་མདོག་གསལ་ལསཿ ཆོས་ཉིད་འགྱུར་བ་མེད་པའི་ཌཱཀྐི་འབུམཿ སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ་ལསཿ སྐུ་གསུམ་ཞིང་ཁམས་ཉུལ་བའི་ཌཱཀྐི་འབུམཿ ཞལ་གདངས་མཆེ་བ་རབ་ཏུ་གཙིགས་པ་ཡིསཿ སྲིད་གསུམ་ཟས་སུ་ཟ་བའི་ཌཱཀྐི་འབུམཿ ཕྱག་གཡས་མི་ལྤགས་གཡང་གཞི་ཕྱར་བ་ཡིསཿ སྣང་སྲིད་དབང་དུ་སྡུད་པའི་ཌཱཀྐི་འབུམཿ གཡོན་པས་མི་རྐང་གླིང་བུའི་སྒྲ་སྒྲོག་པསཿ སྲིད་གསུམ་ཟིལ་གྱིས་གནོན་པའི་ཌཱཀྐི་འབུམཿ ཞབས་གཉིས་དྲག་པོའི་སྟབས་བྲོ་འཁྲབ་པ་ཡིསཿ དགྲ་གདོན་ཐལ་བར་རློག་པའི་ཌཱཀྐི་འབུམཿ དབུ་སྐྲ་དམར་སེར་ས་ལ་འཁྱིལ་པ་ཡིསཿ ཐུགས་རྗེས་རྗེས་འཛིན་མཛད་པའི་ཌཱཀྐི་འབུམཿ བྷ་ག་རྒྱས་ཤིང་ནུ་མ་འབུར་བ་ཡིསཿ བདེ་སྟོང་ཡེ་ཤེས་སྟེར་བའི་ཌཱཀྐི་འབུམཿ ཕག་སྐད་ནམ་མཁའི་དབྱིངས་སུ་སྒྲོག་པ་ཡིསཿ ཐུགས་དམ་རྒྱུད་བསྐུལ་མཛད་པའི་ཌཱཀྐི་འབུམཿ པད་ཉི་རོ་ཡི་གདན་ལ་འགྱིངས་པ་ཡིསཿ མ་དག་སྐྱེ་སྒོ་གཅོད་པའི་ཌཱཀྐི་འབུམཿ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ཡིསཿ དོན་དམ་སྙན་བརྒྱུད་འཛིན་པའི་ཌཱཀྐི་འབུམཿ མི་མགོ་སྙིང་གི་ཕྲེང་བས་བརྒྱན་པ་ཡིསཿ འཁྲུལ་པ་དབྱིངས་སུ་དག་པའི་ཌཱཀྐི་འབུམཿ སྨ་ར་སྨིན་མ་མེ་ལྟར་འབར་བ་ཡིསཿ ལས་ཉོན་བག་ཆགས་སྲེག་པའི་ཌཱཀྐི་འབུམཿ བྷནྡྷ་བྱང་སེམས་དཀར་དམར་གཏམས་པ་ཡིསཿ མཆོག་ཐུན་དངོས་གྲུབ་སྟེར་བའི་ཌཱཀྐི་འབུམཿ རེས་འགའ་རྡོ་རྗེ་གྲི་གུག་བསྣམས་པ་ཡིསཿ བདག་འཛིན་རྩད་ནས་གཅོད་པའི་ཌཱཀྐི་འབུམཿ ཐུགས་རྗེའི་ཆགས་པས་ཆུ་རྒྱུན་འབེབ་པ་ཡིསཿ སྦྱོར་བ་ལྷན་སྐྱེས་རྩལ་རྫོགས་ཌཱཀྐི་འབུམཿ ཧཱུྃ་ཕཊ་གད་རྒྱངས་སྲིད་གསུམ་གཡོ་བ་ཡིསཿ སྒྲོལ་བ་གནས་སུ་སྤོར་བའི་ཌཱཀྐི་འབུམཿ ཐུགས་ཉིད་སྤྲོས་བྲལ་ཡེ་ཤེས་ལྔ་ལྡན་པཿ གཞི་ལས་འཁྲུལ་མ་མྱོང་བའི་ཌཱཀྐི་འབུམཿ སྐུ་ཡི་རིགས་ཀྱི་ཌཱཀྐི་དཀར་མོ་འབུམཿ གསུང་གི་རིགས་ཀྱི་ཌཱཀྐི་དམར་མོ་འབུམཿ ཐུགས་ཀྱི་རིགས་ཀྱི་ཌཱཀྐི་མཐིང་ག་འབུམཿ ཡོན་ཏན་རིགས་ཀྱི་ཌཱཀྐི་སེར་མོ་འབུམཿ ཕྲིན་ལས་རིགས་ཀྱི་ཌཱཀྐི་ལྗང་མོ་འབུམཿ གསོལ་བ་འདེབས་སོ་མ་ཅིག་ཡུམ་ཆེན་མོཿ དབང་དང་བྱིན་རླབས་དངོས་གྲུབ་ད་སྩོལ་ཅིགཿ སྐལ་ལྡན་སྒྲུབ་པོ་རྣམས་ལ་བརྡ་ཆོས་སྟོནཿ སྐལ་མེད་ལོག་ལྟ་ཅན་གྱི་སྣང་སེམས་སྒྱུརཿ ཉམས་པའི་དགྲ་གདོན་རྣམས་ལ་ཆད་པ་ཆོདཿ བདག་ཅག་མོས་པའི་བུ་ལ་བྱིན་མ་ཆུངཿ སྣང་བ་འལ་མ་འོལ་མར་བྱིན་གྱིས་རློབསཿ སྤྱོད་པ་ཆལ་མ་ཆོལ་མར་བྱིན་གྱིས་རློབསཿ འཛིན་པ་ཁྲལ་མ་ཁྲོལ་མར་བྱིན་གྱིས་རློབསཿ ཉམས་མྱོང་འར་མ་འུར་མར་བྱིན་གྱིས་རློབསཿ སྐད་ཅིག་མྱུར་བ་ཉིད་དུ་བྱིན་གྱིས་རློབསཿ མ་ཅིག་ཁྱེད་ཀྱི་ཐུགས་ཀློང་དབྱེར་མེད་འདྲེསཿ དགོངས་པའི་རྩལ་རྫོགས་ཉོན་མོངས་དབྱིངས་སུ་དགཿ འཁོར་འདས་མཉམ་ཉིད་སྤྲོས་བྲལ་བདེ་བ་ཆེཿ སྣང་སྲིད་དབང་འདུས་འབྲས་བུ་དེ་ཉིད་མཐོངཿ ཡེ་ཤེས་ལྔ་ལྡན་སྐུ་ལྔ་ལྷུན་གྲུབ་ཅིངཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་འགྲུབ་ཤོགཿ ཨེ་ཨཱ་རལླི་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་ཨ་ཨ་ཨཱཿ དེ་ཚེ་ཉམས་ཀྱི་སྣང་བ་འུརཿ གཏང་གཞག་མེད་པའི་ཆོས་ཉིད་ལཿ རྟོག་དཔྱོད་བྲལ་བའི་རིག་པའི་གཤིསཿ འགྲོ་འོང་ལས་འདས་ཆོས་ཀྱི་དབྱིངསཿ འབྲས་བུའི་གྲོལ་ས་ཆེན་པོ་སྟེཿ ཡུམ་ཆེན་དགོངས་དོན་རྟོགས་འགྱུར་རོཿ ཁྲེགས་ཆོད་ལྟ་བའི་མཐར་ཐུག་གནདཿ འོད་གསལ་རྫོགས་པ་ཆེན་པོའི་དོནཿ གནད་ཀྱི་མན་ངག་འདིས་རྟོགས་སོཿ ༈ གསུམ་པ་རྗེས་ཀྱི་རིམ་པ་ནིཿ ཉམས་ལེན་ཕུང་པོའི་མཆོད་སྦྱིན་བྱཿ གནད་ཀྱི་མན་ངག་ཟབ་མོ་སྟེཿ གསང་བདག་དགའ་རབ་དཔའ་བོ་ཡིཿ ཐུགས་ལས་ཐུགས་སུ་བརྒྱུད་པ་སྟེཿ བརྡ་བསྒྱུར་སྤྲུལ་པའི་ཡི་གེ་ལསཿ བཻཌཱུརྻ་ཡི་དགོངས་དོན་ནོཿ བཛྲ་དཔའ་བོས་བརྗོད་པའི་ཚིགཿ ཡི་གེའི་འདུ་བྱེད་ཆོས་ཀྱི་བདགཿ རིག་པའི་ཡེ་ཤེས་ཀྱིས་བགྱིས་པསཿ མ་འོངས་བྱམས་པའི་བསྟན་པའི་བརཿ ཆོས་འདིའི་འགྲོ་དོན་འབྱུང་བར་ཤོགཿ མངྒ་ལཾ།། །། | ||
Line 9: | Line 28: | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 14:48, 3 June 2024
🚧 This website is under continued development. We appreciate your patience!
Wylie title | ||
---|---|---|
Location | mdo mkhyen brtse 'dzin grol Volume 1, Text 17, Pages (Folios to ) | |
Author | མདོ་མཁྱེན་བརྩེ་ | |
Less details More details | ||
Citation | Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020. | |
Genre | ||
Karchag page | DKYD-DZINDROL-Karchag |