JKW-KABAB-18-TSHA-047: Difference between revisions

From Khyentse Lineage - A Tsadra Foundation Project
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 15:47, 1 June 2024

Wylie title rdo rje sems dpa' la brten pa'i bla ma mchod pa'i khyad par gyi phrin las bde chen snying po'i tshe'i dbang bskur mtshams sbyor dang bcas pa bde chen bcud len JKW-KABAB-18-TSHA-047.pdf
Location mkhyen brtse'i bka' babs
Volume 18, Text 47, Pages 427-435 (Folios 1a to 5a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation Khyentse, Dilgo. rdo rje sems dpa' la brten pa'i bla ma mchod pa'i khyad par gyi phrin las bde chen snying po'i tshe'i dbang bskur mtshams sbyor dang bcas pa bde chen bcud len. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 427-435. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor  ·  Longevity Empowerment - tshe dbang
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity rdo rje sems dpa'
Karchag page JKW-KABAB-Volume-18-TSHA-Karchag
Colophon

།ཅེས་པའང་རང་གཞན་གྱི་སྐལ་བཟང་གི་དཔྱིད་དུ་ཀུན་མཁྱེན་བླ་མའི་བྱིན་རླབས་ཀྱི་སྣང་བས་སིམས་པས་ལམ་འདིར་ཡིད་ཆེས་ཅུང་ཟད་རྙེད་པའི་གཞོན་ནུ་འཇིགས་བྲལ་མཁྱེན་བརྩེའི་འོད་ཟེར་གྱིས་རྨད་དུ་བྱུང་བའི་རྟེན་འབྲེལ་གྱི་དགེ་མཚན་དུ་མ་ལྷུན་གྱིས་གྲུབ་པའི་ཚེ་བྲིས་པ་འདིས་ཀྱང་འགྲོ་ཀུན་རྡོ་རྗེ་སེམས་དཔའི་ཚེ་ལ་དབང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ།།

ces pa'ang rang gzhan gyi skal bzang gi dpyid du kun mkhyen bla ma'i byin rlabs kyi snang bas sims pas lam 'dir yid ches cung zad rnyed pa'i gzhon nu 'jigs bral mkhyen brtse'i 'od zer gyis rmad du byung ba'i rten 'brel gyi dge mtshan du ma lhun gyis grub pa'i tshe bris pa 'dis kyang 'gro kun rdo rje sems dpa'i tshe la dbang thob pa'i rgyur gyur cig__/sarba dA mang+ga lam//

[edit]
རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཁྱད་པར་གྱི་ཕྲིན་ལས་བདེ་ཆེན་སྙིང་པོའི་ཚེའི་དབང་བསྐུར་མཚམས་སྦྱོར་དང་བཅས་པ་བདེ་ཆེན་བཅུད་ལེན་བཞུགས།། ན་མོ་གུ་རུ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཡེ། བདེ་ཆེན་རྟག་པའི་ལང་ཚོ་ཡིས། །གཉུག་མའི་རྡོ་རྗེ་རྒྱས་འདེབས་པ། །སེམས་དཔའ་རྒྱལ་ཀུན་གཙོར་བཏུད་ནས། །ཚེ་མཆོག་སྒྲུབ་པའི་འཇུག་སྒོ་དབྱེ། རྡོ་རྗེའི་གསང་བ་ཟབ་མོའི་ལམ་བཟང་འདི་ཉིད་ལ་བསྟེན་ནས་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་བྱ་བར་འདོད་པས། སྒྲུབ་པའི་རྫས་དང༌། བདག་མདུན་གྱི་བསྐྱེད་ཆོག་བཟླས་པ་དབང་ལེན་བཅས་གཞུང་གསལ་ལྟར་གྲུབ་པ་དང༌། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བཅས་གྲུབ་པའི་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞི་ཡེ་ཤེས་ལྔ་ཡི་ཁྱབ་བདག་རིགས་ཀུན་འདུས་ཞལ་བླ་མ་རྡོ་རྗེ་སེམས་དཔའི་གསང་བ་མཆོག་གི་གོ་འཕང་དུ་དབུགས་འབྱིན་པར་བྱ། དེའི་ཆེད་དུ་རྡོ་རྗེའི་ཚེ་ཡི་དབང་བསྐུར་ཟབ་མོ་གསན་ནས་རིམ་གཉིས་ཀྱི་བརྩོན་པས་བདེ་ཆེན་རྟག་པ་དམ་པའི་ལང་ཚོ་སྒྲུབ་པར་བགྱིའོ་སྙམ་པའི་གཞན་ཕན་ལྷག་པའི་བསམ་པ་ཀུན་ནས་བསླང་སྟེ་གསན་འཚལ། དེ་ལ་གང་གསན་བྱའི་ཆོས་ནི་རྒྱུད་དང་གྲུབ་པའི་མན་ངག་གི་བཀའ་སྲོལ་གྱིས་ཕྱེ་བའི་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། སྐབས་འདིར་གངས་ཅན་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་གཅིག་པུ་ཀུན་མཁྱེན་གཉིས་པ་རིག་འཛིན་གྲུབ་བརྒྱའི་སྤྱི་མེས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་མཁྱེན་བརྩེའི་འོད་ཟེར་འཇིགས་བྲལ་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་སྙིང་པོ་རྡོ་རྗེ་སེམས་དཔའ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་གི་རྩ་བ་ལ། འཇིགས་བྲལ་གྱི་སློབ་དཔོན་ཐམས་ཅད་གཟིགས་པ་མཁྱེན་བརྩེའི་དབང་པོའི་སླར་ཡང་ཐུན་མིན་གྱི་གསང་བའི་ལམ་སྲོལ་རྒྱས་པར་ཕྱེས་པའི་བྱེ་བྲག་ཁྱད་པར་གྱི་ཕྲིན་ལས་ཟབ་མོ་ལས། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་པའི་དགོངས་པ་དང་འབྲེལ་བའི་འཆི་མེད་རྟག་པའི་ལང་ཚོ་སྒྲུབ་པའི་སྒོ་འབྱེད་རིམ་པ་དབང་གི་ཆོ་ག་བགྱིད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ་མཛོད། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །སྒྱུ་འཕྲུལ་གཙོ་བོ་དགོངས་སུ་གསོལ། །རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི། །དབང་དང་དངོས་གྲུབ་བདག་ལ་སྩོལ། །ལན་གསུམ། མདུན་གྱི་ནམ་མཁར་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་གྱི་བསགས་སྦྱང་ཡན་ལག་བརྒྱད་པའི་རྣལ་འབྱོར་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། ཁྱེད་རང་རྣམས་ཀྱིས་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་མངོན་པར་དགའ་བའི་ཞིང་ཁམས་ཆེན་པོར་རྫོགས་པའི་དབུས་སུ། བཅུད་རྣམ་པར་དག་པ་སྣང་སྲིད་ལྷའི་ཕྱག་རྒྱར་སྒྲུབ་པའི་སླད་དུ་གླང་པོའི་མཚན་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་གྱིས་མཛེས་ཤིང་ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་ཐུགས་ཆོས་དབྱིངས་ཁྱབ་བདལ་གྱི་ཀློང་དུ་བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་དང༌། དེའི་རང་རྩལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུར་བཞུགས་ཤིང༌། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཞི་ཁྲོ་རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེན་པོར་ལམ་གྱི་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ནས། རྒྱུད་རྣམས་པར་དག་པ་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ། ཐུགས་སྲོག་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་རྡོ་རྗེའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། རྩ་སྔགས་ཀྱི་ཤམ་བུར། ཨོཾ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་ཡང་ཡང་བརྗོད། ཏིཥྛ་བཛྲས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱས་པའི་རྗེས་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་ཁྱེད་རང་རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཚེ་དཔག་ཏུ་མེད་པ་སྔར་ལྟར་གསལ་བའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་མི་འགྱུར་བའི་སྲོག་ཧཱུྃ་ཡིག་ཟླ་བ་ཆུ་ཤེལ་གྱི་མདངས་ལྟར་འཚེར་བ་ལས་གཞལ་དུ་མེད་པའི་འོད་ཟེར་གྱི་ཚོགས་དང་ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས། རང་དང་སྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བ་བཞིའི་བཅུད། འཁོར་འདས་ཀྱི་དྭངས་མ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་གི་སྤྱི་བོ་ནས་ཞུགས་སྙིང་གར་ཉི་ཟླའི་གྭའུ་ནང་དུ་བྷྲཱུྃ་སྨུག་པོའི་ཁོག་པར་ནྲྀ་ཡིག་ཨ་དཀར་པོས་མཚན་པ་ལ་སིབ་སིབ་ཐིམ་པས་རྡོ་རྗེའི་སྲོག་ལ་དབང་ཐོབ་པར་མོས་ཤིག །མདའ་དར་གཡབ་སྟེ། ཨོཾ། མགོན་པོ་སངས་རྒྱས་ཀུན་གྱི་བདག་སོགས་ཚེ་སྒྲུབ་ཀྱི་བཟླས་པའི་གཤམ་གྱི་ཚེ་འགུགས་སྔགས་བཅས་བརྗོད། །དེ་ནས་འཆི་མེད་ཚེའི་དབང་བསྐུར་དངོས་ལ་ཚེ་འབྲང་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད་དངོས་སུ་གསལ་བ་སྤྱི་བོར་བྱོན་ནས་སྐུུ་ལས་བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་འོད་ཟེར་གྱིས་བརྟན་གཡོ་སྲིད་ཞིའི་དྭངས་བཅུད་ཚེ་དཔལ་ཐམས་ཅད་བསྡུས་ཏེ་ལུས་ལ་བསྟིམ་པ་དང་ཆབས་ཅིག་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩིའི་དབང་བསྐུར་བས་ལུས་ནད་མེད་རྟག་པ་དམ་པའི་བདེ་བས་རྡོ་རྗེ་ཚེ་མཆོག་གྲུབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་སྟེ། ཨོཾ། དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །མི་འགྱུར་རྟག་པའི་དབང་བསྐུར་རོ། །ཨོཾ་གུ་རུ་བཛྲ་ས་ཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། བདེ་ཆེན་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་གཉིས་སུ་མེད་པའི་འཆི་མེད་བྱང་ཆུབ་སེམས་ཀྱི་ཨ་མྲྀ་ཏ་ལྕེ་ལ་བྱིན་པ་མྱང་བས་དྭངས་མའི་རླུང་ལྔའི་གསོས་སུ་སྨིན་ཏེ་བགྲེས་རྒུད་སྐྱེ་འཆི་ལས་འདས་པའི་ལང་ཚོའི་དཔལ་ཐོབ་པར་མོས་ཤིག །བདུད་རྩི་བྱིན་ཏེ། ཨཱཿ དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང༌། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །འགགས་མེད་དབྱངས་ཀྱི་དབང་བསྐུར་རོ། ཨོཾ་གུ་རུ་བཛྲ་ས་ཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཝཱའ་ཀ་ཨ་བྷི་ཥིཉྩ་ཨཱཿ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་རིལ་བུ་བྱིན་པ་སྙིང་གར་ཡེ་ཤེས་སེམས་དཔའ་མི་འགྱུར་རྟག་པ་དམ་པའི་བདག་ཉིད་གཞོམས་མེད་རྡོ་རྗེའི་སྲོག་གྲུབ་སྟེ་རྡོ་རྗེ་སེམས་དཔའི་ཚེ་ལ་དབང་བར་མོས་ཤིག །རིལ་བུ་བྱིན་ལ། ཧཱུྃ༔ དཔལ་ལྡན་རིགས་རྣམས་ཀུན་གྱི་བདག །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །འཁྲུལ་མེད་ཡེ་ཤེས་དབང་བསྐུར་རོ། ཨོཾ་གུ་རུ་བཛྲ་ས་ཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་བཛྲ་ཨཱའ་ཡུ་ཥེ་ཧཱུྃ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པའི་མཐར། དེ་ལྟར་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་གསང་བ་གསུམ་གྱི་བྱིན་རླབས་ཟབ་མོའི་དབང་བསྐུར་བས་ཚེའི་དྭངས་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་འདུས། ཉི་ཟླའི་གྭའུ་སྲུབ་མེད་པ་སྔགས་ཀྱི་ཕྲེང་བས་ལུ་གུུ་རྒྱུད་དུ་བཅིངས་བས་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཨ། རིག་སྟོང་ཟུང་འཇུག་རྡོ་རྗེ་སེམས། །འོད་ཟེར་གཉུག་མའི་ཐིག་ལེ་རུ། །འཆི་མེད་རྟག་པའི་ཚེ་སྦས་པས། །འཕོ་འགྱུར་མཚན་མ་དབྱིངས་སུ་ཡལ། ཨ་ཨ་ཨ་ཞེས་བརྗོད་ཅིང་དོན་གྱི་དགོངས་པ་བསྐྱངས། སླར་ཡང་ལུས་ཀྱི་གནས་རྣམས་སུ་རྡོ་རྗེའི་ཕྱག་རྒྱས་གོ་ཁྲབ་ཀྱི་ཚུལ་དུ་གཡོགས་ཤིང་སྲུང་བར་གྱུར། ཨོཾ་བཛྲ་ཀཱ་ཝཱ་ཙི་བཛྲ་རཀྵ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷི་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྟན་པར་བྱས་པའི་རྗེས། ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བྱ། དེ་ལྟར་ན་འཁོར་ལོའི་དབང་ཕྱུག་བླ་མ་རྡོ་རྗེ་སེམས་དཔའི་རིམ་གཉིས་ཀྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བའི་འཆི་མེད་ཚེ་ཡི་དབང་བསྐུར་ལེགས་པར་ཕུལ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ཏེ་དམ་ཚིག་ཁས་བླང་གཏང་རག་མཎྜལ་སོགས་གསང་བ་སྤྱི་ལྟར་བྱ་ཞིང༌། སློབ་མ་རྣམས་གྲོལ་རྗེས་སློབ་དཔོན་ནས་ཚོགས་ལ་རོལ་པ་སོགས་གཞུང་ལྟར་མཐར་དབྱུང་བར་བྱའོ། །ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུངས། །སྨིན་བྱེད་འཇུག་བདེའི་ཕྱག་བཞེས་སུ། །བརྩེ་བས་སྤྲོས་འདིས་བདག་གཞན་ཀུན། །འཆི་མེད་དབང་པོའི་མཆོག་གྲུབ་ཤོག །ཅེས་པའང་རང་གཞན་གྱི་སྐལ་བཟང་གི་དཔྱིད་དུ་ཀུན་མཁྱེན་བླ་མའི་བྱིན་རླབས་ཀྱི་སྣང་བས་སིམས་པས་ལམ་འདིར་ཡིད་ཆེས་ཅུང་ཟད་རྙེད་པའི་གཞོན་ནུ་འཇིགས་བྲལ་མཁྱེན་བརྩེའི་འོད་ཟེར་གྱིས་རྨད་དུ་བྱུང་བའི་རྟེན་འབྲེལ་གྱི་དགེ་མཚན་དུ་མ་ལྷུན་གྱིས་གྲུབ་པའི་ཚེ་བྲིས་པ་འདིས་ཀྱང་འགྲོ་ཀུན་རྡོ་རྗེ་སེམས་དཔའི་ཚེ་ལ་དབང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ།། །།
[edit]

rdo rje sems dpa' la brten pa'i bla ma mchod pa'i khyad par gyi phrin las bde chen snying po'i tshe'i dbang bskur mtshams sbyor dang bcas pa bde chen bcud len bzhugs//_na mo gu ru ma hA su kha badz+ra sa twa ye/__bde chen rtag pa'i lang tsho yis/__/gnyug ma'i rdo rje rgyas 'debs pa/__/sems dpa' rgyal kun gtsor btud nas/__/tshe mchog sgrub pa'i 'jug sgo dbye/__rdo rje'i gsang ba zab mo'i lam bzang 'di nyid la bsten nas slob ma rjes su 'dzin pa'i cho ga bya bar 'dod pas/__sgrub pa'i rdzas dang*/__bdag mdun gyi bskyed chog bzlas pa dbang len bcas gzhung gsal ltar grub pa dang*/__slob ma rnams khrus bya/__bgegs bskrad/__srung 'khor bcas grub pa'i rjes/__nam mkha' dang mnyam pa'i sems can thams cad sku bzhi ye shes lnga yi khyab bdag rigs kun 'dus zhal bla ma rdo rje sems dpa'i gsang ba mchog gi go 'phang du dbugs 'byin par bya/__de'i ched du rdo rje'i tshe yi dbang bskur zab mo gsan nas rim gnyis kyi brtson pas bde chen rtag pa dam pa'i lang tsho sgrub par bgyi'o snyam pa'i gzhan phan lhag pa'i bsam pa kun nas bslang ste gsan 'tshal/__de la gang gsan bya'i chos ni rgyud dang grub pa'i man ngag gi bka' srol gyis phye ba'i dpal ldan bla ma rdo rje sems dpa'i dkyil 'khor sgrub pa'i cho ga bsam gyis mi khyab pa zhig bzhugs pa las/__skabs 'dir gangs can gsang chen snga 'gyur rdo rje theg pa'i shing rta gcig pu kun mkhyen gnyis pa rig 'dzin grub brgya'i spyi mes klong chen nam mkha'i rnal 'byor mkhyen brtse'i 'od zer 'jigs bral gling pa'i dgongs gter nam mkha' mdzod kyi chos sde'i snying po rdo rje sems dpa' la bsten pa'i bla ma'i rnal 'byor mngon dga'i zhing sbyong gi rtsa ba la/__'jigs bral gyi slob dpon thams cad gzigs pa mkhyen brtse'i dbang po'i slar yang thun min gyi gsang ba'i lam srol rgyas par phyes pa'i bye brag khyad par gyi phrin las zab mo las/__dpal rdo rje sems dpa' sgyu 'phrul drwa ba'i rgyud rgyas pa'i dgongs pa dang 'brel ba'i 'chi med rtag pa'i lang tsho sgrub pa'i sgo 'byed rim pa dbang gi cho ga bgyid pa la slob dpon gyi bya ba rnams grub nas/__khyed rang gi ngo skal du gyur pa thog mar maN+Dal phul mdzod/__slar yang gsol ba 'debs pa 'di'i rjes zlos mdzod/__rdo rje sems dpa' bde ba che/__/sgyu 'phrul gtso bo dgongs su gsol/__/rdo rje'i tshe dang ye shes kyi/__/dbang dang dngos grub bdag la stsol/__/lan gsum/__mdun gyi nam mkhar dpal ldan bla ma rdo rje sems dpa' la rtsa gsum rgyal ba rab 'byams kyis bskor te mngon sum bzhin du bzhugs pa'i spyan sngar rgyun gyi bsags sbyang yan lag brgyad pa'i rnal 'byor tshul bzhin bya ba'i blos 'di'i rjes zlos mdzod/__rdo rje slob dpon sangs rgyas dpal/__sogs lan gsum/__de nas dbang gi gzhi 'god pa ye shes pa dbab pa'i slad du dmigs pa 'di ltar mdzod/__oM ma hA shU n+ya ta sogs/__khyed rang rnams kyis phung khams skye mched kyis mtshon pa'i ma dag pa'i snang ba thams cad mi dmigs te stong pa nyid du gyur/__stong pa'i ngang las snod rnam par dag pa 'og min mngon par dga' ba'i zhing khams chen por rdzogs pa'i dbus su/__bcud rnam par dag pa snang srid lha'i phyag rgyar sgrub pa'i slad du glang po'i mtshan pa'i rin po che'i khri sna tshogs pad+ma dang zla ba'i steng du khyed rang rnams skad cig gis bla ma dang gnyis su med pa'i dpal rdo rje sems dpa' sku mdog dkar gsal zhal gcig phyag gnyis rdo rje dang dril bu 'dzin pas yum rdo rje snyem ma dkar mo gri thod 'dzin pa dang mnyam par sbyor ba/__zhi tshul dgu dang rgyan cha bcu gsum gyis mdzes shing zhabs gnyis rdo rje dang pad+ma'i skyil mo krung gis snang stong 'ja' zer thig le'i klong na bzhugs pa'i thugs chos dbyings khyab bdal gyi klong du bde gshegs zhi ba bzhi bcu rtsa gnyis dang*/__de'i rang rtsal spyi bo bde chen gyi 'khor lo'i dbus su khrag 'thung lnga bcu rtsa brgyad kyi tshom bur bzhugs shing*/__gzhan yang phung khams skye mched thams cad gdod nas rnam par dag pa zhi khro rab 'byams rgyal kun 'dus pa'i spyi gzugs chen por lam gyi gsal ba'i gnas gsum oM AHhU~M gis mtshan par mos nas/__rgyud rnams par dag pa ye shes kyi gzi byin dbab pa'i slad du/__thugs srog sa bon las byung ba'i 'od zer gyis nam mkha' gang ba'i de bzhin gshegs pa sras dang bcas pa spyan drangs nas sib sib thim pas rdo rje'i ye shes mngon du gyur pa'i mos pa mdzod/__rtsa sngags kyi sham bur/__oM badz+ra dz+nyA na A be sha ya a AH__zhes btags pa yang yang brjod/__tiSh+Tha badz+ras brtan par byas pa'i mos pa mdzod/__de ltar ye shes pa dbab cing brtan par byas pa'i rjes tshe 'gugs shing bcud bsdu ba'i slad du khyed rang rnams bcom ldan 'das rdo rje sems dpa' tshe dpag tu med pa sngar ltar gsal ba'i thugs kar nyi zla'i gwa'u kha sbyor gyi dbus su mi 'gyur ba'i srog hU~M yig zla ba chu shel gyi mdangs ltar 'tsher ba las gzhal du med pa'i 'od zer gyi tshogs dang lha mo mgyogs ma'i sprul pa nyi zer gyi rdul ltar 'phros pas/__rang dang sgrub bya'i bla tshe chad nyams yar ba dang*/__'byung ba bzhi'i bcud/__'khor 'das kyi dwangs ma thams cad 'chi med bdud rtsi'i rnam par spyan drangs/__bdag gi spyi bo nas zhugs snying gar nyi zla'i gwa'u nang du b+h+rU~M smug po'i khog par nr-i yig a dkar pos mtshan pa la sib sib thim pas rdo rje'i srog la dbang thob par mos shig__/mda' dar g.yab ste/__oM/__mgon po sangs rgyas kun gyi bdag sogs tshe sgrub kyi bzlas pa'i gsham gyi tshe 'gugs sngags bcas brjod/__/de nas 'chi med tshe'i dbang bskur dngos la tshe 'brang rdo rje sems dpa' tshe dpag med dngos su gsal ba spyi bor byon nas sku+u las bde chen sgyu 'phrul drwa ba'i 'od zer gyis brtan g.yo srid zhi'i dwangs bcud tshe dpal thams cad bsdus te lus la bstim pa dang chabs cig yab yum mnyam par sbyor ba'i byang chub sems kyi bdud rtsi'i dbang bskur bas lus nad med rtag pa dam pa'i bde bas rdo rje tshe mchog grub par mos shig__/tshe 'brang spyi bor bzhag ste/__oM/__dpal ldan rigs rnams kun gyi bdag__/rdo rje mi phyed gsum gyi sku/__/deng 'dir sangs rgyas thams cad kyi/__/mi 'gyur rtag pa'i dbang bskur ro/__/oM gu ru badz+ra sa twa ru lu ru lu hU~M b+h+yo hU~M badz+ra A yu She hU~M AH__kA ya a b+hi Shiny+tsa oM/__bde chen rdo rje sems dpa' tshe dpag med yab yum gnyis su med pa'i 'chi med byang chub sems kyi a mr-i ta lce la byin pa myang bas dwangs ma'i rlung lnga'i gsos su smin te bgres rgud skye 'chi las 'das pa'i lang tsho'i dpal thob par mos shig__/bdud rtsi byin te/__AH__dpal ldan rigs rnams kun gyi bdag__/rdo rje mi phyed gsum gyi gsung*/__/deng 'dir sangs rgyas thams cad kyi/__/'gags med dbyangs kyi dbang bskur ro/__oM gu ru badz+ra sa twa ru lu ru lu hU~M b+h+yo hU~M badz+ra A yu She hU~M AH__wA' ka a b+hi Shiny+tsa AH__bde stong gnyis su med pa'i ye shes chen po'i bdag nyid ril bu byin pa snying gar ye shes sems dpa' mi 'gyur rtag pa dam pa'i bdag nyid gzhoms med rdo rje'i srog grub ste rdo rje sems dpa'i tshe la dbang bar mos shig__/ril bu byin la/__hU~M:__dpal ldan rigs rnams kun gyi bdag__/rdo rje mi phyed gsum gyi thugs/__deng 'dir sangs rgyas thams cad kyi/__/'khrul med ye shes dbang bskur ro/__oM gu ru badz+ra sa twa ru lu ru lu hU~M b+h+yo hU~M badz+ra A' yu She hU~M AH__tsit+ta a b+hi Shiny+tsa hU~M/__zhes pa'i mthar/__de ltar dpal ldan bla ma rdo rje sems dpa'i gsang ba gsum gyi byin rlabs zab mo'i dbang bskur bas tshe'i dwangs bcud thams cad snying ga'i tshe rten la 'dus/__nyi zla'i gwa'u srub med pa sngags kyi phreng bas lu gu+u rgyud du bcings bas cis kyang mi chod mi shigs par gyur/__tshe mda' spyi bor rgya gram du bzhag ste/__a/__rig stong zung 'jug rdo rje sems/__/'od zer gnyug ma'i thig le ru/__/'chi med rtag pa'i tshe sbas pas/__/'pho 'gyur mtshan ma dbyings su yal/__a a a zhes brjod cing don gyi dgongs pa bskyangs/__slar yang lus kyi gnas rnams su rdo rje'i phyag rgyas go khrab kyi tshul du g.yogs shing srung bar gyur/__oM badz+ra kA wA tsi badz+ra rak+Sha hU~M/__oM sarba ta thA ga ta badz+ra a d+hi tiSh+Tha badz+rA ya swA hA/__zhes brtan par byas pa'i rjes/__shis brjod kyi tshigs su bcad pa ci rigs bya/__de ltar na 'khor lo'i dbang phyug bla ma rdo rje sems dpa'i rim gnyis kyi rnal 'byor dang rjes su 'brel ba'i 'chi med tshe yi dbang bskur legs par phul grub pa yin pas sogs kyis mtshams sbyar te dam tshig khas blang gtang rag maN+Dal sogs gsang ba spyi ltar bya zhing*/__slob ma rnams grol rjes slob dpon nas tshogs la rol pa sogs gzhung ltar mthar dbyung bar bya'o/__/kun mkhyen bla ma'i rdo rje'i gsungs/__/smin byed 'jug bde'i phyag bzhes su/__/brtse bas spros 'dis bdag gzhan kun/__/'chi med dbang po'i mchog grub shog__/ces pa'ang rang gzhan gyi skal bzang gi dpyid du kun mkhyen bla ma'i byin rlabs kyi snang bas sims pas lam 'dir yid ches cung zad rnyed pa'i gzhon nu 'jigs bral mkhyen brtse'i 'od zer gyis rmad du byung ba'i rten 'brel gyi dge mtshan du ma lhun gyis grub pa'i tshe bris pa 'dis kyang 'gro kun rdo rje sems dpa'i tshe la dbang thob pa'i rgyur gyur cig__/sarba dA mang+ga lam//__//

Footnotes

Other Information