DKR-KABUM-19-DZA-015: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། ཕྱི་ནང་གསང་བའི་སྒྲུབ་ཐབས་བཀའ་སྲུང་དང་བཅས་པའི་སྨིན་བྱེད་ཀྱི་ཕྲེང་བ་དཀྱུས་གཅིག་ཏུ་བཀོད་པ་འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་སྦྱིན། | |||
|fulltitle='chi med pad+ma tshe yi snying thig las/ phyi nang gsang ba'i sgrub thabs bka' srung dang bcas pa'i smin byed kyi phreng ba dkyus gcig tu bkod pa 'chi med ye shes rdo rje'i srog sbyin | |||
|citation=[[Khyentse, Dilgo]]. '''chi med pad+ma tshe yi snying thig las phyi nang gsang ba'i sgrub thabs bka' srung dang bcas pa'i smin byed kyi phreng ba dkyus gcig tu bkod pa 'chi med ye shes rdo rje'i srog sbyin''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: 147-241. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Empowerment Ritual - dbang chog - dbang skur | |||
|terma=Yes | |||
|dkroutline=Six | |||
|cycle='chi med pad+ma tshe yi snying thig | |||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=019 | ||
| | |volnumtib=༡༩ | ||
|volyigtib=ཛ་ | |||
|totalvolumes=25 | |||
|textnuminvol=015 | |textnuminvol=015 | ||
|pagenumbers=147-241 | |||
|totalpages=189 | |||
|beginfolioline=1a | |||
|endfolioline=95a4 | |||
|totalfolios=95 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=pad+ma tshe yi snying thig | |||
|colophontib=།ཅེས་རྒྱལ་ཀུན་གསུང་གི་རྡོ་རྗེའི་གསང་མཛོད་ལ་མངའ་དབང་བསྒྱུར་བའི་མགོན་པོ་ཀུན་ཏུ་གཟིགས་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་དང་བཀའ་དྲིན་གྱིས་རྗེས་སུ་བཟུང་སྟེ། ཚེ་སྒྲུབ་པདྨའི་སྙིང་ཐིག་གི་དབང་ཕྲེང་ཡོངས་རྫོགས་ཆོག་ཁྲིགས་སུ་གནང་ཟིན་གྱི་དཔེ་བོད་ཁམས་དུས་ཀྱི་འཕོ་འཇིག་གིས་མི་སྣང་བར་གྱུར་པ། སླར་ཡང་ལུང་རྟོགས་ཀྱི་བདག་ཉིད་སྟོན་དང་བསྟན་པ་ཚད་མ་ལ་ཡང་དག་གཟིགས་པའི་ཆོས་ཀྱི་སྤྱན་མངའ་མཚུངས་མེད་དགེ་བའི་བཤེས་གཉེན་ཞྭ་དེའུ་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་སྐུ་རྟེན་ཛྷེ་ཀྵིཾ་ལས་གྲུབ་པའི་འཆི་མེད་མྱུར་མ་དཔའ་མོའི་སྣང་བརྙན། གསུང་རྟེན་བྱང་ཆུབ་སེམས་ཀྱི་མངའ་བདག་ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་གསུང་བློ་སྦྱོངས་སྦྲང་རྩིའི་བུམ་བཟང་གི་གླེགས་བམ་དང༌། བསྔོ་སྨོན་བཀྲ་ཤིས་སྐོར་གྱི་གླེགས་བམ། ཐུགས་རྟེན་གནམ་ལྕགས་རྡོ་རྗེ་བཅས་ནང་མཛོད་ཀྱིས་བཏེགས་པའི་གནང་སྐྱེས་དང༌། ཁྱད་པར་ཐུགས་དམ་རྒྱུན་གྱི་ཉམས་བཞེས་དང༌། ཚེ་ཁྲིད་པར་དུ་བསྐྲུན་པའི་ཞལ་བཞེས་ཀྱིས་གསུང་བསྐུལ་གནང་བ་དང༌། ངེས་དོན་སྙིང་པོའི་རྣལ་འབྱོར་ཀུན་སྤང་མཁྱེན་ལྡན་ཀློང་ཆེན་ཡེ་ཤེས་རྡོ་རྗེས་རྩ་གསུམ་འཆི་མེད་ཚེ་ཡི་ཕྱི་ནང་གསང་སྒྲུབ་ཀྱི་ལས་བྱང་རིགས་པར་བསྐྲུན་མཛད་པ་དང༌། སྒྲུབ་བརྩོན་དམ་པ་ཀུན་དགའ་ཚེ་དབང་བསྟན་འཕེལ། དད་བློ་ལྡན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། བློ་གསལ་ཨོ་རྒྱན་གཞན་ཕན་སོགས་རང་སློབ་རྣམས་ནས་བསྙེན་སྒྲུབ་ཉམས་ལེན་དང་འབྲེལ་ཡང་ཡང་རྟེན་དང་བཅས་ཏེ་བསྐུལ་བའི་རྐྱེན་དང༌། པདྨའི་རྒྱལ་ཚབ་འཇམ་མགོན་དྷརྨ་མ་ཏིས་རང་གཏེར་འདི་རིགས་ཡལ་བར་མ་དོར་དང་བསྟན་འགྲོར་ཕན་པའི་དགོས་པ་ཡོད་ཅེས་རྡོ་རྗེའི་བཀའ་ལུང་རྗེས་སུ་སྒྲུབ་པ་དང༌། རྩ་བའི་ཆོས་བདག་རྗེ་བླ་མ་ཉིད་ཀྱི་མཆོག་སྤྲུལ་དང༌། ཞེ་ཆེན་རབ་འབྱམས་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་ཚེའི་རྟེན་འབྱུང་ལའང་ཕན་སྲིད་སྙམ་པས་རྙིང་སྔགས་རྒན་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གསར་བསྒྲིགས་བགྱིས་སྐབས་ཡི་གེའི་མཐུན་སྦྱོར་འོད་གསལ་རྡོ་རྗེ་སྙིང་པོའི་སྟོན་དང་བསྟན་པ་ལ་རྒྱུ་མཚན་ཤེས་པའི་མཁྱེན་དཔྱོད་དང་བློ་གྲོས་མཚུངས་མེད་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་པདྨ་དྲི་མེད་དང༌། སྔགས་སྒོམ་འཇིགས་མེད་སྐལ་བཟང་ཚེ་དབང་གཉིས་ཀྱིས་བགྱིས་ཏེ་རང་ལོ་བཅུ་ཕྲག་དྲུག་དང་གཅིག་གིས་ལྷག་པའི་སྟེང་ལྷོ་ལྗོངས་ཙནྡན་གྱི་ནགས་ཚལ། བཀྲ་ཤིས་དགའ་འཁྱིལ་གྱི་བསམ་གཏན་ཁང་བུར་པདྨ་ཚེ་མཐའ་ཡས་པའི་དཀྱིལ་འཁོར་གྱི་བསྙེན་སྒྲུབ་ལ་གཞོལ་བའི་ཐུན་གསེང་རྣམས་སུ་བྲིས་པ་འདིས་ཀྱང་མཁའ་ཁྱབ་ཡིད་ཅན་ཀུན་གྱི་ཚེ་དང་ཡེ་ཤེས་འདོད་དགུའི་དངོས་གྲུབ་ཀྱི་དཔལ་ཡོན་ལ་ཅི་དགར་རྩེན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |||
|colophonwylie=/ces rgyal kun gsung gi rdo rje'i gsang mdzod la mnga' dbang bsgyur ba'i mgon po kun tu gzigs 'jam pa'i dbyangs dngos pad+ma ye shes rdo rjes thun mong ma yin pa'i thugs brtse dang bka' drin gyis rjes su bzung ste/_tshe sgrub pad+ma'i snying thig gi dbang phreng yongs rdzogs chog khrigs su gnang zin gyi dpe bod khams dus kyi 'pho 'jig gis mi snang bar gyur pa/_slar yang lung rtogs kyi bdag nyid ston dang bstan pa tshad ma la yang dag gzigs pa'i chos kyi spyan mnga' mtshungs med dge ba'i bshes gnyen zhwa de'u 'khrul zhig 'gyur med chos kyi blo gros rin po ches sku rten dz+he k+ShiM las grub pa'i 'chi med myur ma dpa' mo'i snang brnyan/_gsung rten byang chub sems kyi mnga' bdag ze chen rgyal tshab rin po che'i gsung blo sbyongs sbrang rtsi'i bum bzang gi glegs bam dang*/_bsngo smon bkra shis skor gyi glegs bam/_thugs rten gnam lcags rdo rje bcas nang mdzod kyis btegs pa'i gnang skyes dang*/_khyad par thugs dam rgyun gyi nyams bzhes dang*/_tshe khrid par du bskrun pa'i zhal bzhes kyis gsung bskul gnang ba dang*/_nges don snying po'i rnal 'byor kun spang mkhyen ldan klong chen ye shes rdo rjes rtsa gsum 'chi med tshe yi phyi nang gsang sgrub kyi las byang rigs par bskrun mdzad pa dang*/_sgrub brtson dam pa kun dga' tshe dbang bstan 'phel/_dad blo ldan pa 'gyur med theg mchog bstan 'dzin/_blo gsal o rgyan gzhan phan sogs rang slob rnams nas bsnyen sgrub nyams len dang 'brel yang yang rten dang bcas te bskul ba'i rkyen dang*/_pad+ma'i rgyal tshab 'jam mgon d+harma ma tis rang gter 'di rigs yal bar ma dor dang bstan 'gror phan pa'i dgos pa yod ces rdo rje'i bka' lung rjes su sgrub pa dang*/_rtsa ba'i chos bdag rje bla ma nyid kyi mchog sprul dang*/_zhe chen rab 'byams sprul pa'i sku rnams kyi sku tshe'i rten 'byung la'ang phan srid snyam pas rnying sngags rgan po pad+ma gar dbang 'od gsal mdo sngags gling pas gsar bsgrigs bgyis skabs yi ge'i mthun sbyor 'od gsal rdo rje snying po'i ston dang bstan pa la rgyu mtshan shes pa'i mkhyen dpyod dang blo gros mtshungs med byang gnam mtsho'i do skya mchog sprul 'gyur med pad+ma dri med dang*/_sngags sgom 'jigs med skal bzang tshe dbang gnyis kyis bgyis te rang lo bcu phrag drug dang gcig gis lhag pa'i steng lho ljongs tsan+dan gyi nags tshal/_bkra shis dga' 'khyil gyi bsam gtan khang bur pad+ma tshe mtha' yas pa'i dkyil 'khor gyi bsnyen sgrub la gzhol ba'i thun gseng rnams su bris pa 'dis kyang mkha' khyab yid can kun gyi tshe dang ye shes 'dod dgu'i dngos grub kyi dpal yon la ci dgar rtsen pa'i rgyur gyur cig_/sarba mang+ga laM/_dge'o// | |||
|pdflink=File:DKR-KABUM-19-DZA-015.pdf | |pdflink=File:DKR-KABUM-19-DZA-015.pdf | ||
}} | }} | ||
Line 17: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། ཕྱི་ནང་གསང་བའི་སྒྲུབ་ཐབས་བཀའ་སྲུང་དང་བཅས་པའི་སྨིན་བྱེད་ཀྱི་ཕྲེང་བ་དཀྱུས་གཅིག་ཏུ་བཀོད་པ་འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་སྦྱིན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། ཕྱི་ནང་གསང་བའི་སྒྲུབ་ཐབས་བཀའ་སྲུང་དང་བཅས་པའི་སྨིན་བྱེད་ཀྱི་ཕྲེང་བ་དཀྱུས་གཅིག་ཏུ་བཀོད་པ་འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་སྦྱིན་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །གང་མཚན་ལེགས་བྲིས་བདུད་རྩིའི་ཟིལ་མངར་དད་བརྒྱའི་སྙིམས་པས་མྱང་ཙམ་གྱིས། །དུས་ཀྱི་ཞགས་པའི་གདུང་བ་བཅིལ་ནས་འཆི་མེད་ལང་ཚོའི་བརྟན་པ་མཆོག །ཡུད་ལ་སྟེར་མཛད་བླ་མ་ཚེ་འོད་དཔག་མེད་དཀྱིལ་འཁོར་ཀུན་གྱི་བདག །ཡིད་ཆེས་དད་པའི་སྲི་ཞུས་བསྙེན་ལ་དགེ་ལེགས་དཔལ་གྱི་ཆར་འབེབས་མཛོད། །མཆོག་གི་བྱིན་རླབས་སྐྱ་རེངས་དང་འགྲོགས་པའི། །ཟབ་གསང་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལ། །སྨིན་བྱེད་འོད་ཀྱི་ཕྲེང་བ་བསྟར་འདི་ཡང༌། །སྐལ་བཟང་ཨུཏྤལ་འཛུམ་པའི་དཔལ་དུ་ཤར། །འདི་ལ་ཕྱི་སྒྲུབ་ཚེ་དཔག་མེད་སྤྲུལ་སྐུ་ལྷ་དགུ། ནང་སྒྲུབ་ལོངས་སྐུ་ཚེ་དཔག་མེད་ལྷ་བཅུ་བདུན་མ། དེའི་ཡན་ལག་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ། དབང་ཆེན་རྟ་མགྲིན་རིགས་ལྔའི་སྒྲུབ་ཐབས། གསང་སྒྲུབ་མཁའ་འགྲོ་མནྡཱ་ར་བ་རིགས་ལྔའི་ཚེ་སྒྲུབ། ཡང་ཟབ་རིག་འཛིན་བླ་མའི་ཚེ་སྒྲུབ། བཀའ་སྲུང་ཙཎྜ་ལིའི་རྗེས་གནང་བཅས་ཡོད་པ་ལས་རྩ་གསུམ་འགྲེས་བསྡེབས་ཏེ་རིམ་བཞིན་འཆད་པའི་དང་པོ་བྱིན་རླབས་ཀྱི་སྒོ་འབྱེད་ཕྱིར་བླ་མ་རིག་འཛིན་ཚེ་སྒྲུབ་ཀྱི་དབང་ལ་གཉིས་ལས། དང་པོ་ཡོ་བྱད་ཀྱི་བཤམས་བཀོད་ནི། གཞུང་མཐུན་སྐུ་རྟེན་ནམ་གུ་རུའི་སྣང་བརྙན་བྲིས་འབུར་གང་རིགས་ཀྱི་སྤྱན་སྔར་ཞི་དཀྱིལ་གཞུང་མཐུན་གྱི་རས་བྲིས་སམ་ཚོམ་བུ་གཙོ་འཁོར་བཅུ་གསུམ་ཅན་བཀོད་པའི་དབུས་སུ་མཉྫི་ལ་ཚེ་བུམ། ལྷ་ཙཀ་ཡོངས་རྫོགས། སྔགས་ཕྲེང༌། རྡོ་རྗེ། གཡས་སུ་བྷནྡྷར་བདུད་རྩི། གཡོན་དུ་ཚེ་རིལ། ཚེ་མདའ། མཐའ་སྐོར་ཉེར་སྤྱོད་མཆོད་པས་བསྐོར། མདུན་དུ་བླ་གཏོར་དམར་པོ་གཡས་གཡོན་དུ་ཆད་བརྟན། བཀའ་སྲུང་གི་གཏོར་འབུལ། སྨན་རཀ །དཀར་བགེགས་ཚོགས་མཆོད་བཅས། སྒྲུབ་པ་པོའི་མདུན་དུ་མདའ་དར། ལས་བུམ། ཌཱ་དྲིལ་སོགས་འདུ་བྱས་ལ། གཉིས་པ་དབང་སྒྲུབ་དངོས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས་བདག་མདུན་དབྱེར་མེད་དུ་སྒྲུབ་པས་ལས་གཞུང་བསྲངས། བཟླས་པའི་སྐབས་སུ་བབས་པ་དང༌། སརྦ་མ་ཧཱ་གུ་རུ་མཎྜལ་ལ་ཕཊ་ཛཿས་ཛཔ་ཁང་ཕྱེས་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་དང༌། གྲངས་ཚད་སྒྲུབ་པའི་བཟླས་པ་མང་དུ་བྱ། ལས་བུམ་ལ་དམིགས་པས། ལས་བུམ་ནང་དུ་པད་ཉིའི་སྟེང༌། །པདྨ་དབང་ཆེན་སྐུ་མདོག་དམར། །པདྨའི་དབྱུག་ཏོ་ཞགས་པ་འཛིན། །འདོར་ཐབས་ཡེ་ཤེས་མེ་ཀློང་འགྱིང༌། །སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླས་མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་བས། ལས་ཀྱི་བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་བར་བསམ། དབང་གཞུང་ལྟར་བདག་འཇུག་དང༌། བསྡུ་ན་རིག་པའི་མེ་ཏོག་དོར་ཏེ་སློབ་མ་འཇུག་པར་གནང་བ་ཞུ། བཀའ་གཏེར་སྲུང་མའི་གཏོར་འབུལ་དང་ཚོགས་བསྐང་གཞུང་ལྟར་གྲུབ་རྗེས། སློབ་མ་རྣམས་སྒོ་དྲུང་དུ་འཁོད་པར་ཁྲུས་བྱས་ལ་ནང་དུ་འཁོད་པ་ན་བགེགས་གཏོར་བཏང་ཞིང་བཀའ་བསྒོ། ཐུན་སྔགས་ཀྱིས་གཟིར། གུ་གུལ་བདུག །སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། དེ་ཡང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་སྒྲུབ་པར་འདོད་པའི་སྐྱེས་བུ་བློ་དང་ལྡན་པ་རྣམས་རིང་དུ་འཚོ་བའི་ཚེ་ཡི་དཔལ་ཐོབ་ན་ཇི་ལྟར་འདོད་པའི་དངོས་གྲུབ་ཉམས་འོག་ཏུ་ཆུད་པར་གདོན་མི་ཟ་བས་ཐོག་མ་ཉིད་ནས་དོན་དུ་གཉེར་བྱའི་གཙོ་བོ་ཚེ་སྒྲུབ་པ་གལ་ཆེ་ཞིང༌། དེ་ལའང་སྨན་སྔགས་ཏིང་ངེ་འཛིན་གྱི་སྒྲུབ་ཚུལ་སྒོ་དུ་མ་ཞིག་མཆིས་པ་ལས། ཐབས་ཀྱི་རིམ་པ་དེ་ཐམས་ཅད་གཅིག་དྲིལ། ལྟ་སྒོམ་གྱི་ཟབ་ཁྱད་དུ་མས་འཕགས་པ་གསང་བ་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པའི་རྡོ་རྗེའི་ཚེ་སྒྲུབ་པའི་རིམ་པ་རྣམས་ཆེས་ཟབ་ཅིང་མྱུར་བ་འབད་པ་ཆུང་ངུས་གྲུབ་འབྲས་མངོན་དུ་འགྱུར་ཞིང༌། ད་ལྟའང་སྒྲུབ་པའི་དྲོད་ཚད་མ་ཉམས་པ་མཆིས་བཞིན་པ་ལས་སྐབས་སུ་བབས་པ་འདི་ནི་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པའི་རིག་འཛིན་ཆེན་པོ་བི་མ་ལ་མི་དྲ་དང༌། འཆི་མེད་པདྨ་འོད་འབར་རྣམས་དང་དོན་གྱི་གསང་བ་དབྱེར་མེད་ཅིང་རྣམ་པའི་སྣང་ཆར་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་དང་རིག་པ་འཛིན་པ་རྣམས་ཀྱིས་མངོན་སུམ་དུ་དབང་བསྐུར་ཏེ་འཆི་མེད་བདུད་རྩིའི་རྒྱུན་གྱིས་སྐུ་ཚེའི་དཔལ་བསྐྱེད་པ་དང༌། ཐུན་མོང་དང་ཁྱད་པར་གྱི་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཆོས་ཀྱི་སྒོ་དུ་མས་རྡོ་རྗེའི་རིགས་ཅན་གྱི་སྐལ་བ་མཆོག་ལྡན་དག་ལ་རིང་དུ་འཚོ་བའི་དངོས་གྲུབ་མངོན་སུམ་དུ་སྟེར་ནུས་པ་སོགས་ཚེ་ལ་དབང་ཐོབ་པའི་གྲུབ་རྟགས་མངོན་དུ་གྱུར་པའི་བདག་ཉིད་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཡེ་ཤེས་རྡོ་རྗེའི་ཉིན་བྱེད་ཀྱི་བྱིན་རླབས་ཟབ་མོས་དབུགས་དབྱུང་བ་ལས། འཆི་མེད་པདྨ་གར་དབང་བདེ་ཆེན་མདོ་སྔགས་གླིང་པའི་རིག་གསང་རྡོ་རྗེའི་གསང་མཛོད་ལས་བརྡོལ་བའི་ཚེ་སྒྲུབ་འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལ། རྩ་གསུམ་ཞི་ཁྲོ་བཀའ་སྲུང་དང་བཅས་པའི་ཚེ་སྒྲུབ་པའི་རིམ་གཉིས་ལས་ཚོགས་དང་བཅས་པ་ཟབ་རྒྱས་སུ་བཞུགས་པ་ལས། ཐོག་མར་བྱིན་རླབས་ཀྱི་སྒོ་འབྱེད་པའི་ཕྱིར་ཡང་ཟབ་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་ཚེ་སྒྲུབ་ཟབ་མོའི་སྨིན་བྱེད་སྒྲུབ་པ་སྐབས་སུ་བབས་པ་སྟེ། སྤྱིར་རིག་འཛིན་བླ་མའི་ཐུགས་སྒྲུབ་ཀྱི་རིམ་པའང༌། སྒྲུབ་བྱེད་ཀྱི་ཆོས་སྒོ་ཐབས་དང་ཏིང་ངེ་འཛིན་གྱི་ཟབ་ཁྱད་ཀྱི་དབྱེ་བས་ཕྱི་ནང་གསང་བའི་ཚུལ་དུ་སྒྲུབ་པ་དང༌། བསྒྲུབ་བྱའི་ལྷ་སྤྲུལ་གཞི་དང་སྤྲུལ་པའི་ངེས་པས་བླ་མ་སྐུ་གསུམ་དུ་སྒྲུབ་པ་དང༌། སྒྲུབ་པ་པོ་གདུལ་བྱའི་ཡུལ་ཚར་གཅོད་དང་རྗེས་འཛིན་གྱི་ཕྲིན་ལས་ཀྱི་སྣང་ཚུལ་ལྟར་གུ་རུ་ཞི་བ་དང་ཁྲོ་བོར་སྒྲུབ་པའི་ཚུལ་གྱིས་དབྱེ་བ་ལས་འདི་ནི་ཡང་ཟབ་རིག་འཛིན་བླ་མ་སྤྲུལ་སྐུ་ཞི་བའི་ཚུལ་དུ་སྒྲུབ་པ། འཕགས་བོད་ཀྱི་ལྗོངས་སུ་འཆི་མེད་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་སུམ་དུ་མཛད་པའི་རིག་འཛིན་བླ་མ་འདུས་པའི་དྲིལ་སྒྲུབ་སྟེ། སངས་རྒྱས་བྱང་སེམས་རྩ་བ་གསུམ་པོ་ཀུན་ལས་བླ་མ་ཉིད་སྒྲུབ་ཐག་ཉེ་ཞིང་ཐུགས་རྗེའི་རྩལ་མྱུར་བྱིན་རླབས་རྟགས་མཚན་ཆེ་བ་དང་གཏེར་ཁ་གསར་རྙིང་ཀུན་ལས་རིག་འཛིན་བླ་མའི་ཚེ་སྒྲུབ་ཟབ་རྒྱས་ངོ་མཚར་ཅན་དུ་མ་བྱོན་པ་ལྟར་ལ་རིག་འཛིན་བླ་མའི་ཚེ་སྒྲུབ་ཀྱི་ཟབ་ཆོས་འདི་ཉིད་ཀུན་མཁྱེན་བླ་མས་བསྙེན་སྒྲུབ་ཉམས་བཞེས་ཀྱི་ཚུལ་མཛད་པས་རྟགས་མཚན་དགེ་བར་བྱུང་ཞེས་རྡོ་རྗེའི་བཀའ་བསྩལ་བའི་སྨར་ཆོས་ཀྱི་དབང་བསྐུར་སྦྱིན་པ་ལ་ཐོག་མར་མཎྜལ་ཕུལ། བླ་མ་འཆི་མེད་ཚེ་ཡི་དཀྱིལ་འཁོར་གྱི་ཁྱབ་བདག་རིག་པ་འཛིན་པའི་དབང་ཕྱུག་ལ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་མཆོག༔ རིག་འཛིན་བླ་མ་བདག་ལ་དགོངས༔ འཆི་མེད་རྟག་པའི་ཚེ་སྒྲུབ་ཕྱིར༔ ཡེ་ཤེས་མཆོག་གི་དབང་བསྐུར་སྩོལ༔ དེ་ཡང་ཤུལ་རིང་གི་ལམ་དུ་ཞུགས་པ་ལ་འཇིགས་པ་སྐྱོབས་པའི་དེད་དཔོན་ཚོལ་བ་བཞིན་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཐོག་མར་སྐྱབས་ཀྱི་མཆོག་དཀོན་མཆོག་རྩ་གསུམ་ཀུན་འདུས་རིག་འཛིན་བླ་མའི་ལྷ་ཚོགས་ལ་བདག་གཞན་ཡིད་ཅན་ཐམས་ཅད་སྒོ་གསུམ་གུས་པས་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་མཆི་སྙམ་པའི་ཀུན་སློང་དང་དོན་དམ་གནས་ལུགས་རང་ངོ་ཤེས་པའི་སྐྱབས་འགྲོ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ རང་རིག་འོད་གསལ་ཆོས་ཀྱི་སྐུ༔ སོགས། སྲིད་ཞིའི་མཐའ་ལས་འདས་པའི་འཆི་མེད་རྟག་པ་དམ་པའི་གོ་འཕང་མཆོག་སྒྲུབ་པའི་ཕྱིར་རིག་འཛིན་བླ་མའི་གསང་གསུམ་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་དུ་འཇུག་སྟེ་མཁའ་ཁྱབ་ཀྱི་ཡིད་ཅན་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་འཇིགས་ཚོགས་ལས་སྐྱོབ་པའི་སླད་དུ་སེམས་བསྐྱེད་པར་དམ་བཅའ་བ་འདི་ཡི་རྗེས་ཟློས་མཛོད། ཧྲཱིཿ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སོགས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་གྱི་དམིགས་རྣམ་ལ་ཐུགས་གཞོལ་བས་འདིའི་རྗེས་ཟློས་མཛོད། ཧྲཱིཿ ཡེ་ཤེས་དབྱིངས་ལས་རང་ཤར་ལྷར༔ སོགས། སྡོམ་པ་བཟུང་བའི་ཡུལ་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བཟུང་བྱ་ངེས་འབྱུང་སོ་ཐར། གཞན་ཕན་བྱང་སེམས། དག་མཉམ་སྔགས་ཀྱི་སྡོམ་པ་རྒྱ་མཚོ་ཚུལ་བཞིན་བཟུང་ཞིང་བསྲུང་བས་དགོས་པ་འགྲོ་ཀུན་མཐའ་གཉིས་ལས་འདས་པའི་བླ་ན་མེད་པའི་གོ་འཕང་ལ་འགོད་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་དག་གི་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ། ཐོག་མར་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པ་ལ་སྒོ་གསུམ་གྱི་གནད་བཅིངས་ཏེ་ཐུགས་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོས་བཅས་ཕུང་ཁམས་ཀྱི་མཚོན་པའི་མ་དག་འཁྲུལ་རྟོག་གི་ཆོས་ཀུན་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་དག་ཆེན་ཡེ་ཤེས་ཀྱི་རོལ་མོ་འོད་གསལ་བདེ་བ་ཆེན་པོའི་བཀོད་པ་འབྱམས་ཀླས་པའི་དབུས་སུ་སེང་ཁྲི་པད་ཟླའི་སྟེང་ལ་རང་རིག་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐྱབས་གནས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་འཆི་མེད་པདྨ་འོད་འབར་སྐུ་མདོག་སྟོན་ཟླ་གསར་པའི་མདངས་ཅན་ལང་ཚོའི་མཛེས་སྡུག་གི་གཟི་བྱིན་མཚུངས་པ་མེད་པ་ཞི་འཛུམ་མཚན་དཔེའི་དཔལ་ཅན་དགྱེས་ཡེ་རེ་བཞུགས་པ། སྐུ་ལ་དར་གྱི་ཤམ་ཐབས་དང་རིན་ཆེན་རུས་པའི་རྒྱན་ཕྲེང་གིས་མཛེས་པར་སྤུད་པ། ཕྱག་གཡས་ཡེ་ཤེས་ལྔ་ལྡན་གྱི་མདའ་དར་གཡབ་ཅིང༌། གཡོན་པས་འཆི་མེད་བདུད་རྩིའི་བཅུད་ཀྱིས་གང་བའི་བུམ་བཟང་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་འོད་ལྔའི་སྤྲིན་ཕུང་འཁྲིགས་པའི་ཀློང་ན་བཞུགས་པའི་པང་དུ་བདེ་ཆེན་ཚེ་ཡི་དགྱེས་སྡེ་ལྷ་ལྕམ་མནྡཱ་ར་བ་མཛེས་སྡུག་ལང་ཚོའི་བརྟན་པ་རྒྱས་པ་དང་གཉིས་མེད་སྦྱོར་བའི་ཕྱག་གཡས་མདའ་དར་དང་གཡོན་ཚེ་བུམ་འཛིན་པ་སྣང་སྟོང་སྒྱུ་མའི་ཡེ་ཤེས་སྐུ་ཅན་གསལ་བའི་གནས་གསུམ་གྱི་ཡིག་འབྲུའི་འོད་ཟེར་དང༌། ལྷ་དང་སློབ་དཔོན་ལ་མོས་གུས་དྲག་ཏུ་བསྐྱེད་པའི་བྱེད་ལས་ཀྱིས་ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་རྡོ་རྗེའི་ཆོས་སྐྱོང་བའི་ཚོགས་དང་བཅས་པ་ལྷ་སྔགས་ཕྱག་མཚན་གྱི་རྣམ་པས་ནམ་མཁའ་བར་སྣང་ས་གཞི་ཁྱབ་པར་སྤྱན་དྲངས་ནས་གཉིས་མེད་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་བྱིན་ཐོབ་པར་མོས་མཛོད། སྤོས་རོལ་གདུང་ཤུགས་དབྱངས་དང་བཅས་ཏེ་ལས་བྱང་གི་བྱིན་འབེབས། ཧྲཱིཿ ཀ་དག་དབྱིངས་ཀྱི་ཕོ་བྲང་ནས༔ སོགས་སྔགས་བཅས་བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ་འཆི་མེད་ཚེ་ཡི་དབང་བཞི་ཟབ་མོས་སྨིན་པར་བྱེད་པ་ལས། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་ཐུགས་དམིགས་འདི་ལྟར་མཛོད། བདག་མདུན་འཆི་མེད་པདྨ་འབྱུང་གནས་སུ་གསལ་བ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བ་བཞིའི་དྭངས་མ་འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང༌། མདའ་དར་གཡབ། ཧྲཱིཿ ཀ་དག་དབྱིངས་ཀྱི་ཕོ་བྲང་ནས༔ སོགས་ཚེ་འགུགས་ལས་བྱང་བཞིན་བརྗོད། དབང་དངོས་ཀྱི་དང་པོ་འཆི་མེད་ཚེ་ཡི་བུམ་པ་བདེ་ཆེན་དབང་གི་ཕོ་བྲང་ཆེན་པོར་གྱུར་པའི་ནང་དུ་ཚེ་ཡི་རིག་འཛིན་བརྒྱུད་པ་རྣམས་གཙོ་འཁོར་དུ་བཞུགས་པ། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་ཚེ་ཡི་ལྷ་མོ་རྣམས་ཀྱི་ཕྱག་ན་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་བསྐུར་བས། བུམ་ནང་གི་ལྷའི་སྐུ་ལས་བྱུང་བའི་འཆི་མེད་བདུད་རྩིའི་རྒྱུན་གྱིས་བུམ་པ་ཁེངས། ཁ་ནས་ལྷུད་ཀྱིས་ལུད་པ་སློབ་མའི་སྤྱི་བོའི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། རྩ་ཁམས་ཡེ་ཤེས་ཀྱི་དྷཱུ་ཏིར་དག་ཅིང་སྨིན་པས་སྐུ་སྐྱེ་འཆི་མེད་པ་རྡོ་རྗེ་ཚེ་ཡི་བུམ་དབང་ཐོབ། སྣང་སྟོང་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་ཡི་ལང་ཚོར་སྨིན་པར་བྱས་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ལ། ཧྲཱིཿ རིན་ཆེན་བུམ་པ་བཅུད་དང་ལྡན༔ རིག་འཛིན་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀ་ལ་ཤ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་དག་གིས་སྣང་བཅས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཀྱི་སྐུ་ཡི་དཀྱིལ་འཁོར་མཆོག་ཏུ་ཤར་བ་གཞི་བུམ་པའི་དབང་གི་ནུས་པས་མངོན་དུ་བྱས་པ་གོང་འཕེལ་དུ་བྱ་བའི་ཕྱིར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་བསྐྱེད་ལྷ་ཚོགས་རྣམས་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་རུ་དབང་བསྐུར་བྱིན་གྱིས་བརླབས་པར་མོས་མཛོད། སྐུ་ཙཀ་རྣམས་ཐོགས་ཏེ། ཧྲཱིཿ འོད་གསལ་དབྱིངས་ཀྱི་ཕོ་བྲང་ནས། །འཆི་མེད་དྭངས་མའི་མཚན་དཔེའི་གཟུགས། །དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀཿ ཐོད་ཕྲེང་རྩལ་གྱིས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །མཆོག་གི་སྤྲུལ་པའི་ཚུལ་འཆང་བ། །འཆི་མེད་ཡེ་ཤེས་ཆེ་བརྙེས་པ། །དགའ་རབ་རྡོ་རྗེས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཡེ་ཤེས་ཕྱག་རྒྱ་རྒྱ་ཆེན་དབྱིངས། །འཆི་མེད་རྡོ་རྗེའི་སྐུ་མཆོག་གྲུབ། །རྡོ་རྗེའི་ཚེ་གྲུབ་ཆེ་བའི་མཆོག །བི་མ་མི་ཏྲས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ འཁོར་འདས་ཆོས་ཀུན་ཡེ་ཤེས་ཀྱིས། །ཟིལ་གནོན་འཇམ་དཔལ་གྲུབ་པའི་མཆོག །གསང་སྔགས་ཆོས་ཀྱི་མཛོད་ཆེན་པོ། །སངས་རྒྱས་ཡེ་ཤེས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བདེ་བ་ཆེན་པོ་རྡོ་རྗེའི་དབྱིངས། །མི་འགྱུར་དགོངས་པ་མཁའ་ལྟར་ཁྱབ། །དཔལ་ཆེན་ཧེ་རུ་ཀཿདཔལ་དངོས། །ནམ་མཁའི་སྙིང་པོས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ག་ག་ན་གརྦྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ སངས་རྒྱས་ཀུན་གྱི་བདེ་ཆེན་དབྱིངས། །མཆོག་གྲུབ་རྡོ་རྗེ་དགྱེས་མའི་དཔྱིད། །འཆི་མེད་ཌཱ་ཀིའི་ལང་ཚོ་གྲུབ། །ཡེ་ཤེས་མཚོ་རྒྱལ་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་ས་ག་ར་ཛ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཚོགས་བརྒྱད་ཡེ་ཤེས་ཀློང་སྒྲོལ་ནས། །རིག་རྩལ་དབང་གི་མཆོག་ཐོབ་པས། །རྡོ་རྗེའི་ཡེ་ཤེས་གཟུགས་སྨིན་པ། །ཤྲཱི་སེང་ཧས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཤྲཱི་སེངྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ འཁོར་འདས་ཆོས་ཀུན་དབྱིངས་སྡོམ་པའི། །བདེ་ཆེན་མཆོག་གི་ཕྱག་རྒྱ་གྲུབ། །ཐུགས་ཀྱི་རྡོ་རྗེ་ཧེ་རུ་ཀཿ ཧཱུྃ་ཀཱ་ར་ཡིས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཧཱུྃ་ཀཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ འཆི་མེད་རྡོ་རྗེའི་གསང་གསུམ་གྲུབ། །ཟབ་རྒྱས་ཆོས་ཀྱི་མིག་ཆེན་པོ། །འོད་གསལ་དགོངས་ཀློང་མཁའ་ཁྱབ་བརྡལ། །བཻ་རོ་ཙཱ་ནས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་བཻ་རོ་ཙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རྒྱལ་ཀུན་ཡེ་ཤེས་ཕུང་པོའི་གཏེར། །ཚངས་ཆེན་འཁོར་ལོས་བསྒྱུར་ཆེན་པོ། །བོད་ཡུལ་མུན་སེལ་མཉྫུ་ཤྲཱི། །ཆོས་རྒྱལ་ཆེན་པོས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་བྲཧྨ་དེ་ཝ་པུཥྤེ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཚད་མེད་བདེ་ཆེན་ཕྲིན་ལས་ཀྱིས། །ཚར་གཅོད་རྗེས་འཛིན་དངོས་གྲུབ་སྟེར། །དཔལ་གྱི་དཀྱིལ་འཁོར་སྒོ་སྐྱོང་ཚུལ། །དབང་ཆེན་རིགས་བཞིས་དབང་བསྐུར་རོ། །ཧྲཱིཿབཛྲ་རཏྣ་པདྨ་ཀརྨ་ཧ་ཡ་གྲཱྀ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཀུན་མཁྱེན་འཇམ་དབྱངས་བླ་མར་ཐོག་མའི་ཆོས་སྒོ་འབྱེད་པའི་སྐབས་རྡོ་རྗེ་གསུམ་གྱི་དབང་བསྐུར་མཐའ་རྟེན་དུ་སྦྱོར་ན་ལེགས་ཞེས་བཀའ་བསྩལ་བཞིན་རང་ཚིག་གིས་བྲིས་ཏེ་ཁ་སབ་བྱས་པའོ། །དེ་དག་གིས་སྣང་བཅས་མཚན་མའི་དཀྱིལ་འཁོར་དུ་སྒྲུབ་པའི་རྫས་ལ་བརྟེན་ཏེ། སྐུ་བུམ་པའི་དབང་བསྐུར་བས། དག་བྱ་ལུས་ཀྱི་སྒྲིབ་པ་ཕྲ་རགས་དག །བསྐྱེད་བཟླས་ཕྲིན་ལས་དང་བཅས་པ་ལམ་དུ་བྱེད་པ་ལ་དབང༌། འབྲས་བུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཡི་ཚེ་དང་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ལྟར་བུམ་དབང་མཐའ་རྟེན་དང་བཅས་པས་ལུས་སྐུ་རྡོ་རྗེར་བྱིན་བརླབས་བརྟན་པའི་ཕྱིར་འདི་ལྟར་སྣང་བའི་སྣོད་ཀྱི་འཇིག་རྟེན་འཆི་མེད་པདྨ་དྲྭ་བ། བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་རིག་འཛིན་བླ་མའི་དཀྱིལ་འཁོར་དུ་ཤར་བས། སྣང་གྲགས་རིག་པའི་ཆོས་ཐམས་ཅད་རིག་འཛིན་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་རྣམ་རོལ་སྣོད་བཅུད་དག་པ་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ངོ་བོར་སད་པར་མོས་ལ་དེའི་གསལ་སྣང་ལ་ཅུང་ཟད་མཉམ་པར་ཞོག་ཅིག །ཅེས་བསྐུལ་ལ་གསལ་སྣང་ལ་སེམས་བཟུང༌། གཉིས་པ་གསང་དབང་ནི། ཚེ་ཡི་རིག་འཛིན་ཐམས་ཅད་རང་འོད་ཤེས་རབ་ཀྱི་ཕྱག་རྒྱ་དང་གཉིས་མེད་བདེ་བ་ཆེན་པོས་སྦྱོར་བའི་སེམས་སྤྲིན་གྱིས་སངས་རྒྱས་ཐམས་ཅད་ཀྱང་རྗེས་ཆགས་ཆེན་པོའི་གནས་ལ་བསྐུལ་ཏེ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་དང་ཆབས་ཅིག་འཁོར་འདས་བརྟན་གཡོའི་དྭངས་མའི་ཐིག་ལེའི་ཟེགས་མ་འདུས་པ་བྷཉྫའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་བའི་ཤེས་རབ་ཚེ་ཡི་བཏུང་བ་ལྗགས་ལ་བྱིན་པས་གསང་དབང་བསྐུར་བར་མོས་མཛོད། ཧྲཱིཿ ཡེ་ཤེས་བདུད་རྩི་བཅུད་ཆེན་པོ༔ རྒྱལ་ཀུན་བདེ་ཆེན་ཞུ་བའི་བཅུད༔ རྟོག་པ་བྲལ་བས་རོལ་པའི་མཐུས༔ རླུང་སྔགས་གཞོམ་མེད་སྲོག་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་མྱང་དུ་གཞུག །མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཁམས་ཐམས་ཅད་གང༌། དུག་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་གསང་དབང་གི་ཡེ་ཤེས་ཏེ། དེའི་ངོ་བོ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་མཉམ་པར་འཇོག་འཚལ། རྗེས་འབྲེལ་གསུང་བཟླས་པའི་ལུང་སྦྱིན་པའི་སླད་དུ། མདུན་བསྐྱེད་རིག་འཛིན་བླ་མ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་ཀར་པད་ཟླའི་སྟེང་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཟླ་གདན་ཧྲཱིཿཡིག་དཀར་གསལ་གྱི་མཐའ་བསྐོར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་སེམས་གཏད་དེ་དད་མོས་བྱས་པས། ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་བྱུང༌། འགལ་མེའི་འཁོར་ལོ་ལྟར་བརྒྱུད་པ་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་སོན་པ་དང་པད་ཟླར་གསེར་གྱི་རྡོ་རྗེའི་ལྟེ་བར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པར་གྱུར་ནས་བཀྲ་ལམ་གྱིས་གསལ་བ་ལ་སེམས་གཏད་དེ་བསྙེན་པའི་བཟླས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ སླར་ཡང་མདུན་བསྐྱེད་རིག་འཛིན་གཙོ་འཁོར་གྱི་ཐུགས་སྲོག་ཧྲཱིཿལ་སྒྲུབ་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཤིང་སྣང་གྲགས་རིག་པ་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་གསང་བ་གསུམ་གྱི་དཀྱིལ་འཁོར་འཁོར་ལོར་སད་པར་མོས་ལ་སྒྲུབ་སྔགས་ལན་གསུམ་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ སླར་ཡང་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་ཕྲེང་བ་དཀར་སེར་དམར་ལྗང་མཐིང་ག་ལྔས་ཕྲིན་ལས་བཞི་མཐར་ཕྱིན་པའི་དངོས་གྲུབ་སྩོལ་བར་མོས་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྒྲུབ་སྔགས་མཐར་ལས་བཞིའི་ཤམ་བུ་ལ། ཤཱནྟིཾ་ཀུ་རུ་ཧཱུྃ༔ པུཥྚིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧྲཱིཿ མཱ་ར་ཡ་ཕཊ༔ དེ་དག་གི་ནུས་པ་བརྟན་པར་བྱ་བའི་ཕྱིར་གསུང་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བར་མོས་མཛོད། ཧྲཱིཿ ཐབས་ཤེས་ཨེ་ཝཾ་སྡོམ་པའི་རྒྱུད། །རྡོ་རྗེའི་གསང་བ་སྔགས་མཆོག་གིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །གྲགས་སྟོང་རྡོ་རྗེའི་གསུང་འགྲུབ་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཝཱཀ་མནྟྲ་མཱ་ལ་ཨ་བྷི་ཥིཉྩ་ཨཱཿ དེ་དག་གིས་ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུ་བདེའི་རྫས་ལ་བརྟེན་ནས་གསང་བའི་དབང་མཐའ་རྟེན་དང་བཅས་པ་བསྐུར་བས་དག་བྱ་ངག་གི་སྒྲིབ་པ་དག །རླུང་སེམས་སྒྱུ་མ་ལྟ་བུའི་བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་གཞོམ་གཞིག་བྲལ་བའི་རྡོ་རྗེ་ནཱ་དའི་ཚེ་དང་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ལྟར་གསང་དབང་མཐའ་རྟེན་དང་བཅས་པས་ངག་གསུང་རྡོ་རྗེར་བྱིན་བརླབས་བརྟན་པའི་ཕྱིར་རང་ལུས་ཐབས་ལྡན་གྱི་ལམ་འབར་འཛག་གིས་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་འདི་ལྟར་མཛོད། རང་ཉིད་འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་དུ་བསྒོམ་པའི་སྐུ་དབུས་ཨ་ཝ་དྷཱུ་ཏི་མཚན་ཉིད་བཞི་ལྡན་འཁོར་ལོ་བཞི་དང་བཅས་པ་གསལ་བའི་གཡས་གཡོན་དུ་རོ་རྐྱང་གི་མར་སྣེ་དབུ་མའི་སྦུབས་སུ་ཆུད་པའི་སྟོང་ར་ལེགས་པར་གསལ་བའི་ཡར་སྣེ་སྣ་བུག་ཏུ་ཟུག་པ་ལས་དུག་གསུམ་གྱི་རླུང་རོ་སོལ་མཛོད། རླུང་རོ་གསུམ་བསལ། སླར་ཡང་སྟེང་རླུང་རྔུབ་པས་ལྟེ་བའི་གཏུམ་མོ་བསྐུལ་ཏེ་འབར། འཁོར་ལོ་བཞི་བརྒྱུད། སྤྱི་བོའི་ཧྃ་ལ་རེག་པས་ཞུ་བདེའི་ཉམས་རྒྱས་བདུད་རྩིའི་དྭངས་མ་གནས་ནས་གཡོས། ཡས་བབ་ཀྱི་དགའ་བཞི་ཉམས་སུ་མྱོང༌། བདེ་བའི་འོད་ཀྱིས་བརྟན་གཡོ་ཀུན་ལ་ཁྱབ། བདེ་ཆེན་དྭངས་མའི་བཅུད་དུ་ཞུ་བ་རང་གི་སྒོ་གསུམ་ལ་སིབ་ཀྱིས་ཐིམ་པས་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་གསོས། རླུང་ཡོ་བ་བསྲང༌། འཕོ་མེད་བདེ་བ་ཆེན་པོའི་ལང་ཚོ་ཐོབ། དཀར་དམར་གྱི་དྭངས་མ་ཐམས་ཅད་མི་ཤིགས་ཐིག་ལེའི་ཀློང་དུ་རྒྱས་བཏབ་པར་བསམ་ལ་དྲག་རླུང་བུམ་པ་ཅན་ལ་གནད་དུ་བསྣུན་པར་མཛོད་ཅིག །དཔོན་སློབ་ཀུན་ནས་བུམ་ཅན་བདུན་ནམ་གསུམ་བཟུང་ལ་དམིགས་པ་གཅུན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། བདེ་སྟོང་གཉིས་སུ་མེད་པའི་དྭངས་མའི་དཀར་དམར་གྱི་ཐིག་ལེ་ཚེ་ཡི་དངོས་གྲུབ་སྦྱིན་པའི་རིལ་བུ་བྱིན་པ་རྡོ་རྗེའི་ལྕེ་ཡི་ལམ་བརྒྱུད་སྙིང་གར་སོན་པས་བདེ་སྟོང་ཡེ་ཤེས་ཆེན་པོའི་དགོངས་པའི་རྩལ་འབྱོང་ཞུ་བདེ་རྗེས་ཆགས་ཀྱི་ཉམས་རྒྱས། ལྷན་སྐྱེས་ནམ་མཁའ་ལྟ་བུའི་དོན་གྱི་ཡེ་ཤེས་འདྲེན་བྱེད་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱིཿ རྡོ་རྗེ་མི་ཤིགས་སྲོག་གི་ཁམས༔ ཐིག་ལེའི་དྭངས་མ་རིལ་བུར་འདྲིལ༔ ཡེ་ཤེས་སེམས་དཔའི་ཚུལ་ཉིད་དུ༔ ཙིཏྟའི་དབུས་སུ་བརྟན་པར་བཞུགས༔ ས་མ་ཡ་ཛྙཱ་ན་ཧྲཱིཿཧྲཱིཿཧྲཱི༔ ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱའི་ནུས་པ་བརྟན་པའི་ཕྱིར། རིག་འཛིན་བླ་མའི་ཐུགས་ཀ་ནས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཕྱག་མཚན་གྱི་རྣམ་པར་བྱུང༌། སྙིང་གར་ཐིམ་པས་རིལ་བུ་དང་དབྱེར་མེད་གྱུར་ནས་པད་ཟླའི་སྟེང་དུ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱིཿལ་ཐིམ་པས་ཐུགས་རྣམ་པར་མི་རྟོག་པའི་གནས་ལུགས་མངོན་སུམ་དུ་རྟོགས་པར་མོས་མཛོད། ཕྱག་མཚན་རྡོ་རྗེ་སྙིང་གར་བཞག་ལ། ཧྲཱིཿ གཉིས་སུ་མེད་པའི་ཡེ་ཤེས་ནི། །མི་ཕྱེད་རྡོ་རྗེའི་ཕྱག་རྒྱར་ཤར། །བུ་ཡི་སྙིང་གར་བཞག་པ་ཡིས། །དོན་གྱི་གནས་ལུགས་རྟོགས་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཁ་སྦྱོར་གྱི་བདེ་བ་ལ་བརྟེན་ནས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་དག་བྱ་ཡིད་ཀྱི་སྒྲིབ་པ་དག །འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ལམ་དུ་བྱེད་པ་སྣ་ཚོགས་གཟུགས་ཀྱི་ཕྱག་རྒྱ་བསྟེན་པ་ལ་དབང༌། འབྲས་བུ་ཐུགས་གཡོ་འཁྲུལ་མེད་པ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ལྟར་ཤེར་དབང་གིས་ཡིད་ཐུགས་རྡོ་རྗེར་བྱིན་བརླབས་བརྟན་པའི་ཕྱིར་གཞན་ལུས་མཉམ་སྦྱོར་གྱི་དམིགས་པས་ཚེ་བཅུད་བསྡུ་བའི་ཏིང་འཛིན་ནི། སློབ་མ་རང་ཉིད་འཆི་མེད་པདྨ་ཐོད་ཕྲེང་དུ་གསལ་བའི་པང་དུ་རང་འོད་ཀྱི་ཕྱག་རྒྱ་མནྡ་ར་བ་གཞོན་མཛེས་ལང་ཚོའི་མཛེས་པ་རྨད་དུ་བྱུང་བའི་མཁའ་གསང་རྡོ་རྗེ་པདྨ་སྦྱོར་ཞིང་རེག་པའི་བདེ་བས་བདེ་སྟོང་ལྷན་སྐྱེས་ཀྱི་དེ་ཉིད་མངོན་དུ་བྱའོ་སྙམ་པའི་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པའི་རྐྱེན་གྱིས་སྐུ་དང་སྦྱོར་མཚམས་ནས་བྱུང་བའི་འོད་ཟེར་གྱིས། བརྟན་གཡོ་སྲིད་ཞིའི་དྭངས་མ་བདེ་སྟོང་རྡོ་རྗེའི་སྤྲིན་དུ་བཞུས་པའི་བཅུད་ཐམས་ཅད་རྩ་རླུང་ཐིག་ལེའི་ཁམས་ལ་ཐིམ་པས་ཚེ་ཉམས་གུད་གསོས། ལུས་ཀྱི་ཟུངས་དང་སེམས་ཀྱི་སྟོབས་རྒྱས་པའི་བདེ་སྟོང་གི་རྩལ་ཤུགས་དྲག་ཏུ་འབར་ནས་ཡས་བབ་དང་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པ་ཉམས་སུ་མྱོང༌། དཔེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྒྱུད་ལ་འདྲེན་པའི་དམིགས་པ་གསལ་ཐོབ་མཛོད། ཅེས་དམིགས་པ་འཛིན་དུ་བཅུག །བཞི་པ་ཚིག་དབང་རིན་པོ་ཆེའི་ངོ་སྤྲོད་འབོག་པ་ལ། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ་རྒྱས་བཏབ་པས། ཁྱེད་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆས་གཡོགས། དྭངས་མའི་རྩ་རླུང་ཐིག་ལེའི་བཅུད་བདེ་ཆེན་འོད་གསལ་གྱི་སྲོག་ཏུ་བསྟིམ། གཉུག་མ་མི་འགྱུར་རིག་པའི་རང་ངོ་སྐྱེ་འཆིའི་མཚན་མ་གདོད་ནས་མ་གྲུབ་པ་ཡེ་ཤེས་རྡོ་རྗེ་འཆི་མེད་གཉུག་མའི་དོན་ལ་མཉམ་པར་འཇོག་མཛོད། ཨཿ ཕྱོགས་བཅུར་སྤྲོས་པའི་ཁྱབ་བརྡལ་ཚེ༔ གཉུག་མའི་ཐིག་ལེར་རོ་གཅིག་བསྟིམ༔ འདུ་འབྲལ་མེད་པའི་ཆོས་ཉིད་ཀློང༔ རིག་སྟོང་ཡེ་ཤེས་དགོངས་པར་ཨ༔ ཚེ་མདའ་སྤྱི་བོར་བཀོད་ལ་མཉམ་ཉིད་ཀྱི་ལྟ་བས་རྒྱས་བཏབ། དཔོན་སློབ་ཀུན་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ལ་མཉམ་པར་ཞོག་ལ་རྡོ་རྗེའི་ཚིག་འདིས་ངོ་སྤྲོད་གདབ་པར་མོས་མཛོད། ཀ་དག་རང་བྱུང་དབྱིངས་ཀྱི་ཀློང༌། །ལྷུན་གྲུབ་ཐིག་ལེ་བརྡལ་བ་ཆེ། །གཉིས་མེད་དོན་གྱི་དགོངས་པ་འདི། །གདོད་ནས་འཕོ་འགྱུར་མེད་པར་བཞུགས། དྷརྨ་དྷཱ་ཏུ་ཛྙཱ་ན་ཨཿ ཞེས་དགོངས་པ་བསྐྱངས་པས། སྣོད་བཅུད་ཐམས་ཅད་འོད་དུ་མེར་གྱིས་ཞུ་ནས་ཆོས་ཉིད་སྟོང་པའི་ངང་དུ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་སྣང་གྲགས་རིག་གསུམ་དག་པའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་གྱིས་ཤར་བར་མོས་ཤིག །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བརྡ་དོན་ཐབས་ལ་བརྟེན་ནས་བཞི་པ་ཚིག་གི་དབང་བསྐུར་བས་དག་བྱ་ཤེས་བྱའི་སྒྲིབ་པ་དག །ཟུང་འཇུག་མི་གནས་ཕྱག་རྒྱ་ཆེན་པོའི་ཏིང་འཛིན་སྒོམ་པ་ལ་དབང༌། འབྲས་བུ་བདེ་ཆེན་ཡེ་ཤེས་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །རྗེས་ཤིས་པ་བརྗོད་ཅིང་དམ་ཚིག་ཁས་བླང་གཏང་རག་ཡོན་འབུལ་དགེ་བསྔོ་བཅས་སྤྱི་ལྟར་བྱ། སློབ་མ་རྣམས་རང་གནས་སུ་བཏང༌། སློབ་དཔོན་གྱིས་ལྷག་མ་ནས་བརྩམས་ཆོ་གའི་རྗེས་ཀྱི་ལས་རིམ་མཐར་དབྱུང་བས་གྲུབ་པའོ། །འདིར་ནི་གསང་བ་གཞན་ལྟར་སྨིན་སློབ་ཀྱི་དབང་དུ་བྱས་ཀྱི། ཐུན་མོང་གི་གདུལ་བྱ་དང་བསྐྱེད་རིམ་གྱི་བསྙེན་སྒྲུབ་གཙོ་བོར་དོན་དུ་གཉེར་བ་ལ་དབང་བཞི་སོ་སོའི་མཐའ་རྟེན་གྱི་དམིགས་པ་རྣམས་མ་སྦྱར་ཀྱང་རུང་ངོ༌། །འཆི་མེད་རིག་འཛིན་བླ་མའི་རྡོ་རྗེའི་ཚེའི། །འཆི་མེད་དངོས་གྲུབ་དཔལ་ལ་སྤྱོད་བྱེད་དབང༌། །འཆི་མེད་གརྃ་དབྃང་མྃདོ་སྔགྃས་གླིངྃ་པས་སྦྱར། །འཆི་མེད་གྲུབ་པའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་བྱིན་རླབས་ཀྱི་རྩ་བ་རིག་འཛིན་བླ་མ་འདུས་པའི་དཀྱིལ་འཁོར་གྱི་སྨིན་ལམ་དབང་གི་ཕྲེང་བའི་ལེའུ་ཚན་དང་པོའོ། ༈ འོད་མཚན་སྟོང་འབར་མཚན་གྱི་ཉིན་བྱེད་རྡུལ། །རེག་པ་ཙམ་གྱིས་ཚེ་དང་ཡེ་ཤེས་ཀྱི། །བདུད་རྩིས་དགེ་བར་བྱེད་པའི་གྲགས་སྙན་སྤྲིན། །རབ་འབྱམས་རྒྱལ་བའི་ཞིང་མཛེས་འདྲེན་པ་རྒྱལ། །གང་གི་ཐུགས་རྗེའི་དཔལ་གྱི་འདབ་མ་ལས། །དངོས་གྲུབ་གྲུ་ཆར་འཇོ་བས་ཀུན་དགའི་དཔྱིད། །སྦྱིན་བྱེད་རྡོ་རྗེ་ཐེག་པའི་འཇུག་སྒོའི་ཕུལ། །རིམ་པ་དབང་གི་ཆོ་ག་གསར་པ་དབྱེ། །འདི་ལ་གཉིས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་ནི། གང་དུ་བྱ་བའི་གནས་ཁང་བྱི་དོར་རྒྱན་བཀོད་སྤྲས་པའི་གུང་དུ་གཞུང་མཐུན་རྟེན་གྱི་སྤྱན་སྔར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་མཛེས་ཚོན་བྲིས་པའི་ལྟེ་བར་མཉྫིའི་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན། མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དུང་ཞལ་བཅས་བཀོད། མདུན་དུ་སྐུ་ཙཀ །གཟུངས་མདོའམ་སྔགས་བྱང༌། ཐུགས་རྟེན་མཆོད་སྡོང་ཚེ་གཟུངས་ཀྱི་ནང་གཞུག་ཅན། ནོར་བུའི་དབུ་རྒྱན། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་གྱི་ཙཀླི་བཅས་བཤམ། ཚེ་དབང་དང་འབྲེལ་ན། ཚེ་བུམ། ཚེ་རིལ། འོ་མའི་ཚེ་ཆང༌། ཚེ་མདའ་བཅས་བུམ་པའི་མདུན་དུ་བཀོད། ཉེར་སྤྱོད་ཀྱི་མཆོད་པས་གཡས་སུ་བསྐོར། ཞི་གཏོར་དམར་པོ་དཀར་མངར་ཟས་སྣས་བསྐོར་བ་དང༌། མཐའ་བསྐོར་དུ་མར་མེ་སོགས་མཆོད་རྫས་རིགས་བརྒྱ་རྩ་བརྒྱད་འབྱོར་ན་ལེགས། ཁྲུས་ཆས་མཆོད་པའི་མཎྜལ་དྲི་བཟང་གིས་སྦག་པའི་འབྲུ་བཅས་འདུ་བྱས་ལ་ཕྱི་སྒྲུབ་ཀྱི་ལས་བྱང་གཞུང་བསྲངས་བསྙེན་པ་གྲུབ་པ་དང་གཟུངས་བུམ་ལ་དམིགས་ཏེ། ཨ༔ མདུན་དུ་རིན་ཆེན་བུམ་པ་ཆེ༔ མཚན་ཉིད་རྫོགས་པའི་གཞལ་ཡས་ཁང༔ བདུད་རྩིའི་རྒྱ་མཚོ་ཡངས་པའི་དབུས༔ པདྨའི་སྡོང་བུ་འདབ་རྒྱས་སྟེང༔ ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ སྣང་མཐའ་ཡས་པ་སྤྲུལ་སྐུའི་ཆས༔ དམར་སེར་མཚན་དཔེའི་གཟི་བྱིན་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༔ བུམ་པ་བདུད་རྩིས་གང་བ་བསྣམས༔ ཤིན་ཏུ་ཞི་འཛུམ་དགྱེས་པའི་ཚུལ༔ སྣང་སྟོང་འོད་ཀྱི་ཕུང་པོར་གསལ༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ རྩེ་གཅིག་གསོལ་བ་བཏབ་པ་ཡི༔ སྐུ་ལས་ཡེ་ཤེས་འོད་ཀྱི་ཕྲེང༔ བདུད་རྩིའི་ཟེགས་མ་ཆར་ལྟར་བྲུལ༔ བུམ་པའི་གཟུངས་ཆབ་ལ་ཐིམ་ནས༔ ནད་གདོན་སྡིག་སྒྲིབ་ཀུན་སེལ་བྱེད༔ ཡེ་ཤེས་ངོ་བོར་བྱིན་བརླབས་བསམ༔ མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཅི་ནུས་བཟླས་མཐར། དམིགས་བསལ་ཚེ་སྒྲུབ་སྦྱོར་ན། བདག་ཐུགས་འོད་ཀྱིས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ། །ལྷ་ཚོགས་སྐུ་ཡི་འོད་ཀྱིས་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ལ། །མདུན་གྱི་ཚེ་རྫས་རང་གི་སྒོ་གསུམ་ཐིམ། །ནད་གདོན་སྡིག་སྒྲིབ་འཆི་བའི་རྒྱུ་འབྲས་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཞེས་སྦྱར་ལ་ཚེ་གཟུངས་བཟླ། དབང་གི་སྐབས་འབྱུང་བའི་ཚེ་འགུགས་ཀྱང་སྦྱར་ན་ལེགས། གང་ལྟར་ཡང་མཐར་མཆོད་བསྟོད་ནི། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལས། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །མཆོད་ཡོན། ཨོཾ་ཨཱཿཧཱུྃ་གིས་ཕུལ་བས། ལྷ་འོད་དུ་ཞུ་བ་བུམ་ཆུ་ལ་ཐིམ་པས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་སངས་རྒྱས་ཀྱི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ། ཅི་ནུས་བཟླས་པས་ལས་བུམ་གྱི་ཆུ་བྱིན་གྱིས་བརླབ། དབང་ལེན་གྱི་དམིགས་པ་ནི། མདུན་བསྐྱེད་ལྷ་ཚོགས་རྣམས་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པའི་འོད་ཟེར་བར་མ་ཆད་པ་བྱོན་ཏེ་རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། ཨོཾ༔ བཅོམ་ལྡན་མགོན་པོ་སྣང་མཐའ་ཡས༔ དཀྱིལ་འཁོར་ལྷ་ཚོགས་བསམ་ཡས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཡེ་ཤེས་དབྱིངས་སུ་བདག་སྦྱོར་ཅིག༔ ཅེས་གསོལ་བ་གདབ་པས་གསང་བ་གསུམ་དབྱེར་མེད་དུ་གྱུར་པར་མོས། གཉིས་པ་དབང་གི་ལས་རིམ་དངོས་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་དང་ལས་སྔགས་བརྗོད་པས་ཁྲུས་བྱ། བགེགས་གཏོར་བྱིན་བརླབ་ནི། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊཿ ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ས་མགྲོན་བཀུག ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་བགྱི་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང༌། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊཿ དང༌། སུམ་བྷ་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲུྃཿ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མ་ཆོད་མི་ཤིགས་པར་གྱུར་པར་བསམ། འོ་རང་གཞན་ཡིད་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་དབང་བསྐུར་ཟབ་མོ་གསན་པར་བྱ་སྙམ་པའི་ཐུགས་བསྐྱེད་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་མ་ནོར་བར་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ཉིད་ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་གར་གྱི་དབང་ཕྱུག་པདྨ་རིགས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་སྟེ། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཆོས་སྐུ་འོད་མི་འགྱུར་བ་དེ་ཉིད་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་གི་བཀོད་པ་ཆེན་པོའི་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་མཚོ་ལ་མངའ་དབང་བསྒྱུར་ཞིང༌། ཐུན་མོང་མདོ་ཡི་སྐབས་སུ་སྔོན་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དམ་བཅའ་རླབས་པོ་ཆེ་མཛད་པར་གསུངས་ཤིང༌། ད་ལྟ་དག་པའི་ཞིང་མཆོག་བདེ་བ་ཅན་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་འདིའི་མཚན་ཙམ་ཐོས་པས་ཀྱང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབས་པ་དང༌། ལོ་བརྒྱ་ཡི་བར་དུ་འཚོ་བ་དང༌། བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་བ་དང༌། ཚེ་རབས་ཐམས་ཅད་དུ་ཞིང་བཟང་པོར་སྐྱེ་བ་དང༌། བསོད་ནམས་ཀྱི་དངོས་པོ་རྒྱ་ཆེར་བསྐྲུན་པ་སོགས་ཐུགས་བསྐྱེད་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པ་དང༌། གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་བཞིར་པདྨའི་རིགས་ཀྱི་གཙོ་བོའི་ཚུལ་དུ་སྒྲུབ་པའི་ཐབས་མཐའ་ཀླས་པ་ཞིག་གསུངས་པ་ལས། འདིར་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ་པའི་དཀྱིལ་འཁོར་དང༌། གསུང་རྡོ་རྗེ་པདྨ་སམ་བྷ་བའི་ཐུགས་བཅུད་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཚེ་སྒྲུབ་པདྨའི་སྙིང་ཐིག་ཅེས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་དུ་བཀའ་བབས་པ་ལས། རྩ་བ་གསུམ་གྱི་སྒོ་ནས་རྡོ་རྗེའི་ཚེ་ཡི་སྒྲུབ་ཐབས་ཀྱི་སྐོར་ཟབ་རྒྱས་སུ་བཞུགས་པ་ལས་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་སྒྲུབ་ཐབས་ཀྱི་ནང་གསེས་ཐོག་མ་ཕྱི་སྒྲུབ་ཚེ་འོད་དཔག་མེད་སྤྲུལ་སྐུ་ལྷ་དགུ་པའི་དཀྱིལ་འཁོར་དུ་སློབ་མ་རྗེས་འཛིན་གྱི་རིམ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག དེ་ནས་དབང་གི་སྣོད་རུང་དུ་རྒྱུད་ཡོངས་སུ་དག་པར་བྱེད་པ་ལ་མཐུན་རྐྱེན་སྒྲུབ་པ་དང་འགལ་རྐྱེན་བསལ་བ་གཉིས་ལས། དང་པོའི་དོན་དུ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མགོན་པོ་དཀྱིལ་འཁོར་དབང་ཕྱུག་དགོངས༔ བདག་ནི་ངེས་པར་རྡོ་རྗེའི་རིགས༔ སྐལ་པ་བཟང་པོའི་སྣོད་ལྡན་ཕྱིར༔ བདག་ཅག་ཡང་དག་སྨིན་པར་མཛོད༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པའི་བཅོམ་ལྡན་འདས་ཚེ་འོད་དཔག་མེད་ལ་སངས་རྒྱས་དང་བྱང་སེམས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་འཁོད་པ་སྒོ་གསུམ་གུས་པ་ཆེན་པོས་འདི་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་མཆི་སྙམ་པ་དང༌། ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ལ་སློབ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས། གཉིས་པ་འགལ་རྐྱེན་བསལ་བའི་སླད་དུ་ཉེས་ཚོགས་ཞི་བྱེད་ཁྲུས་ཀྱི་ཆོ་ག་བགྱིད་པ་ལ་བཀྲུ་བྱབས་སྲུང་གསུམ་ལས། དང་པོའི་སླད་དུ་ཁྱེད་རང་རྣམས་ཐ་མལ་དུ་གནས་པ་ལ་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་དག་བྱེད་བདུད་རྩིའི་རྒྱུན་གྱིས་གང་བ་བསྣམས་ཏེ་སྤྱི་བོ་ནས་ཁྲུས་མཛད་པས་འཆི་མེད་ཚེ་ཡི་འགལ་རྐྱེན་མི་མཐུན་ཕྱོགས་དང་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་ཉིལ་གྱིས་ཕྱི་རོལ་དུ་ཐོན་ནས་ལུས་ཤེལ་བུམ་བདུད་རྩིས་གང་བ་ལྟར་གྱུར་པར་མོས་ཤིག །གཟུངས་བུམ་གྱིས་བཀྲུས་ཏེ། ཧཱུྃ༔ བདུད་ལས་རྣམ་རྒྱལ་བྱང་ཆུབ་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ རྣམ་རྟོག་དྲི་མ་ཀུན་བྱང་སྟེ༔ མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག༔ ཚེ་གཟུངས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོངས་མཛད་པ། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ། །བཟོད་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་པ། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་པ། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་པ། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཉིས་པ་བྱབས་པའི་སླད་དུ། ཀུ་ཤའི་ཆུན་པོ་རྨ་བྱའི་སྒྲོ་གཡབ་དང་བཅས་པའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུྃ་ལ་གཟུངས་སྔགས་རྣམས་ཀྱིས་བསྐོར་བ་ལས་འོད་དང་རླུང་བྱུང་བས་བསྒྲུབ་བྱའི་སྒོ་གསུམ་གྱི་ནད་གདོན་ཐམས་ཅད་དུ་བ་རླུང་གིས་བདས་པ་ལྟར་ཁྲུས་ཆུ་ལ་ཤར་བའི་གཟུགས་ལ་སྤོ་བའི་ཚུལ་དུ་ཐིམ་པར་གྱུར་པར་བསམ་ལ། ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་དུས་མིན་འཆི༔ བྱད་ཕུར་རྦོད་གཏོང་ལ་སོགས་པ༔ མི་མཐུན་ཕྱོགས་ཀུན་དག་གྱུར་ཅིག༔ ཉི་ཟླ་གཟའ་ལས་གྲོལ་བ་བཞིན༔ ཞི་དང་བཀྲ་ཤིས་བདེ་ལེགས་མཛོད༔ ཚེ་གཟུངས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་བཏགས་ལ་ཀུ་ཤ་དང་རྨ་བྱས་བྱབ་བོ། །དེ་ལྟར་བཀྲུས་ཤིང་བྱབས་པས་སྒོ་གསུམ་གྱི་ཉེས་སྒྲིབ་བྱང་སྟེ་ལུས་འོད་ཀྱི་རང་བཞིན་དུ་གྱུར་པ་ལ་སྲུང་བའི་སླད་དུ་ཕྱག་མཚན་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པར་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་ཅིས་ཀྱང་མི་ཚུགས་པའི་རང་བཞིན་དུ་གྱུར་པར་བསམ་མོ། ཧཱུྃ༔ མ་སྐྱེས་འཇིག་པ་མེད་པ་ཡི༔ ཡེ་ཤེས་རྡོ་རྗེའི་གོ་ཆ་ཆེས༔ ལུས་ངག་ཡིད་ལ་རྒྱས་བཏབ་པས༔ མི་མཐུན་ཕྱོགས་ཀུན་སྲུང་གྱུར་ཅིག༔ ཚེ་གཟུངས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ ཞེས་གནས་གསུམ་དུ་རྡོ་རྗེ་རྒྱ་གྲམ་དུ་བཏབ་བོ། །དེ་ནས་དབང་དངོས་ལ་ཐོག་མར་དབང་གི་གཞི་འགོད་པའི་སླད་དུ་ཐུགས་དམིགས་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྣོད་བཅུད་སློབ་མའི་ཕུང་ཁམས་དང་བཅས་པ་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་ངོ་མཚར་བདེ་ཆེན་པདྨོ་བཀོད་པའི་ཞིང་གི་དབུས་སུ་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་བཅུད་རྣམ་པར་དག་པ་ལྷ་ཡི་ཕྱག་རྒྱ་སྒྲུབ་པའི་སླད་དུ་ཁྱེད་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཐུགས་སྲོག་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་མགོན་པོ་སྐུ་མདོག་དམར་པོ་བྱེ་རུའི་ལྷུན་པོ་ལ་ཉིན་བྱེད་བྱེ་བས་འཁྱུད་པ་ལྟ་བུའི་མཚན་དཔེའི་གཟི་བྱིན་རབ་ཏུ་རྒྱས་པའི་སྐུ་ལ་ཆོས་གོས་རྣམ་གསུམ་གསེར་གྱི་ཁ་དོག་ལྟ་བུས་མཛེས་པར་བཀླུབས་པའི་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་རིན་པོ་ཆེ་བཻ་ཌཱུརྻའི་ལྷུང་བཟེད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་མཛེས་པར་གང་བ་འཛིན་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ལས་བྱུང་བའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་ཞིང་རབ་འབྱམས་ཁྱབ་པར་བརྡལ་བའི་བདག་ཉིད་ཅན་གྱི་གནས་གསུམ་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་མཚན་པ་ཅན་དུ་གསལ་ཐོབ་མཛོད། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ། ཁྱེད་རྣམས་ཀྱིས་སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པ་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས་དཀྱིལ་འཁོར་པའི་གནས་གསུམ་ནས་ཡེ་ཤེས་ཀྱི་སྣང་བ་མཐའ་ཀླས་པ་སྤྲོས་ཏེ་ནུབ་ཕྱོགས་བདེ་ལྡན་པདྨོ་བཀོད་པའི་ཞིང་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ནས་གསུང་རྡོ་རྗེ་འོད་སྣང་མཐའ་ཡས་པའི་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ནས་ཚེ་དང་ཡེ་ཤེས་ཀྱི་སྣང་བ་འདོད་དགུར་རྒྱས་པར་མོས་མཛོད་ཅིག །སྤོས་དང་རོལ་མོའི་སྒྲས་བསྐུལ་ཏེ། ཨོཾ། མ་ལུས་སེམས་ཅན་ཀུན་གྱི་མགོན་སོགས། ཚེ་གཟུངས་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ། བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་བླ་མ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པའི་རིན་པོ་ཆེའི་བུམ་པ་འཆི་མེད་ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གང་བས་དབང་བསྐུར་བར་མོས་ཤིག །གཟུངས་བུམ་ཐོགས་ལ། ཨོཾ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་སྦྱིན་པས༔ ཡང་དག་སྣོད་དང་ལྡན་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུས་བཀྲུ་ཞིང་ལྕེ་ལ་སྦྱིན། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་བདུད་རྩིའི་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། དྲི་མ་བག་ཆགས་དང་བཅས་པ་བཀྲུས། ཐོབ་བྱའི་ཡེ་ཤེས་མཐའ་དག་མངོན་དུ་བྱས། ཆུའི་ཟེགས་མ་སྤྱི་བོར་ཡར་ལུད་དེ་འཁྱིལ་བ་རིགས་ཀྱི་བདག་པོའི་ཚུལ་དུ་བཞུགས་པར་གྱུར། སྨིན་ལམ་དབང་གི་བྱེད་ལས་ཀྱིས་ཐུགས་རྒྱུད་ལ་ཟག་མེད་རྒྱལ་བའི་འབྱོར་པ་དུ་མས་བརྒྱན་པའི་དཔལ་ལ་དབང་བསྒྱུར་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་མཚོན་བྱེད་དུ་རིན་པོ་ཆེའི་དབུ་རྒྱན་བཅིངས་པར་མོས་མཛོད། ནོར་བུའི་ཅོད་པན་བཅིངས་ཏེ། ཨོཾ༔ སངས་རྒྱས་ཡེ་ཤེས་རིགས་མཆོག་ལྔ༔ མཚོན་བྱེད་རིན་ཆེན་ཅོད་པན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་ཀྱི་རྒྱལ་པོ་དབང་བསྒྱུར་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་བཟླས་པའི་ལུང་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། བཅོམ་ལྡན་འདས་ཀྱི་མགྲིན་པ་ནས་གཟུངས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཐིམ་པར་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུ⁽1419⁾རྣ1$0000240ག1$0000300་ཏེ་སྭ་བྷཱ་ཝ༔ བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ བཟླས་པའི་ལུང་སྦྱིན་པའི་གཏང་རག་ཏུ་མེ་ཏོག་གི་ཕྲེང་བ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སློབ་དཔོན་ལ་ཕུལ་བའི་མེ་ཏོག་གི་ཕྲེང་བ་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཅིངས་པར་མོས་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །དེང་ནས་ཡི་དམ་ལྷག་པའི་ལྷ་འདིའི་རྣལ་འབྱོར་ལ་བརྩོན་ཞིང་གཟུངས་སྔགས་ཇི་ལྟར་ནུས་པ་བཟླ་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་སྔགས་ཅི་ནུས་སུ་བཟླ་བར་དམ་བཅའ་བ་ལགས་སོ། །ལན་གསུམ། མཐའ་རྟེན་ཚེ་ཡི་དངོས་གྲུབ་སྦྱིན་པའི་དབང་བསྐུར་བ་ནི། མདུན་གྱི་བདེ་གཤེགས་ཚེ་མཐའ་ཡས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་འོད་ཟེར་གྱི་སྣང་བས་ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་ཁྱབ། ཕྱི་འབྱུང་བ་བཞི། ནང་ལྷ་ཀླུ་དང་དྲང་སྲོང༌། རིག་འཛིན་ཚེ་ལ་དབང་བའི་དངོས་གྲུབ། གསང་བ་རྒྱལ་བ་སྲས་དང་བཅས་པའི་དབང་དང་སྟོབས་བཅུའི་ཚེ་དཔལ། མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་གཟི་བྱིན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ནས་མདུན་གྱི་ཚེ་རྫས་དང༌། ཁྱེད་རང་སློབ་མ་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་གྱུར་པའི་མོས་པ་མཛོད། མདའ་དར་གཡབ་ཅིང༌། ཧྲཱིཿ ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུག་ཅིག །ལོངས་སྐུ་མི་འགག་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཚེ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང༌། །མ་ལུས་འདིར་ཁུག་འདིར་སྡུས་འདིར་ཚོགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །ཚེ་གཟུངས་བརྗོད། ཚེ་བུམ་ཐོགས་ཏེ། བཅོམ་ལྡན་འདས་མགོན་པོ་ཚེ་མཐའ་ཡས་པས་ཕྱག་མཉམ་བཞག་གི་སྟེང་ལྷུང་བཟེད་བདུད་རྩིས་གང་བའི་དབུས་པད་སྡོང་ལས་སྐྱེས་པའི་ཚེ་བུམ་ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གང་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་དགོངས་པ་མཛད་པས་ཚེ་བཅུད་རྣམས་སོར་གྱིས་ཁོལ་བ་ཁ་ནས་ལུད་ཚངས་བུག་ནས་ཞུགས་ཏེ་ལུས་ནང་ཐམས་ཅད་དྭངས་མས་ཁྱབ་སྟེ་སྐྱེ་འཆི་མེད་པའི་ཚེ་ཡི་དབང་མཆོག་དམ་པ་ཐོབ་པར་མོས་མཛོད་ཅིག །ཚེ་བུམ་སྤྱི་བོར་བཞག་ལ། ཧྲཱིཿཧྲཱིཿཧྲཱིཿ འོད་སྣང་མཐའ་ཡས་བཅོམ་ལྡན་ཚེ་དཔག་མེད༔ འཆི་མེད་རྔ་སྒྲ་གསུང་གི་རྡོ་རྗེའི་ལྷ༔ གར་གྱི་དབང་ཕྱུག་པདྨའི་དཀྱིལ་འཁོར་གཙོ༔ འཆི་མེད་མགྱོགས་མ་ལྷ་མོའི་ཚོགས་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ནས༔ འཆི་བདག་ལ་སོགས་བདུད་བཞི་ལས་རྒྱལ་ཏེ༔ དངོས་གྲུབ་མཆོག་གི་སྐལ་བར་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཕྱག་གཡོན་དུ་ཤེས་རབ་ཀྱི་རྫས་ཚེ་ཡི་བདུད་རྩིའི་བཏུང་བ་ཕུལ་བས་གསུང་འགག་པ་མེད་པ་གཞོམ་མེད་རྡོ་རྗེ་སྟོང་ཉིད་ཀྱི་ཚེ་དབང་ཐོབ་པར་མོས་མཛོད། ཧྲཱིཿ འབྱུང་ལྔའི་དྭངས་མ་སྙིང་པོའི་ཚེ༔ ཡེ་ཤེས་བདུད་རྩིའི་བཅུད་དུ་བསྐྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ འཆི་མེད་མཆོག་གི་གནས་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོ༔ ཕྱག་གཡས་སུ་ཐབས་ཀྱི་རྫས་ཚེ་ཡི་བཟའ་བ་ཕུལ་བས་ཐུགས་འཕོ་འགྱུར་མེད་པ་རྡོ་རྗེ་བདེ་བ་ཆེན་པོ་ཐབས་ཀྱི་ཚེ་ལ་དབང་ཐོབ་པར་མོས་མཛོད། ཧྲཱིཿ ཡེ་ཤེས་སེམས་དཔའ་ཚེ་ཡི་ལྷ༔ སྙིང་གི་དཀྱིལ་དུ་གཉིས་མེད་བཞུགས༔ དངོས་གྲུབ་བརྡ་ཡི་རིལ་བུ་འདིས༔ དོན་གྱི་གནས་ལུགས་རྟོགས་པར་ཤོག༔ ར་ས་ཡ་ན་ཨ་བྷི་ཥིཉྩ་ཧོ༔ དེ་དག་གིས་སློབ་མའི་སྒོ་གསུམ་འཆི་མེད་རྡོ་རྗེ་ཚེ་ལྷའི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་དབང་མཆོག་ཐོབ་པར་མོས་མཛོད། གནས་གསུམ་དུ་ཚེ་མདའ་རྒྱ་གྲམ་དུ་བཞག་ལ། ཧྲཱིཿ ལུས་ལ་རྡོ་རྗེའི་རྒྱས་བཏབ་པས༔ གཞོམ་གཞིག་བྲལ་བའི་དཔལ་ཐོབ་ཤོག༔ ངག་ལ་སྔགས་ཀྱིས་རྒྱས་བཏབ་པས༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཤོག༔ ཡིད་ལ་ཡེ་ཤེས་རྒྱས་བཏབ་པས༔ མི་ཤེས་འཁྲུལ་རྟོག་མུན་སངས་ཤོག༔ སྲིད་པར་ཞི་བའི་རྒྱས་བཏབ་པས༔ སྡུག་བསྔལ་རྒྱུ་འབྲས་ཡོངས་དག་ཤོག༔ དེ་དག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུར་གྱུར་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་སྐལ་བ་མཉམ་པར་གྱུར་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་རིག་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་བ་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་གསོལ་ཞིང༌། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དུ་མས་ཀྱང་དགེ་ལེགས་ཀྱི་སྣང་བ་རྒྱས་པར་སྤེལ་བའི་མོས་པ་མཛོད། སོ་སོའི་ཙཀ་ལི་ཐོགས་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལ་ཀུ་རུ་ཨ་བྷི་ཥིཉྩ་མཱི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལ་ཨ་བྷི་ཥིཉྩ་མཱི༔ འཕགས་པའི་སར་གནས་འཁོར་ལོས་བསྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་པས་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་སཔྟ་ཨ་བྷི་ཥིཉྩ་མཱིཿ ཞེས་སྦྱིན་ཞིང༌། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་འབྱུང་བའི་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ། དེས་ཚེ་སྒྲུབ་རང་བྱུང་པདྨའི་སྙིང་ཐིག་རྡོ་རྗེ་ཚེ་ཡི་རྒྱུད་ཀྱི་དགོངས་པ་ཕྱི་སྒྲུབ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་གྱི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་པས། དུས་རྟག་ཏུ་ལྷག་པའི་ལྷ་འདི་ཉིད་ལ་ཕྱག་མཆོད་ཐུགས་དམ་བསྐུལ་ཞིང༌། བསགས་སྦྱང་གི་སྟོབས་ཕུལ་དུ་ཕྱིན་པས་ཚེ་ཡི་དངོས་གྲུབ་ཀྱི་དཔལ་ལ་སྤྱོད་ངེས་པའི་གཡར་དམ་ལྷུར་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ནས་གཏང་རག་ལུས་འབུལ་དགེ་བསྔོ་བཅས་མཐར་དབྱུང་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཆོ་གའི་རྗེས་རིམ་མཐར་དབྱུང་བར་བྱའོ། ༈ ཡང་སྐབས་འགའ་ཞིག་ཏུ་བྱབ་ཁྲུས་ཁ་རྐྱང་དུ་བྱེད་ན་བཤམ་བཀོད་སྐབས། མཎྜལ་སྟེང་ཚོམ་བུ་དགུ་བཀོད་པ་ལ་མཉྫིའི་ཁར་བུམ་པ་ཉེར་ལྔའི་རྫས་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་བཀོད། མཐར་ཉེར་སྤྱོད་དང་གཏོར་མས་བསྐོར་ལ་ཕྱི་སྒྲུབ་དབང་གི་སྐབས་ལྟར་བུམ་པ་སྒྲུབ་རྗེས་བསྒྲུབ་བྱ་མདུན་དུ་བོས་ལ། ཞི་དྲག་གི་སྦྱོང་བ་གསུམ་སྔོན་དུ་འགྲོ་བས། འོ། ཁྱེད་རང་རྣམས་ལ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་སྔགས་ཀྱི་ནུས་པས་མི་མཐུན་པའི་ཚོགས་ཞི་བར་བྱེད་པ་ཁྲུས་ཀྱི་ཆོ་གས་རྗེས་སུ་འཛིན་པ་ལ། བཀྲུ་བྱབ་སྲུང་གསུམ་ལས་དང་པོའི་སླད་དུ། སློབ་དཔོན་སངས་རྒྱས་སྣང་བ་མཐའ་ཡས་སུ་གསལ་བའི་མདུན་དུ་ཁྱེད་རང་རྣམས་ཐ་མལ་དུ་གནས་པ་སོགས་ནས། སྲུང་བ་གནས་གསུམ་དུ་རྡོ་རྗེ་རྒྱ་གྲམ་བཞག་པས་རྒྱས་བཏབ་པའི་བར་དབང་གི་སྐབས་བཞིན་དུ་བྱ། སློབ་དཔོན་དང་ནམ་མཁའ་གང་བའི་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས། ཞལ་ནས་ཤིས་བརྗོད་ཀྱི་རྡོ་རྗེའི་གླུ་དང་ལྷ་ཡི་མེ་ཏོག་གི་ཆར་སིལ་མ་བསྙིལ་བས་ཁྱེད་རང་བདེ་གཤེགས་འོད་མཚན་སྟོང་འབར་གྱི་སྐུར་གྱུར་པར་མོས་མཛོད། སྤྲོ་ན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་འབུལ་བྱ། མཐར་ཤིས་བརྗོད། བསྡུ་ན། ཡེ་དྷརྨ་སོགས། ཆེ་བའི་ཆེ་མཆོག་སོགས་ཀྱིས་ཤིས་བརྗོད་རྒྱས་པར་བྱའོ། ༈ ཡང་ཚེ་དབང་ཁོ་ན་སྒེར་དུ་བྱ་དགོས་བྱུང་ན་བཤམ་བཀོད་སྐབས་ཚེ་བུམ་དང༌། ཚེ་རིལ་ཚེ་ཆང༌། མདའ་དར། མཆོད་པས་བསྐོར། ལས་གཞུང་བསྲངས། ཚེ་རྫས་རྣམས་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བྱ། བསྙེན་པའི་རྗེས་ཚེ་འགུགས་ཀྱང་སྦྱར། ལས་བུམ་སྒྲུབ་ནས། དབང་དངོས་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར་རྗེས་ལོ་རྒྱུས་སྐབས། སྤྲུལ་སྐུ་ལྷ་དགུ་པའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་སོགས་ནས་དབང་དཀྱུས་ལྟར་ལ། བྱབ་ཁྲུས་མི་དགོས། སློབ་མ་ལྷར་བསྐྱེད་བྱིན་འབེབས་རྗེས། དེ་ནས་འཆི་མེད་ཚེ་ཡི་དབང་བསྐུར་སྦྱིན་པ་ནི། མདུན་གྱི་བདེ་གཤེགས་སོགས་མཐའ་རྟེན་བར་སྦྱར་བས་རུང་བའང་ཞར་ལས་འཕྲོས་པའོ། །པྃདྨྃའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་ཡི། །ལྷ་སྔགས་ཏིང་འཛིན་དུ་མས་འཇུག་པའི་སྒོ། །མྃདོ་སྔགྃས་ཟུང་འཇུག་ལམ་གྱི་སྨིན་བྱེད་འདིས། །ཚེ་དཔལ་སྡེ་བཞིའི་གླིྃང་ཀུན་མཛེས་གྱུར་ཅིག །ཅེས་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་རྡོ་རྗེའི་ཚེ་རྒྱུད་ལས་ཕྱི་ཆགས་བྲལ་སྤྲུལ་སྐུ་ལྟར་སྒྲུབ་པའི་དཀྱིལ་འཁོར་གྱི་སྨིན་ལམ་དབང་གི་ཕྲེང་བ་ལེའུ་ཚན་གཉིས་པའོ། | ༄༅། །གང་མཚན་ལེགས་བྲིས་བདུད་རྩིའི་ཟིལ་མངར་དད་བརྒྱའི་སྙིམས་པས་མྱང་ཙམ་གྱིས། །དུས་ཀྱི་ཞགས་པའི་གདུང་བ་བཅིལ་ནས་འཆི་མེད་ལང་ཚོའི་བརྟན་པ་མཆོག །ཡུད་ལ་སྟེར་མཛད་བླ་མ་ཚེ་འོད་དཔག་མེད་དཀྱིལ་འཁོར་ཀུན་གྱི་བདག །ཡིད་ཆེས་དད་པའི་སྲི་ཞུས་བསྙེན་ལ་དགེ་ལེགས་དཔལ་གྱི་ཆར་འབེབས་མཛོད། །མཆོག་གི་བྱིན་རླབས་སྐྱ་རེངས་དང་འགྲོགས་པའི། །ཟབ་གསང་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལ། །སྨིན་བྱེད་འོད་ཀྱི་ཕྲེང་བ་བསྟར་འདི་ཡང༌། །སྐལ་བཟང་ཨུཏྤལ་འཛུམ་པའི་དཔལ་དུ་ཤར། །འདི་ལ་ཕྱི་སྒྲུབ་ཚེ་དཔག་མེད་སྤྲུལ་སྐུ་ལྷ་དགུ། ནང་སྒྲུབ་ལོངས་སྐུ་ཚེ་དཔག་མེད་ལྷ་བཅུ་བདུན་མ། དེའི་ཡན་ལག་རིགས་ལྔ་ཚེ་དཔག་མེད་སོ་སོའི་སྒོས་སྒྲུབ། དབང་ཆེན་རྟ་མགྲིན་རིགས་ལྔའི་སྒྲུབ་ཐབས། གསང་སྒྲུབ་མཁའ་འགྲོ་མནྡཱ་ར་བ་རིགས་ལྔའི་ཚེ་སྒྲུབ། ཡང་ཟབ་རིག་འཛིན་བླ་མའི་ཚེ་སྒྲུབ། བཀའ་སྲུང་ཙཎྜ་ལིའི་རྗེས་གནང་བཅས་ཡོད་པ་ལས་རྩ་གསུམ་འགྲེས་བསྡེབས་ཏེ་རིམ་བཞིན་འཆད་པའི་དང་པོ་བྱིན་རླབས་ཀྱི་སྒོ་འབྱེད་ཕྱིར་བླ་མ་རིག་འཛིན་ཚེ་སྒྲུབ་ཀྱི་དབང་ལ་གཉིས་ལས། དང་པོ་ཡོ་བྱད་ཀྱི་བཤམས་བཀོད་ནི། གཞུང་མཐུན་སྐུ་རྟེན་ནམ་གུ་རུའི་སྣང་བརྙན་བྲིས་འབུར་གང་རིགས་ཀྱི་སྤྱན་སྔར་ཞི་དཀྱིལ་གཞུང་མཐུན་གྱི་རས་བྲིས་སམ་ཚོམ་བུ་གཙོ་འཁོར་བཅུ་གསུམ་ཅན་བཀོད་པའི་དབུས་སུ་མཉྫི་ལ་ཚེ་བུམ། ལྷ་ཙཀ་ཡོངས་རྫོགས། སྔགས་ཕྲེང༌། རྡོ་རྗེ། གཡས་སུ་བྷནྡྷར་བདུད་རྩི། གཡོན་དུ་ཚེ་རིལ། ཚེ་མདའ། མཐའ་སྐོར་ཉེར་སྤྱོད་མཆོད་པས་བསྐོར། མདུན་དུ་བླ་གཏོར་དམར་པོ་གཡས་གཡོན་དུ་ཆད་བརྟན། བཀའ་སྲུང་གི་གཏོར་འབུལ། སྨན་རཀ །དཀར་བགེགས་ཚོགས་མཆོད་བཅས། སྒྲུབ་པ་པོའི་མདུན་དུ་མདའ་དར། ལས་བུམ། ཌཱ་དྲིལ་སོགས་འདུ་བྱས་ལ། གཉིས་པ་དབང་སྒྲུབ་དངོས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས་བདག་མདུན་དབྱེར་མེད་དུ་སྒྲུབ་པས་ལས་གཞུང་བསྲངས། བཟླས་པའི་སྐབས་སུ་བབས་པ་དང༌། སརྦ་མ་ཧཱ་གུ་རུ་མཎྜལ་ལ་ཕཊ་ཛཿས་ཛཔ་ཁང་ཕྱེས་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་དང༌། གྲངས་ཚད་སྒྲུབ་པའི་བཟླས་པ་མང་དུ་བྱ། ལས་བུམ་ལ་དམིགས་པས། ལས་བུམ་ནང་དུ་པད་ཉིའི་སྟེང༌། །པདྨ་དབང་ཆེན་སྐུ་མདོག་དམར། །པདྨའི་དབྱུག་ཏོ་ཞགས་པ་འཛིན། །འདོར་ཐབས་ཡེ་ཤེས་མེ་ཀློང་འགྱིང༌། །སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླས་མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་བས། ལས་ཀྱི་བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་བར་བསམ། དབང་གཞུང་ལྟར་བདག་འཇུག་དང༌། བསྡུ་ན་རིག་པའི་མེ་ཏོག་དོར་ཏེ་སློབ་མ་འཇུག་པར་གནང་བ་ཞུ། བཀའ་གཏེར་སྲུང་མའི་གཏོར་འབུལ་དང་ཚོགས་བསྐང་གཞུང་ལྟར་གྲུབ་རྗེས། སློབ་མ་རྣམས་སྒོ་དྲུང་དུ་འཁོད་པར་ཁྲུས་བྱས་ལ་ནང་དུ་འཁོད་པ་ན་བགེགས་གཏོར་བཏང་ཞིང་བཀའ་བསྒོ། ཐུན་སྔགས་ཀྱིས་གཟིར། གུ་གུལ་བདུག །སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། དེ་ཡང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་སྒྲུབ་པར་འདོད་པའི་སྐྱེས་བུ་བློ་དང་ལྡན་པ་རྣམས་རིང་དུ་འཚོ་བའི་ཚེ་ཡི་དཔལ་ཐོབ་ན་ཇི་ལྟར་འདོད་པའི་དངོས་གྲུབ་ཉམས་འོག་ཏུ་ཆུད་པར་གདོན་མི་ཟ་བས་ཐོག་མ་ཉིད་ནས་དོན་དུ་གཉེར་བྱའི་གཙོ་བོ་ཚེ་སྒྲུབ་པ་གལ་ཆེ་ཞིང༌། དེ་ལའང་སྨན་སྔགས་ཏིང་ངེ་འཛིན་གྱི་སྒྲུབ་ཚུལ་སྒོ་དུ་མ་ཞིག་མཆིས་པ་ལས། ཐབས་ཀྱི་རིམ་པ་དེ་ཐམས་ཅད་གཅིག་དྲིལ། ལྟ་སྒོམ་གྱི་ཟབ་ཁྱད་དུ་མས་འཕགས་པ་གསང་བ་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པའི་རྡོ་རྗེའི་ཚེ་སྒྲུབ་པའི་རིམ་པ་རྣམས་ཆེས་ཟབ་ཅིང་མྱུར་བ་འབད་པ་ཆུང་ངུས་གྲུབ་འབྲས་མངོན་དུ་འགྱུར་ཞིང༌། ད་ལྟའང་སྒྲུབ་པའི་དྲོད་ཚད་མ་ཉམས་པ་མཆིས་བཞིན་པ་ལས་སྐབས་སུ་བབས་པ་འདི་ནི་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པའི་རིག་འཛིན་ཆེན་པོ་བི་མ་ལ་མི་དྲ་དང༌། འཆི་མེད་པདྨ་འོད་འབར་རྣམས་དང་དོན་གྱི་གསང་བ་དབྱེར་མེད་ཅིང་རྣམ་པའི་སྣང་ཆར་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་དང་རིག་པ་འཛིན་པ་རྣམས་ཀྱིས་མངོན་སུམ་དུ་དབང་བསྐུར་ཏེ་འཆི་མེད་བདུད་རྩིའི་རྒྱུན་གྱིས་སྐུ་ཚེའི་དཔལ་བསྐྱེད་པ་དང༌། ཐུན་མོང་དང་ཁྱད་པར་གྱི་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཆོས་ཀྱི་སྒོ་དུ་མས་རྡོ་རྗེའི་རིགས་ཅན་གྱི་སྐལ་བ་མཆོག་ལྡན་དག་ལ་རིང་དུ་འཚོ་བའི་དངོས་གྲུབ་མངོན་སུམ་དུ་སྟེར་ནུས་པ་སོགས་ཚེ་ལ་དབང་ཐོབ་པའི་གྲུབ་རྟགས་མངོན་དུ་གྱུར་པའི་བདག་ཉིད་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཡེ་ཤེས་རྡོ་རྗེའི་ཉིན་བྱེད་ཀྱི་བྱིན་རླབས་ཟབ་མོས་དབུགས་དབྱུང་བ་ལས། འཆི་མེད་པདྨ་གར་དབང་བདེ་ཆེན་མདོ་སྔགས་གླིང་པའི་རིག་གསང་རྡོ་རྗེའི་གསང་མཛོད་ལས་བརྡོལ་བའི་ཚེ་སྒྲུབ་འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལ། རྩ་གསུམ་ཞི་ཁྲོ་བཀའ་སྲུང་དང་བཅས་པའི་ཚེ་སྒྲུབ་པའི་རིམ་གཉིས་ལས་ཚོགས་དང་བཅས་པ་ཟབ་རྒྱས་སུ་བཞུགས་པ་ལས། ཐོག་མར་བྱིན་རླབས་ཀྱི་སྒོ་འབྱེད་པའི་ཕྱིར་ཡང་ཟབ་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་ཚེ་སྒྲུབ་ཟབ་མོའི་སྨིན་བྱེད་སྒྲུབ་པ་སྐབས་སུ་བབས་པ་སྟེ། སྤྱིར་རིག་འཛིན་བླ་མའི་ཐུགས་སྒྲུབ་ཀྱི་རིམ་པའང༌། སྒྲུབ་བྱེད་ཀྱི་ཆོས་སྒོ་ཐབས་དང་ཏིང་ངེ་འཛིན་གྱི་ཟབ་ཁྱད་ཀྱི་དབྱེ་བས་ཕྱི་ནང་གསང་བའི་ཚུལ་དུ་སྒྲུབ་པ་དང༌། བསྒྲུབ་བྱའི་ལྷ་སྤྲུལ་གཞི་དང་སྤྲུལ་པའི་ངེས་པས་བླ་མ་སྐུ་གསུམ་དུ་སྒྲུབ་པ་དང༌། སྒྲུབ་པ་པོ་གདུལ་བྱའི་ཡུལ་ཚར་གཅོད་དང་རྗེས་འཛིན་གྱི་ཕྲིན་ལས་ཀྱི་སྣང་ཚུལ་ལྟར་གུ་རུ་ཞི་བ་དང་ཁྲོ་བོར་སྒྲུབ་པའི་ཚུལ་གྱིས་དབྱེ་བ་ལས་འདི་ནི་ཡང་ཟབ་རིག་འཛིན་བླ་མ་སྤྲུལ་སྐུ་ཞི་བའི་ཚུལ་དུ་སྒྲུབ་པ། འཕགས་བོད་ཀྱི་ལྗོངས་སུ་འཆི་མེད་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་སུམ་དུ་མཛད་པའི་རིག་འཛིན་བླ་མ་འདུས་པའི་དྲིལ་སྒྲུབ་སྟེ། སངས་རྒྱས་བྱང་སེམས་རྩ་བ་གསུམ་པོ་ཀུན་ལས་བླ་མ་ཉིད་སྒྲུབ་ཐག་ཉེ་ཞིང་ཐུགས་རྗེའི་རྩལ་མྱུར་བྱིན་རླབས་རྟགས་མཚན་ཆེ་བ་དང་གཏེར་ཁ་གསར་རྙིང་ཀུན་ལས་རིག་འཛིན་བླ་མའི་ཚེ་སྒྲུབ་ཟབ་རྒྱས་ངོ་མཚར་ཅན་དུ་མ་བྱོན་པ་ལྟར་ལ་རིག་འཛིན་བླ་མའི་ཚེ་སྒྲུབ་ཀྱི་ཟབ་ཆོས་འདི་ཉིད་ཀུན་མཁྱེན་བླ་མས་བསྙེན་སྒྲུབ་ཉམས་བཞེས་ཀྱི་ཚུལ་མཛད་པས་རྟགས་མཚན་དགེ་བར་བྱུང་ཞེས་རྡོ་རྗེའི་བཀའ་བསྩལ་བའི་སྨར་ཆོས་ཀྱི་དབང་བསྐུར་སྦྱིན་པ་ལ་ཐོག་མར་མཎྜལ་ཕུལ། བླ་མ་འཆི་མེད་ཚེ་ཡི་དཀྱིལ་འཁོར་གྱི་ཁྱབ་བདག་རིག་པ་འཛིན་པའི་དབང་ཕྱུག་ལ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་མཆོག༔ རིག་འཛིན་བླ་མ་བདག་ལ་དགོངས༔ འཆི་མེད་རྟག་པའི་ཚེ་སྒྲུབ་ཕྱིར༔ ཡེ་ཤེས་མཆོག་གི་དབང་བསྐུར་སྩོལ༔ དེ་ཡང་ཤུལ་རིང་གི་ལམ་དུ་ཞུགས་པ་ལ་འཇིགས་པ་སྐྱོབས་པའི་དེད་དཔོན་ཚོལ་བ་བཞིན་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཐོག་མར་སྐྱབས་ཀྱི་མཆོག་དཀོན་མཆོག་རྩ་གསུམ་ཀུན་འདུས་རིག་འཛིན་བླ་མའི་ལྷ་ཚོགས་ལ་བདག་གཞན་ཡིད་ཅན་ཐམས་ཅད་སྒོ་གསུམ་གུས་པས་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་མཆི་སྙམ་པའི་ཀུན་སློང་དང་དོན་དམ་གནས་ལུགས་རང་ངོ་ཤེས་པའི་སྐྱབས་འགྲོ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ རང་རིག་འོད་གསལ་ཆོས་ཀྱི་སྐུ༔ སོགས། སྲིད་ཞིའི་མཐའ་ལས་འདས་པའི་འཆི་མེད་རྟག་པ་དམ་པའི་གོ་འཕང་མཆོག་སྒྲུབ་པའི་ཕྱིར་རིག་འཛིན་བླ་མའི་གསང་གསུམ་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་དུ་འཇུག་སྟེ་མཁའ་ཁྱབ་ཀྱི་ཡིད་ཅན་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་འཇིགས་ཚོགས་ལས་སྐྱོབ་པའི་སླད་དུ་སེམས་བསྐྱེད་པར་དམ་བཅའ་བ་འདི་ཡི་རྗེས་ཟློས་མཛོད། ཧྲཱིཿ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སོགས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་གྱི་དམིགས་རྣམ་ལ་ཐུགས་གཞོལ་བས་འདིའི་རྗེས་ཟློས་མཛོད། ཧྲཱིཿ ཡེ་ཤེས་དབྱིངས་ལས་རང་ཤར་ལྷར༔ སོགས། སྡོམ་པ་བཟུང་བའི་ཡུལ་སྐྱབས་ཡུལ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བཟུང་བྱ་ངེས་འབྱུང་སོ་ཐར། གཞན་ཕན་བྱང་སེམས། དག་མཉམ་སྔགས་ཀྱི་སྡོམ་པ་རྒྱ་མཚོ་ཚུལ་བཞིན་བཟུང་ཞིང་བསྲུང་བས་དགོས་པ་འགྲོ་ཀུན་མཐའ་གཉིས་ལས་འདས་པའི་བླ་ན་མེད་པའི་གོ་འཕང་ལ་འགོད་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་དག་གི་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ། ཐོག་མར་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པ་ལ་སྒོ་གསུམ་གྱི་གནད་བཅིངས་ཏེ་ཐུགས་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོས་བཅས་ཕུང་ཁམས་ཀྱི་མཚོན་པའི་མ་དག་འཁྲུལ་རྟོག་གི་ཆོས་ཀུན་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་དག་ཆེན་ཡེ་ཤེས་ཀྱི་རོལ་མོ་འོད་གསལ་བདེ་བ་ཆེན་པོའི་བཀོད་པ་འབྱམས་ཀླས་པའི་དབུས་སུ་སེང་ཁྲི་པད་ཟླའི་སྟེང་ལ་རང་རིག་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐྱབས་གནས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་འཆི་མེད་པདྨ་འོད་འབར་སྐུ་མདོག་སྟོན་ཟླ་གསར་པའི་མདངས་ཅན་ལང་ཚོའི་མཛེས་སྡུག་གི་གཟི་བྱིན་མཚུངས་པ་མེད་པ་ཞི་འཛུམ་མཚན་དཔེའི་དཔལ་ཅན་དགྱེས་ཡེ་རེ་བཞུགས་པ། སྐུ་ལ་དར་གྱི་ཤམ་ཐབས་དང་རིན་ཆེན་རུས་པའི་རྒྱན་ཕྲེང་གིས་མཛེས་པར་སྤུད་པ། ཕྱག་གཡས་ཡེ་ཤེས་ལྔ་ལྡན་གྱི་མདའ་དར་གཡབ་ཅིང༌། གཡོན་པས་འཆི་མེད་བདུད་རྩིའི་བཅུད་ཀྱིས་གང་བའི་བུམ་བཟང་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་འོད་ལྔའི་སྤྲིན་ཕུང་འཁྲིགས་པའི་ཀློང་ན་བཞུགས་པའི་པང་དུ་བདེ་ཆེན་ཚེ་ཡི་དགྱེས་སྡེ་ལྷ་ལྕམ་མནྡཱ་ར་བ་མཛེས་སྡུག་ལང་ཚོའི་བརྟན་པ་རྒྱས་པ་དང་གཉིས་མེད་སྦྱོར་བའི་ཕྱག་གཡས་མདའ་དར་དང་གཡོན་ཚེ་བུམ་འཛིན་པ་སྣང་སྟོང་སྒྱུ་མའི་ཡེ་ཤེས་སྐུ་ཅན་གསལ་བའི་གནས་གསུམ་གྱི་ཡིག་འབྲུའི་འོད་ཟེར་དང༌། ལྷ་དང་སློབ་དཔོན་ལ་མོས་གུས་དྲག་ཏུ་བསྐྱེད་པའི་བྱེད་ལས་ཀྱིས་ཕྱོགས་དུས་རྩ་གསུམ་རྒྱལ་བའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་རྡོ་རྗེའི་ཆོས་སྐྱོང་བའི་ཚོགས་དང་བཅས་པ་ལྷ་སྔགས་ཕྱག་མཚན་གྱི་རྣམ་པས་ནམ་མཁའ་བར་སྣང་ས་གཞི་ཁྱབ་པར་སྤྱན་དྲངས་ནས་གཉིས་མེད་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་བྱིན་ཐོབ་པར་མོས་མཛོད། སྤོས་རོལ་གདུང་ཤུགས་དབྱངས་དང་བཅས་ཏེ་ལས་བྱང་གི་བྱིན་འབེབས། ཧྲཱིཿ ཀ་དག་དབྱིངས་ཀྱི་ཕོ་བྲང་ནས༔ སོགས་སྔགས་བཅས་བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ་འཆི་མེད་ཚེ་ཡི་དབང་བཞི་ཟབ་མོས་སྨིན་པར་བྱེད་པ་ལས། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་ཐུགས་དམིགས་འདི་ལྟར་མཛོད། བདག་མདུན་འཆི་མེད་པདྨ་འབྱུང་གནས་སུ་གསལ་བ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བ་བཞིའི་དྭངས་མ་འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང༌། མདའ་དར་གཡབ། ཧྲཱིཿ ཀ་དག་དབྱིངས་ཀྱི་ཕོ་བྲང་ནས༔ སོགས་ཚེ་འགུགས་ལས་བྱང་བཞིན་བརྗོད། དབང་དངོས་ཀྱི་དང་པོ་འཆི་མེད་ཚེ་ཡི་བུམ་པ་བདེ་ཆེན་དབང་གི་ཕོ་བྲང་ཆེན་པོར་གྱུར་པའི་ནང་དུ་ཚེ་ཡི་རིག་འཛིན་བརྒྱུད་པ་རྣམས་གཙོ་འཁོར་དུ་བཞུགས་པ། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་ཚེ་ཡི་ལྷ་མོ་རྣམས་ཀྱི་ཕྱག་ན་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་བསྐུར་བས། བུམ་ནང་གི་ལྷའི་སྐུ་ལས་བྱུང་བའི་འཆི་མེད་བདུད་རྩིའི་རྒྱུན་གྱིས་བུམ་པ་ཁེངས། ཁ་ནས་ལྷུད་ཀྱིས་ལུད་པ་སློབ་མའི་སྤྱི་བོའི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། རྩ་ཁམས་ཡེ་ཤེས་ཀྱི་དྷཱུ་ཏིར་དག་ཅིང་སྨིན་པས་སྐུ་སྐྱེ་འཆི་མེད་པ་རྡོ་རྗེ་ཚེ་ཡི་བུམ་དབང་ཐོབ། སྣང་སྟོང་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་ཡི་ལང་ཚོར་སྨིན་པར་བྱས་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ལ། ཧྲཱིཿ རིན་ཆེན་བུམ་པ་བཅུད་དང་ལྡན༔ རིག་འཛིན་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀ་ལ་ཤ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་དག་གིས་སྣང་བཅས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཀྱི་སྐུ་ཡི་དཀྱིལ་འཁོར་མཆོག་ཏུ་ཤར་བ་གཞི་བུམ་པའི་དབང་གི་ནུས་པས་མངོན་དུ་བྱས་པ་གོང་འཕེལ་དུ་བྱ་བའི་ཕྱིར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་བསྐྱེད་ལྷ་ཚོགས་རྣམས་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་རུ་དབང་བསྐུར་བྱིན་གྱིས་བརླབས་པར་མོས་མཛོད། སྐུ་ཙཀ་རྣམས་ཐོགས་ཏེ། ཧྲཱིཿ འོད་གསལ་དབྱིངས་ཀྱི་ཕོ་བྲང་ནས། །འཆི་མེད་དྭངས་མའི་མཚན་དཔེའི་གཟུགས། །དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀཿ ཐོད་ཕྲེང་རྩལ་གྱིས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །མཆོག་གི་སྤྲུལ་པའི་ཚུལ་འཆང་བ། །འཆི་མེད་ཡེ་ཤེས་ཆེ་བརྙེས་པ། །དགའ་རབ་རྡོ་རྗེས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཡེ་ཤེས་ཕྱག་རྒྱ་རྒྱ་ཆེན་དབྱིངས། །འཆི་མེད་རྡོ་རྗེའི་སྐུ་མཆོག་གྲུབ། །རྡོ་རྗེའི་ཚེ་གྲུབ་ཆེ་བའི་མཆོག །བི་མ་མི་ཏྲས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ འཁོར་འདས་ཆོས་ཀུན་ཡེ་ཤེས་ཀྱིས། །ཟིལ་གནོན་འཇམ་དཔལ་གྲུབ་པའི་མཆོག །གསང་སྔགས་ཆོས་ཀྱི་མཛོད་ཆེན་པོ། །སངས་རྒྱས་ཡེ་ཤེས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བདེ་བ་ཆེན་པོ་རྡོ་རྗེའི་དབྱིངས། །མི་འགྱུར་དགོངས་པ་མཁའ་ལྟར་ཁྱབ། །དཔལ་ཆེན་ཧེ་རུ་ཀཿདཔལ་དངོས། །ནམ་མཁའི་སྙིང་པོས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ག་ག་ན་གརྦྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ སངས་རྒྱས་ཀུན་གྱི་བདེ་ཆེན་དབྱིངས། །མཆོག་གྲུབ་རྡོ་རྗེ་དགྱེས་མའི་དཔྱིད། །འཆི་མེད་ཌཱ་ཀིའི་ལང་ཚོ་གྲུབ། །ཡེ་ཤེས་མཚོ་རྒྱལ་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་ས་ག་ར་ཛ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཚོགས་བརྒྱད་ཡེ་ཤེས་ཀློང་སྒྲོལ་ནས། །རིག་རྩལ་དབང་གི་མཆོག་ཐོབ་པས། །རྡོ་རྗེའི་ཡེ་ཤེས་གཟུགས་སྨིན་པ། །ཤྲཱི་སེང་ཧས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཤྲཱི་སེངྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ འཁོར་འདས་ཆོས་ཀུན་དབྱིངས་སྡོམ་པའི། །བདེ་ཆེན་མཆོག་གི་ཕྱག་རྒྱ་གྲུབ། །ཐུགས་ཀྱི་རྡོ་རྗེ་ཧེ་རུ་ཀཿ ཧཱུྃ་ཀཱ་ར་ཡིས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་ཧཱུྃ་ཀཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ འཆི་མེད་རྡོ་རྗེའི་གསང་གསུམ་གྲུབ། །ཟབ་རྒྱས་ཆོས་ཀྱི་མིག་ཆེན་པོ། །འོད་གསལ་དགོངས་ཀློང་མཁའ་ཁྱབ་བརྡལ། །བཻ་རོ་ཙཱ་ནས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་བཻ་རོ་ཙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ རྒྱལ་ཀུན་ཡེ་ཤེས་ཕུང་པོའི་གཏེར། །ཚངས་ཆེན་འཁོར་ལོས་བསྒྱུར་ཆེན་པོ། །བོད་ཡུལ་མུན་སེལ་མཉྫུ་ཤྲཱི། །ཆོས་རྒྱལ་ཆེན་པོས་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་གུ་རུ་བྲཧྨ་དེ་ཝ་པུཥྤེ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཚད་མེད་བདེ་ཆེན་ཕྲིན་ལས་ཀྱིས། །ཚར་གཅོད་རྗེས་འཛིན་དངོས་གྲུབ་སྟེར། །དཔལ་གྱི་དཀྱིལ་འཁོར་སྒོ་སྐྱོང་ཚུལ། །དབང་ཆེན་རིགས་བཞིས་དབང་བསྐུར་རོ། །ཧྲཱིཿབཛྲ་རཏྣ་པདྨ་ཀརྨ་ཧ་ཡ་གྲཱྀ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཀུན་མཁྱེན་འཇམ་དབྱངས་བླ་མར་ཐོག་མའི་ཆོས་སྒོ་འབྱེད་པའི་སྐབས་རྡོ་རྗེ་གསུམ་གྱི་དབང་བསྐུར་མཐའ་རྟེན་དུ་སྦྱོར་ན་ལེགས་ཞེས་བཀའ་བསྩལ་བཞིན་རང་ཚིག་གིས་བྲིས་ཏེ་ཁ་སབ་བྱས་པའོ། །དེ་དག་གིས་སྣང་བཅས་མཚན་མའི་དཀྱིལ་འཁོར་དུ་སྒྲུབ་པའི་རྫས་ལ་བརྟེན་ཏེ། སྐུ་བུམ་པའི་དབང་བསྐུར་བས། དག་བྱ་ལུས་ཀྱི་སྒྲིབ་པ་ཕྲ་རགས་དག །བསྐྱེད་བཟླས་ཕྲིན་ལས་དང་བཅས་པ་ལམ་དུ་བྱེད་པ་ལ་དབང༌། འབྲས་བུ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཡི་ཚེ་དང་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ལྟར་བུམ་དབང་མཐའ་རྟེན་དང་བཅས་པས་ལུས་སྐུ་རྡོ་རྗེར་བྱིན་བརླབས་བརྟན་པའི་ཕྱིར་འདི་ལྟར་སྣང་བའི་སྣོད་ཀྱི་འཇིག་རྟེན་འཆི་མེད་པདྨ་དྲྭ་བ། བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་རིག་འཛིན་བླ་མའི་དཀྱིལ་འཁོར་དུ་ཤར་བས། སྣང་གྲགས་རིག་པའི་ཆོས་ཐམས་ཅད་རིག་འཛིན་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་རྣམ་རོལ་སྣོད་བཅུད་དག་པ་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ངོ་བོར་སད་པར་མོས་ལ་དེའི་གསལ་སྣང་ལ་ཅུང་ཟད་མཉམ་པར་ཞོག་ཅིག །ཅེས་བསྐུལ་ལ་གསལ་སྣང་ལ་སེམས་བཟུང༌། གཉིས་པ་གསང་དབང་ནི། ཚེ་ཡི་རིག་འཛིན་ཐམས་ཅད་རང་འོད་ཤེས་རབ་ཀྱི་ཕྱག་རྒྱ་དང་གཉིས་མེད་བདེ་བ་ཆེན་པོས་སྦྱོར་བའི་སེམས་སྤྲིན་གྱིས་སངས་རྒྱས་ཐམས་ཅད་ཀྱང་རྗེས་ཆགས་ཆེན་པོའི་གནས་ལ་བསྐུལ་ཏེ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་དང་ཆབས་ཅིག་འཁོར་འདས་བརྟན་གཡོའི་དྭངས་མའི་ཐིག་ལེའི་ཟེགས་མ་འདུས་པ་བྷཉྫའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་བའི་ཤེས་རབ་ཚེ་ཡི་བཏུང་བ་ལྗགས་ལ་བྱིན་པས་གསང་དབང་བསྐུར་བར་མོས་མཛོད། ཧྲཱིཿ ཡེ་ཤེས་བདུད་རྩི་བཅུད་ཆེན་པོ༔ རྒྱལ་ཀུན་བདེ་ཆེན་ཞུ་བའི་བཅུད༔ རྟོག་པ་བྲལ་བས་རོལ་པའི་མཐུས༔ རླུང་སྔགས་གཞོམ་མེད་སྲོག་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་མྱང་དུ་གཞུག །མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཁམས་ཐམས་ཅད་གང༌། དུག་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་གསང་དབང་གི་ཡེ་ཤེས་ཏེ། དེའི་ངོ་བོ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་མཉམ་པར་འཇོག་འཚལ། རྗེས་འབྲེལ་གསུང་བཟླས་པའི་ལུང་སྦྱིན་པའི་སླད་དུ། མདུན་བསྐྱེད་རིག་འཛིན་བླ་མ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་ཀར་པད་ཟླའི་སྟེང་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཟླ་གདན་ཧྲཱིཿཡིག་དཀར་གསལ་གྱི་མཐའ་བསྐོར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་སེམས་གཏད་དེ་དད་མོས་བྱས་པས། ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་བྱུང༌། འགལ་མེའི་འཁོར་ལོ་ལྟར་བརྒྱུད་པ་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་སོན་པ་དང་པད་ཟླར་གསེར་གྱི་རྡོ་རྗེའི་ལྟེ་བར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པར་གྱུར་ནས་བཀྲ་ལམ་གྱིས་གསལ་བ་ལ་སེམས་གཏད་དེ་བསྙེན་པའི་བཟླས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ སླར་ཡང་མདུན་བསྐྱེད་རིག་འཛིན་གཙོ་འཁོར་གྱི་ཐུགས་སྲོག་ཧྲཱིཿལ་སྒྲུབ་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཤིང་སྣང་གྲགས་རིག་པ་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་གསང་བ་གསུམ་གྱི་དཀྱིལ་འཁོར་འཁོར་ལོར་སད་པར་མོས་ལ་སྒྲུབ་སྔགས་ལན་གསུམ་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ སླར་ཡང་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་ཕྲེང་བ་དཀར་སེར་དམར་ལྗང་མཐིང་ག་ལྔས་ཕྲིན་ལས་བཞི་མཐར་ཕྱིན་པའི་དངོས་གྲུབ་སྩོལ་བར་མོས་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྒྲུབ་སྔགས་མཐར་ལས་བཞིའི་ཤམ་བུ་ལ། ཤཱནྟིཾ་ཀུ་རུ་ཧཱུྃ༔ པུཥྚིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧྲཱིཿ མཱ་ར་ཡ་ཕཊ༔ དེ་དག་གི་ནུས་པ་བརྟན་པར་བྱ་བའི་ཕྱིར་གསུང་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བར་མོས་མཛོད། ཧྲཱིཿ ཐབས་ཤེས་ཨེ་ཝཾ་སྡོམ་པའི་རྒྱུད། །རྡོ་རྗེའི་གསང་བ་སྔགས་མཆོག་གིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །གྲགས་སྟོང་རྡོ་རྗེའི་གསུང་འགྲུབ་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཝཱཀ་མནྟྲ་མཱ་ལ་ཨ་བྷི་ཥིཉྩ་ཨཱཿ དེ་དག་གིས་ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུ་བདེའི་རྫས་ལ་བརྟེན་ནས་གསང་བའི་དབང་མཐའ་རྟེན་དང་བཅས་པ་བསྐུར་བས་དག་བྱ་ངག་གི་སྒྲིབ་པ་དག །རླུང་སེམས་སྒྱུ་མ་ལྟ་བུའི་བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསུང་གཞོམ་གཞིག་བྲལ་བའི་རྡོ་རྗེ་ནཱ་དའི་ཚེ་དང་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ལྟར་གསང་དབང་མཐའ་རྟེན་དང་བཅས་པས་ངག་གསུང་རྡོ་རྗེར་བྱིན་བརླབས་བརྟན་པའི་ཕྱིར་རང་ལུས་ཐབས་ལྡན་གྱི་ལམ་འབར་འཛག་གིས་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་འདི་ལྟར་མཛོད། རང་ཉིད་འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་དུ་བསྒོམ་པའི་སྐུ་དབུས་ཨ་ཝ་དྷཱུ་ཏི་མཚན་ཉིད་བཞི་ལྡན་འཁོར་ལོ་བཞི་དང་བཅས་པ་གསལ་བའི་གཡས་གཡོན་དུ་རོ་རྐྱང་གི་མར་སྣེ་དབུ་མའི་སྦུབས་སུ་ཆུད་པའི་སྟོང་ར་ལེགས་པར་གསལ་བའི་ཡར་སྣེ་སྣ་བུག་ཏུ་ཟུག་པ་ལས་དུག་གསུམ་གྱི་རླུང་རོ་སོལ་མཛོད། རླུང་རོ་གསུམ་བསལ། སླར་ཡང་སྟེང་རླུང་རྔུབ་པས་ལྟེ་བའི་གཏུམ་མོ་བསྐུལ་ཏེ་འབར། འཁོར་ལོ་བཞི་བརྒྱུད། སྤྱི་བོའི་ཧྃ་ལ་རེག་པས་ཞུ་བདེའི་ཉམས་རྒྱས་བདུད་རྩིའི་དྭངས་མ་གནས་ནས་གཡོས། ཡས་བབ་ཀྱི་དགའ་བཞི་ཉམས་སུ་མྱོང༌། བདེ་བའི་འོད་ཀྱིས་བརྟན་གཡོ་ཀུན་ལ་ཁྱབ། བདེ་ཆེན་དྭངས་མའི་བཅུད་དུ་ཞུ་བ་རང་གི་སྒོ་གསུམ་ལ་སིབ་ཀྱིས་ཐིམ་པས་རྩ་རླུང་ཐིག་ལེའི་ཁམས་ཉམས་པ་གསོས། རླུང་ཡོ་བ་བསྲང༌། འཕོ་མེད་བདེ་བ་ཆེན་པོའི་ལང་ཚོ་ཐོབ། དཀར་དམར་གྱི་དྭངས་མ་ཐམས་ཅད་མི་ཤིགས་ཐིག་ལེའི་ཀློང་དུ་རྒྱས་བཏབ་པར་བསམ་ལ་དྲག་རླུང་བུམ་པ་ཅན་ལ་གནད་དུ་བསྣུན་པར་མཛོད་ཅིག །དཔོན་སློབ་ཀུན་ནས་བུམ་ཅན་བདུན་ནམ་གསུམ་བཟུང་ལ་དམིགས་པ་གཅུན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། བདེ་སྟོང་གཉིས་སུ་མེད་པའི་དྭངས་མའི་དཀར་དམར་གྱི་ཐིག་ལེ་ཚེ་ཡི་དངོས་གྲུབ་སྦྱིན་པའི་རིལ་བུ་བྱིན་པ་རྡོ་རྗེའི་ལྕེ་ཡི་ལམ་བརྒྱུད་སྙིང་གར་སོན་པས་བདེ་སྟོང་ཡེ་ཤེས་ཆེན་པོའི་དགོངས་པའི་རྩལ་འབྱོང་ཞུ་བདེ་རྗེས་ཆགས་ཀྱི་ཉམས་རྒྱས། ལྷན་སྐྱེས་ནམ་མཁའ་ལྟ་བུའི་དོན་གྱི་ཡེ་ཤེས་འདྲེན་བྱེད་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱིཿ རྡོ་རྗེ་མི་ཤིགས་སྲོག་གི་ཁམས༔ ཐིག་ལེའི་དྭངས་མ་རིལ་བུར་འདྲིལ༔ ཡེ་ཤེས་སེམས་དཔའི་ཚུལ་ཉིད་དུ༔ ཙིཏྟའི་དབུས་སུ་བརྟན་པར་བཞུགས༔ ས་མ་ཡ་ཛྙཱ་ན་ཧྲཱིཿཧྲཱིཿཧྲཱི༔ ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱའི་ནུས་པ་བརྟན་པའི་ཕྱིར། རིག་འཛིན་བླ་མའི་ཐུགས་ཀ་ནས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཕྱག་མཚན་གྱི་རྣམ་པར་བྱུང༌། སྙིང་གར་ཐིམ་པས་རིལ་བུ་དང་དབྱེར་མེད་གྱུར་ནས་པད་ཟླའི་སྟེང་དུ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱིཿལ་ཐིམ་པས་ཐུགས་རྣམ་པར་མི་རྟོག་པའི་གནས་ལུགས་མངོན་སུམ་དུ་རྟོགས་པར་མོས་མཛོད། ཕྱག་མཚན་རྡོ་རྗེ་སྙིང་གར་བཞག་ལ། ཧྲཱིཿ གཉིས་སུ་མེད་པའི་ཡེ་ཤེས་ནི། །མི་ཕྱེད་རྡོ་རྗེའི་ཕྱག་རྒྱར་ཤར། །བུ་ཡི་སྙིང་གར་བཞག་པ་ཡིས། །དོན་གྱི་གནས་ལུགས་རྟོགས་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཁ་སྦྱོར་གྱི་བདེ་བ་ལ་བརྟེན་ནས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་དག་བྱ་ཡིད་ཀྱི་སྒྲིབ་པ་དག །འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ལམ་དུ་བྱེད་པ་སྣ་ཚོགས་གཟུགས་ཀྱི་ཕྱག་རྒྱ་བསྟེན་པ་ལ་དབང༌། འབྲས་བུ་ཐུགས་གཡོ་འཁྲུལ་མེད་པ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ལྟར་ཤེར་དབང་གིས་ཡིད་ཐུགས་རྡོ་རྗེར་བྱིན་བརླབས་བརྟན་པའི་ཕྱིར་གཞན་ལུས་མཉམ་སྦྱོར་གྱི་དམིགས་པས་ཚེ་བཅུད་བསྡུ་བའི་ཏིང་འཛིན་ནི། སློབ་མ་རང་ཉིད་འཆི་མེད་པདྨ་ཐོད་ཕྲེང་དུ་གསལ་བའི་པང་དུ་རང་འོད་ཀྱི་ཕྱག་རྒྱ་མནྡ་ར་བ་གཞོན་མཛེས་ལང་ཚོའི་མཛེས་པ་རྨད་དུ་བྱུང་བའི་མཁའ་གསང་རྡོ་རྗེ་པདྨ་སྦྱོར་ཞིང་རེག་པའི་བདེ་བས་བདེ་སྟོང་ལྷན་སྐྱེས་ཀྱི་དེ་ཉིད་མངོན་དུ་བྱའོ་སྙམ་པའི་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པའི་རྐྱེན་གྱིས་སྐུ་དང་སྦྱོར་མཚམས་ནས་བྱུང་བའི་འོད་ཟེར་གྱིས། བརྟན་གཡོ་སྲིད་ཞིའི་དྭངས་མ་བདེ་སྟོང་རྡོ་རྗེའི་སྤྲིན་དུ་བཞུས་པའི་བཅུད་ཐམས་ཅད་རྩ་རླུང་ཐིག་ལེའི་ཁམས་ལ་ཐིམ་པས་ཚེ་ཉམས་གུད་གསོས། ལུས་ཀྱི་ཟུངས་དང་སེམས་ཀྱི་སྟོབས་རྒྱས་པའི་བདེ་སྟོང་གི་རྩལ་ཤུགས་དྲག་ཏུ་འབར་ནས་ཡས་བབ་དང་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པ་ཉམས་སུ་མྱོང༌། དཔེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་རྒྱུད་ལ་འདྲེན་པའི་དམིགས་པ་གསལ་ཐོབ་མཛོད། ཅེས་དམིགས་པ་འཛིན་དུ་བཅུག །བཞི་པ་ཚིག་དབང་རིན་པོ་ཆེའི་ངོ་སྤྲོད་འབོག་པ་ལ། ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ་རྒྱས་བཏབ་པས། ཁྱེད་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆས་གཡོགས། དྭངས་མའི་རྩ་རླུང་ཐིག་ལེའི་བཅུད་བདེ་ཆེན་འོད་གསལ་གྱི་སྲོག་ཏུ་བསྟིམ། གཉུག་མ་མི་འགྱུར་རིག་པའི་རང་ངོ་སྐྱེ་འཆིའི་མཚན་མ་གདོད་ནས་མ་གྲུབ་པ་ཡེ་ཤེས་རྡོ་རྗེ་འཆི་མེད་གཉུག་མའི་དོན་ལ་མཉམ་པར་འཇོག་མཛོད། ཨཿ ཕྱོགས་བཅུར་སྤྲོས་པའི་ཁྱབ་བརྡལ་ཚེ༔ གཉུག་མའི་ཐིག་ལེར་རོ་གཅིག་བསྟིམ༔ འདུ་འབྲལ་མེད་པའི་ཆོས་ཉིད་ཀློང༔ རིག་སྟོང་ཡེ་ཤེས་དགོངས་པར་ཨ༔ ཚེ་མདའ་སྤྱི་བོར་བཀོད་ལ་མཉམ་ཉིད་ཀྱི་ལྟ་བས་རྒྱས་བཏབ། དཔོན་སློབ་ཀུན་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ལ་མཉམ་པར་ཞོག་ལ་རྡོ་རྗེའི་ཚིག་འདིས་ངོ་སྤྲོད་གདབ་པར་མོས་མཛོད། ཀ་དག་རང་བྱུང་དབྱིངས་ཀྱི་ཀློང༌། །ལྷུན་གྲུབ་ཐིག་ལེ་བརྡལ་བ་ཆེ། །གཉིས་མེད་དོན་གྱི་དགོངས་པ་འདི། །གདོད་ནས་འཕོ་འགྱུར་མེད་པར་བཞུགས། དྷརྨ་དྷཱ་ཏུ་ཛྙཱ་ན་ཨཿ ཞེས་དགོངས་པ་བསྐྱངས་པས། སྣོད་བཅུད་ཐམས་ཅད་འོད་དུ་མེར་གྱིས་ཞུ་ནས་ཆོས་ཉིད་སྟོང་པའི་ངང་དུ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་སྣང་གྲགས་རིག་གསུམ་དག་པའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་གྱིས་ཤར་བར་མོས་ཤིག །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བརྡ་དོན་ཐབས་ལ་བརྟེན་ནས་བཞི་པ་ཚིག་གི་དབང་བསྐུར་བས་དག་བྱ་ཤེས་བྱའི་སྒྲིབ་པ་དག །ཟུང་འཇུག་མི་གནས་ཕྱག་རྒྱ་ཆེན་པོའི་ཏིང་འཛིན་སྒོམ་པ་ལ་དབང༌། འབྲས་བུ་བདེ་ཆེན་ཡེ་ཤེས་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །རྗེས་ཤིས་པ་བརྗོད་ཅིང་དམ་ཚིག་ཁས་བླང་གཏང་རག་ཡོན་འབུལ་དགེ་བསྔོ་བཅས་སྤྱི་ལྟར་བྱ། སློབ་མ་རྣམས་རང་གནས་སུ་བཏང༌། སློབ་དཔོན་གྱིས་ལྷག་མ་ནས་བརྩམས་ཆོ་གའི་རྗེས་ཀྱི་ལས་རིམ་མཐར་དབྱུང་བས་གྲུབ་པའོ། །འདིར་ནི་གསང་བ་གཞན་ལྟར་སྨིན་སློབ་ཀྱི་དབང་དུ་བྱས་ཀྱི། ཐུན་མོང་གི་གདུལ་བྱ་དང་བསྐྱེད་རིམ་གྱི་བསྙེན་སྒྲུབ་གཙོ་བོར་དོན་དུ་གཉེར་བ་ལ་དབང་བཞི་སོ་སོའི་མཐའ་རྟེན་གྱི་དམིགས་པ་རྣམས་མ་སྦྱར་ཀྱང་རུང་ངོ༌། །འཆི་མེད་རིག་འཛིན་བླ་མའི་རྡོ་རྗེའི་ཚེའི། །འཆི་མེད་དངོས་གྲུབ་དཔལ་ལ་སྤྱོད་བྱེད་དབང༌། །འཆི་མེད་གརྃ་དབྃང་མྃདོ་སྔགྃས་གླིངྃ་པས་སྦྱར། །འཆི་མེད་གྲུབ་པའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་བྱིན་རླབས་ཀྱི་རྩ་བ་རིག་འཛིན་བླ་མ་འདུས་པའི་དཀྱིལ་འཁོར་གྱི་སྨིན་ལམ་དབང་གི་ཕྲེང་བའི་ལེའུ་ཚན་དང་པོའོ། ༈ འོད་མཚན་སྟོང་འབར་མཚན་གྱི་ཉིན་བྱེད་རྡུལ། །རེག་པ་ཙམ་གྱིས་ཚེ་དང་ཡེ་ཤེས་ཀྱི། །བདུད་རྩིས་དགེ་བར་བྱེད་པའི་གྲགས་སྙན་སྤྲིན། །རབ་འབྱམས་རྒྱལ་བའི་ཞིང་མཛེས་འདྲེན་པ་རྒྱལ། །གང་གི་ཐུགས་རྗེའི་དཔལ་གྱི་འདབ་མ་ལས། །དངོས་གྲུབ་གྲུ་ཆར་འཇོ་བས་ཀུན་དགའི་དཔྱིད། །སྦྱིན་བྱེད་རྡོ་རྗེ་ཐེག་པའི་འཇུག་སྒོའི་ཕུལ། །རིམ་པ་དབང་གི་ཆོ་ག་གསར་པ་དབྱེ། །འདི་ལ་གཉིས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་ནི། གང་དུ་བྱ་བའི་གནས་ཁང་བྱི་དོར་རྒྱན་བཀོད་སྤྲས་པའི་གུང་དུ་གཞུང་མཐུན་རྟེན་གྱི་སྤྱན་སྔར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་མཛེས་ཚོན་བྲིས་པའི་ལྟེ་བར་མཉྫིའི་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན། མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དུང་ཞལ་བཅས་བཀོད། མདུན་དུ་སྐུ་ཙཀ །གཟུངས་མདོའམ་སྔགས་བྱང༌། ཐུགས་རྟེན་མཆོད་སྡོང་ཚེ་གཟུངས་ཀྱི་ནང་གཞུག་ཅན། ནོར་བུའི་དབུ་རྒྱན། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་གྱི་ཙཀླི་བཅས་བཤམ། ཚེ་དབང་དང་འབྲེལ་ན། ཚེ་བུམ། ཚེ་རིལ། འོ་མའི་ཚེ་ཆང༌། ཚེ་མདའ་བཅས་བུམ་པའི་མདུན་དུ་བཀོད། ཉེར་སྤྱོད་ཀྱི་མཆོད་པས་གཡས་སུ་བསྐོར། ཞི་གཏོར་དམར་པོ་དཀར་མངར་ཟས་སྣས་བསྐོར་བ་དང༌། མཐའ་བསྐོར་དུ་མར་མེ་སོགས་མཆོད་རྫས་རིགས་བརྒྱ་རྩ་བརྒྱད་འབྱོར་ན་ལེགས། ཁྲུས་ཆས་མཆོད་པའི་མཎྜལ་དྲི་བཟང་གིས་སྦག་པའི་འབྲུ་བཅས་འདུ་བྱས་ལ་ཕྱི་སྒྲུབ་ཀྱི་ལས་བྱང་གཞུང་བསྲངས་བསྙེན་པ་གྲུབ་པ་དང་གཟུངས་བུམ་ལ་དམིགས་ཏེ། ཨ༔ མདུན་དུ་རིན་ཆེན་བུམ་པ་ཆེ༔ མཚན་ཉིད་རྫོགས་པའི་གཞལ་ཡས་ཁང༔ བདུད་རྩིའི་རྒྱ་མཚོ་ཡངས་པའི་དབུས༔ པདྨའི་སྡོང་བུ་འདབ་རྒྱས་སྟེང༔ ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ སྣང་མཐའ་ཡས་པ་སྤྲུལ་སྐུའི་ཆས༔ དམར་སེར་མཚན་དཔེའི་གཟི་བྱིན་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༔ བུམ་པ་བདུད་རྩིས་གང་བ་བསྣམས༔ ཤིན་ཏུ་ཞི་འཛུམ་དགྱེས་པའི་ཚུལ༔ སྣང་སྟོང་འོད་ཀྱི་ཕུང་པོར་གསལ༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ རྩེ་གཅིག་གསོལ་བ་བཏབ་པ་ཡི༔ སྐུ་ལས་ཡེ་ཤེས་འོད་ཀྱི་ཕྲེང༔ བདུད་རྩིའི་ཟེགས་མ་ཆར་ལྟར་བྲུལ༔ བུམ་པའི་གཟུངས་ཆབ་ལ་ཐིམ་ནས༔ ནད་གདོན་སྡིག་སྒྲིབ་ཀུན་སེལ་བྱེད༔ ཡེ་ཤེས་ངོ་བོར་བྱིན་བརླབས་བསམ༔ མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཅི་ནུས་བཟླས་མཐར། དམིགས་བསལ་ཚེ་སྒྲུབ་སྦྱོར་ན། བདག་ཐུགས་འོད་ཀྱིས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ། །ལྷ་ཚོགས་སྐུ་ཡི་འོད་ཀྱིས་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ལ། །མདུན་གྱི་ཚེ་རྫས་རང་གི་སྒོ་གསུམ་ཐིམ། །ནད་གདོན་སྡིག་སྒྲིབ་འཆི་བའི་རྒྱུ་འབྲས་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཞེས་སྦྱར་ལ་ཚེ་གཟུངས་བཟླ། དབང་གི་སྐབས་འབྱུང་བའི་ཚེ་འགུགས་ཀྱང་སྦྱར་ན་ལེགས། གང་ལྟར་ཡང་མཐར་མཆོད་བསྟོད་ནི། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལས། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །མཆོད་ཡོན། ཨོཾ་ཨཱཿཧཱུྃ་གིས་ཕུལ་བས། ལྷ་འོད་དུ་ཞུ་བ་བུམ་ཆུ་ལ་ཐིམ་པས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་སངས་རྒྱས་ཀྱི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ། ཅི་ནུས་བཟླས་པས་ལས་བུམ་གྱི་ཆུ་བྱིན་གྱིས་བརླབ། དབང་ལེན་གྱི་དམིགས་པ་ནི། མདུན་བསྐྱེད་ལྷ་ཚོགས་རྣམས་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པའི་འོད་ཟེར་བར་མ་ཆད་པ་བྱོན་ཏེ་རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། ཨོཾ༔ བཅོམ་ལྡན་མགོན་པོ་སྣང་མཐའ་ཡས༔ དཀྱིལ་འཁོར་ལྷ་ཚོགས་བསམ་ཡས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཡེ་ཤེས་དབྱིངས་སུ་བདག་སྦྱོར་ཅིག༔ ཅེས་གསོལ་བ་གདབ་པས་གསང་བ་གསུམ་དབྱེར་མེད་དུ་གྱུར་པར་མོས། གཉིས་པ་དབང་གི་ལས་རིམ་དངོས་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་དང་ལས་སྔགས་བརྗོད་པས་ཁྲུས་བྱ། བགེགས་གཏོར་བྱིན་བརླབ་ནི། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊཿ ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ས་མགྲོན་བཀུག ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་བགྱི་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང༌། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊཿ དང༌། སུམ་བྷ་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲུྃཿ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མ་ཆོད་མི་ཤིགས་པར་གྱུར་པར་བསམ། འོ་རང་གཞན་ཡིད་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་དབང་བསྐུར་ཟབ་མོ་གསན་པར་བྱ་སྙམ་པའི་ཐུགས་བསྐྱེད་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་མ་ནོར་བར་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ཉིད་ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་གར་གྱི་དབང་ཕྱུག་པདྨ་རིགས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་སྟེ། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་ཆོས་སྐུ་འོད་མི་འགྱུར་བ་དེ་ཉིད་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་གི་བཀོད་པ་ཆེན་པོའི་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་མཚོ་ལ་མངའ་དབང་བསྒྱུར་ཞིང༌། ཐུན་མོང་མདོ་ཡི་སྐབས་སུ་སྔོན་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དམ་བཅའ་རླབས་པོ་ཆེ་མཛད་པར་གསུངས་ཤིང༌། ད་ལྟ་དག་པའི་ཞིང་མཆོག་བདེ་བ་ཅན་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་འདིའི་མཚན་ཙམ་ཐོས་པས་ཀྱང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབས་པ་དང༌། ལོ་བརྒྱ་ཡི་བར་དུ་འཚོ་བ་དང༌། བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་བ་དང༌། ཚེ་རབས་ཐམས་ཅད་དུ་ཞིང་བཟང་པོར་སྐྱེ་བ་དང༌། བསོད་ནམས་ཀྱི་དངོས་པོ་རྒྱ་ཆེར་བསྐྲུན་པ་སོགས་ཐུགས་བསྐྱེད་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པ་དང༌། གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་བཞིར་པདྨའི་རིགས་ཀྱི་གཙོ་བོའི་ཚུལ་དུ་སྒྲུབ་པའི་ཐབས་མཐའ་ཀླས་པ་ཞིག་གསུངས་པ་ལས། འདིར་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ་པའི་དཀྱིལ་འཁོར་དང༌། གསུང་རྡོ་རྗེ་པདྨ་སམ་བྷ་བའི་ཐུགས་བཅུད་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཚེ་སྒྲུབ་པདྨའི་སྙིང་ཐིག་ཅེས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་དུ་བཀའ་བབས་པ་ལས། རྩ་བ་གསུམ་གྱི་སྒོ་ནས་རྡོ་རྗེའི་ཚེ་ཡི་སྒྲུབ་ཐབས་ཀྱི་སྐོར་ཟབ་རྒྱས་སུ་བཞུགས་པ་ལས་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་སྒྲུབ་ཐབས་ཀྱི་ནང་གསེས་ཐོག་མ་ཕྱི་སྒྲུབ་ཚེ་འོད་དཔག་མེད་སྤྲུལ་སྐུ་ལྷ་དགུ་པའི་དཀྱིལ་འཁོར་དུ་སློབ་མ་རྗེས་འཛིན་གྱི་རིམ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག དེ་ནས་དབང་གི་སྣོད་རུང་དུ་རྒྱུད་ཡོངས་སུ་དག་པར་བྱེད་པ་ལ་མཐུན་རྐྱེན་སྒྲུབ་པ་དང་འགལ་རྐྱེན་བསལ་བ་གཉིས་ལས། དང་པོའི་དོན་དུ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མགོན་པོ་དཀྱིལ་འཁོར་དབང་ཕྱུག་དགོངས༔ བདག་ནི་ངེས་པར་རྡོ་རྗེའི་རིགས༔ སྐལ་པ་བཟང་པོའི་སྣོད་ལྡན་ཕྱིར༔ བདག་ཅག་ཡང་དག་སྨིན་པར་མཛོད༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པའི་བཅོམ་ལྡན་འདས་ཚེ་འོད་དཔག་མེད་ལ་སངས་རྒྱས་དང་བྱང་སེམས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་འཁོད་པ་སྒོ་གསུམ་གུས་པ་ཆེན་པོས་འདི་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་མཆི་སྙམ་པ་དང༌། ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ལ་སློབ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས། གཉིས་པ་འགལ་རྐྱེན་བསལ་བའི་སླད་དུ་ཉེས་ཚོགས་ཞི་བྱེད་ཁྲུས་ཀྱི་ཆོ་ག་བགྱིད་པ་ལ་བཀྲུ་བྱབས་སྲུང་གསུམ་ལས། དང་པོའི་སླད་དུ་ཁྱེད་རང་རྣམས་ཐ་མལ་དུ་གནས་པ་ལ་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་དག་བྱེད་བདུད་རྩིའི་རྒྱུན་གྱིས་གང་བ་བསྣམས་ཏེ་སྤྱི་བོ་ནས་ཁྲུས་མཛད་པས་འཆི་མེད་ཚེ་ཡི་འགལ་རྐྱེན་མི་མཐུན་ཕྱོགས་དང་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་ཉིལ་གྱིས་ཕྱི་རོལ་དུ་ཐོན་ནས་ལུས་ཤེལ་བུམ་བདུད་རྩིས་གང་བ་ལྟར་གྱུར་པར་མོས་ཤིག །གཟུངས་བུམ་གྱིས་བཀྲུས་ཏེ། ཧཱུྃ༔ བདུད་ལས་རྣམ་རྒྱལ་བྱང་ཆུབ་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ རྣམ་རྟོག་དྲི་མ་ཀུན་བྱང་སྟེ༔ མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག༔ ཚེ་གཟུངས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོངས་མཛད་པ། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ། །བཟོད་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་པ། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་པ། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་པ། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཚེ་གཟུངས། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཉིས་པ་བྱབས་པའི་སླད་དུ། ཀུ་ཤའི་ཆུན་པོ་རྨ་བྱའི་སྒྲོ་གཡབ་དང་བཅས་པའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུྃ་ལ་གཟུངས་སྔགས་རྣམས་ཀྱིས་བསྐོར་བ་ལས་འོད་དང་རླུང་བྱུང་བས་བསྒྲུབ་བྱའི་སྒོ་གསུམ་གྱི་ནད་གདོན་ཐམས་ཅད་དུ་བ་རླུང་གིས་བདས་པ་ལྟར་ཁྲུས་ཆུ་ལ་ཤར་བའི་གཟུགས་ལ་སྤོ་བའི་ཚུལ་དུ་ཐིམ་པར་གྱུར་པར་བསམ་ལ། ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་དུས་མིན་འཆི༔ བྱད་ཕུར་རྦོད་གཏོང་ལ་སོགས་པ༔ མི་མཐུན་ཕྱོགས་ཀུན་དག་གྱུར་ཅིག༔ ཉི་ཟླ་གཟའ་ལས་གྲོལ་བ་བཞིན༔ ཞི་དང་བཀྲ་ཤིས་བདེ་ལེགས་མཛོད༔ ཚེ་གཟུངས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་བཏགས་ལ་ཀུ་ཤ་དང་རྨ་བྱས་བྱབ་བོ། །དེ་ལྟར་བཀྲུས་ཤིང་བྱབས་པས་སྒོ་གསུམ་གྱི་ཉེས་སྒྲིབ་བྱང་སྟེ་ལུས་འོད་ཀྱི་རང་བཞིན་དུ་གྱུར་པ་ལ་སྲུང་བའི་སླད་དུ་ཕྱག་མཚན་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པར་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་ཅིས་ཀྱང་མི་ཚུགས་པའི་རང་བཞིན་དུ་གྱུར་པར་བསམ་མོ། ཧཱུྃ༔ མ་སྐྱེས་འཇིག་པ་མེད་པ་ཡི༔ ཡེ་ཤེས་རྡོ་རྗེའི་གོ་ཆ་ཆེས༔ ལུས་ངག་ཡིད་ལ་རྒྱས་བཏབ་པས༔ མི་མཐུན་ཕྱོགས་ཀུན་སྲུང་གྱུར་ཅིག༔ ཚེ་གཟུངས་མཐར། སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ ནད་རིམས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ དུས་མ་ཡིན་པར་འཆི་བ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱ༔ ཞེས་གནས་གསུམ་དུ་རྡོ་རྗེ་རྒྱ་གྲམ་དུ་བཏབ་བོ། །དེ་ནས་དབང་དངོས་ལ་ཐོག་མར་དབང་གི་གཞི་འགོད་པའི་སླད་དུ་ཐུགས་དམིགས་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྣོད་བཅུད་སློབ་མའི་ཕུང་ཁམས་དང་བཅས་པ་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་ངོ་མཚར་བདེ་ཆེན་པདྨོ་བཀོད་པའི་ཞིང་གི་དབུས་སུ་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ་བཅུད་རྣམ་པར་དག་པ་ལྷ་ཡི་ཕྱག་རྒྱ་སྒྲུབ་པའི་སླད་དུ་ཁྱེད་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཐུགས་སྲོག་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པའི་མགོན་པོ་སྐུ་མདོག་དམར་པོ་བྱེ་རུའི་ལྷུན་པོ་ལ་ཉིན་བྱེད་བྱེ་བས་འཁྱུད་པ་ལྟ་བུའི་མཚན་དཔེའི་གཟི་བྱིན་རབ་ཏུ་རྒྱས་པའི་སྐུ་ལ་ཆོས་གོས་རྣམ་གསུམ་གསེར་གྱི་ཁ་དོག་ལྟ་བུས་མཛེས་པར་བཀླུབས་པའི་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་རིན་པོ་ཆེ་བཻ་ཌཱུརྻའི་ལྷུང་བཟེད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་མཛེས་པར་གང་བ་འཛིན་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ལས་བྱུང་བའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་ཞིང་རབ་འབྱམས་ཁྱབ་པར་བརྡལ་བའི་བདག་ཉིད་ཅན་གྱི་གནས་གསུམ་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་མཚན་པ་ཅན་དུ་གསལ་ཐོབ་མཛོད། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ། ཁྱེད་རྣམས་ཀྱིས་སློབ་དཔོན་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པ་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས་དཀྱིལ་འཁོར་པའི་གནས་གསུམ་ནས་ཡེ་ཤེས་ཀྱི་སྣང་བ་མཐའ་ཀླས་པ་སྤྲོས་ཏེ་ནུབ་ཕྱོགས་བདེ་ལྡན་པདྨོ་བཀོད་པའི་ཞིང་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ནས་གསུང་རྡོ་རྗེ་འོད་སྣང་མཐའ་ཡས་པའི་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ནས་ཚེ་དང་ཡེ་ཤེས་ཀྱི་སྣང་བ་འདོད་དགུར་རྒྱས་པར་མོས་མཛོད་ཅིག །སྤོས་དང་རོལ་མོའི་སྒྲས་བསྐུལ་ཏེ། ཨོཾ། མ་ལུས་སེམས་ཅན་ཀུན་གྱི་མགོན་སོགས། ཚེ་གཟུངས་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ། བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་བླ་མ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པའི་རིན་པོ་ཆེའི་བུམ་པ་འཆི་མེད་ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གང་བས་དབང་བསྐུར་བར་མོས་ཤིག །གཟུངས་བུམ་ཐོགས་ལ། ཨོཾ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་སྦྱིན་པས༔ ཡང་དག་སྣོད་དང་ལྡན་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུས་བཀྲུ་ཞིང་ལྕེ་ལ་སྦྱིན། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་བདུད་རྩིའི་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། དྲི་མ་བག་ཆགས་དང་བཅས་པ་བཀྲུས། ཐོབ་བྱའི་ཡེ་ཤེས་མཐའ་དག་མངོན་དུ་བྱས། ཆུའི་ཟེགས་མ་སྤྱི་བོར་ཡར་ལུད་དེ་འཁྱིལ་བ་རིགས་ཀྱི་བདག་པོའི་ཚུལ་དུ་བཞུགས་པར་གྱུར། སྨིན་ལམ་དབང་གི་བྱེད་ལས་ཀྱིས་ཐུགས་རྒྱུད་ལ་ཟག་མེད་རྒྱལ་བའི་འབྱོར་པ་དུ་མས་བརྒྱན་པའི་དཔལ་ལ་དབང་བསྒྱུར་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་མཚོན་བྱེད་དུ་རིན་པོ་ཆེའི་དབུ་རྒྱན་བཅིངས་པར་མོས་མཛོད། ནོར་བུའི་ཅོད་པན་བཅིངས་ཏེ། ཨོཾ༔ སངས་རྒྱས་ཡེ་ཤེས་རིགས་མཆོག་ལྔ༔ མཚོན་བྱེད་རིན་ཆེན་ཅོད་པན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་ཀྱི་རྒྱལ་པོ་དབང་བསྒྱུར་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་བཟླས་པའི་ལུང་སྦྱིན་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། བཅོམ་ལྡན་འདས་ཀྱི་མགྲིན་པ་ནས་གཟུངས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཐིམ་པར་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུ⁽1419⁾རྣ1$0000240ག1$0000300་ཏེ་སྭ་བྷཱ་ཝ༔ བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ བཟླས་པའི་ལུང་སྦྱིན་པའི་གཏང་རག་ཏུ་མེ་ཏོག་གི་ཕྲེང་བ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སློབ་དཔོན་ལ་ཕུལ་བའི་མེ་ཏོག་གི་ཕྲེང་བ་སྔགས་ཕྲེང་དུ་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཅིངས་པར་མོས་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །དེང་ནས་ཡི་དམ་ལྷག་པའི་ལྷ་འདིའི་རྣལ་འབྱོར་ལ་བརྩོན་ཞིང་གཟུངས་སྔགས་ཇི་ལྟར་ནུས་པ་བཟླ་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་སྔགས་ཅི་ནུས་སུ་བཟླ་བར་དམ་བཅའ་བ་ལགས་སོ། །ལན་གསུམ། མཐའ་རྟེན་ཚེ་ཡི་དངོས་གྲུབ་སྦྱིན་པའི་དབང་བསྐུར་བ་ནི། མདུན་གྱི་བདེ་གཤེགས་ཚེ་མཐའ་ཡས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་འོད་ཟེར་གྱི་སྣང་བས་ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་ཁྱབ། ཕྱི་འབྱུང་བ་བཞི། ནང་ལྷ་ཀླུ་དང་དྲང་སྲོང༌། རིག་འཛིན་ཚེ་ལ་དབང་བའི་དངོས་གྲུབ། གསང་བ་རྒྱལ་བ་སྲས་དང་བཅས་པའི་དབང་དང་སྟོབས་བཅུའི་ཚེ་དཔལ། མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་གཟི་བྱིན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ནས་མདུན་གྱི་ཚེ་རྫས་དང༌། ཁྱེད་རང་སློབ་མ་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་གྱུར་པའི་མོས་པ་མཛོད། མདའ་དར་གཡབ་ཅིང༌། ཧྲཱིཿ ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུག་ཅིག །ལོངས་སྐུ་མི་འགག་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཚེ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང༌། །མ་ལུས་འདིར་ཁུག་འདིར་སྡུས་འདིར་ཚོགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །ཚེ་གཟུངས་བརྗོད། ཚེ་བུམ་ཐོགས་ཏེ། བཅོམ་ལྡན་འདས་མགོན་པོ་ཚེ་མཐའ་ཡས་པས་ཕྱག་མཉམ་བཞག་གི་སྟེང་ལྷུང་བཟེད་བདུད་རྩིས་གང་བའི་དབུས་པད་སྡོང་ལས་སྐྱེས་པའི་ཚེ་བུམ་ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གང་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་དགོངས་པ་མཛད་པས་ཚེ་བཅུད་རྣམས་སོར་གྱིས་ཁོལ་བ་ཁ་ནས་ལུད་ཚངས་བུག་ནས་ཞུགས་ཏེ་ལུས་ནང་ཐམས་ཅད་དྭངས་མས་ཁྱབ་སྟེ་སྐྱེ་འཆི་མེད་པའི་ཚེ་ཡི་དབང་མཆོག་དམ་པ་ཐོབ་པར་མོས་མཛོད་ཅིག །ཚེ་བུམ་སྤྱི་བོར་བཞག་ལ། ཧྲཱིཿཧྲཱིཿཧྲཱིཿ འོད་སྣང་མཐའ་ཡས་བཅོམ་ལྡན་ཚེ་དཔག་མེད༔ འཆི་མེད་རྔ་སྒྲ་གསུང་གི་རྡོ་རྗེའི་ལྷ༔ གར་གྱི་དབང་ཕྱུག་པདྨའི་དཀྱིལ་འཁོར་གཙོ༔ འཆི་མེད་མགྱོགས་མ་ལྷ་མོའི་ཚོགས་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ནས༔ འཆི་བདག་ལ་སོགས་བདུད་བཞི་ལས་རྒྱལ་ཏེ༔ དངོས་གྲུབ་མཆོག་གི་སྐལ་བར་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཕྱག་གཡོན་དུ་ཤེས་རབ་ཀྱི་རྫས་ཚེ་ཡི་བདུད་རྩིའི་བཏུང་བ་ཕུལ་བས་གསུང་འགག་པ་མེད་པ་གཞོམ་མེད་རྡོ་རྗེ་སྟོང་ཉིད་ཀྱི་ཚེ་དབང་ཐོབ་པར་མོས་མཛོད། ཧྲཱིཿ འབྱུང་ལྔའི་དྭངས་མ་སྙིང་པོའི་ཚེ༔ ཡེ་ཤེས་བདུད་རྩིའི་བཅུད་དུ་བསྐྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ འཆི་མེད་མཆོག་གི་གནས་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོ༔ ཕྱག་གཡས་སུ་ཐབས་ཀྱི་རྫས་ཚེ་ཡི་བཟའ་བ་ཕུལ་བས་ཐུགས་འཕོ་འགྱུར་མེད་པ་རྡོ་རྗེ་བདེ་བ་ཆེན་པོ་ཐབས་ཀྱི་ཚེ་ལ་དབང་ཐོབ་པར་མོས་མཛོད། ཧྲཱིཿ ཡེ་ཤེས་སེམས་དཔའ་ཚེ་ཡི་ལྷ༔ སྙིང་གི་དཀྱིལ་དུ་གཉིས་མེད་བཞུགས༔ དངོས་གྲུབ་བརྡ་ཡི་རིལ་བུ་འདིས༔ དོན་གྱི་གནས་ལུགས་རྟོགས་པར་ཤོག༔ ར་ས་ཡ་ན་ཨ་བྷི་ཥིཉྩ་ཧོ༔ དེ་དག་གིས་སློབ་མའི་སྒོ་གསུམ་འཆི་མེད་རྡོ་རྗེ་ཚེ་ལྷའི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་དབང་མཆོག་ཐོབ་པར་མོས་མཛོད། གནས་གསུམ་དུ་ཚེ་མདའ་རྒྱ་གྲམ་དུ་བཞག་ལ། ཧྲཱིཿ ལུས་ལ་རྡོ་རྗེའི་རྒྱས་བཏབ་པས༔ གཞོམ་གཞིག་བྲལ་བའི་དཔལ་ཐོབ་ཤོག༔ ངག་ལ་སྔགས་ཀྱིས་རྒྱས་བཏབ་པས༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཤོག༔ ཡིད་ལ་ཡེ་ཤེས་རྒྱས་བཏབ་པས༔ མི་ཤེས་འཁྲུལ་རྟོག་མུན་སངས་ཤོག༔ སྲིད་པར་ཞི་བའི་རྒྱས་བཏབ་པས༔ སྡུག་བསྔལ་རྒྱུ་འབྲས་ཡོངས་དག་ཤོག༔ དེ་དག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུར་གྱུར་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་སྐལ་བ་མཉམ་པར་གྱུར་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་རིག་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་བ་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་གསོལ་ཞིང༌། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དུ་མས་ཀྱང་དགེ་ལེགས་ཀྱི་སྣང་བ་རྒྱས་པར་སྤེལ་བའི་མོས་པ་མཛོད། སོ་སོའི་ཙཀ་ལི་ཐོགས་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལ་ཀུ་རུ་ཨ་བྷི་ཥིཉྩ་མཱི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལ་ཨ་བྷི་ཥིཉྩ་མཱི༔ འཕགས་པའི་སར་གནས་འཁོར་ལོས་བསྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་པས་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་སཔྟ་ཨ་བྷི་ཥིཉྩ་མཱིཿ ཞེས་སྦྱིན་ཞིང༌། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་འབྱུང་བའི་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ། དེས་ཚེ་སྒྲུབ་རང་བྱུང་པདྨའི་སྙིང་ཐིག་རྡོ་རྗེ་ཚེ་ཡི་རྒྱུད་ཀྱི་དགོངས་པ་ཕྱི་སྒྲུབ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་འོད་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་གྱི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་པས། དུས་རྟག་ཏུ་ལྷག་པའི་ལྷ་འདི་ཉིད་ལ་ཕྱག་མཆོད་ཐུགས་དམ་བསྐུལ་ཞིང༌། བསགས་སྦྱང་གི་སྟོབས་ཕུལ་དུ་ཕྱིན་པས་ཚེ་ཡི་དངོས་གྲུབ་ཀྱི་དཔལ་ལ་སྤྱོད་ངེས་པའི་གཡར་དམ་ལྷུར་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ནས་གཏང་རག་ལུས་འབུལ་དགེ་བསྔོ་བཅས་མཐར་དབྱུང་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཆོ་གའི་རྗེས་རིམ་མཐར་དབྱུང་བར་བྱའོ། ༈ ཡང་སྐབས་འགའ་ཞིག་ཏུ་བྱབ་ཁྲུས་ཁ་རྐྱང་དུ་བྱེད་ན་བཤམ་བཀོད་སྐབས། མཎྜལ་སྟེང་ཚོམ་བུ་དགུ་བཀོད་པ་ལ་མཉྫིའི་ཁར་བུམ་པ་ཉེར་ལྔའི་རྫས་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་བཀོད། མཐར་ཉེར་སྤྱོད་དང་གཏོར་མས་བསྐོར་ལ་ཕྱི་སྒྲུབ་དབང་གི་སྐབས་ལྟར་བུམ་པ་སྒྲུབ་རྗེས་བསྒྲུབ་བྱ་མདུན་དུ་བོས་ལ། ཞི་དྲག་གི་སྦྱོང་བ་གསུམ་སྔོན་དུ་འགྲོ་བས། འོ། ཁྱེད་རང་རྣམས་ལ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་སྔགས་ཀྱི་ནུས་པས་མི་མཐུན་པའི་ཚོགས་ཞི་བར་བྱེད་པ་ཁྲུས་ཀྱི་ཆོ་གས་རྗེས་སུ་འཛིན་པ་ལ། བཀྲུ་བྱབ་སྲུང་གསུམ་ལས་དང་པོའི་སླད་དུ། སློབ་དཔོན་སངས་རྒྱས་སྣང་བ་མཐའ་ཡས་སུ་གསལ་བའི་མདུན་དུ་ཁྱེད་རང་རྣམས་ཐ་མལ་དུ་གནས་པ་སོགས་ནས། སྲུང་བ་གནས་གསུམ་དུ་རྡོ་རྗེ་རྒྱ་གྲམ་བཞག་པས་རྒྱས་བཏབ་པའི་བར་དབང་གི་སྐབས་བཞིན་དུ་བྱ། སློབ་དཔོན་དང་ནམ་མཁའ་གང་བའི་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས། ཞལ་ནས་ཤིས་བརྗོད་ཀྱི་རྡོ་རྗེའི་གླུ་དང་ལྷ་ཡི་མེ་ཏོག་གི་ཆར་སིལ་མ་བསྙིལ་བས་ཁྱེད་རང་བདེ་གཤེགས་འོད་མཚན་སྟོང་འབར་གྱི་སྐུར་གྱུར་པར་མོས་མཛོད། སྤྲོ་ན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་འབུལ་བྱ། མཐར་ཤིས་བརྗོད། བསྡུ་ན། ཡེ་དྷརྨ་སོགས། ཆེ་བའི་ཆེ་མཆོག་སོགས་ཀྱིས་ཤིས་བརྗོད་རྒྱས་པར་བྱའོ། ༈ ཡང་ཚེ་དབང་ཁོ་ན་སྒེར་དུ་བྱ་དགོས་བྱུང་ན་བཤམ་བཀོད་སྐབས་ཚེ་བུམ་དང༌། ཚེ་རིལ་ཚེ་ཆང༌། མདའ་དར། མཆོད་པས་བསྐོར། ལས་གཞུང་བསྲངས། ཚེ་རྫས་རྣམས་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བྱ། བསྙེན་པའི་རྗེས་ཚེ་འགུགས་ཀྱང་སྦྱར། ལས་བུམ་སྒྲུབ་ནས། དབང་དངོས་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར་རྗེས་ལོ་རྒྱུས་སྐབས། སྤྲུལ་སྐུ་ལྷ་དགུ་པའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་སོགས་ནས་དབང་དཀྱུས་ལྟར་ལ། བྱབ་ཁྲུས་མི་དགོས། སློབ་མ་ལྷར་བསྐྱེད་བྱིན་འབེབས་རྗེས། དེ་ནས་འཆི་མེད་ཚེ་ཡི་དབང་བསྐུར་སྦྱིན་པ་ནི། མདུན་གྱི་བདེ་གཤེགས་སོགས་མཐའ་རྟེན་བར་སྦྱར་བས་རུང་བའང་ཞར་ལས་འཕྲོས་པའོ། །པྃདྨྃའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་ཡི། །ལྷ་སྔགས་ཏིང་འཛིན་དུ་མས་འཇུག་པའི་སྒོ། །མྃདོ་སྔགྃས་ཟུང་འཇུག་ལམ་གྱི་སྨིན་བྱེད་འདིས། །ཚེ་དཔལ་སྡེ་བཞིའི་གླིྃང་ཀུན་མཛེས་གྱུར་ཅིག །ཅེས་དངོས་གྲུབ་ཀྱི་རྩ་བ་ཡི་དམ་གྱི་རྡོ་རྗེའི་ཚེ་རྒྱུད་ལས་ཕྱི་ཆགས་བྲལ་སྤྲུལ་སྐུ་ལྟར་སྒྲུབ་པའི་དཀྱིལ་འཁོར་གྱི་སྨིན་ལམ་དབང་གི་ཕྲེང་བ་ལེའུ་ཚན་གཉིས་པའོ། | ||
Line 33: | Line 54: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-19-DZA]] | [[Category:DKR-KABUM-Volume-19-DZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 09:11, 1 June 2024
Wylie title | 'chi med pad+ma tshe yi snying thig las/ phyi nang gsang ba'i sgrub thabs bka' srung dang bcas pa'i smin byed kyi phreng ba dkyus gcig tu bkod pa 'chi med ye shes rdo rje'i srog sbyin | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 15, Pages 147-241 (Folios 1a to 95a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. 'chi med pad+ma tshe yi snying thig las phyi nang gsang ba'i sgrub thabs bka' srung dang bcas pa'i smin byed kyi phreng ba dkyus gcig tu bkod pa 'chi med ye shes rdo rje'i srog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 147-241. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Colophon |
།ཅེས་རྒྱལ་ཀུན་གསུང་གི་རྡོ་རྗེའི་གསང་མཛོད་ལ་མངའ་དབང་བསྒྱུར་བའི་མགོན་པོ་ཀུན་ཏུ་གཟིགས་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་དང་བཀའ་དྲིན་གྱིས་རྗེས་སུ་བཟུང་སྟེ། ཚེ་སྒྲུབ་པདྨའི་སྙིང་ཐིག་གི་དབང་ཕྲེང་ཡོངས་རྫོགས་ཆོག་ཁྲིགས་སུ་གནང་ཟིན་གྱི་དཔེ་བོད་ཁམས་དུས་ཀྱི་འཕོ་འཇིག་གིས་མི་སྣང་བར་གྱུར་པ། སླར་ཡང་ལུང་རྟོགས་ཀྱི་བདག་ཉིད་སྟོན་དང་བསྟན་པ་ཚད་མ་ལ་ཡང་དག་གཟིགས་པའི་ཆོས་ཀྱི་སྤྱན་མངའ་མཚུངས་མེད་དགེ་བའི་བཤེས་གཉེན་ཞྭ་དེའུ་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་སྐུ་རྟེན་ཛྷེ་ཀྵིཾ་ལས་གྲུབ་པའི་འཆི་མེད་མྱུར་མ་དཔའ་མོའི་སྣང་བརྙན། གསུང་རྟེན་བྱང་ཆུབ་སེམས་ཀྱི་མངའ་བདག་ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་གསུང་བློ་སྦྱོངས་སྦྲང་རྩིའི་བུམ་བཟང་གི་གླེགས་བམ་དང༌། བསྔོ་སྨོན་བཀྲ་ཤིས་སྐོར་གྱི་གླེགས་བམ། ཐུགས་རྟེན་གནམ་ལྕགས་རྡོ་རྗེ་བཅས་ནང་མཛོད་ཀྱིས་བཏེགས་པའི་གནང་སྐྱེས་དང༌། ཁྱད་པར་ཐུགས་དམ་རྒྱུན་གྱི་ཉམས་བཞེས་དང༌། ཚེ་ཁྲིད་པར་དུ་བསྐྲུན་པའི་ཞལ་བཞེས་ཀྱིས་གསུང་བསྐུལ་གནང་བ་དང༌། ངེས་དོན་སྙིང་པོའི་རྣལ་འབྱོར་ཀུན་སྤང་མཁྱེན་ལྡན་ཀློང་ཆེན་ཡེ་ཤེས་རྡོ་རྗེས་རྩ་གསུམ་འཆི་མེད་ཚེ་ཡི་ཕྱི་ནང་གསང་སྒྲུབ་ཀྱི་ལས་བྱང་རིགས་པར་བསྐྲུན་མཛད་པ་དང༌། སྒྲུབ་བརྩོན་དམ་པ་ཀུན་དགའ་ཚེ་དབང་བསྟན་འཕེལ། དད་བློ་ལྡན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། བློ་གསལ་ཨོ་རྒྱན་གཞན་ཕན་སོགས་རང་སློབ་རྣམས་ནས་བསྙེན་སྒྲུབ་ཉམས་ལེན་དང་འབྲེལ་ཡང་ཡང་རྟེན་དང་བཅས་ཏེ་བསྐུལ་བའི་རྐྱེན་དང༌། པདྨའི་རྒྱལ་ཚབ་འཇམ་མགོན་དྷརྨ་མ་ཏིས་རང་གཏེར་འདི་རིགས་ཡལ་བར་མ་དོར་དང་བསྟན་འགྲོར་ཕན་པའི་དགོས་པ་ཡོད་ཅེས་རྡོ་རྗེའི་བཀའ་ལུང་རྗེས་སུ་སྒྲུབ་པ་དང༌། རྩ་བའི་ཆོས་བདག་རྗེ་བླ་མ་ཉིད་ཀྱི་མཆོག་སྤྲུལ་དང༌། ཞེ་ཆེན་རབ་འབྱམས་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་ཚེའི་རྟེན་འབྱུང་ལའང་ཕན་སྲིད་སྙམ་པས་རྙིང་སྔགས་རྒན་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གསར་བསྒྲིགས་བགྱིས་སྐབས་ཡི་གེའི་མཐུན་སྦྱོར་འོད་གསལ་རྡོ་རྗེ་སྙིང་པོའི་སྟོན་དང་བསྟན་པ་ལ་རྒྱུ་མཚན་ཤེས་པའི་མཁྱེན་དཔྱོད་དང་བློ་གྲོས་མཚུངས་མེད་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་པདྨ་དྲི་མེད་དང༌། སྔགས་སྒོམ་འཇིགས་མེད་སྐལ་བཟང་ཚེ་དབང་གཉིས་ཀྱིས་བགྱིས་ཏེ་རང་ལོ་བཅུ་ཕྲག་དྲུག་དང་གཅིག་གིས་ལྷག་པའི་སྟེང་ལྷོ་ལྗོངས་ཙནྡན་གྱི་ནགས་ཚལ། བཀྲ་ཤིས་དགའ་འཁྱིལ་གྱི་བསམ་གཏན་ཁང་བུར་པདྨ་ཚེ་མཐའ་ཡས་པའི་དཀྱིལ་འཁོར་གྱི་བསྙེན་སྒྲུབ་ལ་གཞོལ་བའི་ཐུན་གསེང་རྣམས་སུ་བྲིས་པ་འདིས་ཀྱང་མཁའ་ཁྱབ་ཡིད་ཅན་ཀུན་གྱི་ཚེ་དང་ཡེ་ཤེས་འདོད་དགུའི་དངོས་གྲུབ་ཀྱི་དཔལ་ཡོན་ལ་ཅི་དགར་རྩེན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། | |
/ces rgyal kun gsung gi rdo rje'i gsang mdzod la mnga' dbang bsgyur ba'i mgon po kun tu gzigs 'jam pa'i dbyangs dngos pad+ma ye shes rdo rjes thun mong ma yin pa'i thugs brtse dang bka' drin gyis rjes su bzung ste/_tshe sgrub pad+ma'i snying thig gi dbang phreng yongs rdzogs chog khrigs su gnang zin gyi dpe bod khams dus kyi 'pho 'jig gis mi snang bar gyur pa/_slar yang lung rtogs kyi bdag nyid ston dang bstan pa tshad ma la yang dag gzigs pa'i chos kyi spyan mnga' mtshungs med dge ba'i bshes gnyen zhwa de'u 'khrul zhig 'gyur med chos kyi blo gros rin po ches sku rten dz+he k+ShiM las grub pa'i 'chi med myur ma dpa' mo'i snang brnyan/_gsung rten byang chub sems kyi mnga' bdag ze chen rgyal tshab rin po che'i gsung blo sbyongs sbrang rtsi'i bum bzang gi glegs bam dang*/_bsngo smon bkra shis skor gyi glegs bam/_thugs rten gnam lcags rdo rje bcas nang mdzod kyis btegs pa'i gnang skyes dang*/_khyad par thugs dam rgyun gyi nyams bzhes dang*/_tshe khrid par du bskrun pa'i zhal bzhes kyis gsung bskul gnang ba dang*/_nges don snying po'i rnal 'byor kun spang mkhyen ldan klong chen ye shes rdo rjes rtsa gsum 'chi med tshe yi phyi nang gsang sgrub kyi las byang rigs par bskrun mdzad pa dang*/_sgrub brtson dam pa kun dga' tshe dbang bstan 'phel/_dad blo ldan pa 'gyur med theg mchog bstan 'dzin/_blo gsal o rgyan gzhan phan sogs rang slob rnams nas bsnyen sgrub nyams len dang 'brel yang yang rten dang bcas te bskul ba'i rkyen dang*/_pad+ma'i rgyal tshab 'jam mgon d+harma ma tis rang gter 'di rigs yal bar ma dor dang bstan 'gror phan pa'i dgos pa yod ces rdo rje'i bka' lung rjes su sgrub pa dang*/_rtsa ba'i chos bdag rje bla ma nyid kyi mchog sprul dang*/_zhe chen rab 'byams sprul pa'i sku rnams kyi sku tshe'i rten 'byung la'ang phan srid snyam pas rnying sngags rgan po pad+ma gar dbang 'od gsal mdo sngags gling pas gsar bsgrigs bgyis skabs yi ge'i mthun sbyor 'od gsal rdo rje snying po'i ston dang bstan pa la rgyu mtshan shes pa'i mkhyen dpyod dang blo gros mtshungs med byang gnam mtsho'i do skya mchog sprul 'gyur med pad+ma dri med dang*/_sngags sgom 'jigs med skal bzang tshe dbang gnyis kyis bgyis te rang lo bcu phrag drug dang gcig gis lhag pa'i steng lho ljongs tsan+dan gyi nags tshal/_bkra shis dga' 'khyil gyi bsam gtan khang bur pad+ma tshe mtha' yas pa'i dkyil 'khor gyi bsnyen sgrub la gzhol ba'i thun gseng rnams su bris pa 'dis kyang mkha' khyab yid can kun gyi tshe dang ye shes 'dod dgu'i dngos grub kyi dpal yon la ci dgar rtsen pa'i rgyur gyur cig_/sarba mang+ga laM/_dge'o// |