DKR-KABUM-17-TSA-002: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-002
No edit summary
m (Text replacement - "Khyentse Metadata" to "Text")
 
(4 intermediate revisions by 2 users not shown)
Line 1: Line 1:
{{WyliePageHeader}}
{{Text
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|sectionheading=No
|fulltitletib=རང་བྱུང་པདྨ་སྙིང་ཐིག་གཏེར་འབྱུང་གི་ལོ་རྒྱུས།
|fulltitle=rang byung pad+ma snying thig gter 'byung gi lo rgyus
|citation=[[Khyentse, Dilgo]]. ''Rang byung pad+ma snying thig gter 'byung gi lo rgyus''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 4-5. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Khyentse, Dilgo
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=History Texts - lo rgyus
|terma=Yes
|dkroutline=Six
|cycle=rang byung pad+ma snying thig
|cycletib=རང་བྱུང་པདྨ་སྙིང་ཐིག་
|language=Tibetan
|volumenumber=017
|volnumtib=༡༧
|volyigtib=ཙ་
|totalvolumes=25
|textnuminvol=002
|pagenumbers=4-5
|totalpages=4
|beginfolioline=1a1
|endfolioline=2b1
|totalfolios=2
|multivolumework=No
|rectonotes=lo rgyus
|versonotes=rang byung pad+ma snying thig
|pdflink=File:DKR-KABUM-17-TSA-002.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅། །རང་བྱུང་པདྨ་སྙིང་ཐིག་གཏེར་འབྱུང་གི་ལོ་རྒྱུས་བཞུགས་སོ།། །།      ཀློང་ཆེན་མཁའ་ལ་དོན་བརྒྱུད་གདོང་ལྔ་ཡིས། །རྩེན་པའི་རྗེས་བསྙེགས་ཝ་སྐྱེས་སྣས་ཉུལ་ཏེ། །མི་སྲིད་རྫུན་གྱི་ཅ་ཅོ་འབྱིན་པ་ཡང༌། །འཕགས་པའི་ཚོགས་ཀྱིས་ཐུགས་ཁྲེལ་མེད་པར་ཞུ། རྡོ་རྗེ་ཡེ་ཤེས་ནང་གི་ཉི་མ་ཡིས། །འཁྲུལ་རྟོག་མུན་པ་བགྲུངས་པའི་དེ་མ་ཐག །ཐར་གྲོལ་པདྨོ་བཞད་པའི་བཀའ་དྲིན་ཅན། །དཔལ་མགོན་བླ་མས་ཚེ་རབས་ཀུན་ཏུ་སྐྱོངས། །བདག་བློ་ཆུ་སྐྱེས་ལས་ཉོན་འདམ་བྱིང་ཀྱང༌། །བླ་མའི་བྱིན་རླབས་སྣང་བས་ཕྱེས་རློམས་ཀྱི། །རྫུན་རིས་བྷྲཿམ་ར་ཡི་གླིང་བུ་ཡང༌། །ལེན་པ་དད་ལྡན་དབུགས་འབྱིན་འགྱུར་སྲིད་བྲིས། །དུས་ཀྱི་ཐ་མར་སོ་སྐྱེས་ལས་ཉོན་ཀུན་ལྡན་བདག་ལྟ་བུ་ལ་ཡང་དགོངས་གཏེར་དུ་སྒྲོ་བཏགས་པ་འགའ་ཞིག་སྟེས་དབང་གིས་བྲི་རྒྱུ་བྱུང་བ་ལ་ལོ་རྒྱུས་ཞིབ་གསལ་ཞིག་ཡོད་ན་ཤིན་ཏུ་དགོས་གལ་ཆེ་བས་ཡི་གེར་ཐོབ་ཅེས་རིགས་ཀུན་ཁྱབ་བདག་དཔལ་མགོན་བླ་མ་འཇམ་པའི་རྡོ་རྗེ་པདྨ་ཡེ་ཤེས་རྡོ་རྗེས་བཀའ་བསྩལ་བ་ལ་བསམ་ནས་བྲི་བ་ལ་ཕྱོགས་སོ།  ༈  ཐུགས་སྒྲུབ་རྩ་གསུམ། རང་ལོ་ཉེར་གཅིག་ལྕགས་རྟ་སྐོར་ཡིན་སྙམ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་ཏུ་གྲགས་པའི་དཀར་པོ་བྲག་ཅེས་པའི་གཤམ། སྨན་ཤིང་གཡུ་ཤུག་ནགས་ཚལ་སྟུག་པོའི་དབུས་རང་ཉིད་གཅིག་པུ་བསམ་གཏན་གྱི་སྤྱིལ་བུ་བདུད་འདུལ་རྣམ་པར་རྒྱལ་བའི་དགའ་ཚལ་དུ་སྒྲུབ་པ་ལ་གཞོལ་བའི་ཐོ་རངས་ཞིག་གི་ཆར་མནལ་དང་འོད་གསལ་འདྲེས་པའི་ངང་རང་ལུས་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བའི་རྩ་འཁོར་རྣམས་སུ་ཐུགས་སྒྲུབ་གཞུང་གི་ལུས་དཀྱིལ་ལྟར་ཡོད་སྙམ་པ་ལ་ངོ་མཚར་གྱི་སྣང་བ་སྐྱེས་པ་ཞིག་བྱུང་ཞིང༌། སྔར་ནས་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་རྡོ་རྗེ་གླུ་ཡི་ཕྲེང་བའི་དབུར་རྩ་གསུམ་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་ཟབ་གསང་སྦས་པའི་སྣང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་མཇལ་བའི་སྐབས་འདི་དང་མཚུངས་པའི་སྒྲུབ་ཐབས་ཞིག་ཡོད་ན་སྙམ་པའི་ཡིད་གདུང་བས་གཏེར་མཛོད་སོགས་སུ་བཙལ་ཀྱང་མ་རྙེད་པས་འཁྲུལ་སྣང་ཤར་བ་དེ་དང་མཚུངས་པར་འདུག་སྙམ་པ་སྤྲོ་བ་སྐྱེས་ཀྱང་སྒྲུབ་ཐབས་བྲི་བ་སོགས་ཀྱི་སྤྲོས་པ་བསྐྱུངས། མགུར་མ་དེ་དང་ཆ་འདྲ་བ་ཞིག་བྲིས་ཏེ་གསོལ་འདེབས་ཡང་ཡང་བྱས། སླར་རང་ལོ་སོ་དྲུག་གི་ཆར་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེར་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་གྱི་སྐལ་བཟང་རྫོགས་པར་ཐོབ་པའི་རྗེས་རིང་པོར་མ་ལོན་པར་གུ་རུའི་གསོལ་འདེབས་ལེའུ་བདུན་པའི་ལུང་ཞིག་དད་ལྡན་ཁ་ཤས་ལ་བཏོན་པ་ལོ་རྒྱུས་ཀྱི་ཡིག་ཆུང་ལྷ་སྲས་ཞུས་ལན་སྐོར་ཡིན་སྙམ་སྐབས་གུ་རུ་རིན་པོ་ཆེ་དྲན་པའི་གདུང་ཤུགས་ཀྱིས་གུ་རུ་རིན་པོ་ཆེ་སྐུ་ཆེ་ཆུང་མ་ངེས་པ་ཆར་ལྟར་བབ་ནས་རང་ལ་ཐིམ་པས་བསམ་ཡས་ཀྱི་གཙུག་ལག་ཁང་ཨཱརྻ་པ་གླིང་ཡིན་སྙམ་དང་མཁན་སློབ་ཆོས་རྒྱལ་རྗེ་བློན་གྱི་ཚོམ་བུ་བཅས་མངོན་སུམ་ལྟ་བུར་རིག་ངོར་ཡང་ཡང་གསལ་བས་རྐྱེན་བྱས་རྩ་གསུམ་བླ་མའི་སྒྲུབ་ཐབས་གཏན་ལ་ཕབ་ནས་རྗེ་བླ་མར་ཕུལ་བས་རིང་པོར་མ་ལོན་པར་སྨིན་གྲོལ་ལུང་བཅས་གསན་ཞིང༌། ཕྱིས་གཟིམས་ཆུང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཚེས་བཅུའི་ཚོགས་མཆོད་ཞིག་བཏང་བར་མཛད་པ་འདི་ནི་གཏེར་རྙིང་གི་ཚིག་རིས་དང་མཐུན་པར་བྱིན་རླབས་ཆེ་སྙམ་འདུག་ཅེས་གསུངས། རང་གིས་ཀྱང་ཡིད་ཆེས་ཀྱི་ངེས་པས་ཉམས་ལེན་ཐར་ཐོར་དང་རྒྱུན་ཁྱེར་སོགས་བྲིས་ཀྱང་དཔེ་རྒྱུན་དུས་ཀྱི་འགྱུར་བས་མི་སྣང་བར་གྱུར་པ། ཕྱིས་བལ་ཡུལ་དུ་ཡངས་ལེ་ཤོད་ལ་གནས་འབྲེལ་བགྱིས་སྐབས་སྔོན་གྱི་གནས་ཚུལ་རྣམས་དྲན་པས་རྐྱེན་བྱས་གློ་བུར་དུ་བྲི་འདོད་བྱུང་བ་དང་འཁྲུལ་ཞིག་རིན་པོ་ཆེ་དྷརྨ་མ་ཏིས་ཀྱང་བཀའ་ནན་གྱིས་བསྐུལ་བ་བཞིན་སླར་ཡི་གེར་སྤེལ་བ་ཚིག་རིས་མཚུངས་མིན་མ་དྲན་ཀྱང་དོན་གནད་གཅིག་པས་རུང་སྙམ་པའོ།། །།}}
rang byung pad+ma snying thig gter 'byung gi lo rgyus bzhugs so//_//
klong chen mkha' la don brgyud gdong lnga yis/_/rtsen pa'i rjes bsnyegs wa skyes snas nyul te/_/mi srid rdzun gyi ca co 'byin pa yang*/_/'phags pa'i tshogs kyis thugs khrel med par zhu/_rdo rje ye shes nang gi nyi ma yis/_/'khrul rtog mun pa bgrungs pa'i de ma thag_/thar grol pad+mo bzhad pa'i bka' drin can/_/dpal mgon bla mas tshe rabs kun tu skyongs/_/bdag blo chu skyes las nyon 'dam bying kyang*/_/bla ma'i byin rlabs snang bas phyes rloms kyi/_/rdzun ris b+h+raHma ra yi gling bu yang*/_/len pa dad ldan dbugs 'byin 'gyur srid bris/_/dus kyi tha mar so skyes las nyon kun ldan bdag lta bu la yang dgongs gter du sgro btags pa 'ga' zhig stes dbang gis bri rgyu byung ba la lo rgyus zhib gsal zhig yod na shin tu dgos gal che bas yi ger thob ces rigs kun khyab bdag dpal mgon bla ma 'jam pa'i rdo rje pad+ma ye shes rdo rjes bka' bstsal ba la bsam nas bri ba la phyogs so/__!__thugs sgrub rtsa gsum/_rang lo nyer gcig lcags rta skor yin snyam grub pa'i dbang phyug dam pa sangs rgyas kyi sgrub phug tu grags pa'i dkar po brag ces pa'i gsham/_sman shing g.yu shug nags tshal stug po'i dbus rang nyid gcig pu bsam gtan gyi spyil bu bdud 'dul rnam par rgyal ba'i dga' tshal du sgrub pa la gzhol ba'i tho rangs zhig gi char mnal dang 'od gsal 'dres pa'i ngang rang lus rtsa gsum 'khor lo lnga dang bcas pa dwangs gsal sgrib g.yogs dang bral ba'i rtsa 'khor rnams su thugs sgrub gzhung gi lus dkyil ltar yod snyam pa la ngo mtshar gyi snang ba skyes pa zhig byung zhing*/_sngar nas 'jam mgon mkhyen brtse rin po che'i rdo rje glu yi phreng ba'i dbur rtsa gsum lam khyer rdo rje'i thol glu zab gsang sbas pa'i snang ba nyi zla'i sprin gyi 'jo sgeg mjal ba'i skabs 'di dang mtshungs pa'i sgrub thabs zhig yod na snyam pa'i yid gdung bas gter mdzod sogs su btsal kyang ma rnyed pas 'khrul snang shar ba de dang mtshungs par 'dug snyam pa spro ba skyes kyang sgrub thabs bri ba sogs kyi spros pa bskyungs/_mgur ma de dang cha 'dra ba zhig bris te gsol 'debs yang yang byas/_slar rang lo so drug gi char 'og min bla ma'i gdan sa rdzong sar bkra shis lha rtser rin chen gter mdzod chen po'i smin grol gyi skal bzang rdzogs par thob pa'i rjes ring por ma lon par gu ru'i gsol 'debs le'u bdun pa'i lung zhig dad ldan kha shas la bton pa lo rgyus kyi yig chung lha sras zhus lan skor yin snyam skabs gu ru rin po che dran pa'i gdung shugs kyis gu ru rin po che sku che chung ma nges pa char ltar bab nas rang la thim pas bsam yas kyi gtsug lag khang Ar+Ya pa gling yin snyam dang mkhan slob chos rgyal rje blon gyi tshom bu bcas mngon sum lta bur rig ngor yang yang gsal bas rkyen byas rtsa gsum bla ma'i sgrub thabs gtan la phab nas rje bla mar phul bas ring por ma lon par smin grol lung bcas gsan zhing*/_phyis gzims chung bkra shis 'chi med grub pa'i dga' tshal du tshes bcu'i tshogs mchod zhig btang bar mdzad pa 'di ni gter rnying gi tshig ris dang mthun par byin rlabs che snyam 'dug ces gsungs/_rang gis kyang yid ches kyi nges pas nyams len thar thor dang rgyun khyer sogs bris kyang dpe rgyun dus kyi 'gyur bas mi snang bar gyur pa/_phyis bal yul du yangs le shod la gnas 'brel bgyis skabs sngon gyi gnas tshul rnams dran pas rkyen byas glo bur du bri 'dod byung ba dang 'khrul zhig rin po che d+harma ma tis kyang bka' nan gyis bskul ba bzhin slar yi ger spel ba tshig ris mtshungs min ma dran kyang don gnad gcig pas rung snyam pa'o//_//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
[[Category:DKR-KABUM-Volume-17-TSA]]
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-17-TSA]]
[[Category:DKR-KABUM-Volume-17-TSA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Latest revision as of 08:10, 1 June 2024

Wylie title rang byung pad+ma snying thig gter 'byung gi lo rgyus DKR-KABUM-17-TSA-002.pdf
Location dil mgo mkhyen brtse bka' 'bum
Volume 17, Text 2, Pages 4-5 (Folios 1a1 to 2b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Rang byung pad+ma snying thig gter 'byung gi lo rgyus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 4-5. Delhi: Shechen Publications, 1994.
Genre History Texts - lo rgyus
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
[edit]
༄༅། །རང་བྱུང་པདྨ་སྙིང་ཐིག་གཏེར་འབྱུང་གི་ལོ་རྒྱུས་བཞུགས་སོ།། །། ཀློང་ཆེན་མཁའ་ལ་དོན་བརྒྱུད་གདོང་ལྔ་ཡིས། །རྩེན་པའི་རྗེས་བསྙེགས་ཝ་སྐྱེས་སྣས་ཉུལ་ཏེ། །མི་སྲིད་རྫུན་གྱི་ཅ་ཅོ་འབྱིན་པ་ཡང༌། །འཕགས་པའི་ཚོགས་ཀྱིས་ཐུགས་ཁྲེལ་མེད་པར་ཞུ། རྡོ་རྗེ་ཡེ་ཤེས་ནང་གི་ཉི་མ་ཡིས། །འཁྲུལ་རྟོག་མུན་པ་བགྲུངས་པའི་དེ་མ་ཐག །ཐར་གྲོལ་པདྨོ་བཞད་པའི་བཀའ་དྲིན་ཅན། །དཔལ་མགོན་བླ་མས་ཚེ་རབས་ཀུན་ཏུ་སྐྱོངས། །བདག་བློ་ཆུ་སྐྱེས་ལས་ཉོན་འདམ་བྱིང་ཀྱང༌། །བླ་མའི་བྱིན་རླབས་སྣང་བས་ཕྱེས་རློམས་ཀྱི། །རྫུན་རིས་བྷྲཿམ་ར་ཡི་གླིང་བུ་ཡང༌། །ལེན་པ་དད་ལྡན་དབུགས་འབྱིན་འགྱུར་སྲིད་བྲིས། །དུས་ཀྱི་ཐ་མར་སོ་སྐྱེས་ལས་ཉོན་ཀུན་ལྡན་བདག་ལྟ་བུ་ལ་ཡང་དགོངས་གཏེར་དུ་སྒྲོ་བཏགས་པ་འགའ་ཞིག་སྟེས་དབང་གིས་བྲི་རྒྱུ་བྱུང་བ་ལ་ལོ་རྒྱུས་ཞིབ་གསལ་ཞིག་ཡོད་ན་ཤིན་ཏུ་དགོས་གལ་ཆེ་བས་ཡི་གེར་ཐོབ་ཅེས་རིགས་ཀུན་ཁྱབ་བདག་དཔལ་མགོན་བླ་མ་འཇམ་པའི་རྡོ་རྗེ་པདྨ་ཡེ་ཤེས་རྡོ་རྗེས་བཀའ་བསྩལ་བ་ལ་བསམ་ནས་བྲི་བ་ལ་ཕྱོགས་སོ། ༈ ཐུགས་སྒྲུབ་རྩ་གསུམ། རང་ལོ་ཉེར་གཅིག་ལྕགས་རྟ་སྐོར་ཡིན་སྙམ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་ཏུ་གྲགས་པའི་དཀར་པོ་བྲག་ཅེས་པའི་གཤམ། སྨན་ཤིང་གཡུ་ཤུག་ནགས་ཚལ་སྟུག་པོའི་དབུས་རང་ཉིད་གཅིག་པུ་བསམ་གཏན་གྱི་སྤྱིལ་བུ་བདུད་འདུལ་རྣམ་པར་རྒྱལ་བའི་དགའ་ཚལ་དུ་སྒྲུབ་པ་ལ་གཞོལ་བའི་ཐོ་རངས་ཞིག་གི་ཆར་མནལ་དང་འོད་གསལ་འདྲེས་པའི་ངང་རང་ལུས་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བའི་རྩ་འཁོར་རྣམས་སུ་ཐུགས་སྒྲུབ་གཞུང་གི་ལུས་དཀྱིལ་ལྟར་ཡོད་སྙམ་པ་ལ་ངོ་མཚར་གྱི་སྣང་བ་སྐྱེས་པ་ཞིག་བྱུང་ཞིང༌། སྔར་ནས་འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེའི་རྡོ་རྗེ་གླུ་ཡི་ཕྲེང་བའི་དབུར་རྩ་གསུམ་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་ཟབ་གསང་སྦས་པའི་སྣང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་མཇལ་བའི་སྐབས་འདི་དང་མཚུངས་པའི་སྒྲུབ་ཐབས་ཞིག་ཡོད་ན་སྙམ་པའི་ཡིད་གདུང་བས་གཏེར་མཛོད་སོགས་སུ་བཙལ་ཀྱང་མ་རྙེད་པས་འཁྲུལ་སྣང་ཤར་བ་དེ་དང་མཚུངས་པར་འདུག་སྙམ་པ་སྤྲོ་བ་སྐྱེས་ཀྱང་སྒྲུབ་ཐབས་བྲི་བ་སོགས་ཀྱི་སྤྲོས་པ་བསྐྱུངས། མགུར་མ་དེ་དང་ཆ་འདྲ་བ་ཞིག་བྲིས་ཏེ་གསོལ་འདེབས་ཡང་ཡང་བྱས། སླར་རང་ལོ་སོ་དྲུག་གི་ཆར་འོག་མིན་བླ་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེར་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་གྱི་སྐལ་བཟང་རྫོགས་པར་ཐོབ་པའི་རྗེས་རིང་པོར་མ་ལོན་པར་གུ་རུའི་གསོལ་འདེབས་ལེའུ་བདུན་པའི་ལུང་ཞིག་དད་ལྡན་ཁ་ཤས་ལ་བཏོན་པ་ལོ་རྒྱུས་ཀྱི་ཡིག་ཆུང་ལྷ་སྲས་ཞུས་ལན་སྐོར་ཡིན་སྙམ་སྐབས་གུ་རུ་རིན་པོ་ཆེ་དྲན་པའི་གདུང་ཤུགས་ཀྱིས་གུ་རུ་རིན་པོ་ཆེ་སྐུ་ཆེ་ཆུང་མ་ངེས་པ་ཆར་ལྟར་བབ་ནས་རང་ལ་ཐིམ་པས་བསམ་ཡས་ཀྱི་གཙུག་ལག་ཁང་ཨཱརྻ་པ་གླིང་ཡིན་སྙམ་དང་མཁན་སློབ་ཆོས་རྒྱལ་རྗེ་བློན་གྱི་ཚོམ་བུ་བཅས་མངོན་སུམ་ལྟ་བུར་རིག་ངོར་ཡང་ཡང་གསལ་བས་རྐྱེན་བྱས་རྩ་གསུམ་བླ་མའི་སྒྲུབ་ཐབས་གཏན་ལ་ཕབ་ནས་རྗེ་བླ་མར་ཕུལ་བས་རིང་པོར་མ་ལོན་པར་སྨིན་གྲོལ་ལུང་བཅས་གསན་ཞིང༌། ཕྱིས་གཟིམས་ཆུང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཚེས་བཅུའི་ཚོགས་མཆོད་ཞིག་བཏང་བར་མཛད་པ་འདི་ནི་གཏེར་རྙིང་གི་ཚིག་རིས་དང་མཐུན་པར་བྱིན་རླབས་ཆེ་སྙམ་འདུག་ཅེས་གསུངས། རང་གིས་ཀྱང་ཡིད་ཆེས་ཀྱི་ངེས་པས་ཉམས་ལེན་ཐར་ཐོར་དང་རྒྱུན་ཁྱེར་སོགས་བྲིས་ཀྱང་དཔེ་རྒྱུན་དུས་ཀྱི་འགྱུར་བས་མི་སྣང་བར་གྱུར་པ། ཕྱིས་བལ་ཡུལ་དུ་ཡངས་ལེ་ཤོད་ལ་གནས་འབྲེལ་བགྱིས་སྐབས་སྔོན་གྱི་གནས་ཚུལ་རྣམས་དྲན་པས་རྐྱེན་བྱས་གློ་བུར་དུ་བྲི་འདོད་བྱུང་བ་དང་འཁྲུལ་ཞིག་རིན་པོ་ཆེ་དྷརྨ་མ་ཏིས་ཀྱང་བཀའ་ནན་གྱིས་བསྐུལ་བ་བཞིན་སླར་ཡི་གེར་སྤེལ་བ་ཚིག་རིས་མཚུངས་མིན་མ་དྲན་ཀྱང་དོན་གནད་གཅིག་པས་རུང་སྙམ་པའོ།། །།
[edit]

rang byung pad+ma snying thig gter 'byung gi lo rgyus bzhugs so//_// klong chen mkha' la don brgyud gdong lnga yis/_/rtsen pa'i rjes bsnyegs wa skyes snas nyul te/_/mi srid rdzun gyi ca co 'byin pa yang*/_/'phags pa'i tshogs kyis thugs khrel med par zhu/_rdo rje ye shes nang gi nyi ma yis/_/'khrul rtog mun pa bgrungs pa'i de ma thag_/thar grol pad+mo bzhad pa'i bka' drin can/_/dpal mgon bla mas tshe rabs kun tu skyongs/_/bdag blo chu skyes las nyon 'dam bying kyang*/_/bla ma'i byin rlabs snang bas phyes rloms kyi/_/rdzun ris b+h+raHma ra yi gling bu yang*/_/len pa dad ldan dbugs 'byin 'gyur srid bris/_/dus kyi tha mar so skyes las nyon kun ldan bdag lta bu la yang dgongs gter du sgro btags pa 'ga' zhig stes dbang gis bri rgyu byung ba la lo rgyus zhib gsal zhig yod na shin tu dgos gal che bas yi ger thob ces rigs kun khyab bdag dpal mgon bla ma 'jam pa'i rdo rje pad+ma ye shes rdo rjes bka' bstsal ba la bsam nas bri ba la phyogs so/__!__thugs sgrub rtsa gsum/_rang lo nyer gcig lcags rta skor yin snyam grub pa'i dbang phyug dam pa sangs rgyas kyi sgrub phug tu grags pa'i dkar po brag ces pa'i gsham/_sman shing g.yu shug nags tshal stug po'i dbus rang nyid gcig pu bsam gtan gyi spyil bu bdud 'dul rnam par rgyal ba'i dga' tshal du sgrub pa la gzhol ba'i tho rangs zhig gi char mnal dang 'od gsal 'dres pa'i ngang rang lus rtsa gsum 'khor lo lnga dang bcas pa dwangs gsal sgrib g.yogs dang bral ba'i rtsa 'khor rnams su thugs sgrub gzhung gi lus dkyil ltar yod snyam pa la ngo mtshar gyi snang ba skyes pa zhig byung zhing*/_sngar nas 'jam mgon mkhyen brtse rin po che'i rdo rje glu yi phreng ba'i dbur rtsa gsum lam khyer rdo rje'i thol glu zab gsang sbas pa'i snang ba nyi zla'i sprin gyi 'jo sgeg mjal ba'i skabs 'di dang mtshungs pa'i sgrub thabs zhig yod na snyam pa'i yid gdung bas gter mdzod sogs su btsal kyang ma rnyed pas 'khrul snang shar ba de dang mtshungs par 'dug snyam pa spro ba skyes kyang sgrub thabs bri ba sogs kyi spros pa bskyungs/_mgur ma de dang cha 'dra ba zhig bris te gsol 'debs yang yang byas/_slar rang lo so drug gi char 'og min bla ma'i gdan sa rdzong sar bkra shis lha rtser rin chen gter mdzod chen po'i smin grol gyi skal bzang rdzogs par thob pa'i rjes ring por ma lon par gu ru'i gsol 'debs le'u bdun pa'i lung zhig dad ldan kha shas la bton pa lo rgyus kyi yig chung lha sras zhus lan skor yin snyam skabs gu ru rin po che dran pa'i gdung shugs kyis gu ru rin po che sku che chung ma nges pa char ltar bab nas rang la thim pas bsam yas kyi gtsug lag khang Ar+Ya pa gling yin snyam dang mkhan slob chos rgyal rje blon gyi tshom bu bcas mngon sum lta bur rig ngor yang yang gsal bas rkyen byas rtsa gsum bla ma'i sgrub thabs gtan la phab nas rje bla mar phul bas ring por ma lon par smin grol lung bcas gsan zhing*/_phyis gzims chung bkra shis 'chi med grub pa'i dga' tshal du tshes bcu'i tshogs mchod zhig btang bar mdzad pa 'di ni gter rnying gi tshig ris dang mthun par byin rlabs che snyam 'dug ces gsungs/_rang gis kyang yid ches kyi nges pas nyams len thar thor dang rgyun khyer sogs bris kyang dpe rgyun dus kyi 'gyur bas mi snang bar gyur pa/_phyis bal yul du yangs le shod la gnas 'brel bgyis skabs sngon gyi gnas tshul rnams dran pas rkyen byas glo bur du bri 'dod byung ba dang 'khrul zhig rin po che d+harma ma tis kyang bka' nan gyis bskul ba bzhin slar yi ger spel ba tshig ris mtshungs min ma dran kyang don gnad gcig pas rung snyam pa'o//_//

Footnotes

Other Information