DKR-KABUM-15-BA-010: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་གྱི་འགྲེལ་པ་གཏན་བདེའི་ས་བོན། | |||
|fulltitle=sku gsum zhing khams sbyong ba'i gsol 'debs smon lam gyi 'grel pa gtan bde'i sa bon | |||
|citation=[[Khyentse, Dilgo]]. ''Sku gsum zhing khams sbyong ba'i gsol 'debs smon lam gyi 'grel pa gtan bde'i sa bon''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 15: 331-347. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourceauthor='jigs med gling pa | |||
|sourceauthortib=འཇིགས་མེད་གླིང་པ་ | |||
|tibgenre=Commentaries - 'grel pa, Prayers - smon lam | |||
|terma=No | |||
|dkroutline=Five | |||
|cycle=klong chen snying gi thig le | |||
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་ | |||
|language=Tibetan | |||
|volumenumber=015 | |||
|volnumtib=༡༥ | |||
|volyigtib=བ་ | |||
|totalvolumes=25 | |||
|textnuminvol=010 | |||
|pagenumbers=331-347 | |||
|totalpages=33 | |||
|beginfolioline=1a | |||
|endfolioline=17a4 | |||
|totalfolios=17 | |||
|multivolumework=No | |||
|rectonotes='grel pa | |||
|versonotes=sku gsum zhing khams sbyong ba'i gsol 'debs smon lam | |||
|colophontib=།ཅེས་ལྷོ་འབྲུག་གི་རྒྱལ་ཁབ་ཀྱི་དགེ་སྦྱོང་སྤོང་བ་པ་ཀརྨ་ཚུལ་ཁྲིམས་གཞན་ཕན་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་བསྐུལ་ངོར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཉུལ་བའི་རྐང་དྲུག་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོའི་དབང་ཕྱོགས་བྱང་ཆུབ་ཤིང་གི་གྲིབ་བསིལ་དུ་བྲིས་པའི་ཡི་གེ་གཉིས་པ་སྤེལ་བ་པོ་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་འཇིགས་མེད་ཤེས་རབ་འོད་ཟེར་གྱིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་ཐེག་མཆོག་སྙིང་པོའི་ལམ་བཟང་ཁོ་ནས་གདོད་མའི་གྲོལ་གཞིར་སྙེགས་པའི་རྒྱུར་གྱུར་ཅིག། | |||
|colophonwylie=/ces lho 'brug gi rgyal khab kyi dge sbyong spong ba pa karma tshul khrims gzhan phan nas lha rdzas kyi rten dang bcas te bskul ngor 'od gsal rdo rje snying po'i bstan zhabs su skyes pa'i rgyal khams nyul ba'i rkang drug 'jigs med mkhyen brtse'i 'od zer gyis 'phags yul rdo rje gdan gyi gtsug lag khang chen po'i dbang phyogs byang chub shing gi grib bsil du bris pa'i yi ge gnyis pa spel ba po rgyal khams kun tu rgyu ba 'jigs med shes rab 'od zer gyis bgyis pa 'dis kyang 'gro kun theg mchog snying po'i lam bzang kho nas gdod ma'i grol gzhir snyegs pa'i rgyur gyur cig/ | |||
|pdflink=File:DKR-KABUM-15-BA-010.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་གྱི་འགྲེལ་པ་གཏན་བདེའི་ས་བོན་བཞུགས་སོ།། | |||
<br> | |||
༄༅། །ན་མོ་མ་ཧཱ་གུ་རུ་ཀཱ་ཡ་ཏྲ་ཡཱ་ཡ། སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་གྱི་དོན་ཅུང་ཟད་བཤད་པ་ལ་གསུམ། ཐོག་མར་མཚན་གྱི་དོན། གཞུང་སྨོན་ལམ་དངོས། མཇུག་ཇི་ལྟར་མཛད་པའི་དགོས་ཆེད་དང་བཅས་པའོ། །དང་པོ་ནི། སྤྱིར་འབྲས་བུའི་མཐར་ཐུག་སངས་རྒྱས་སྐུ་གསུམ་སྟེ་དེ་ཉིད་ཀྱང་རང་བྱུང་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་ཡེ་ཤེས་དབྱིངས་སུ་ཡེ་རྫོགས་ཆེན་པོར་བཞུགས་པའི་གནད་ཤེས་ན་སྐྱེ་འཆི་བར་དོའི་འཁྲུལ་པ་ཐམས་ཅད་ཀྱང་དེ་གའི་ཀློང་དུ་དག་ནས་ཡིན་ལུགས་མངོན་གྱུར་གྱིས་ཡུད་ཙམ་གྱིས་ཕྱིན་པར་ནུས་ཤིང་སྐྱེ་འཆི་བར་དོ་དེ་དག་རེ་རེ་ཡང་གནས་ལུགས་སྐུ་གསུམ་གྱི་ཡེ་ཤེས་ལས་མི་འདའ་བས་དེ་དག་མཐུན་པར་ལམ་དུ་བྱེད་དགོས་པས་སྐབས་འདིར་ཡང་སྨོན་ལམ་གྱི་བརྗོད་བྱའི་གཙོ་བོ་བར་དོ་ལམ་སྣང་གི་གྲོལ་ཚུལ་ཏེ། བར་དོ་དེ་ལའང་སྐྱེ་གནས་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ། རྨི་ལམ་བར་དོ། བསམ་གཏན་གྱི་བར་དོ་དྲུག་གི་བར་གསུངས་པ་ཡང་ལས་ཀྱི་གཞན་དབང་ཅན་གྱི་སྐྱེ་འཆིའི་སྣང་བ་ཐམས་ཅད་འཁྲུལ་སྣང་མ་བརྟགས་ཉམས་དགའ་བ་ཙམ་ལས་གཏད་སོ་མེད་པས་ཐམས་ཅད་བར་དོ་ཡིན་ལ། དེ་དག་ཀྱང་སྐྱེ་གནས་བར་དོའི་ཉམས་ལེན་གྱི་གྲོགས་སུ་མཉམ་གཞག་གི་རྣལ་འབྱོར་ལ་བསམ་གཏན་དང༌། དྲོད་ཚད་ངོས་བཟུང་བ་ལ་རྨི་ལམ་གྱི་བར་དོའི་དབྱེ་བ་ཙམ་དུ་ཟད་ལ། དེ་དག་ལམ་བྱེད་ཀྱི་ལྟ་དགོངས་ལ་གདེང་ཐོབ་པས་འཆི་ཁ་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ་གསུམ་གྱི་འཁྲུལ་སྣང་སྐུ་གསུམ་གྱི་ཡེ་ཤེས་སུ་འཆར་ནུས་པས་ལམ་གྱི་དབྱེ་བསྡུ་གང་ལྟར་ཡང་དོན་གནད་གཅིག་ཏུ་འདུས་པས་ན་བར་དོ་གསུམ་སངས་རྒྱས་སྐུ་གསུམ་གྱི་སྣང་བར་ངོ་སྤྲད་པའི་དབང་གིས་སྐུ་གསུམ་གྱི་ཞིང་སྣང་དུ་གྲོལ་ནུས་པའི་ཕྱིར་གཙོ་བོ་མཉམ་གཞག་གི་ཉམས་ལེན་ལ་གདེང་ཐོབ་པ་ཡིན་ཀྱང་སྐུ་གསུམ་དག་པའི་ཞིང་ཁམས་སྦྱོང་པའི་རྡོ་རྗེའི་བདེན་ཚིག་གི་སྨོན་ལམ་འདི་ལྟ་བུ་ཡང་དུས་ཁྱད་པར་ཅན་གྱི་བསམ་སྦྱོར་དག་པས་བཏབ་ན་དེའི་གྲོགས་སུ་འགྱུར་བའི་ཕྱིར་ཤིན་ཏུ་གལ་ཆེ་ཞིང༌། དེ་ལྟ་བུའི་གནད་དོན་ཚིག་རྗེས་སུ་དོན་དྲན་པས་སྨོན་ལམ་དུ་བཏབ་ན་བར་དོའི་འཆར་ཚུལ་གྱི་རྣམ་གཞག་ཡིད་ལ་ངེས་པའི་མཐུས། བར་དོའི་སྣང་བ་དེ་འཆར་བའི་སྐབས་གསལ་འདེབས་ཀྱི་གྲོགས་དང་ལམ་འདི་ཉམས་སུ་ལེན་པའི་གང་ཟག་བར་དོ་ལ་གནས་པས་ཐོས་ཀྱང་ངོ་སྤྲོད་དུ་འགྱུར་བའི་ཕྱིར་ཐོས་གྲོལ་གྱི་སྙིང་པོ་དང༌། ཐུན་མོང་ཚོགས་གཉིས་ཀྱི་བསགས་སྦྱངས་ལ་བརྟེན་ནས་ཞིང་ཁམས་སྦྱང་བ་ལས་ཁྱད་པར་དུ་འཕགས་པ། དེ་ནི་རང་གནས་ཡེ་ཤེས་ཆེན་པོའི་སྣང་བ་གདོད་ནས་སྐུ་གསུམ་གྱི་འཆར་ཆ་རང་བྱུང་ལྷུན་གྱིས་གྲུབ་པའི་ཡིན་ལུགས་ཉིད་གསལ་འདེབས་པས། ཡིན་ཐོག་དེར་བར་དོ་གསུམ་གྱི་འཁྲུལ་སྣང་ཐམས་ཅད་གྲོལ་བྱེད་དུ་སྨོན་པའི་ཕྱིར་ཞིང་ཁམས་སྦྱང་བ་ཐུན་མིན་གྱི་ཟབ་ཁྱད་ཅན་གྱི་གནད་དོན་བསྟན་པ་བཞུགས་སོ། ༈ གཉིས་པ་སྨོན་ལམ་དངོས་ལ། ཞིང་ཁམས་སྦྱང་བའི་རྒྱུ་འཁོར་བ་ལས་ངེས་འབྱུང་གི་བློས་བསྐུལ་བ། གང་དུ་གྲོལ་བའི་ཞིང་བར་དོའི་སྣང་ཆ་སྐུ་གསུམ་གྱི་སྣང་བར་ངོ་འཕྲོད་པར་སྨོན་པའོ། །དང་པོ་ལ་དྲུག་ལས། ཐོག་མར་ཆོས་ཀུན་རྩ་བ་སེམས་ཀྱི་སྐྱོན་ལ་བརྟགས་ནས་ངེས་འབྱུང་བསྐྱེད་པ་ནི། བདག་དང་བཅས་པའི་ཡིད་ཅན་ཐམས་ཅད་འཁྲུལ་པའི་བག་ཆགས་ཤིན་ཏུ་ཨ་འཐས་ཏེ་རྒྱུ་འབྲས་གོ་ལྡོག་ཏུ་ཤར་བའི་སྤྱོད་ཚུལ་ལ་སྙིང་ནས་སྐྱོ་བའི་ཚུལ་གྱིས་ཀྱེྃ་མྃ་ཀྱིྃ་ཧུདྃ་ཅེས་སྨྲེ་སྔགས་ཀྱི་ཚིག་གདུང་བའི་ཡུས་ཀྱིས་གང་ལ་འབོད་ན། སྙིགས་མའི་སེམས་ཅན་སྤྱི་དང་ཁྱད་པར་བོད་གངས་ཅན་གྱི་སྐྱབས་གཅིག་སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་རིྃག་འཛིྃན་ཆེན་པོ་རྡོ་རྗེའི་བླ་མ་པྃདྨྃ་འབྱུངྃ་གནས་ཞེས་མཚན་ནས་བོས་ཏེ་སྨྲེ་སྔགས་ཀྱིས་འབོད་དགོས་པའི་རྒྱུ་མཚན་ནི། ཁྱོད་ཀྱི་ཐུགས་རྗེས་ལྷག་པར་དུ་གཟིགས་པའི་ཡུལ་གང་ཡིན་ན་བོད་ཡུལ་ཕྱི་མའི་གདུལ་བྱ་སྙིགས་མའི་སྐབས་སུ་སྐྱེས་པ་བདག་དང་བྃདག་འདྲྃ་བ་རྒྱུ་ལསྃ་སྡིག་པ་དང༌། ཉོན་མོངས་དུག་གསུམ་ཤིན་ཏུ་བདོ་བའི་འབྲས་བུས་དུས་ངྃན་ཚེ་དུས་ལྟ་བ་ཉོན་མོངས་ལས་ཀྱི་སྙིགྃས་མྃ་ཤིན་ཏུ་བདོ་བས་རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱོད་པའི་སེམྃས་ཅནྃ་རྣམྃས་ནི། རྒྱལ་སྲས་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། སྡུག་བསྔལ་ཉིད་ལ་རྣམ་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པ་ལྟར་ཡིད་ཀྱིས་ལུས་སེམས་ལ་བྃདེ་བྃ་འདོདྃ་ཀྱངྃ་བདེ་བའི་རྒྱུ་སྒོ་གསུམ་དགེ་བ་ཅུང་ཟད་ཙམ་ཡང་སྒྲུབ་མི་ཤེས་པའི་སྟེང༌། སྡུགྃ་བསྔལྃ་གྱི་རྒྱུ་སྡིག་པ་ལ་ཆེད་དུ་འབད་མི་དགོས་པར་སྒོ་གསུམ་ངང་གིས་འཇུག་པས་སྲིད་པའི་སྡུག་བསྔལ་འབའ་ཞིག་དོནྃ་དུྃ་གཉེརྃ་བ་བཞིན་སྒྲུབ་པ་ལ་ལུས་སེམས་ངལ་བ་ལྟོས་མེད་དུ་བྱས་ཏེ། སྙིངྃ་རུྃས་ཀྱི་བརྩོན་པ་ཕྱིནྃ་ཅིྃ་ལོྃག་གི་ལས་འབྲས་འབའ་ཞིག་ལ་བརྩོན་ཀྱང༌། རང་ཉིད་འཁྲུལ་པ་རང་ཉིད་ཀྱི་མི་ཤེས་པས་ལོང་བ་བཤེས་མེད་ཐང་དཀྱིལ་དུ་ལུས་པ་ལྟ་བུ་རྣམྃས། དོན་མེད་ཀྱི་སྤྱོད་པ་འདིས་མི་ཚེ་འདས་ཀྱང་བསམ་སྦྱོར་ནོར་འཁྲུལ་བྱུང་བ་མི་ཤེས་པའི་ངང་ནམ་ཞིག་འཆི་བ་བཙན་ཐབས་སུ་བྱུང་ཚེ་ལས་སྣང་གི་བསུན་མ་བཟློག་ཏུ་མེད་པས། ཡ་ང་དང་འཇིགས་པའི་ཆོ་འཕྲུལ་རང་གཅིག་པུའི་སྟེང་དུ་བྱུང་ནས་སེམས་འགྱོད་བཞིན་པས་མགོན་སྐྱབས་དང་དཔུང་གཉེན་བྲལ་བའི་སྐབས་བདག་གིས་སུྃ་ལྃ་རེྃ། དེ་དུས་འགྱོད་པ་དང་འཇིགས་སྐྲག་བྱུང་བ་ད་ལྟ་ནས་ཤེས་པས་ཁྱོད་ཀྱི་ཐུགྃས་རྗེྃ་བསྐུལ་ཏེ་འཁྲུལ་སྣང་འཇིགས་སྐྲག་དེ་དག་ལས་སྐྱོབ་པར་གསོལ་བ་མ་བཏབ་ན་དེའི་དུས་སུ་དྭ་ཕྲུག་ས་མཐར་འཁྱམས་པ་བཞིན་འགྱུར་བ་ལ་དགོངས་ཏེ་དམིགས་པ་མེད་པའི་སྙིང་རྗེས་གཟིྃགས་པ་ནམ་ཡང་དུས་ལས་མི་ཡོལ་བར་དགོངས་ཤིྃག །ད་ལྟ་འཛམ་བུའི་གླིང་གི་ལྷོ་ནུབ་རྔྃ་ཡབྃ་གླིངྃ་དུ་སྐུ་གསུམ་རྒྱལ་བའི་ཞིང་སྒྲོན་མ་བཀོད་ན་བཞུགས་པའི་སྟོན་པྃ་གུ་རུ་རིན་པོ་ཆེ་མྃཁྱེན་ཞེས་གསོལ་བ་རྟག་ཏུ་རྒྱུན་མི་ཆད་པར་འདེབས་པས་ཁྱེད་ནི་དྲན་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་བཙན་ཐབས་སུ་འབེབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་བདག་དང་འགྲོ་ཀུན་མ་དག་རིགས་དྲུག་གི་སྐྱེ་གནས་གཞན་དུ་ཁ་མི་འཁྱལ་བར་དྃ་ལྟྃ་སྐད་ཅིག་ཉིདྃ་དུྃ་སྐུ་གསུམ་རྒྱལ་བའི་ཞིང་གི་བཀོད་པ་ལྷུན་གྲུབ་རྫོགས་པའི་ཁྱབ་བདག་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཉིད་པདྨའི་རིགས་ཀྱི་འཁོར་ལོ་བསྒྱུར་བས་ཕྲིན་ལས་ཀྱི་གཙོ་བོ་དང་ཞིང་གི་བཀོད་པ་དབང་དྲག་བརྟུལ་ཞུགས་ཀྱི་ཆོ་འཕྲུལ་གཙོ་བོར་སྟོན་པའི་བརྡ་རྟགས་ཏེ། གསང་སྔགས་ཀྱི་ལམ་ཐམས་ཅད་སྦྱོར་སྒྲོལ་གཉིས་སུ་འདུས་ཤིང་དེའི་དབང་གིས་ཐོག་མར་དཔལ་ཆེན་ཆེན་པོས་ཀྱང་བདུད་དང་རཱུ་ཏྲ་བསྒྲལ། རཱུ་ཏྲའི་ཆུང་མ་ཀྲོ་དྷཱི་ཤྭ་རི་ལ་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པས་རྒྱུད་ཐམས་ཅད་ཀྱི་གླེང་གཞིར་བྱུང་བ་བཞིན་ལ། མཛད་པ་དེའི་དངོས་བསྟན་དབང་དྲག་གཉིས་ཡིན་པའི་དགོས་པ་རྗེས་སུ་མཚོན་པའི་བརྡ་རྟགས་སུ་རིན་པོ་ཆེ་ཟངྃས་ཀྱི་མྃདོག་ཅན་གྱི་བྲག་རི་ཙིཏྟའི་དབྱིབས་ཅན་གྱི་རྩེར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པའི་སྐུ་དང་ཞིང་ཁམས་གཞལ་མེད་ཁང་རྒྱན་བཀོད་སྟོན་འཁོར་ཐམས་ཅད་ཕུན་སུམ་ཚོགས་པའི་དཔྃལ་གྱིས་མཛེས་པའི་རིྃ་བོར་སྐད་ཅིག་ཉིད་དུ་དྲོངྃས། སྐྱེས་མ་ཐག་སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཞལ་མཐོང་ཐུགས་རྗེས་རྗེས་སུ་འཛིན་ཏེ་རྡོ་རྗེ་ཐེག་པའི་ས་ལམ་ཅིག་ཅར་དུ་རྫོགས་པས་དགོངས་ཀློང་དབྱེར་མེད་དུ་འདྲེས་པར་མཛད་དུ་གསོལ། གཉིས་པ་དལ་འབྱོར་རྙེད་དཀའ་བས་ཆོས་ལ་བསྐུལ་བ་ནི། བདག་ཅག་གངས་ཅན་བོད་དུ་སྐྱེས་ནས་དལ་འབྱོར་གྱི་ལུས་ཐོབ་ཆོས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་ཀྱང་རང་རྒྱུད་ལས་ངན་གྱིས་སྙིགས་དུས་སུ་སྐྱེས། མཐའ་འཁོབ་མུན་པའི་གླིང་འདྲེ་སྲིན་ནག་ཕྱོགས་ཀྱིས་གང་བ་བོད་ཡུལ་ལྟ་བུ་འདུལ་བའི་ཐུགས་བསྐྱེད་དང༌། བསྐལ་པ་གྲངས་མེད་དུ་ཚོགས་གཉིས་རྫོགས་སྨིན་སྦྱངས་པས་བརྟན་པའི་སྨོན་ལམ་དུས་སུ་སྨིན་པས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་ཐུགྃས་རྗེྃ་ལྡནྃ་པའིྃ་རྒྱལྃ་བྃ་ཁྱེྃད་ལྟྃ་བུྃ་ཡང་སྔོན་བོད་འདིར་སྐུ་དངོས་སུ་ཕེབས། རྫུ་འཕྲུལ་ཆེན་པོས་མི་དང་མི་མིན་བཏུལ། ལས་ཅན་གྱི་གདུལ་བྱར་སངས་རྒྱས་ལས་ཀྱང་དཀོན་པའི་གསང་སྔགས་ཀྱི་ཆོས་འཁོར་བསྐོར། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། ལོ་པཎ་བརྒྱ་རྩ་ཞལ་འཛོམས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུའི་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བར་མཛད་ཀྱང༌། སྐུ་དངོས་ཀྱི་གདུལ་སྐལ་རྫོགས་ནས་ཕྱི་མའི་བོྃད་འབངྃས་ཐམས་ཅད་བོརྃ་བ་ལྟར་མཛད་ནསྃ་ལྷོ་ནུབ་སྲིན་པོའི་ཁ་གནོན་ཕྱིར་རྔྃ་ཡབྃ་སྲིན་གླིངྃ་དུྃ་གཤེྃགས་ནས། ད་ལྟའི་དུས་སྐབས་འདིར་མཛད་པའི་ལྷག་མ་ཙམ་ལས་མཇལ་བའི་སྐལ་བ་མེད་སྟེང༌། དུས་མཐའི་རང་རྟགས་ནད་མུག་མཚོན་འཁྲུགས་ཀྱིས་བསྟན་འགྲོའི་བདེ་སྐྱིད་སྣུམ་ཟད་མར་མེ་ལྟར་གྱུར་པས་བོད་ཁ་བ་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་གདོངྃ་དམྃར་བོྃད་ཕྲུྃག་མིའི་འགྲོ་བ་དང་པོར་མཆེད་པའི་ཚེ། འཕགས་པ་ཉིད་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང༌། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་དང་ཐབས་ཤེས་སུ་འབྲེལ་བ་ལས་བྱུང་བས་ཕ་སྤྲེལ་ཡིན་པའི་དབང་གིས་དྲན་རིག་རྣོ། ཁྲོ་གཏུམ་ཆེ། བློ་མི་བརྟན། མ་སྲིན་མོར་གྱུར་པས་ཤ་ཁྲག་ལ་དགའ་བའི་སྤྲེྃའུྃའི་རིགས་བརྒྱུད་རིམ་གྱིས་མི་རུ་གྱུར་པའི་ཚྃ་བོྃ་ལྟ་བུ་རྣམྃས། རྟེན་དལ་འབྱོར་གྱི་ལུས་ཞིག་རྙེད་ཀྱང་བླང་དོར་གྱི་སྣང་བ་མེད། རྟག་ཏུ་སྙིགས་མའི་སྤྱོད་པ་འབའ་ཞིག་གིས་གཡེངས་ཏེ། དལ་རྟེན་ཆུད་ཟོས་ནས་ལུང་རྟོགས་ཀྱི་ཡོན་ཏན་མ་རྫོགས་པ་ལ་ཚེ་འདིྃའི་ལེགས་ཉེས་དང༌། ཕྱིྃ་མའི་ལམ་སྟོན་གྱི་བློ་གཏད་རེྃ་ལྟོྃས་འཆའ་ཡུལ། ཁ་ཞེ་ངོ་ལྐོག་མེད་པའི་སྐྱབྃས་གནྃས་ཞུ་སའི་གནས་མེད་པས་དྭ་ཕྲུག་ཐང་ལ་འཁྱམས་པ་ལྟར་གྱུར་པས་སུྃ་ཞིག་ལྃ་རེྃ། དེས་ན་ཁྱེད་ཀྱི་སྐུ་དངོས་སུ་མཇལ། གསུང་རྣ་བས་ཐོས་པའི་སྐལ་བ་མ་བྱུང་ཡང་རྡོ་རྗེའི་གསུངས་ལས། བློ་སྙིང་བྲང་གསུམ་པད་འབྱུང་ང་ལ་གཏོད། །བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས། །ཞེས་པ་ལྟར་ལེགས་ཉེས་སྐྱིད་སྡུག་ཤི་གསོན་གང་བྱུང་ཡང་རེ་ལྟོས་ཁྱེད་ལས་མེད་པ་གདུང་བའི་ཡུས་ཀྱིས་འབོད་དེ་གསོལ་བ་འདེབས་པ་ལ། སངས་རྒྱས་ཀྱི་བསྟན་ལ་ཞུགས། ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱུད་ལ་འབྱོར་བས་དལ་འབྱོར་དོན་ལྡན་ཞིག་བྱུང་བ་དུས་ལས་ཡོལ་བ་མེད་པའི་ཐུགས་རྗེ་གཟིགས་སོགས་རྐང་པ་གཉིས་འགྲེ། གསུམ་པ་འཆི་བ་མི་རྟག་པའི་ངང་ཚུལ་བསམ་པས་ཆོས་ལ་བསྐུལ་བ་ནི། ད་ལྟ་རྟེན་དལ་འབྱོར་གྱི་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། དགེ་བའི་བཤེས་གཉེན་གྱིས་ཟིན་ཀྱང་རྣམ་གཡེང་གིས་སྟོང་ཟད་དུ་ཤོར་ན་སྐྱེས་བུའི་ཚེྃ་སྲོྃག་གི་རྒྱུན་མིྃ་རྟགྃ་པའི་ཆོས་ཉིད་ཀྱིས་འཚོ་བའི་ཚེ་ནི། སྐྱེ་བའི་ཉིན་པ་ནས་ཉི་མ་རེ་རེ་བཞིན་ཟད། འཆི་བ་ལ་ཇེ་ཉེར་སོང་བ་དཔེར་ན་གཡྃང་ས་མཐོན་པོའི་ཁརྃ་ལྷུང་ལ་ཁད་དུ་གནས་པའི་བྱིྃའུྃ་ཕྲུག་སྤུ་མ་སྐྱེས་པ་དང་འདྲྃ་བ་སྟབས་ཉེས་ན་འཆི་བ་གློ་བུར་འབྱུང་བ་ཡིན། དེར་མ་ཟད་སྣོད་བཅུད་འདུས་བྱས་ཀྱི་ཆོས་ཀུན་མི་རྟག་པ་མཐའ་བཞིས་བསྡུས་པའི་དབང་གིས། ད་ལྟ་བདེ་སྐྱིད་དཔལ་དང་ལྡན་པ་ཡོད་ཀྱང་ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་འགལ་རྐྱེན་ཤིན་ཏུ་མང་བའི་ཕྱིར་ཉི་མ་དོྃ་ནུབྃ་ཙམྃ་ཡངྃ་ངེས་པར་མིྃ་འཆིྃ་བའི་གདེྃང་ཚད་ནི་མེྃད་པ་མངོན་སུམ་ཚད་མ་ཡིན་ཀྱང༌། མཚང་དེ་མི་ཤེས་པ་རྟག་འཛིན་འགོང་པོས་རློམས་པས་འཇིག་རྟེན་ཚེ་འདིའི་ཆོས་འབའ་ཞིག་སྒྲུབ། དགྲ་འདུལ་གཉེན་སྐྱོང་སོགས་ཟིན་མེད་འཁོར་བའི་བྱ་སྤྱོད་ཀྱིས་དུས་རྟགྃ་ཏུྃ་སྡོྃད་པའི་གྲབྃས་ཤོམས་ཀྱིས་མཁར་ཁང་ཁྱིམ་བརྩིགས། ཁྱིམ་ཐབ་ཕོ་མོ་སྤྲེལ། ཚོང་སོ་ནམ་འབའ་ཞིག་གིས་ཉིན་མཚན་འདའ་བར་བྱེྃད་པྃ་ནི་རང་མགོ་རང་གིས་བསྐོར་ཏེ་བྃདུད་ཀྱིྃས་བྃསླུས་པ་མ་ཤེས་པའི་ངང་ནས་མི་ཚེའི་ཉི་མ་ནི་ཟད། གློ་བུར་དུ་འཆི་བདག་གཤིྃན་རྗེྃའི་ཕོྃ་ཉྃ་ཁྲོ་གཉེར་མི་བཟད་པའི་སུན་མ་བྱུང་སྟེ། ཞགས་པ་སྐེ་ལ་བཏབ། འཇིགས་པའི་ང་རོ་དང་བཅས་པས་ཚེ་ཕྱི་མར་འཁྲིད་པར་བྱས་ནས། སྔར་བསགས་ཀྱི་ལས་ངན་ནི་དྲན། ངན་སོང་དང་བར་དོ་ལ་འཇིགས་པའི་དུས་བྱུངྃ་ནྃ་སྐྱབས་གནས་སུྃ་ལྃ་རེྃ། དེ་བས་ད་ལྟ་ནས་འཇིགས་སྐྲག་དེ་ལས་བསྐྱབ་པའི་ཕྱིར་མགོན་པོ་ཁྱེད་ཀྱིས་ཐུགས་རྗེས་གཟིགས་སོགས་འགྲེ། བཞི་པ་འཁོར་བའི་སྡུག་བསྔལ་གྱི་ལས་ངན་ལ་བསམ་པས་ཆོས་ལ་བསྐུལ་བ་ནི། འཁོརྃ་བྃ་ན་འཁྲུལ་པའི་བསམ་སྦྱོར་ཅན་གྱི་འགྲོ་བ་རིགས་དྲུག་གི་སེམྃས་ཅྃན་རྣམས། སེམས་ཀྱིས་བདེ་བ་འབའ་ཞིག་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ཡིན་པ་མི་ཤེས་པར། ལག་ལེན་སྡུགྃ་བསྔལྃ་གྱི་རྒྱུ་སྡིག་པ་འབའ་ཞིག་སྤྱོད་པས་སྒོ་གསུམ་རྟག་ཏུ་གདུང་བའི་ལསྃ་འབའ་ཞིག་བདེ་བའི་རྒྱུ་ཡིན་པར་རློམ་པ་ལྃ་སེམས་རྣམ་པར་གཡེྃང་བས་བྲེལ་ཏེ། བདེ་བའི་རྒྱུ་མཐར་ཐུག་དམྃ་པའི་ཆོསྃ་ཡིན་ཀྱང་དེའི་བྱ་བ་ལག་ཏུ་ལེན་པ་ལྟ་ཅི་ཆོས་བྱེྃད་དགོས་སྙམ་པའི་བློྃའི་འདུན་མ་ཡང་རྒྱུན་རིང་དུ་སེམས་ལ་མི་འཆར་བ་ནམྃ་ལངྃས་ཀྱི་རྒྱུ་སྐརྃ་ལྟརྃ་ཡལྃ། མཐར་ཐུག་གི་བསྒྲུབས་འབྲས་དོནྃ་ཆུངྃ་ཞིང་གྲུབ་ཀྱང་གནས་སྐབས་ཀྱི་བདེ་བ་ཙམ་ལས་གཏན་གྱི་འབྲས་བུ་ཤིན་ཏུ་ཆུང་ངུར་བྱེད་པའི་དགྲ་འདུལ་གཉེན་སྐྱོང༌། ཚོང་སོ་ནམ། འདོད་ཡོན་གྱིས་གཡེྃང་བའིྃ་ཟིན་མེད་ཆུ་ཡི་རི་མོ་ལྟ་བུ་ལ་དཀའ་ཚེགས་ཆེན་པོས་གོམས་བཞིན་དེ་ལ་སྲེད་པ་ཇེ་ཆེར་འཕེལ་ཏེ་རྟག་པར་དེའི་དོན་སྒྲུབ་འབའ་ཞིག་གི་ཁོལྃ་པོརྃ་འཕྱན་ཏེ་མིྃ་ཚེྃ་ཟྃད་པ་མ་ཚོར་བའི་ངང་ནས་དལ་འབྱོར་གྱི་མི་ལུས་འདི་སྟོང་ཟད་དུ་འགྲོ་བ་ལ་འཁོར་དང་ལོངས་སྤྱོད་མངའ་ཐང་སྙན་གྲགས་སྟོབས་མངའ་རིས་སོགས་ཐབས་གང་གིས་བཟློག་ཏུ་མེད་ཅིང༌། དགྲྃ་བོ་ཆེྃན་པོ་འཆིྃ་བདག་དེ་གློ་བུར་དུ་ཐོག་མགོ་ལ་བབས་པྃ་བཞིན་བྱུངྃ་ནྃ་འཇིག་རྟེན་འདིར་སྣང་གཞན་ལྟ་ཅི་མི་ཚེ་རིལ་པོ་གཅེས་པར་བསྐྱངས་ཤིང་མེ་སྟག་ཕྲ་མོ་ཕོག་ཀྱང་བཟོད་དུ་མི་ཐུབ་པའི་ལུས་ཀྱང་ཤུལ་དུ་བོར་ནས་རྣམ་ཤེས་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་གཅེར་བུ་ལག་སྟོང་མཆན་དུ་བཅུག་པ་ལས་མེད་པའི་དུས་ཞིག་བྱུང་ན་རེ་ལྟོས་ཞུ་ཡུལ་སུྃ་ལྃ་རེྃ། འཇིགས་སྐྲག་སྡུག་བསྔལ་ཆེན་པོ་དེ་འདྲ་བ་འབྱུང་བའི་སྐབས་སུ་དེ་ལས་སྐྱོབ་པའི་མྱུར་མགྱོགས་ཀྱི་ཐུགྃས་རྗེྃས་གཟིྃགས་ཤིྃག་སོགས་འགྲེ། ལྔ་པ་ལས་རྒྱུ་འབྲས་ལ་བསམ་པའི་བྱེ་བྲག་སྡིག་པ་སྟོབས་ཆེ་བ་ལ་བསམ་པས་ཆོས་ལ་བསྐུལ་བ་ནི། ཁྱེད་ཀྱི་གདུལ་བྱ་བོད་ཡུལ་དུ་གནས་པ་ཕལ་ཆེར་བྱིྃས་པྃ་སོ་སོའི་སྐྱེ་བོ་བསམ་མནོ་མ་ཟིན་པའི་རངྃ་བྃཞིན་གྱི་སྒོ་གསུམ་གྱི་བྱ་སྤྱོད་མ་བརྟགས་བྱུང་རྒྱལ་དུ་སྨྱོན་པ་ལྟར་བྱེད་པའི་སོྃ་སོྃའི་སྐྱེྃ་བོྃ་ཤ་སྟག་སྟེ། དེ་དག་ཀུྃན་གྱི་རང་གཤིས་ནི་ཐར་ལམ་གྱི་རྒྱུ་བླང་དོར་མིག་འབྱེད་པའི་ཐོསྃ་པ། ངེས་པའི་དོན་གཏན་ལ་འབེབས་པའི་བསྃམ་པ། ཟབ་དོན་ཉམས་སུ་ལེན་པ་སྒོམྃ་པའིྃ་ཆོས་ཀྱི་བྱ་སྤྱོད་ལ་མོས་བརྩོན་ཆུང་བས་དམ་པའི་ཡོན་ཏན་གྱི་ནྃ་ཚོྃད་ནི་ཆེསྃ་ཆེརྃ་རྒུྃད་པའི་གོམས་འགྲོས་འཁྱོར་ཞིང་ཐར་པའི་གནས་སུ་བགྲོད་པར་མི་ནུས། བྱང་ཆུབ་ཀྱི་གོ་འཕང་གི་རྒྱུ་རྒྱལ་བའི་སྲས་ཀྱི་བསླབ་བྱ་ཕྃ་རོལ་ཏུ་ཕྱིནྃ་པ་དྲུགྃ་གིྃ་སྤྱོད་པ་ལ་འཇུག་པས་མི་མཐུན་ཕྱོགས་སྤང་བ་དང༌། མཐུན་ཕྱོགས་དང་དུ་ལེན་མི་ཤེས་པའི་བླང་དོར་ལྟ་བའི་འྃདྲེན་བྱེྃད་དེ་མིག་ཅེྃ་རེྃ་ལོངྃས་པས་ལམ་ལོག་པར་འགྲོ་བ་མ་ཚོར་བའི་ངང༌། ལུས་ཀྱི་ཕྱི་ནང་གི་འབྱུངྃ་བྃ་སྡུད་པའི་ཐིམྃ་རིམྃ་གྱི་སྣང་བ་དང་བཅས་འཇིག་རྟེན་ཕྱི་མའི་ལམ་པོ་ཆེར་ཞུགས་དགོས་པའི་དུས་བྱུངྃ་ནྃ་རང་སྟོབས་ཀྱི་དགེ་རྩ་ནི་མེད་གཞན་སྟོབས་ཀྱི་སྐྱབས་གནས་དང༌། བྲལ་བས་སུྃ་ལྃ་ཡང་རེྃ་ས་དང་དཔུང་གཉེན་བྱེད་པ་མ་མཆིས་པས་སྐྱབས་གནས་གང་ལ་བྱེད་མི་ཤེས་པས་ཉམ་ཐག་པ་ལ་ཐུགྃས་རྗེྃས་གཟིྃགས་ཤིྃྃག་སོགས་འགྲེ། དྲུག་པ་དགེ་བ་སྟོབས་ཆུང་བ་ལ་བསམ་ནས་ཆོས་ལ་བསྐུལ་བ་ནི། རྣམ་དཀར་གྱི་བག་ཆགས་ཅུང་ཟད་དང་ལྡན་པ་འགའ་ཞིག་སྒོ་གསུམ་དགེྃ་བ་བྃཅུ་ཡི་ལམྃ་སྒྲུབ་པ་ལྃ་ཕྱོགས་པའི་མོསྃ་པསྃ་ཆོས་སྒོར་ཞུྃགས་པ་ལྟར་བྱས་ནྃ་ཡངྃ། བསམ་སྦྱོར་ཐམས་ཅད་རྣམ་པར་དག་མ་ནུས་པ་གཟུགས་བརྙན་ཙམ་དུ་གྱུར་ཏེ། ཁ་ནང་དུ་ཕྱོགས་ཏེ་ཀུན་སློང་ལ་བརྟགས་པས་རྣམྃ་པརྃ་དཔྱྃད་ནྃ་འགྲན་སེམས་ཕྲག་དོག །རྙེད་བཀུར་གྲགས་འདོད་སོགས་ཀྱིས་ལྟར་སྣང་འཇིག་རྟེན་ཆོསྃ་བྃརྒྱད་བསྒྲུབ་ཕྱིར་ཙམ་གྱི་ཀུན་སློང་དུག་ཅན་དང༌། སེམས་བསྐྱེད་ཀྱིས་རྩིས་མ་ཟིན་པ་མགོ་བསྐོར་བའི་ཟོབྃ་དངྃ་འདྲེྃས་པར་གྱུར་ཅིང་སྡིག་པ་མིྃ་དགེྃ་བ་ལ་ནི་ཆེད་དུ་བརྩོན་མི་དགོས་པར་ངམ་ངམ་ཤུགས་ཀྱིས་དེ་ལ་ཞུགས་པས་རྣམྃ་སྨིྃན་ནི་སྡིག་པའི་ལས་ཕྲ་མོས་ཀྱང་སྡུག་བསྔལ་མི་བཟད་པ་ཡོད་པ་མྃ་ཚོརྃ་བའམ་མ་ཤེས་པས་ཉེས་སྡིག་གིས་ཤུགྃས་ཀྱིྃས་འགོྃ་བར་གྱུར། དེའི་ངང་ནས་ཡུད་ཙམ་གྱིས་འཇིག་རྟེན་ཕྱི་མར་སོན་ཏེ། སྐྱེ་ཤི་གཉིས་ཀྱི་སོ་མཚམས་བརྃ་དོྃར་སོན་ནས་འཁྲུལ་སྣང་དང་སྡུག་བསྔལ་འབའ་ཞིག་གིས་སྐད་ཅིག་ཀྱང་སོ་མི་བསོད་པ་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་འཇིགས་སྐྲག་གིས་ལུས་སེམས་དམྱལྃ་ཐྃག་གཅོྃད་པའམ་མནར་བའི་དུྃས་འགྱོད་པས་སླེབས་ཀྱང་ཆོས་ལ་བྱ་ལོང་མེད་པས་སྣང་བ་ཐམས་ཅད་དགྲར་ལངས་བྱུང་ན་དེ་ལས་སྒྲོལ་བའི་དེད་དཔོན་སུྃ་ལྃ་རེྃ་ལྟོས་འཆའ། དེས་ན་ད་ལྟ་ནས་གསོལ་བ་བཏབ་པ་བཞིན་འཇིགས་སྐྲག་དང་སྡུག་བསྔལ་གྱི་དུས་དེར་ཐུགྃས་རྗེྃས་གཟིྃགས་ཤིྃག་སོགས་འགྲེ། རྩ་བའི་གཉིས་པ་ཞིང་ཁམས་སུ་འདུན་པའི་རྐྱེན་འབྱུང་བའི་ཐིམ་རིམ་གྱི་རིམ་པ་བཤད་པ་ལ། དང་པོ་རང་སྣང་དུ་བར་དོ་རྣམ་པ་གསུམ་དུ་གྲོལ་བར་སྨོན་པ་དང༌། གཞན་སྣང་དུ་ལམ་གྱི་གྲོལ་ཚད་སྟོན་ནུས་ནས་འགྲོ་ཀུན་སྐུ་གསུམ་གྱི་ཞིང་དུ་སྟོན་ནུས་པར་སྨོན་པ་དང༌། ཞིང་ཁམས་སུ་སྨོན་པའི་འབྲས་བུ་སྐུ་བཞིའི་དབྱིངས་སུ་གྲོལ་བའི་སྨོན་པ་དང་གསུམ་ལས། དང་པོ་ལ་གསུམ། འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་སྐུ་གསུམ་དུ་གྲོལ་བར་སྨོན་པ་ལས། དང་པོ་འཆི་ཁ་བར་དོ་ཆོས་སྐུར་གྲོལ་བར་སྨོན་པ་ལའང༌། ཐོག་མར་འཆི་བའི་སྡུག་བསྔལ་བསམ་པས་འདི་སྣང་ལ་འཁྲི་བ་བཅད་པ་དང༌། འཆི་ཁ་བར་དོའི་ཆོས་སྐུར་གྲོལ་ཚུལ་དངོས་གཉིས་ལས། དང་པོ་འཆི་བའི་སྡུག་བསྔལ་སྤྱིར་བསམ་པས་འདི་སྣང་ལ་འཁྲི་བ་བཅད་པ་ནི། འཆི་བའི་སྡུག་བསྔལ་ལ་བསམ་པས་ད་ལྟ་ནས་དེ་ཉིད་ལམ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་དགོས་ཤིང༌། ཉམས་ལེན་ནུས་པས་བར་དོའི་འཇིགས་པ་རང་སར་གྲོལ་བར་ཤེས་པས་དེའི་ལམ་ཁྱེར་ལ་ཡང་ཡང་བརྩོན་པ་གལ་ཆེ་བས་དེ་ཚུལ་ནི་ཀྱེྃ་མྃ་ཞེས་ངེས་པར་འབྱུང་བའི་ཚིག་གིས་བསྐུལ་ཏེ་དུས་ནམྃ་ཞིྃག་འཚོ་བའི་འདུ་བྱེད་ཀྱི་རྒྱུ་ཚེྃ་དང་བསོད་ནམས་ཀྱི་འཕེྃན་པྃ་ཟྃད་དེ་བདེ་ཞིང་སྐྱིད་པའི་ངང་དུ་ཡུན་རིང་སྡོད་རྩིས་ཀྱི་རྟག་འཛིན་གྱི་ངང་ནས། ལུྃས་ཀྱིྃ་འབྱུང་བཞིའི་ཆ་ལུགས་ལྡོག་ཏུ་སྡུད་དེ་མིག་སོགས་དབང་པོའི་མདངྃས་སྟོབས་ཉམས་པའམ་ཤོརྃ་བས་གཟུགས་མི་མཐོང༌། སྒྲ་མི་ཐོས་པ་སོགས་གྱུར་ནས་ས་ས་ལ་ཐིམ་པའི་རྟགས་སུ་ལུས་བསྒུལ་བསྐྱོད་མི་ནུས། ཆུ་ཆུ་ལ་ཐིམ་པས་ཁ་སྣའི་ཆུ་འཛག་ཅིང་ཁ་སྣ་ཐམས་ཅད་སྐམ་པོར་འགྲོ་ཞིང༌། མེ་མེ་ལ་ཐིམ་པས་ལུས་ཀྱི་དྲོད་སྡུད། རླུང་རླུང་ལ་ཐིམ་པས་དབུགས་ངར་ཡན་ལག་ཕྲ་ཞིང་མིག་གྱེན་དུ་བཟློག་བཟའ་བཏུང་ཁོང་དུ་མི་ནུས་པ་དབུགྃས་ཕྱིར་འཕེན་པའི་ངརྃ་སྒྲྃ་དང་བཅས་བརྩེྃག་མར་འབྱིན། འྃདེགས་བྱེྃད་ཀྱི་རླུངྃ་བྲོྃས་ཏེ་མི་གནས་པས་ལུས་ཡན་ལག་གིས་མི་ཐེག །རྐང་ལག་བརྐྱང་བསྐུམ་མི་ནུས། ལུས་ལ་གཤིན་དྲི་མནམ་ཞིང་ལུས་ཀྱི་ཆ་མེད་པ་དཀར་ནག་གི་ལམ་ནས་ཁ་སྣར་ཐོན་ཏེ་དབུགས་ངརྃ་པོའི་སྐདྃ་ཅནྃ་གྱིྃ་སྒྲ་དྲག་པོ་འབྱིན་པའི་ང་རོྃས། གཉེན་ཉེྃ་འབྲེལྃ་བུ་ཚ་ཕ་མ་ཀུན་གྱིས་ཤི་འབྲལ་དུ་འབྱུང་བ་ཤེས་ནས་གདུངྃ་སེམྃས་ཀྱིས་འབྲལ་མི་ཕོད་ཀྱང་བྱ་བའི་ཐབས་ཟད། བརྩེ་བའི་འབྲེལྃ་ཐྃག་གཤིན་རྗེའི་ཞགས་པས་དྲངས་ཏེ་གཅོྃད་པ་ཡང༌། ཆགས་སེམས་ཀྱི་དབང་གིས་མིག་ནས་མཆི་མ་དང་སྨྲེ་སྔགས་ཀྱི་སྒྲ་འདོན་བཞིན་འཇིག་རྟེན་ཕྱི་མ་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་གཅིག་པུ་འགྲོ་བྃའི་ཚེྃ་འཆི་རྐྱེན་མཚོན་གྲི་སོགས་མ་རུངས་པ་མི་འབྱུང་ཞིང་སྲོག་གི་གནྃད་གཅོྃད་པའམ་ཆད་པས་རླུང་སེམས་འབྲེལ་ཆད་དེ་སེམས་དང་ཡེ་ཤེས་རྒྱབ་གྱེས་པའི་ཚེ་ཚོར་བའི་སྡུགྃ་བྃསྔལ་དྲྃག་པོྃ་བཟོད་པར་དཀའ་བས་ལུས་སེམས་ཉམ་ཐག་པ་མིྃ་འབྱུངྃ་ཞིངྃ་རྣམ་ཤེས་རླུང་ཞོན་གྱི་གདམས་ངག་ལ་བརྟེན་ནས་བར་དོ་མེད་པ་འཆི་ཁར་དཔའ་བོ་མཁྃའ་འྃགྲོའི་ཚོགས་ཀྱིས་གདུགས་དང་རྒྱལ་མཚན་བསྒྲེངས་ཤིང་རོལ་མོའི་སྒྲ་དང་བཅས་ཏེ་རིགས་ཀྱི་བུ་གང་འདོད་པའི་དག་པའི་ཞིང་ཆེན་པོར་བཞུད་པའི་དུས་ལ་བབ་ཞེས་བསུྃ་བའིྃ་སྣངྃ་བྃ་དག་པར་འཆྃར་བས་བུ་ཕའི་ཁྱིམ་དུ་འགྲོ་བ་ལྟར་དགའ་སྤྲོའི་ཉམས་དང་བཅས་ཏེ་སྐྱེ་འཆིའི་སྡུག་བསྔལ་གཏན་ནས་མེད་པར་དག་པའི་ཞིང་ལ་དབུགས་དབྱུང་བརྃ་ཤོྃག་ཅིག །གཉིས་པ་འཆི་ཁ་བར་དོ་ཆོས་སྐུའི་གཞི་ཐོག་ཏུ་གྲོལ་བར་སྨོན་པ་ནི། བཟློག་མེད་དུས་ཀྱི་ཞགས་པས་ཐེབས་པ་ལ་ཡ་ང་བ་དང་འཇིགས་སྐྲག་དུ་མས་གཙེས་པས་ཉམ་ང་བ་ལ་ཀྱིྃ་ཧུདྃ་ཅེས་སྐྱོ་བའི་ཚིག་གིས་བསྐུལ་ནས། སྡུག་བདེན་གྱི་མཚན་གཞི་ལུས་འདི་གྲུབ་པ་ཙམ་ནས་སྃ་ལས་ཤ་རུས་སོགས་སྲ་ཞིང་ལྗིད་པ། ཆུྃ་ལས་ཁྲག་དང་ཆུ་སེར་སོགས་གཤེར་བ། མེྃ་ལས་དྲོད། རླུངྃ་ལས་དབུགས། བུ་ག་ལས་ནམྃ་མཁྃའི་ཁམས་ཀྱི་འབྱུངྃ་ལྔའིྃ་ནུས་པ་མཐུན་ཕྱོགས་སུ་ཚོགས་པས་བསྐྱེད་དེ་ནུས་སྟོབས་ཡར་འཕེལ་གྱི་ཚད་རྫོགས་ནས། ཁྱབ་བྱ་འབྱུང་བའི་ཁམས་དང་ཁྱབ་བྱེད་ཡེ་ཤེས་ཀྱི་ཐིག་ལེ་རྒྱབ་གྱེས་ཏེ་སོ་སོར་ཁ་ཕྲལ་ནས་ཡུལ་ལྔ་ཡེ་ཤེས་ལ་ཐིམ་པར་ཕྱོགས་ཚེ་ཕྲ་བའི་དབྱིངས་སུ་ཐིམྃ་པའི་རྟགས་སྣང་རིམྃ་གྱིས་འཆར་ཏེ་རགས་པ་ལུས་གནས་ཀྱི་རྩ་དང་རླུང་ཆད། ཐིག་ལེ་གནས་ནས་འཕོ་བས་ཚོགས་པ་གྱེས་ཏེ་ལུས་སེམས་འབྲེལ་ཆད་གདོས་བཅས་ཀྱི་ཕུང་པོ་ཤུལ་དུ་བོར། རྣམ་ཤེས་ཁོ་ན་ལས་ཀྱི་རྣམ་སྨིན་དང་འགྲོགས་ནས་དགེ་སྡིག་གི་འཕེན་པ་གང་ཡོད་དུ་འགྲོ་བར་ཆས་པའི་ཚེ་རླུང་ཐིག་སེམས་གསུམ་དབུ་མར་ཐིམ་པའི་རྟགས་སྣང་དུྃ་བྃ་དང་སྨིགྃ་སྒྱུྃ་གཡོ་བ་ལྟ་བུ་དངྃ། སྲིན་བུ་མེྃ་ཁྱེརྃ་ལྟ་བུ་དང༌། མརྃ་མེའིྃ་འོད་ཁྱིམ་ལྟ་བུའི་སྣངྃ་བྃ་རྣམས་གསལྃ་བའིྃ་རགས་པའི་རྩ་རླུང་ཐིག་ལེ་དྭངས་མའི་གནས་སུ་ལྡོག་པས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགག་སྟོབས་ལས་དེ་རྗེསྃ་སུ་ཕྲྃ་བའིྃ་དཀར་དམར་སེམས་གསུམ་གནས་འཕོ་སྟེ་ཐིམྃ་རིམྃ་གྱི་ཕྲ་བ་སྣངྃ་མཆེྃད་ཐོབྃ་པའི་སྣང་བ་སྐུ་གསུམྃ་གྱི་རང་སྣང་དུ་ངོ་ཤེས་པས་རིག་པ་རང་ཐོག་ཏུ་མཉམ་པར་བཞག་པའི་དབྱིངས་སུ་གྲོལ་བར་སྨོན་པ་སྟེྃ། འདིྃ་ལྟརྃ་ལུས་ཀྱི་དྭངས་མ་ཐིག་ལེ་དམར་ཆ་ཨ་ཐུང་གི་རང་བཞིན་ལྟེ་བ་ནས་སྙིང་གར་འཕོ་བའི་ཚེ་རྣམྃ་ཤེསྃ་སྣངྃ་བྃ་ལྃ་ཐིམྃ་པསྃ་ཕྱི་རྟགས་སུ་སྤྲིནྃ་མེདྃ་དྭངས་པའི་ནམྃ་མཁའ་ལྃ་ཉིྃ་ཟླྃ་གཟའྃ་སྒྲ་གཅན་གྱི་ཁ་ཡིས་ཟིནྃ་པ་ལྟརྃ་དམརྃ་ལམྃ་གྱི་སྣང་བ་འཆརྃ་ཞིངྃ་མ་ལས་ཐོབ་པའི་དམརྃ་ཆྃ་ཁྲག་གི་དྭངས་མ་སྙིངྃ་གརྃ་ལྡོགྃ་སྟེ་ཐིམ། ནང་རྟགས་སུ་ཞེ་སྡང་གི་རྟོག་པ་འགགས། ཤེས་པ་གསལ་ཉམས་ཆེ་བ་དེྃ་རྫོགས་པའི་རྗེསྃ། སྣངྃ་བྃ་མཆེདྃ་པྃ་ལྃ་ཐིམྃ་པསྃ་སྤྱི་བོའི་ཐིག་ལེ་དཀར་ཆ་སྙིང་གར་སྡུད་པའི་ཚེ། ཕྱི་རྟགས་སུ་སྐརྃ་ཁུངྃ་ནངྃ་དུྃ་ཟླྃ་བའི་འོད་ཟེརྃ་ཤརྃ་བྃ་ལྟརྃ་དཀྃར་ལམྃ་འཆརྃ་ཞིངྃ་ཕ་ལས་ཐོབ་པའི་དཀརྃ་ཆྃ་ཁུ་བའི་དྭངས་མ་ཐུརྃ་དུྃ་བབྃས་ནས། ནང་རྟགས་སུ་འདོད་ཆགས་ཀྱི་རྟོག་པ་འགགས། ཤེས་པ་བདེ་ཉམས་ཆེ། དེྃ་ནསྃ་མཆེདྃ་པྃ་ཉེརྃ་ཐོབྃ་ལྃ་ཐིམྃ་པསྃ་ཐིག་ལེ་དཀར་དམར་ཕྲད་པའི་དབུས་སུ་རྣམ་ཤེས་ཐིམ། རླུང་གིས་རིག་གདངས་ཁུར་མི་ནུས་པ་མུན་པ་ཅན་དུ་ཞུགས་ཏེ་ཤེས་པ་བརྒྱལ་ཐབས་སུ་གནས་ནས་ཕྱི་རྟགས་སུ་སྤྲིནྃ་མེྃད་པའི་ནམྃ་མཁརྃ་སྲོདྃ་དུས་ཀྱི་མུནྃ་པྃ་འཁྲིགསྃ་པྃ་ལྟརྃ་ནགྃ་ལམྃ་གྱི་སྣང་བ་ཤརྃ་ནསྃ་ཀུནྃ་གཞིྃ་ལུང་མ་བསྟན་གྱི་ངངྃ་དུྃ་ཤེས་པ་བརྒྱྃལ་ཐབས་སུ་གནས་ནས་ནང་དབུགས་ཆད་པའི་ཚེ་ནང་རྟགས་སུ་གཏི་མུག་གི་རྟོག་པ་འགགས། ཤེས་པ་མི་རྟོག་པའི་ཉམས་འཆར་བ་མ་དག་པའི་སྐབས་སུ་རྡུལ་མུན་སྙིང་སྟོབས་ཞེས་དུག་གསུམ་གྱི་རང་གདངས་ཉིད་ལུས་ལ་གནས་པའི་ཁུ་རྡུལ་རླུང་གསུམ་ལུགས་ལྡོག་གི་སྣང་ཆ་ལས་བྱུང་བ་ངོ་ཤེས་སྟོབས་ཀྱིས་ཉེར་ཐོབ་འོད་གསལ་ལ་འདྲེས་ནས་དྲན་མེད་དུ་བརྒྱལ་མ་ནུས་པ་རང་རིག་བདེ་གསལ་མི་རྟོག་པ་སྐུ་གསུམ་གྱི་རང་སྣང་དུ་གྲོལ་བ་དང༌། སླརྃ་ཡངྃ་སྲོགྃ་རྩའི་ནང་དུ་སྲོག་འཛིྃན་གྱི་རླུངྃ་རྣམ་ཤེས་ཚོགས་བརྒྱདྃ་ཀྱི་རང་གདངས་རླུང་སེམས་ཆེས་ཕྲ་བའི་ཆ་བརྒྱད་སོ་སོར་གྱེསྃ་ཏེ། ལུས་སེམས་འབྲེལ་ཆད་པྃ་ཡིསྃ། སྔར་ཀུན་གཞི་ལུང་མ་བསྟན་གྱི་ངང་ཅུངྃ་ཟདྃ་ཙམ་དུ་བརྒྱལྃ་བ་ལས་སངྃས་ནས་ཆོས་དབྱིངས་ཀྱི་མཐའ་དབུས་བྲལ་བའི་གདོདྃ་མའིྃ་གཞི་ཀློང་དུ་སོན་ཏེ་རིག་རྩལ་ཡེྃ་ཤེས་ཀྱི་གདངྃས་འགགས་མེད་དུ་འཆྃར་བས་འོད་གསལ་ཡེ་ཤེས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པ་ནི་མཁྱེན་ཆ་གསྃལ་ལྃ་གོ་མྃ་འགྃག་རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་བའི་དགོངས་པ་ཀུན་ཁྱབ་ཆེན་པོ་སྟོནྃ་གྱིྃ་ནམྃ་མཁྃའ་སླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་བཞིནྃ་སྟོངྃ་ཞིང་གསྃལ་ལ་དངོས་པོ་མ་གྲུབ། མཚན་མའི་སྒྲིབྃ་གཡོྃགས་དང་བྲལྃ་བ་དངོས་སུ་ཤར་བའིྃ་ཚེ་གཞིའི་རིག་པའི་ངངྃ་ལྃ་རང་བབས་ཀྱིས་གནྃས་ཏེ། དེའིྃ་ཚེྃ་རྟེན་འདིར་བླ་མའི་མན་ངག་གིས་དྃ་ལྟའིྃ་རིག་པ་སྐད་ཅིག་མ་ཆོས་སྐུ་རང་གནས་ཀྱི་དགོངས་པ་ཀྃ་དགྃ་བློྃ་བྲལྃ་ཆེན་པོ་དོན་གྱི་ཆོས་དབྱིངྃས་ཐྃ་མལྃ་མ་བཅོས་པའི་ཤེསྃ་པྃ་ཁྲེགས་ཆོད་ཟངྃ་ཀྃ་རྒྱྃ་ཡནྃ་གྱི་མཉམ་བཞག་སོ་སོ་རང་རིག་པས་མངོན་སུམ་རྟོགས་པ་ལྃ་ལྟ་བའི་གདེང་འཆའ་ནུས་པའི་ངེསྃ་པྃ་རྙེདྃ་པས། གཞི་སྣང་མཆེད་པའི་རང་རྩལ་ཐོད་རྒལ་གྱི་གོམས་པའི་ངོ་བོ་དང་རང་རྩལ་གཉིས་མེད་ཉི་མ་དང་ཟེར་བཞིན་རང་སྣང་རང་གསལ་ལས་གཞན་དུ་མ་ཡིན་པའི་ཡིན་ལུགས་དེརྃ་གཡོ་འགུལ་མེད་པར་མཉམྃ་པརྃ་བཞྃག་པས། རྩལ་གཞི་ཐིམ་ལ་སོང་བས་ཚེ་འདིར་གོམས་པའི་ལམ་གྱི་འོད་གསལ་དང་བར་དོ་གཞིའི་འོད་གསལ་གཉིས་སྐྱེལ་བསུ་ནང་ཕྲད་པའིྃ་མཐུསྃ། ཡེ་གདོྃད་མྃ་ནས་བཞུགས་པའི་དང་པོའི་གཞིྃ་གྲོལ་འཁྲུལ་ཀ་ནས་དག་པའི་དབྱིངྃས་ཆེན་པོ་ཡེ་ཤེས་ནངྃ་གསྃལ་ཤིན་ཏུ་ཕྲ་བ་ཞེས་རྟོགས་པར་དཀའ་བ་གསྃང་བྃ་ཆེན་པོའི་གཤིས་ཀྱི་ཕུག་གམ་གཏིང་ཕྱིན་པའི་སྦུབྃས་སུ་བཙན་ས་ཟིན་ནུས་ན་རིག་པ་དང་པོའི་འཁྲུལ་གཞི་ལས་འཕགས། ༡ རང་ངོའི་ཆོས་ཉིད་མ་འགགས་པ་གསལ། ༢ སོ་སོར་རིག་པས་གྲོལ་འཁྲུལ་གྱི་བྱེ་བྲག་ཕྱེད། ༣ ཕྱེད་ཐོག་ཏུ་ཡེ་ཤེས་ཀྱི་སྤྱོད་ཡུལ་གྲོལ། ༤ འབྲས་བུ་གཞན་བྱུང་གི་རྐྱེན་ལ་རག་མ་ལས་པར་གྲོལ་ས་ཐོབ། ༥ ཆོས་ཉིད་གཤིས་ལས་མི་གཡོ་བའི་བཙན་ས་ཟིན༦་པས་ཀུན་ཏུ་བཟང་པོ་ཁྱདྃ་ཆོསྃ་དྲུགྃ་ལྡནྃ་གྱི་གྲོལ་བས་དང་པོའི་སངས་རྒྱས་ཀུནྃ་བཟྃང་དགོངྃས་པའིྃ་ཀློངྃ་ཆེནྃ་པོར་སྐདྃ་ཅིགྃ་གཅིག་གིས་བྱེ་བྲག་ཕྱེད་ནས་མ་པང་དུ་བུ་འཇུག་པ་ལྟར་གཉིས་སུ་མེད་པའི་དེ་ཁོ་ན་ཉིདྃ་ལྃ་བཙྃན་སྃ་ཟིནྃ་པས་བར་དོ་དང་པོའི་འཆི་སྲིད་ཆོས་སྐུའི་ཞིང་དུ་གྲོལ་བརྃ་ཤོགྃ་ཅིག །གཉིས་པ་ཆོས་ཉིད་ཀྱི་བར་དོ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་དུ་གྲོལ་བར་སྨོན་པ་ནི། ནང་ཆོས་ཉིད་ཀྱི་ལྟ་བ་ལ་གདེང་མ་ཐོབ་པས་གལྃ་ཏེྃ་ཀུན་གཞི་ཆོས་དབྱིངས་ལ་སད་པ་འཆི་ཀ་བརྃ་དོྃ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པས་དངྃ་པོའིྃ་ཆོས་སྐུ་གཞི་ཐོག་ཏུ་བསྲེ་བས་མྃ་གྲོལྃ་ནྃ། ཤིན་ཏུ་ཕྲ་བའི་རླུང་སེམས་ལུགས་ལྡོག་ཉེར་ཐོབ་ལས་མཆེད་དེ་ཆོས་ཉིད་བར་དོའི་སྣང་བ་ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་ཟླ་དང་བཅས་པའི་བརྟན་གཡོའི་སྣང་བ་རགས་པ་ནི་ནུབ། གདོས་བཅས་ཀྱི་ལུས་འདི་ནི་སྣང་སྟོང་འོད་ལུས་སུ་གསལ། གང་དུ་བལྟས་ཀྱང་དབྱིངྃས་སྣངྃ་ལྷུནྃ་གྲུབྃ་འོདྃ་གསལྃ་གྱི་སྣང་ཆ་ནང་དབྱིངས་ལྃ་ཐིམྃ་པའི་བར་ནསྃ་ཁ་དོག་སྣ་ཚོགས་པ་ཕྱི་ནང་དང་ཡངས་དོག་མེད་པ་ཤིན་ཏུ་བཀྲ་བ། འགུལ་འཕྲིག་གི་རྣམ་པ་ཅན་རབ་ཏུ་འཚེར་བ་དང༌། སྙིང་གའི་རིག་གདངས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྐུ་མི་ཆེ་བ། ཆུང་བ། རྒྱན་དང་ཁ་དོག་བཞུགས་ཚུལ་གདན་ཁྲི། རང་གི་ཕྱག་རྒྱ་དང་བཅས་པ་དང༌། ཡང་དུང་ཁང་གི་ཁྲོ་བོ་ཚོམ་བུ་འཇིག་རྟེན་གྱི་ཁམས་ཁྱབ་པ་ཙམ་ལས་ཡུངས་འབྲུ་ཙམ་དུ་ཆུང་བའི་བར་ཆ་མཉམ་པ་མགོ་བརྙན་མ་ངེས་པ་ལ་མཚོན་ཆ་སྣ་ཚོགས་པའི་འཕྲུལ་འཁོར་གྱིས་རང་ལ་བརྡེག་པ་དང༌། འབྲུག་སྟོང་ལྡིར་བ་ཙམ་ཆེ་བའི་ངར་སྒྲྃ་མི་བཟད་པ། འོདྃ་ཀྱི་བཀྲག་མདངས་ཀྱི་རྩེ་མོ་མཚོན་ཆའི་ཟེརྃ་དངྃ། རྣམ་སྣང་ནས་བརྩམས་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་བཞི་བཞིས་བསྐོར་བའི་ཚོམྃ་བུའིྃ་དཀྱིལྃ་འཁོྃར་བསམ་གཏན་གྱི་ཞག་ལྔ་རིམ་པར་འཆར་བ་དང༌། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་དང་སྐུ་གསུམ་ཞི་ཁྲོ་རིགས་དྲུག་གི་གྲོང་ཁྱེར་སྟོན་པ་དྲུག་གིས་འདུལ་བ་སོགྃས་གཞི་ཀ་དག་ལས་མ་གཡོས་པའི་གཞི་སྣང་ཐུགས་རྗེ། ༡ འོད། ༢ སྐུ། ༣ ཡེ་ཤེས། ༤ གཉིས་མེད། ༥ མཐའ་གྲོལ། ༦ མ་དག་པ་འཁོར་བའི་སྒོ། ༧ དག་པ་མྱང་འདས་ཀྱི་སྒོ་༨ ལྟར་ཤར་བ་སྟེ་ཤར་ལུགས་བརྒྱད་དུ་གསུངས་པའང་འཁོར་འདས་སོ་སོའི་འཇུག་ལྡོག་རིག་པ་དང་མ་འདྲེས་ཤིང་འབྲེལ་པ་ལྟར་གནས་པའི་མཚངས་བསྟན་པ་སྟེ། མདོར་ན་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པས་ཉི་མ་ནུབ་པའི་ཟེར་ལྟ་བུ། ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་འཇུག་པ་ལྟ་བུ། འོད་འོད་ལ་ཐིམ་པས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུ། སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟ་བུ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་ལ་ཆུ་ཐིམ་པ་ལྟ་བུ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་སེངྒེ་གངས་ཟིན་པ་ལྟ་བུ། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པས་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུ་སྟེ། རྩལ་སྣང་ཐམས་ཅད་དབྱིངས་གཅིག་ཏུ་བསྡུ་བས་ཐིམྃ་ལུགྃས་བརྒྱདྃ་ཀྱིྃ་སྣངྃ་བྃ་དབྱིངས་རིག་གཉིས་མེད་ཀྱི་རྣལ་འབྱོར་ལ་གོམས་པ་ཆེ་ཆུང་དང་མཚུངས་པར་རིམ་ཅན་དུ་ཤརྃ་བའིྃ་ཚེྃ་རང་བཞིན་གྱིས་སྣང་བ་བར་དོར་འཆར་བ་ལ་ཕར་བལྟས་ན་མཐའ་ཡས་ཀྱང་ཚུར་བལྟས་ན་རིག་པ་གཅིག་ལས་མ་འདས་པ་སྟོང་ཉིད་ཟང་ཐལ་བསམ་བརྗོད་ལས་འདས་པའི་རང་ངོ་གཅིག་པུ་ལས་གཞན་དུ་མེད་པས་མེད་དོ་སྙམ་པའི་འཛིན་པས་ཀྱང་མ་བསླད་པར་གྲོལ་བས་གདོད་མའི་སར་བསྙེགས་ནས་སྣང་བ་རིག་གདངས་སུ་དག་པས་ཕྱི་གསལ་གྱི་སྣང་བ་རྣམས་ནང་དབྱིངས་སུ་བསྡུས་ནས་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ་འདུས་ཏེ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངོ་བོ་དང་རིག་གདངས་ཀྱི་སྣང་བ་མངོན་སུམ་དུ་འཆར་བ་ལ་ཆོསྃ་ཉིདྃ་བརྃ་དོྃ་ཞེས་སུ་གྲགས་པའི་དོན་སྣང་བ་ཐམས་ཅད་ཡུལ་དང་ཡུལ་ཅན་ཕྱི་ནང་གཉིས་སུ་མེད་པར་རིག་པའི་རངྃ་སྣངྃ་དུ་ངོྃ་ཤེསྃ་ནསྃ། མྃ་ཡི་པངྃ་དུ་བུྃ་འཇུགྃ་པ་ལ་ངོ་ཚ་དང་འཁུ་འཕྲིགས་ཀྱི་བློ་མེད་པ་ལྟྃ་བུའིྃ་རིག་པའི་རང་སྣང་དུ་ཡིད་ཆེས་པར་ངོ་ཤེས་ནས། སྣང་བ་རང་སར་གྲོལ། གྲོལ་ཐོག་ཏུ་བཙན་ས་འཛིན་ནུས་པ་བསམ་གཏན་གྱི་ཞག་དང་སྐད་ཅིག་གྲོལྃ་ཚུལ་གསུངས་པ་ལྟར་མངོན་དུ་བྱེད་ནུས་པརྃ་ཤོགྃ་ཅིག །གསུམ་པ་སྲིད་པ་བར་དོ་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་བར་སྨོན་པ་ནི། ཆོས་ཉིད་བར་དོའི་སྣང་བ་འཆར་བ་དེའིྃ་ཚེྃ་རང་སྣང་དུ་ངོ་མ་འཕྲོད་ན་ཁྲོ་བོ་ཁྲོ་མོ་རྔམས་པའི་གད་རྒྱངས་འབྲུག་སྟོང་ལྡིར་བ་ཙམ་གྱིས་སྒྲྃ་ཡིསྃ་འཇིགྃས་ཏེྃ་སྐྲག་པ་དང༌། མཚོན་ཆ་སྣ་ཚོགས་པའི་འཕྲུལ་འཁོར་གྱིས་བརྡེག་པའི་ཟེརྃ་རང་ལ་ཟུག་པ་ལྟ་བུའི་འཕྲུལ་འཁོར་གྱིསྃ་རྦད་པས་སྔངྃས། ཁྲོ་བོའི་ཚོགས་མགོ་བརྙན་མ་ངེས་པ་སྟོང་གསུམ་གང་བར་བཞེངས་པའི་སྐུྃ་ཡིྃ་རྣམ་འགྱུར་དུ་མ་སྣངྃ་བསྃ་སྐྲགྃ་སྟེྃ་རིག་པ་རང་མལ་དུ་བཞག་མ་ནུས་པས་ཁ་ཕྱིར་བལྟས་སུ་ཤོར་ཏེ་མྃ་གྲོལྃ་ནྃ་ཕྱི་ལུས་ཀྱི་སྲིད་པ་ཡིད་ལུས་དབང་པོ་ཀུན་ཚང་གང་ལའང་ཐོགས་པ་མེད་པར་དྲན་པ་ཙམ་གྱིས་རྒྱུ་ནུས། ནང་སེམས་ཀྱི་སྲིད་པ་དྲན་རིག་བདུན་འགྱུར་གྱིས་རྒོད་དེ་ལས་རླུང་གིས་བསྐྱོད་པས་སྣང་བ་ཐམས་ཅད་བག་གྲང༌། བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན་རང་ས་མི་ཟིན། འཆི་བའི་སྡུག་བསྔལ་བློས་མི་འཛུད་པ་ཙམ་དུ་སེམས་ལ་འཆར་བའི་ཚེ་ན་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་ཐོབ་པས་ཆོསྃ་ཉིདྃ་འདུས་མ་བྱས་པ་ལ་མྱོང་གོམས་བག་ཆགས་བཟང་པོའི་འབྲེལ་སྟོབས་ཀྱིས་སྲིད་པ་ཕྱི་མར་འཇུག་པའི་ནུས་པ་ཟད་པའི་བདེན་པས། ལམ་དེ་སྟོན་པྃ་ལ་ཡིད་ཆེས་ཕྱིར་མི་ལྡོག་པ་ཡོད་པའི་དད་མོས་ཀྱིས་ཉེར་ལེན་གྱིས་བརྒྱུད་གསུམ་བླྃ་མའིྃ་ཐུགས་རྗེ་ཡུལ་ལ་འཇུག་ཚབ་ཆེ་བའི་བྱིནྃ་རླབྃས་ཀྱི་མཐུ་ལསྃ་ཐོབ་པའི་གདམས་ངག་རྗེས་སུ་དྲན་ཏེ་བར་དོ་སྔ་མ་རྣམས་སུ་གྲོལ་མ་ནུས་པ་སྲིད་པ་བར་དོ་ཁ་འཁྱམས་པ་ངོ་ཤེས། དག་པའི་ཞིང་གི་ཡོན་ཏན་ཡིད་ལ་བྱས་ནས་དེར་འགྲོ་བའི་འདུན་སྨོན་དང༌། བླ་མ་ལ་གསོལ་བ་བཏབ་པའི་མཐུས་བར་དོའི་འཁྲུལྃ་པའིྃ་སྣང་བ་འཇིགས་སྐྲག་སྡུག་བསྔལ་ཐམས་ཅད་རྨིྃ་ལམྃ་གྱི་སྣང་ཆ་གཉིད་སདྃ་ན་འཁྲུལ་བའིྃ་སྣང་བ་ཆྃ་ཤས་ཙམྃ་ཡང་མི་གནས་པ་ལ་རང་ཡུལ་དུ་སོང་བ་ལྟར་གྲོལ་ནས་རངྃ་བཞིནྃ་སྤྲུལྃ་པའིྃ་ཞིང་ཤར་ན་མངོན་དགའ། ལྷོར་དཔལ་ལྡན་བརྩེགས། ནུབ་ཏུ་པདྨ་བཀོད། བྱང་ལས་རབ་རྫོགས། དབུས་དུར་ཁྲོད་མེ་རི་འབར་བའི་ཞིངྃ་ཁམྃས་སུ་མེ་ཏོག་པྃདྨའིྃ་སྦུབསྃ་ལ་བརྫུསྃ་ཏེྃ་སྐྱེསྃ་ནསྃ་ཞིང་དེའི་སྟོན་པ་མི་བསྐྱོད། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ལྔ་བཞུགས་པའི་ཞལ་མཐོང་ལུང་བསྟན་དབུགྃས་དབྱུངྃ། གཟེངས་བསྟོད་དེ་མངོན་པར་སངས་རྒྱས་ནས་སྒྲིབ་པའི་འཆིང་བ་ཀུན་ལས་གྲོལྃ་ཏེ་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བརྃ་ཤོགྃ་ཅིག །གཉིས་པ་གཞན་སྣང་དུ་ལམ་གྱི་གྲོལ་ཚད་སྟོན་ནུས་པར་སྨོན་པ་ནི། བདག་ཅག་གི་སྟོན་པས་དབང་པོ་རབ་འབྲིང་ཐ་གསུམ་ལ་དགོངས་ནས། རྒྱུ་འབྲས་ཀྱི་ཐེག་པའི་འཇུག་སྒོ་ཉན་རང་བྱང་སེམས། ཀྲྀ་ཡ་ཨུ་པ་ཡོ་ག །མ་ཧཱ་ཨ་ནུ་ཨ་ཏི་ཕྱི་སྐོར་ཏེ་རིམྃ་པ་དྃགུ་ཡི་ཐེགྃ་པའི་ལམ་གང་ཉམས་སུ་བླངས་ཀྱང་མཐར་འབྲས་རིམ་གྱིས་ཐོབ་པར་བསླུ་བ་མེད་ཀྱང༌། དེ་དག་ནི་ཡིད་དཔྱོད་ཀྱི་ལྟ་སྒོམ་སྤྱོད་པྃ་ལས་མ་འདས་ལ། དེ་རྣམས་སུ་གསལ་རྒྱས་རྫོགས་གསུམ་གྱིས་མ་བསྟན་པའི་བློ་འདས་འཕགས་པའི་མཉམ་བཞག་གི་ཡེ་ཤེས་འབའ་ཞིག་ལམ་དུ་བྱེད་ཚུལ་སྒྲ་ཇི་བཞིན་དུ་སྟོན་པ་འདིའི་ལྟ་སྒོམ་སྤྱོད་པའི་ཆོས་སྐད་ནི་དེ་དག་ཀུནྃ་ལསྃ་འདསྃ་པའིྃ་དོནྃ་གྱི་གནས་ལུགས་འོདྃ་གསྃལ་རྫོགསྃ་པ་ཆེནྃ་པོའི་མན་ངག་སྡེའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་གསེང་ལམྃ་ལྃ་ཞུགསྃ་ཏེ་ཉམས་སུ་བླངས་བས་ལམ་སྣང་བཞིའི་རྩལ་རིམ་ཅན་དུ་རྫོགས་པ་དེའིྃ་མཐུའྃམ་ནུས་པས། ནམྃ་ཞིགྃ་བཟློག་ཏུ་མེད་པའི་འཆི་བ་ཐོག་ཐབས་སུ་ཕྱིན་པའི་ཚེ་རྟེན་འདིར་སྒོམ་པའི་ལམ་གྱི་འོད་གསལ་བུ་ལྟ་བུ་དང༌། འཆི་ཀའི་བར་དོ་གཞིའི་འོད་གསལ་མ་ལྟ་བུ་གཉིས་གཅིག་ཏུ་འདྲེས་ནས་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་དུ་འབྱུང་བ་ལྟར་གཞི་ལམ་གྱི་འོད་གསལ་སྐྱེལ་བསུ་འཛོམས་ཏེ་གདོྃད་མའིྃ་ལྷུམྃས་སུྃ་ཞུགསྃ་པའིྃ་ཚེྃ། ཚེ་འདིའམ་བར་དོ་གསུམ་གངྃ་རུང་གིྃ་གྲོལྃ་ཚདྃ་བརྙེས་པའི་ཚུལ་དང་མཐུན་པར་ཕྱི་རྟགས་སུ་ཡང་གསུང་གི་སྣང་བ་ཡེ་ཤེས་བཞི་སྦྱོར་ལ་གྲོལ་རྟགས་སུ་རུས་པ་ལ་ས་བོན་ཡི་གེ་དང༌། རང་བྱུང་གི་སྒྲྃ་སྐད་ཆེན་པོ། ཐུགས་ཀྱི་སྣང་བ་འོདྃ་གསལ་དུ་གྲོལ་ན་ནམ་མཁའ་ཤིན་ཏུ་དྭངས་པ་དང༌། འཇའ་གུར་འོད་ཁྱིམ་གྱི་སྣང་བས་འཁོར་ཡུག་ཁྱབ་པ་དང༌། དབྱིངས་ཀ་དག་ཏུ་གྲོལ་རྟགས་སུ་སྃ་གཞི་གཡོྃ་འགུལ་དངྃ། རིགས་ལྔ་ལྷུན་གྲུབ་ཀྱི་སྣང་བས་མ་གྲོལ་ན་ཤ་རི་རཾ་དང་ཉ་རི་རཾ་པཉྩ་རཾ་ཆུ་རི་རཾ་བ་རི་རཾ་སྟེ་རིགྃས་ལྔའིྃ་གདུངྃ་སྐུ་འཆར་བ་དངྃ་གྲོལ་བས་ཞིྃ་ཁྲོྃ་གཙོ་འཁོར་གྱི་སྣངྃ་བརྙནྃ་སོགྃས་གདུལ་བྱ་ཀུནྃ་གྱིྃ་མཐུནྃ་སྣངྃ་དུ་གྲུབྃ་པས་མཆོག་གི་ལམ་ལ་ཡིད་ཆེས་དང་བཅས་གྲོལ་བ་དྲུག་གི་ཕྲིན་ལས་མཁའ་ཁྱབ་ཏུྃ་བརྡལ་བར་མངོྃན་སུམ་དུ་འབྱུང་བརྃ་ཤོགྃ་ཅིག །གསུམ་པ་ཞིང་ཁམས་སུ་སྨོན་པའི་འབྲས་བུ་སྐུ་བཞིའི་དབྱིངས་སུ་གྲོལ་བར་སྨོན་པ་ནི། དེ་ལྟར་སྨོན་པའི་དོན་འདི་དག་ཆོས་ཅན་ཀུན་རྫོབ་ཀྱི་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་གསང་སྔགས་ཀྱི་སྒོར་ཞུགས་ཏེ་དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པས་རིམ་གཉིས་ཀྱི་ལམ་ལ་བརྩོན་པའི་རིགྃ་འཛིནྃ་བདགྃ་གིསྃ་འཁོར་བ་ལས་ཐར་འདོད་ཀྱི་ངེས་པར་འབྱུང་བའི་བློས་མཁའ་ཁྱབ་ཀྱི་ཡིད་ཅན་སྐུ་གསུམ་བདེ་ཆེན་གྱི་ས་ལ་གྲོལ་འདོད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ལྷགྃ་བསྃམ་ཉེས་པའི་དྲི་མ་མེད་པ་རྣམྃ་པར་དགྃ་པ་དངྃ། ཆོསྃ་ཉིདྃ་དོན་དམ་གྱི་བདེན་པ་ནམ་ཡང་མི་འགྱུར་བ་ཉིད་ཀྱི་དབྱིངས་འཁོར་འདས་ཀུན་ཁྱབ་ཆེན་པོ་དངོས་མཚན་སྤྲོས་པའི་རངྃ་བཞིནྃ་ཅིརྃ་ཡངྃ་མྃ་ཡིནྃ་པའིྃ་སྟོང་ཉིད་ཀ་དག་ཆེན་པོ་བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་མ་དམིགས་པ་རྣམ་པར་དག་པའི་བདེནྃ་པའིྃ་མཐུྃ་ཡིསྃ་མཁའ་ཁྱབ་ཁམསྃ་གསུམྃ་ན་གནས་པའི་ཡིདྃ་ཅནྃ་སྤྱི་དངྃ། ཁྱདྃ་པརྃ་ཉེ་བའི་གདུལ་བྱ་བདག་ལ་མཐོང་ཐོས་དྲན་རེག་གི་བཟང་ངན་འབྲེལྃ་བསྃ་བསྡུསྃ་པའིྃ་སེམསྃ་ཅནྃ་མ་ལུས་པ་ཀུནྃ་སྐུ་གསུམ་དབྱེར་མེད་མི་འགྱུར་རྡོ་རྗེའི་སྐུྃ་བཞིྃའི་སྤངས་རྟོགས་མངོན་དུ་གྱུར་པའི་ཞིངྃ་ཁམྃས་ཟག་མེད་ཀྱི་འབྱོར་པ་དམ་པས་བརྒྱན་པས་རྨདྃ་དུ་བྱུངྃ་ཞིང་ཉམྃས་དགྃའ་བརྃ་སྔོན་བྱོན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་སོགས་པ་བཞིན་དུ་ཚོམྃ་བུྃ་དང་བཅས་པ་དུས་གཅིྃག་ཏུྃ་འབྲས་བུའི་ས་ལ་ཕྱམྃ་གཅིགྃ་གྲོལྃ་བའི་སྐལ་པ་བཟང་པོ་མངོན་དུ་འགྱུར་བརྃ་ཤོགྃ་ཅིག །གསུམ་པ་མཇུག་ཇི་ལྟར་མཛད་པའི་དགོས་ཆེད་སྟོན་པ་སྟེ་ཚིག་དོན་ནི་གོ་སླ་བའོ། །རྨད་བྱུང་རྡོ་རྗེའི་ཚིག་གི་ཆ་ཤས་ཀྱང༌། །ཟབ་དོན་མི་བཟད་སྨྲ་དང་རྟོགས་དཀའ་ཡང༌། །དོན་གཉེར་ཕྱིར་དང་རང་ཉིད་ལམ་འདི་ལ། །མོས་པས་བྲིས་འདི་དོན་དང་ལྡན་གྱུར་ཅིག །ཅེས་ལྷོ་འབྲུག་གི་རྒྱལ་ཁབ་ཀྱི་དགེ་སྦྱོང་སྤོང་བ་པ་ཀརྨ་ཚུལ་ཁྲིམས་གཞན་ཕན་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་བསྐུལ་ངོར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཉུལ་བའི་རྐང་དྲུག་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོའི་དབང་ཕྱོགས་བྱང་ཆུབ་ཤིང་གི་གྲིབ་བསིལ་དུ་བྲིས་པའི་ཡི་གེ་གཉིས་པ་སྤེལ་བ་པོ་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་འཇིགས་མེད་ཤེས་རབ་འོད་ཟེར་གྱིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་ཐེག་མཆོག་སྙིང་པོའི་ལམ་བཟང་ཁོ་ནས་གདོད་མའི་གྲོལ་གཞིར་སྙེགས་པའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-15-BA]] | [[Category:DKR-KABUM-Volume-15-BA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 09:10, 1 June 2024
Wylie title | sku gsum zhing khams sbyong ba'i gsol 'debs smon lam gyi 'grel pa gtan bde'i sa bon | |
---|---|---|
Location | dil mgo mkhyen brtse bka' 'bum Volume 15, Text 10, Pages 331-347 (Folios 1a to 17a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Source Author(s) | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | Khyentse, Dilgo. Sku gsum zhing khams sbyong ba'i gsol 'debs smon lam gyi 'grel pa gtan bde'i sa bon. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 15: 331-347. Delhi: Shechen Publications, 1994. | |
Genre | Commentaries - 'grel pa · Prayers - smon lam | |
Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) | |
Colophon |
།ཅེས་ལྷོ་འབྲུག་གི་རྒྱལ་ཁབ་ཀྱི་དགེ་སྦྱོང་སྤོང་བ་པ་ཀརྨ་ཚུལ་ཁྲིམས་གཞན་ཕན་ནས་ལྷ་རྫས་ཀྱི་རྟེན་དང་བཅས་ཏེ་བསྐུལ་ངོར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཉུལ་བའི་རྐང་དྲུག་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོའི་དབང་ཕྱོགས་བྱང་ཆུབ་ཤིང་གི་གྲིབ་བསིལ་དུ་བྲིས་པའི་ཡི་གེ་གཉིས་པ་སྤེལ་བ་པོ་རྒྱལ་ཁམས་ཀུན་ཏུ་རྒྱུ་བ་འཇིགས་མེད་ཤེས་རབ་འོད་ཟེར་གྱིས་བགྱིས་པ་འདིས་ཀྱང་འགྲོ་ཀུན་ཐེག་མཆོག་སྙིང་པོའི་ལམ་བཟང་ཁོ་ནས་གདོད་མའི་གྲོལ་གཞིར་སྙེགས་པའི་རྒྱུར་གྱུར་ཅིག། | |
/ces lho 'brug gi rgyal khab kyi dge sbyong spong ba pa karma tshul khrims gzhan phan nas lha rdzas kyi rten dang bcas te bskul ngor 'od gsal rdo rje snying po'i bstan zhabs su skyes pa'i rgyal khams nyul ba'i rkang drug 'jigs med mkhyen brtse'i 'od zer gyis 'phags yul rdo rje gdan gyi gtsug lag khang chen po'i dbang phyogs byang chub shing gi grib bsil du bris pa'i yi ge gnyis pa spel ba po rgyal khams kun tu rgyu ba 'jigs med shes rab 'od zer gyis bgyis pa 'dis kyang 'gro kun theg mchog snying po'i lam bzang kho nas gdod ma'i grol gzhir snyegs pa'i rgyur gyur cig/ |