DKR-KABUM-11-DA-019: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(3 intermediate revisions by 2 users not shown)
Line 1: Line 1:
{{WyliePageHeader}}
{{Text
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|sectionheading=No
|fulltitletib=དགེ་བསྙེན་སྨྱོ་ཁའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ། ཆོས་སྐྱོང་རྒྱལ་པོ་ཆེན་པོ་པེ་ཧར་གསེར་སྐྱེམས། ཕུན་ཚོགས་དགེ་བཅུའི་གཡང་སོགས།
|fulltitle=dge bsnyen smyo kha'i gsol mchod phrin las lhun grub/ chos skyong rgyal po chen po pe har gser skyems/ phun tshogs dge bcu'i g.yang sogs
|citation=[[Khyentse, Dilgo]]. ''Dge bsnyen smyo kha'i gsol mchod phrin las lhun grub chos skyong rgyal po chen po pe har gser skyems phun tshogs dge bcu'i g.yang sogs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 100-103. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=Protector Rituals - gsol mchod
|terma=No
|dkroutline=Three
|language=Tibetan
|volumenumber=011
|volnumtib=༡༡
|volyigtib=ད་
|totalvolumes=25
|textnuminvol=019
|pagenumbers=100-103
|totalpages=7
|beginfolioline=1a
|endfolioline=4a6
|totalfolios=4
|multivolumework=No
|rectonotes=gsol mchod
|versonotes=sna tshogs
|colophontib=།ཅེས་པའང་མདོ་ཁམས་ཞེ་ཆེན་འདུས་སྡེའི་གསུང་བསྐུལ་བཞིན་རྒན་པོ་མངྒ་ལས་བྲིས་པ་དགེ།
|colophonwylie=/ces pa'ang mdo khams zhe chen 'dus sde'i gsung bskul bzhin rgan po mang+ga las bris pa dge/
|pdflink=File:DKR-KABUM-11-DA-019.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅།  །དགེ་བསྙེན་སྨྱོ་ཁའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས། ཀྱཻ། སྣང་སྲིད་ཟིལ་གནོན་ཧེ་རུ་ཀ། །གུ་རུ་པདྨ་ཐོད་ཕྲེང་ནི། །བཀའ་ཉན་གཏེར་སྲུང་རྒྱ་མཚོའི་གཙོ། །དགེ་བསྙེན་ཆེན་པོ་སྨྱོ་ཁ་ཞེས། ༡ །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །ཐ་ཚིག་རྡོ་རྗེའི་དམ་ལ་གནས། །སྡེ་བརྒྱད་དྲེགས་པའི་གཙོ་བོ་ཁྱོད། །འགགས་མེད་ཡེ་ཤེས་རོལ་པས་གཤེགས། ༢ །དགྱེས་པའི་གདན་ལ་བཞུགས་ནས་ཀྱང༌། །མཐུན་རྫས་འདོད་དགུའི་མཆོད་པའི་རྫས། །གང་བཞེད་ལྷུན་གྱིས་གྲུབ་པ་ཡི། །གཏོར་མ་གསེར་སྐྱེམས་བསང་མཆོད་སོགས། ༣ །གཙང་སྦྱར་རྨད་དུ་བྱུང་བའི་གཏེར། །གསང་གསུམ་དགྱེས་པའི་དཔལ་དུ་སྟོབ། །ཐུགས་དང་འགལ་བའི་ནོངས་པ་བཤགས། །འདོད་པའི་དོན་ཀུན་སྒྲུབ་པར་མཛོད། ༤ །ཁྱོད་ནི་ངོ་བོ་ཡེ་ཤེས་དབྱིངས། །རྣམ་པ་ཞི་རྒྱས་དབང་དྲག་གི །ཕྲིན་ལས་རོལ་པའི་རྗེས་འགྲོ་བའི། །གནས་མཚན་སྐུ་ཡི་བཀོད་པ་སྟོན། ༥ །ཞི་མཛད་རྡོ་རྗེ་གིང་ཀ་ར། །ནད་དང་གནོད་པ་འགལ་རྐྱེན་ཚོགས། །སྣང་བའི་ཁྱིམ་གྱིས་མུན་པ་བཞིན། །དབྱིངས་སུ་ཞི་བའི་ལས་མཛོད་ཅིག ༦ །རྒྱས་མཛད་རིན་ཆེན་གནོད་གནས་དབང༌། །འདོད་འབྱུང་ནམ་མཁའ་མཛོད་ཀྱི་བདག །དཔལ་འབྱོར་ལོངས་སྤྱོད་མཐུན་རྐྱེན་ཚོགས། །ཆར་བཞིན་འབེབས་པའི་ཕྲིན་ལས་མཛོད། ༧ །དབང་མཛད་བདེ་ཆེན་རོལ་པའི་བདག །དགྱེས་དགུར་ཟུར་མིག་ལྕགས་ཀྱུ་ཡིས། །བརྟན་གཡོའི་དངོས་ཀུན་རང་དབང་དུ། །སྡུད་པའི་ཞགས་པ་ད་ལྟ་ཐོབ། ༨ །དྲག་མཛད་མཐུ་སྟོབས་རྡོ་རྗེའི་མདས། །རྒྱལ་འགོང་གདོན་བགེགས་འབྱུང་པོ་དང༌། །དམ་སྲི་བསྟན་དགྲ་མ་ལུས་ཀུན། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། ༩ །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །ཁྱོད་ནི་ལྷ་སྲིན་གཡར་དམ་ཅན། །མ་བསྒྲུབས་ཤུགས་ཀྱིས་འགོ་བ་ཡི། །བསྟན་སྲུང་གཉན་པོ་ལས་ལ་བཞེངས། ༡༠ །རྩོད་པའི་དུས་ཀྱི་ཐ་མ་འདིར། །དཀོན་མཆོག་དབུ་འཕང་སྨད་ཅིང་ཉམས། །བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ལ། །བར་གཅོད་འཚེ་བ་མང་བའི་དུས། ༡༡ །སྟོབས་རྩལ་ཕྲིན་ལས་ཤུགས་ཕྱུངས་ལ། །བདག་གིས་ཇི་ལྟར་བཅོལ་བའི་དོན། །མ་ཐོགས་མྱུར་དུ་སྒྲུབ་པ་དང༌། །སངས་རྒྱས་པདྨའི་ཕྲིན་ལས་སྤེལ། ༡༢ །ངེས་གསང་སྙིང་པོའི་བསྟན་པ་སྲུངས། །དཀོན་མཆོག་དབུ་འཕང་དགུང་དུ་བསྟོད། །འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །བོད་ཁམས་མཐའ་དབུས་ཀུན་ཏུ་བདེ། ༡༤ །དཔལ་འབྱོར་ལོངས་སྤྱོད་ཆོས་བཞིན་འཕེལ། །རྣམ་དཀར་སྤྱོད་པས་རྒྱུད་དུལ་ཞིང༌། །བྱང་ཆུབ་ལམ་ལ་འཇུག་པར་མཛོད། །བདག་ཅག་སྒྲུབ་པ་པོ་རྣམས་ཀྱང༌། ༡༥ །ཚེ་བསོད་ལོངས་སྤྱོད་མཐུན་རྐྱེན་རྒྱས། །གདུལ་བྱ་ཕྲིན་ལས་དབང་དུ་འདུས། །དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །ཕྲིན་ལས་གློག་ལྟར་མྱུར་བར་མཛོད། ༡༦ །བསྟན་སྲུང་མཐུ་ཆེན་དགེ་བསྙེན་ཆེ། །དྲག་རྩལ་སྟོབས་ཀྱི་ནུས་པ་ཕྱུངས། །གནོད་བྱེད་བསྟན་འགྲོའི་དམ་སྲི་སྒྲོལ། །རྒྱལ་འགོང་སྨོན་ལམ་ལོག་པ་སོད། ༡༧ །བསྐུལ་བའི་ལས་ལ་མཐུ་མ་ཆུང༌། །བཅོལ་བའི་ལས་ལ་ངོ་མ་ལྡོག །དོ་བརྡོ་ཕོད་བཙུགས་མཐའ་ཡི་དམག །ཆིངས་ཤིག་སྒྲོལ་ཅིག་མཱ་ར་ཡ། ༡༨ །མཐུན་པའི་བསམ་སྦྱོར་དབྱེན་གྱིས་ཕྱེས། །བྱས་པའི་ལས་ཀྱི་འབྲས་བུ་ཤིག །ལོག་པའི་འདུན་མ་རང་གཤེད་ཕོབ། །མྱུར་དུ་བསྒྲལ་བའི་ལས་མཛོད་ཅིག ༡༩ །ཛམ་གླིང་ཆོས་ཀྱི་ཉི་མ་ཆེ། །ཆོས་འཁོར་རྣམ་གསུམ་ཡན་ལག་བཅས། །གཙུག་ལག་དབེན་གནས་མ་ལུས་སྲུངས། །གནོད་པའི་ཆོམས་པོ་ད་ལྟ་སྒྲོལ། ༢༠ །མདོ་སྔགས་ཡོངས་རྫོགས་ཐུབ་པའི་བསྟན། །བཤད་སྒྲུབ་ཡོན་ཏན་རྟག་བརྟན་འཕེལ། །དེར་འཛིན་སྐྱེས་བུའི་སྐུ་ཚེ་དང༌། །ཐུགས་བསྐྱེད་མཛད་ཕྲིན་འཕེལ་རྒྱས་མཛོད། ༢༡ །ཁྱད་པར་གངས་ཅན་བདེ་སྐྱིད་ཀྱི། །འབྱུང་གནས་པདྨའི་ཐུགས་བཅུད་ཀྱི། །བསྟན་པ་མཐའ་དབུས་ཀུན་ཏུ་དར། །རིག་འཛིན་འདུས་པས་མཛེས་པར་མཛོད། ༢༢ །མདོར་ན་ཇི་ལྟར་འདོད་པའི་དོན། །གེགས་མེད་ཡིད་བཞིན་འགྲུབ་པའི་གཉེར། །དགེ་བསྙེན་ཆེན་པོ་ཁྱོད་ལ་གཏད། །རྟག་ཏུ་མ་གཡེལ་ལས་མཛོད་ཅིག ༢༣ །བཀྲ་ཤིས་དགེ་མཚན་སྣང་བའི་དཔལ། །ནམ་ཡང་མི་ནུབ་རྟག་ཏུ་འཆར། །ཕན་བདེའི་པདྨོ་ལྷུན་གྲུབ་པས། །དོན་གཉིས་འདོད་པ་འཇོ་བར་མཛོད། ༢༤ །ཅེས་པའང་དུས་གསུམ་ཀུན་མཁྱེན་པདྨའི་ཕྲིན་ལས་ཀྱི་གདུགས་དཀར་པོ་ལ་ངལ་འཚོ་ཐོབ་པའི་ཀུན་ཏུ་རྒྱུ་པདྨ་གར་དབང་མདོ་སྔགས་གླིང་པས་མོན་ལ་དཀར་ཆུང་གི་ཞོལ་དུ་གཏེར་སྲུང་ཆོས་སྐྱོང་ཆེན་པོས་དགྱེས་དགུར་སྐྱོང་བའི་རྟེན་འབྱུང་དུ་བྲིས་པས་ཕན་བདེའི་དཔལ་ཀུན་ལྷུན་གྱིས་གྲུབ་པའི་རྒྱུ་ཁོ་ནར་གྱུར་ཅིག།  །། ༄༅། ཆོས་སྐྱོང་རྒྱལ་པོ་ཆེན་པོ་པེ་ཧར་གསེར་སྐྱེམས་བཞུགས། ཨོཾ་སྭསྟི། གཙང་མའི་སྣོད་དུ་ཨརྒྷཾ་དཀར་སྔོན། རྒྱ་ཇའི་ཕུད། ཁྲག་སྐྱེམས་རྣམས་འབྲུ་སྨན་རིན་ཆེན་སྣ་ཚོགས་ཀྱི་ཕྱེ་མ། གཙང་སྦྱར་ཆབ་ཀྱིས་བྲན། རང་ཉིད་གཉུག་མའི་ལྷའམ་པདྨ་དྲག་པོའི་ང་རྒྱལ་གྱིས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབས། ཀྱཻ། རིན་ཆེན་འབྲུ་སྨན་ཟས་སྣའི་ཕུད། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་འབྲུ་བཅུད་མ་དཱ་ན། །ལྗོན་ཤིང་འདབ་བཟང་རྒྱ་ཇའི་བཅུད། །དམར་ཆེན་རཀྟའི་སྐྱེམས་སྣ་ཚོགས། །རྒྱ་མཚོ་ལྟར་བསྐྱིལ་འདོད་ཡོན་གྱི། །ཟེགས་མའི་རླངས་སྤྲིན་འཕྲོ་བ་འདིས། །རིག་འཛིན་པདྨ་ཐོད་ཕྲེང་སོགས། །རྩ་བརྒྱུད་བླ་མ་ཕུད་ཀྱིས་མཆོད། །དབང་དྲག་པདྨ་དྲག་པོ་སོགས། །རྒྱུད་སྡེ་བཞི་དྲུག་ལྷ་ཚོགས་མཆོད། །རྗེ་བཙུན་རྡོ་རྗེ་ཕག་མོ་སོགས། །གནས་གསུམ་དཔའ་བོ་ཌཱ་ཀི་མཆོད། །རྒྱལ་བའི་བསྟན་དང་དེར་འཛིན་སྐྱོང༌། །དམ་ཅན་ཆོས་སྲུང་མཐའ་དག་མཆོད། །ཁྱད་པར་པདྨའི་བཀའ་སྡོད་ཆེ། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་མཆོད། །ངོ་བོ་བདེ་གཤེགས་རྣམ་སྣང་མཛད། །རྣམ་པ་རྒྱལ་བའི་བསྟན་སྲུང་ཆེ། །གཙུག་ལག་ཆོས་འཁོར་མ་ལུས་པའི། །སྲུང་མ་མཐུ་ཆེན་རྒྱལ་ཆེན་མཆོད། །ཡེ་ཤེས་ལྔ་ཡི་རོལ་པ་ལས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རང་གཟུགས་སྤྲུལ་པའི་རྒྱལ་ཆེན་ལྔ། །བློན་འཁོར་དགྱེས་སྡེ་བཅས་ཀུན་མཆོད། །སྡོན་ཚེ་དཔལ་གྱི་བསམ་ཡས་སུ། །སྣང་སྲིད་ཟིལ་གནོན་ཧེ་རུ་ཀ །ཆེ་མཆོག་པདྨ་གཏུམ་དྲག་གིས། །དམ་བཞག་བཀའ་སྡོད་ཆེན་པོ་མཆོད། །བོད་ཡུལ་གཙུག་ལག་ཆོས་འཁོར་ཀུན། །གཉེར་གཏད་ཟབ་གཏེར་སྲུང་སྤེལ་དང༌། །རིག་འཛིན་བྲན་དུ་ཐ་ཚིག་ཕོག །ཐུགས་དམ་གཉན་པོ་བསྐང་ཕྱིར་མཆོད། །རྟོགས་ན་རང་གྲོལ་ཡེ་ཤེས་ཀྱི། །རིགས་ལྔའི་གངས་ཆེན་མཚོ་ཡི་དབྱིངས། །གཉིས་མེད་དགོངས་པའི་ཕྱག་རྒྱ་ལས། །མི་འདའ་གཅིག་ཏུ་མཉམ་པས་མཆོད། །རྣམ་རོལ་པདྨའི་གདུང་འཛིན་གྱི། །དམ་ཚིག་ཐུབ་པའི་ལམ་གྱི་གྲོགས། །ཇི་ལྟར་བཀའ་བགོས་མ་བསྙེལ་བར། །ཐོགས་མེད་ཕྲིན་ལས་སྒྲུབ་ཕྱིར་མཆོད། །སྙིགས་མའི་སེམས་ཅན་དུག་ལྔ་རགས། །དེ་ཡི་རང་རྩལ་རྒྱལ་བསེན་དང༌། །དམ་སྲིའི་གནོད་པ་སྲུང་བའི་ཕྱིར། །འཁོར་ལ་བཀའ་ནན་མ་ཆུང་ཞིག །པདྨའི་བརྒྱུད་འཛིན་ངེས་གསང་བསྟན། །ལོག་པར་བལྟ་ཞིང་བཀའ་དྲིན་དང༌། །དམ་ཚིག་ཁྱད་དུ་གསོད་པ་ཡི། །གསར་སྐྱེས་འགོང་པོ་ཆོམས་ཤིག་སྒྲོལ། །འགལ་རྐྱེན་མི་མཐུན་ནད་གདོན་དང༌། །བརྒྱལ་འབོག་སྙིང་རླུང་གནོད་འཚེ་ཞི། །ཚེ་དཔལ་བསོད་ནམས་རླུང་རྟའི་སྟོབས། །འདོད་དགུའི་ཕྲིན་ལས་ལེགས་ཚོགས་སྤེལ། །ཆེ་བཙན་རྒྱལ་བློན་དྲེགས་པའི་ཚོགས། །དབང་གི་འོད་དམར་སྤྲོས་པས་ཁུག །མཐའ་དམག་བསྟན་པའི་རུ་ཏྲའི་སྡེ། །ཆོས་ཉིད་སྐྱེ་མེད་ཀློང་དུ་སྒྲོལ། །ཇི་ལྟར་བཅོལ་བའི་ལས་མཐའ་དག །སྒྲུབ་པའི་ཕྲིན་ལས་མྱུར་དུ་མཛོད། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །དྲེགས་པའི་ཁེངས་སེམས་སྡུག་རྩུབ་ཞི། །ཕན་བདེའི་དགའ་སྟོན་མི་ཟད་པའི། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཞེས་འབུལ་ཞིང་རྗེས་རིམ་སྤྱི་ལྟར་བྱའོ།  །ཅེས་པའང་མདོ་ཁམས་སྨིན་གྲོལ་ནོར་བུའི་གླིང་གི་མཆོག་གླིང་རིན་པོ་ཆེའི་ཡང་སྲིད་ཀརྨ་འགྱུར་མེད་བདེ་ཆེན་རྡོ་རྗེའི་བཀའ་བསྩལ་བཞིན་དབང་དྲག་པདྨའི་ཕྲིན་ལས་ཀྱི་གདུགས་དཀར་ལ་ངལ་གསོ་ཐོབ་པ་པདྨ་གར་དབང་མདོ་སྔགས་གླིང་པས་ཉེ་བའི་ཚནྡྷོ་ཧའི་གནས་ཆེན་ནས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་འདིས་ཀྱང་དམ་ཅན་དབང་པོ་དགྱེས་པའི་མདངས་གསོལ་དུ་གྱུར་ནས་ངེས་དོན་སྙིང་པོའི་བསྟན་པ་འཕེལ་རྒྱས་ཀྱི་རྟེན་འབྱུང་དུ་གྱུར་ཅིག། །།  ཕུན་ཚོགས་དགེ་བཅུའི་གཡང་འཁྱིལ་སྨན་ལྗོངས་འདི། །ལེགས་སྐྱོང་རྩ་རྒྱུད་བླ་མའི་བཀའ་ཉན་ཆེ། །དགེ་བསྙེན་ནོར་བུ་དབང་རྒྱལ་འཁོར་དང་བཅས། །གསོལ་ལོ་བསྟན་མཆོག་དར་ཞིང་རྒྱས་པར་མཛོད། །ཅེས་པའང་མདོ་ཁམས་ཞེ་ཆེན་འདུས་སྡེའི་གསུང་བསྐུལ་བཞིན་རྒན་པོ་མངྒ་ལས་བྲིས་པ་དགེ།།}}
@#/__/dge bsnyen smyo kha'i gsol mchod phrin las lhun grub bzhugs/_kyai/_snang srid zil gnon he ru ka/_/gu ru pad+ma thod phreng ni/_/bka' nyan gter srung rgya mtsho'i gtso/_/dge bsnyen chen po smyo kha zhes/_1_/mthu stobs rdzu 'phrul bsam mi khyab/_/tha tshig rdo rje'i dam la gnas/_/sde brgyad dregs pa'i gtso bo khyod/_/'gags med ye shes rol pas gshegs/_2_/dgyes pa'i gdan la bzhugs nas kyang*/_/mthun rdzas 'dod dgu'i mchod pa'i rdzas/_/gang bzhed lhun gyis grub pa yi/_/gtor ma gser skyems bsang mchod sogs/_3_/gtsang sbyar rmad du byung ba'i gter/_/gsang gsum dgyes pa'i dpal du stob/_/thugs dang 'gal ba'i nongs pa bshags/_/'dod pa'i don kun sgrub par mdzod/_4_/khyod ni ngo bo ye shes dbyings/_/rnam pa zhi rgyas dbang drag gi_/phrin las rol pa'i rjes 'gro ba'i/_/gnas mtshan sku yi bkod pa ston/_5_/zhi mdzad rdo rje ging ka ra/_/nad dang gnod pa 'gal rkyen tshogs/_/snang ba'i khyim gyis mun pa bzhin/_/dbyings su zhi ba'i las mdzod cig_6_/rgyas mdzad rin chen gnod gnas dbang*/_/'dod 'byung nam mkha' mdzod kyi bdag_/dpal 'byor longs spyod mthun rkyen tshogs/_/char bzhin 'bebs pa'i phrin las mdzod/_7_/dbang mdzad bde chen rol pa'i bdag_/dgyes dgur zur mig lcags kyu yis/_/brtan g.yo'i dngos kun rang dbang du/_/sdud pa'i zhags pa da lta thob/_8_/drag mdzad mthu stobs rdo rje'i mdas/_/rgyal 'gong gdon bgegs 'byung po dang*/_/dam sri bstan dgra ma lus kun/_/thal ba'i rdul bzhin brlag par mdzod/_9_/bdag ni rnal 'byor sgrub pa po/_/khyod ni lha srin g.yar dam can/_/ma bsgrubs shugs kyis 'go ba yi/_/bstan srung gnyan po las la bzhengs/_10_/rtsod pa'i dus kyi tha ma 'dir/_/dkon mchog dbu 'phang smad cing nyams/_/bstan 'dzin skyes bu'i mdzad phrin la/_/bar gcod 'tshe ba mang ba'i dus/_11_/stobs rtsal phrin las shugs phyungs la/_/bdag gis ji ltar bcol ba'i don/_/ma thogs myur du sgrub pa dang*/_/sangs rgyas pad+ma'i phrin las spel/_12_/nges gsang snying po'i bstan pa srungs/_/dkon mchog dbu 'phang dgung du bstod/_/'gro ba'i blo sna chos la bsgyur/_/bod khams mtha' dbus kun tu bde/_14_/dpal 'byor longs spyod chos bzhin 'phel/_/rnam dkar spyod pas rgyud dul zhing*/_/byang chub lam la 'jug par mdzod/_/bdag cag sgrub pa po rnams kyang*/_15_/tshe bsod longs spyod mthun rkyen rgyas/_/gdul bya phrin las dbang du 'dus/_/don gnyis lhun gyis grub pa yi/_/phrin las glog ltar myur bar mdzod/_16_/bstan srung mthu chen dge bsnyen che/_/drag rtsal stobs kyi nus pa phyungs/_/gnod byed bstan 'gro'i dam sri sgrol/_/rgyal 'gong smon lam log pa sod/_17_/bskul ba'i las la mthu ma chung*/_/bcol ba'i las la ngo ma ldog_/do brdo phod btsugs mtha' yi dmag_/chings shig sgrol cig mA ra ya/_18_/mthun pa'i bsam sbyor dbyen gyis phyes/_/byas pa'i las kyi 'bras bu shig_/log pa'i 'dun ma rang gshed phob/_/myur du bsgral ba'i las mdzod cig_19_/dzam gling chos kyi nyi ma che/_/chos 'khor rnam gsum yan lag bcas/_/gtsug lag dben gnas ma lus srungs/_/gnod pa'i choms po da lta sgrol/_20_/mdo sngags yongs rdzogs thub pa'i bstan/_/bshad sgrub yon tan rtag brtan 'phel/_/der 'dzin skyes bu'i sku tshe dang*/_/thugs bskyed mdzad phrin 'phel rgyas mdzod/_21_/khyad par gangs can bde skyid kyi/_/'byung gnas pad+ma'i thugs bcud kyi/_/bstan pa mtha' dbus kun tu dar/_/rig 'dzin 'dus pas mdzes par mdzod/_22_/mdor na ji ltar 'dod pa'i don/_/gegs med yid bzhin 'grub pa'i gnyer/_/dge bsnyen chen po khyod la gtad/_/rtag tu ma g.yel las mdzod cig_23_/bkra shis dge mtshan snang ba'i dpal/_/nam yang mi nub rtag tu 'char/_/phan bde'i pad+mo lhun grub pas/_/don gnyis 'dod pa 'jo bar mdzod/_24_/ces pa'ang dus gsum kun mkhyen pad+ma'i phrin las kyi gdugs dkar po la ngal 'tsho thob pa'i kun tu rgyu pad+ma gar dbang mdo sngags gling pas mon la dkar chung gi zhol du gter srung chos skyong chen pos dgyes dgur skyong ba'i rten 'byung du bris pas phan bde'i dpal kun lhun gyis grub pa'i rgyu kho nar gyur cig/__//_@#/_chos skyong rgyal po chen po pe har gser skyems bzhugs/_oM swasti/_gtsang ma'i snod du ar+g+haM dkar sngon/_rgya ja'i phud/_khrag skyems rnams 'bru sman rin chen sna tshogs kyi phye ma/_gtsang sbyar chab kyis bran/_rang nyid gnyug ma'i lha'am pad+ma drag po'i nga rgyal gyis/_ra~M ya~M kha~M/_oM AHhU~M ha ho hrIH_lan gsum gyi byin gyis brlabs/_kyai/_rin chen 'bru sman zas sna'i phud/_/ngo bo ye shes bdud rtsi la/_/rnam pa 'bru bcud ma dA na/_/ljon shing 'dab bzang rgya ja'i bcud/_/dmar chen rak+ta'i skyems sna tshogs/_/rgya mtsho ltar bskyil 'dod yon gyi/_/zegs ma'i rlangs sprin 'phro ba 'dis/_/rig 'dzin pad+ma thod phreng sogs/_/rtsa brgyud bla ma phud kyis mchod/_/dbang drag pad+ma drag po sogs/_/rgyud sde bzhi drug lha tshogs mchod/_/rje btsun rdo rje phag mo sogs/_/gnas gsum dpa' bo DA ki mchod/_/rgyal ba'i bstan dang der 'dzin skyong*/_/dam can chos srung mtha' dag mchod/_/khyad par pad+ma'i bka' sdod che/_/chos skyong rgyal po chen po mchod/_/ngo bo bde gshegs rnam snang mdzad/_/rnam pa rgyal ba'i bstan srung che/_/gtsug lag chos 'khor ma lus pa'i/_/srung ma mthu chen rgyal chen mchod/_/ye shes lnga yi rol pa las/_/sku gsung thugs yon phrin las kyi/_/rang gzugs sprul pa'i rgyal chen lnga/_/blon 'khor dgyes sde bcas kun mchod/_/sdon tshe dpal gyi bsam yas su/_/snang srid zil gnon he ru ka_/che mchog pad+ma gtum drag gis/_/dam bzhag bka' sdod chen po mchod/_/bod yul gtsug lag chos 'khor kun/_/gnyer gtad zab gter srung spel dang*/_/rig 'dzin bran du tha tshig phog_/thugs dam gnyan po bskang phyir mchod/_/rtogs na rang grol ye shes kyi/_/rigs lnga'i gangs chen mtsho yi dbyings/_/gnyis med dgongs pa'i phyag rgya las/_/mi 'da' gcig tu mnyam pas mchod/_/rnam rol pad+ma'i gdung 'dzin gyi/_/dam tshig thub pa'i lam gyi grogs/_/ji ltar bka' bgos ma bsnyel bar/_/thogs med phrin las sgrub phyir mchod/_/snyigs ma'i sems can dug lnga rags/_/de yi rang rtsal rgyal bsen dang*/_/dam sri'i gnod pa srung ba'i phyir/_/'khor la bka' nan ma chung zhig_/pad+ma'i brgyud 'dzin nges gsang bstan/_/log par blta zhing bka' drin dang*/_/dam tshig khyad du gsod pa yi/_/gsar skyes 'gong po choms shig sgrol/_/'gal rkyen mi mthun nad gdon dang*/_/brgyal 'bog snying rlung gnod 'tshe zhi/_/tshe dpal bsod nams rlung rta'i stobs/_/'dod dgu'i phrin las legs tshogs spel/_/che btsan rgyal blon dregs pa'i tshogs/_/dbang gi 'od dmar spros pas khug_/mtha' dmag bstan pa'i ru tra'i sde/_/chos nyid skye med klong du sgrol/_/ji ltar bcol ba'i las mtha' dag_/sgrub pa'i phrin las myur du mdzod/_/mnyam nyid byang chub sems kyi mthus/_/dregs pa'i khengs sems sdug rtsub zhi/_/phan bde'i dga' ston mi zad pa'i/_/don gnyis lhun gyis grub par mdzod/_/zhes 'bul zhing rjes rim spyi ltar bya'o/__/ces pa'ang mdo khams smin grol nor bu'i gling gi mchog gling rin po che'i yang srid karma 'gyur med bde chen rdo rje'i bka' bstsal bzhin dbang drag pad+ma'i phrin las kyi gdugs dkar la ngal gso thob pa pad+ma gar dbang mdo sngags gling pas nye ba'i tshan+d+ho ha'i gnas chen nas bris shing phrin las su gsol ba 'dis kyang dam can dbang po dgyes pa'i mdangs gsol du gyur nas nges don snying po'i bstan pa 'phel rgyas kyi rten 'byung du gyur cig/_//__phun tshogs dge bcu'i g.yang 'khyil sman ljongs 'di/_/legs skyong rtsa rgyud bla ma'i bka' nyan che/_/dge bsnyen nor bu dbang rgyal 'khor dang bcas/_/gsol lo bstan mchog dar zhing rgyas par mdzod/_/ces pa'ang mdo khams zhe chen 'dus sde'i gsung bskul bzhin rgan po mang+ga las bris pa dge//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-11-DA]]
[[Category:DKR-KABUM-Volume-11-DA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Latest revision as of 09:09, 1 June 2024

Wylie title dge bsnyen smyo kha'i gsol mchod phrin las lhun grub/ chos skyong rgyal po chen po pe har gser skyems/ phun tshogs dge bcu'i g.yang sogs DKR-KABUM-11-DA-019.pdf
Location dil mgo mkhyen brtse bka' 'bum
Volume 11, Text 19, Pages 100-103 (Folios 1a to 4a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dge bsnyen smyo kha'i gsol mchod phrin las lhun grub chos skyong rgyal po chen po pe har gser skyems phun tshogs dge bcu'i g.yang sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 100-103. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Colophon

།ཅེས་པའང་མདོ་ཁམས་ཞེ་ཆེན་འདུས་སྡེའི་གསུང་བསྐུལ་བཞིན་རྒན་པོ་མངྒ་ལས་བྲིས་པ་དགེ།

/ces pa'ang mdo khams zhe chen 'dus sde'i gsung bskul bzhin rgan po mang+ga las bris pa dge/

[edit]
༄༅། །དགེ་བསྙེན་སྨྱོ་ཁའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས། ཀྱཻ། སྣང་སྲིད་ཟིལ་གནོན་ཧེ་རུ་ཀ། །གུ་རུ་པདྨ་ཐོད་ཕྲེང་ནི། །བཀའ་ཉན་གཏེར་སྲུང་རྒྱ་མཚོའི་གཙོ། །དགེ་བསྙེན་ཆེན་པོ་སྨྱོ་ཁ་ཞེས། ༡ །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །ཐ་ཚིག་རྡོ་རྗེའི་དམ་ལ་གནས། །སྡེ་བརྒྱད་དྲེགས་པའི་གཙོ་བོ་ཁྱོད། །འགགས་མེད་ཡེ་ཤེས་རོལ་པས་གཤེགས། ༢ །དགྱེས་པའི་གདན་ལ་བཞུགས་ནས་ཀྱང༌། །མཐུན་རྫས་འདོད་དགུའི་མཆོད་པའི་རྫས། །གང་བཞེད་ལྷུན་གྱིས་གྲུབ་པ་ཡི། །གཏོར་མ་གསེར་སྐྱེམས་བསང་མཆོད་སོགས། ༣ །གཙང་སྦྱར་རྨད་དུ་བྱུང་བའི་གཏེར། །གསང་གསུམ་དགྱེས་པའི་དཔལ་དུ་སྟོབ། །ཐུགས་དང་འགལ་བའི་ནོངས་པ་བཤགས། །འདོད་པའི་དོན་ཀུན་སྒྲུབ་པར་མཛོད། ༤ །ཁྱོད་ནི་ངོ་བོ་ཡེ་ཤེས་དབྱིངས། །རྣམ་པ་ཞི་རྒྱས་དབང་དྲག་གི །ཕྲིན་ལས་རོལ་པའི་རྗེས་འགྲོ་བའི། །གནས་མཚན་སྐུ་ཡི་བཀོད་པ་སྟོན། ༥ །ཞི་མཛད་རྡོ་རྗེ་གིང་ཀ་ར། །ནད་དང་གནོད་པ་འགལ་རྐྱེན་ཚོགས། །སྣང་བའི་ཁྱིམ་གྱིས་མུན་པ་བཞིན། །དབྱིངས་སུ་ཞི་བའི་ལས་མཛོད་ཅིག ༦ །རྒྱས་མཛད་རིན་ཆེན་གནོད་གནས་དབང༌། །འདོད་འབྱུང་ནམ་མཁའ་མཛོད་ཀྱི་བདག །དཔལ་འབྱོར་ལོངས་སྤྱོད་མཐུན་རྐྱེན་ཚོགས། །ཆར་བཞིན་འབེབས་པའི་ཕྲིན་ལས་མཛོད། ༧ །དབང་མཛད་བདེ་ཆེན་རོལ་པའི་བདག །དགྱེས་དགུར་ཟུར་མིག་ལྕགས་ཀྱུ་ཡིས། །བརྟན་གཡོའི་དངོས་ཀུན་རང་དབང་དུ། །སྡུད་པའི་ཞགས་པ་ད་ལྟ་ཐོབ། ༨ །དྲག་མཛད་མཐུ་སྟོབས་རྡོ་རྗེའི་མདས། །རྒྱལ་འགོང་གདོན་བགེགས་འབྱུང་པོ་དང༌། །དམ་སྲི་བསྟན་དགྲ་མ་ལུས་ཀུན། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། ༩ །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །ཁྱོད་ནི་ལྷ་སྲིན་གཡར་དམ་ཅན། །མ་བསྒྲུབས་ཤུགས་ཀྱིས་འགོ་བ་ཡི། །བསྟན་སྲུང་གཉན་པོ་ལས་ལ་བཞེངས། ༡༠ །རྩོད་པའི་དུས་ཀྱི་ཐ་མ་འདིར། །དཀོན་མཆོག་དབུ་འཕང་སྨད་ཅིང་ཉམས། །བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ལ། །བར་གཅོད་འཚེ་བ་མང་བའི་དུས། ༡༡ །སྟོབས་རྩལ་ཕྲིན་ལས་ཤུགས་ཕྱུངས་ལ། །བདག་གིས་ཇི་ལྟར་བཅོལ་བའི་དོན། །མ་ཐོགས་མྱུར་དུ་སྒྲུབ་པ་དང༌། །སངས་རྒྱས་པདྨའི་ཕྲིན་ལས་སྤེལ། ༡༢ །ངེས་གསང་སྙིང་པོའི་བསྟན་པ་སྲུངས། །དཀོན་མཆོག་དབུ་འཕང་དགུང་དུ་བསྟོད། །འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །བོད་ཁམས་མཐའ་དབུས་ཀུན་ཏུ་བདེ། ༡༤ །དཔལ་འབྱོར་ལོངས་སྤྱོད་ཆོས་བཞིན་འཕེལ། །རྣམ་དཀར་སྤྱོད་པས་རྒྱུད་དུལ་ཞིང༌། །བྱང་ཆུབ་ལམ་ལ་འཇུག་པར་མཛོད། །བདག་ཅག་སྒྲུབ་པ་པོ་རྣམས་ཀྱང༌། ༡༥ །ཚེ་བསོད་ལོངས་སྤྱོད་མཐུན་རྐྱེན་རྒྱས། །གདུལ་བྱ་ཕྲིན་ལས་དབང་དུ་འདུས། །དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །ཕྲིན་ལས་གློག་ལྟར་མྱུར་བར་མཛོད། ༡༦ །བསྟན་སྲུང་མཐུ་ཆེན་དགེ་བསྙེན་ཆེ། །དྲག་རྩལ་སྟོབས་ཀྱི་ནུས་པ་ཕྱུངས། །གནོད་བྱེད་བསྟན་འགྲོའི་དམ་སྲི་སྒྲོལ། །རྒྱལ་འགོང་སྨོན་ལམ་ལོག་པ་སོད། ༡༧ །བསྐུལ་བའི་ལས་ལ་མཐུ་མ་ཆུང༌། །བཅོལ་བའི་ལས་ལ་ངོ་མ་ལྡོག །དོ་བརྡོ་ཕོད་བཙུགས་མཐའ་ཡི་དམག །ཆིངས་ཤིག་སྒྲོལ་ཅིག་མཱ་ར་ཡ། ༡༨ །མཐུན་པའི་བསམ་སྦྱོར་དབྱེན་གྱིས་ཕྱེས། །བྱས་པའི་ལས་ཀྱི་འབྲས་བུ་ཤིག །ལོག་པའི་འདུན་མ་རང་གཤེད་ཕོབ། །མྱུར་དུ་བསྒྲལ་བའི་ལས་མཛོད་ཅིག ༡༩ །ཛམ་གླིང་ཆོས་ཀྱི་ཉི་མ་ཆེ། །ཆོས་འཁོར་རྣམ་གསུམ་ཡན་ལག་བཅས། །གཙུག་ལག་དབེན་གནས་མ་ལུས་སྲུངས། །གནོད་པའི་ཆོམས་པོ་ད་ལྟ་སྒྲོལ། ༢༠ །མདོ་སྔགས་ཡོངས་རྫོགས་ཐུབ་པའི་བསྟན། །བཤད་སྒྲུབ་ཡོན་ཏན་རྟག་བརྟན་འཕེལ། །དེར་འཛིན་སྐྱེས་བུའི་སྐུ་ཚེ་དང༌། །ཐུགས་བསྐྱེད་མཛད་ཕྲིན་འཕེལ་རྒྱས་མཛོད། ༢༡ །ཁྱད་པར་གངས་ཅན་བདེ་སྐྱིད་ཀྱི། །འབྱུང་གནས་པདྨའི་ཐུགས་བཅུད་ཀྱི། །བསྟན་པ་མཐའ་དབུས་ཀུན་ཏུ་དར། །རིག་འཛིན་འདུས་པས་མཛེས་པར་མཛོད། ༢༢ །མདོར་ན་ཇི་ལྟར་འདོད་པའི་དོན། །གེགས་མེད་ཡིད་བཞིན་འགྲུབ་པའི་གཉེར། །དགེ་བསྙེན་ཆེན་པོ་ཁྱོད་ལ་གཏད། །རྟག་ཏུ་མ་གཡེལ་ལས་མཛོད་ཅིག ༢༣ །བཀྲ་ཤིས་དགེ་མཚན་སྣང་བའི་དཔལ། །ནམ་ཡང་མི་ནུབ་རྟག་ཏུ་འཆར། །ཕན་བདེའི་པདྨོ་ལྷུན་གྲུབ་པས། །དོན་གཉིས་འདོད་པ་འཇོ་བར་མཛོད། ༢༤ །ཅེས་པའང་དུས་གསུམ་ཀུན་མཁྱེན་པདྨའི་ཕྲིན་ལས་ཀྱི་གདུགས་དཀར་པོ་ལ་ངལ་འཚོ་ཐོབ་པའི་ཀུན་ཏུ་རྒྱུ་པདྨ་གར་དབང་མདོ་སྔགས་གླིང་པས་མོན་ལ་དཀར་ཆུང་གི་ཞོལ་དུ་གཏེར་སྲུང་ཆོས་སྐྱོང་ཆེན་པོས་དགྱེས་དགུར་སྐྱོང་བའི་རྟེན་འབྱུང་དུ་བྲིས་པས་ཕན་བདེའི་དཔལ་ཀུན་ལྷུན་གྱིས་གྲུབ་པའི་རྒྱུ་ཁོ་ནར་གྱུར་ཅིག། །། ༄༅། ཆོས་སྐྱོང་རྒྱལ་པོ་ཆེན་པོ་པེ་ཧར་གསེར་སྐྱེམས་བཞུགས། ཨོཾ་སྭསྟི། གཙང་མའི་སྣོད་དུ་ཨརྒྷཾ་དཀར་སྔོན། རྒྱ་ཇའི་ཕུད། ཁྲག་སྐྱེམས་རྣམས་འབྲུ་སྨན་རིན་ཆེན་སྣ་ཚོགས་ཀྱི་ཕྱེ་མ། གཙང་སྦྱར་ཆབ་ཀྱིས་བྲན། རང་ཉིད་གཉུག་མའི་ལྷའམ་པདྨ་དྲག་པོའི་ང་རྒྱལ་གྱིས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབས། ཀྱཻ། རིན་ཆེན་འབྲུ་སྨན་ཟས་སྣའི་ཕུད། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་འབྲུ་བཅུད་མ་དཱ་ན། །ལྗོན་ཤིང་འདབ་བཟང་རྒྱ་ཇའི་བཅུད། །དམར་ཆེན་རཀྟའི་སྐྱེམས་སྣ་ཚོགས། །རྒྱ་མཚོ་ལྟར་བསྐྱིལ་འདོད་ཡོན་གྱི། །ཟེགས་མའི་རླངས་སྤྲིན་འཕྲོ་བ་འདིས། །རིག་འཛིན་པདྨ་ཐོད་ཕྲེང་སོགས། །རྩ་བརྒྱུད་བླ་མ་ཕུད་ཀྱིས་མཆོད། །དབང་དྲག་པདྨ་དྲག་པོ་སོགས། །རྒྱུད་སྡེ་བཞི་དྲུག་ལྷ་ཚོགས་མཆོད། །རྗེ་བཙུན་རྡོ་རྗེ་ཕག་མོ་སོགས། །གནས་གསུམ་དཔའ་བོ་ཌཱ་ཀི་མཆོད། །རྒྱལ་བའི་བསྟན་དང་དེར་འཛིན་སྐྱོང༌། །དམ་ཅན་ཆོས་སྲུང་མཐའ་དག་མཆོད། །ཁྱད་པར་པདྨའི་བཀའ་སྡོད་ཆེ། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་མཆོད། །ངོ་བོ་བདེ་གཤེགས་རྣམ་སྣང་མཛད། །རྣམ་པ་རྒྱལ་བའི་བསྟན་སྲུང་ཆེ། །གཙུག་ལག་ཆོས་འཁོར་མ་ལུས་པའི། །སྲུང་མ་མཐུ་ཆེན་རྒྱལ་ཆེན་མཆོད། །ཡེ་ཤེས་ལྔ་ཡི་རོལ་པ་ལས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །རང་གཟུགས་སྤྲུལ་པའི་རྒྱལ་ཆེན་ལྔ། །བློན་འཁོར་དགྱེས་སྡེ་བཅས་ཀུན་མཆོད། །སྡོན་ཚེ་དཔལ་གྱི་བསམ་ཡས་སུ། །སྣང་སྲིད་ཟིལ་གནོན་ཧེ་རུ་ཀ །ཆེ་མཆོག་པདྨ་གཏུམ་དྲག་གིས། །དམ་བཞག་བཀའ་སྡོད་ཆེན་པོ་མཆོད། །བོད་ཡུལ་གཙུག་ལག་ཆོས་འཁོར་ཀུན། །གཉེར་གཏད་ཟབ་གཏེར་སྲུང་སྤེལ་དང༌། །རིག་འཛིན་བྲན་དུ་ཐ་ཚིག་ཕོག །ཐུགས་དམ་གཉན་པོ་བསྐང་ཕྱིར་མཆོད། །རྟོགས་ན་རང་གྲོལ་ཡེ་ཤེས་ཀྱི། །རིགས་ལྔའི་གངས་ཆེན་མཚོ་ཡི་དབྱིངས། །གཉིས་མེད་དགོངས་པའི་ཕྱག་རྒྱ་ལས། །མི་འདའ་གཅིག་ཏུ་མཉམ་པས་མཆོད། །རྣམ་རོལ་པདྨའི་གདུང་འཛིན་གྱི། །དམ་ཚིག་ཐུབ་པའི་ལམ་གྱི་གྲོགས། །ཇི་ལྟར་བཀའ་བགོས་མ་བསྙེལ་བར། །ཐོགས་མེད་ཕྲིན་ལས་སྒྲུབ་ཕྱིར་མཆོད། །སྙིགས་མའི་སེམས་ཅན་དུག་ལྔ་རགས། །དེ་ཡི་རང་རྩལ་རྒྱལ་བསེན་དང༌། །དམ་སྲིའི་གནོད་པ་སྲུང་བའི་ཕྱིར། །འཁོར་ལ་བཀའ་ནན་མ་ཆུང་ཞིག །པདྨའི་བརྒྱུད་འཛིན་ངེས་གསང་བསྟན། །ལོག་པར་བལྟ་ཞིང་བཀའ་དྲིན་དང༌། །དམ་ཚིག་ཁྱད་དུ་གསོད་པ་ཡི། །གསར་སྐྱེས་འགོང་པོ་ཆོམས་ཤིག་སྒྲོལ། །འགལ་རྐྱེན་མི་མཐུན་ནད་གདོན་དང༌། །བརྒྱལ་འབོག་སྙིང་རླུང་གནོད་འཚེ་ཞི། །ཚེ་དཔལ་བསོད་ནམས་རླུང་རྟའི་སྟོབས། །འདོད་དགུའི་ཕྲིན་ལས་ལེགས་ཚོགས་སྤེལ། །ཆེ་བཙན་རྒྱལ་བློན་དྲེགས་པའི་ཚོགས། །དབང་གི་འོད་དམར་སྤྲོས་པས་ཁུག །མཐའ་དམག་བསྟན་པའི་རུ་ཏྲའི་སྡེ། །ཆོས་ཉིད་སྐྱེ་མེད་ཀློང་དུ་སྒྲོལ། །ཇི་ལྟར་བཅོལ་བའི་ལས་མཐའ་དག །སྒྲུབ་པའི་ཕྲིན་ལས་མྱུར་དུ་མཛོད། །མཉམ་ཉིད་བྱང་ཆུབ་སེམས་ཀྱི་མཐུས། །དྲེགས་པའི་ཁེངས་སེམས་སྡུག་རྩུབ་ཞི། །ཕན་བདེའི་དགའ་སྟོན་མི་ཟད་པའི། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཞེས་འབུལ་ཞིང་རྗེས་རིམ་སྤྱི་ལྟར་བྱའོ། །ཅེས་པའང་མདོ་ཁམས་སྨིན་གྲོལ་ནོར་བུའི་གླིང་གི་མཆོག་གླིང་རིན་པོ་ཆེའི་ཡང་སྲིད་ཀརྨ་འགྱུར་མེད་བདེ་ཆེན་རྡོ་རྗེའི་བཀའ་བསྩལ་བཞིན་དབང་དྲག་པདྨའི་ཕྲིན་ལས་ཀྱི་གདུགས་དཀར་ལ་ངལ་གསོ་ཐོབ་པ་པདྨ་གར་དབང་མདོ་སྔགས་གླིང་པས་ཉེ་བའི་ཚནྡྷོ་ཧའི་གནས་ཆེན་ནས་བྲིས་ཤིང་ཕྲིན་ལས་སུ་གསོལ་བ་འདིས་ཀྱང་དམ་ཅན་དབང་པོ་དགྱེས་པའི་མདངས་གསོལ་དུ་གྱུར་ནས་ངེས་དོན་སྙིང་པོའི་བསྟན་པ་འཕེལ་རྒྱས་ཀྱི་རྟེན་འབྱུང་དུ་གྱུར་ཅིག། །། ཕུན་ཚོགས་དགེ་བཅུའི་གཡང་འཁྱིལ་སྨན་ལྗོངས་འདི། །ལེགས་སྐྱོང་རྩ་རྒྱུད་བླ་མའི་བཀའ་ཉན་ཆེ། །དགེ་བསྙེན་ནོར་བུ་དབང་རྒྱལ་འཁོར་དང་བཅས། །གསོལ་ལོ་བསྟན་མཆོག་དར་ཞིང་རྒྱས་པར་མཛོད། །ཅེས་པའང་མདོ་ཁམས་ཞེ་ཆེན་འདུས་སྡེའི་གསུང་བསྐུལ་བཞིན་རྒན་པོ་མངྒ་ལས་བྲིས་པ་དགེ།།
[edit]

@#/__/dge bsnyen smyo kha'i gsol mchod phrin las lhun grub bzhugs/_kyai/_snang srid zil gnon he ru ka/_/gu ru pad+ma thod phreng ni/_/bka' nyan gter srung rgya mtsho'i gtso/_/dge bsnyen chen po smyo kha zhes/_1_/mthu stobs rdzu 'phrul bsam mi khyab/_/tha tshig rdo rje'i dam la gnas/_/sde brgyad dregs pa'i gtso bo khyod/_/'gags med ye shes rol pas gshegs/_2_/dgyes pa'i gdan la bzhugs nas kyang*/_/mthun rdzas 'dod dgu'i mchod pa'i rdzas/_/gang bzhed lhun gyis grub pa yi/_/gtor ma gser skyems bsang mchod sogs/_3_/gtsang sbyar rmad du byung ba'i gter/_/gsang gsum dgyes pa'i dpal du stob/_/thugs dang 'gal ba'i nongs pa bshags/_/'dod pa'i don kun sgrub par mdzod/_4_/khyod ni ngo bo ye shes dbyings/_/rnam pa zhi rgyas dbang drag gi_/phrin las rol pa'i rjes 'gro ba'i/_/gnas mtshan sku yi bkod pa ston/_5_/zhi mdzad rdo rje ging ka ra/_/nad dang gnod pa 'gal rkyen tshogs/_/snang ba'i khyim gyis mun pa bzhin/_/dbyings su zhi ba'i las mdzod cig_6_/rgyas mdzad rin chen gnod gnas dbang*/_/'dod 'byung nam mkha' mdzod kyi bdag_/dpal 'byor longs spyod mthun rkyen tshogs/_/char bzhin 'bebs pa'i phrin las mdzod/_7_/dbang mdzad bde chen rol pa'i bdag_/dgyes dgur zur mig lcags kyu yis/_/brtan g.yo'i dngos kun rang dbang du/_/sdud pa'i zhags pa da lta thob/_8_/drag mdzad mthu stobs rdo rje'i mdas/_/rgyal 'gong gdon bgegs 'byung po dang*/_/dam sri bstan dgra ma lus kun/_/thal ba'i rdul bzhin brlag par mdzod/_9_/bdag ni rnal 'byor sgrub pa po/_/khyod ni lha srin g.yar dam can/_/ma bsgrubs shugs kyis 'go ba yi/_/bstan srung gnyan po las la bzhengs/_10_/rtsod pa'i dus kyi tha ma 'dir/_/dkon mchog dbu 'phang smad cing nyams/_/bstan 'dzin skyes bu'i mdzad phrin la/_/bar gcod 'tshe ba mang ba'i dus/_11_/stobs rtsal phrin las shugs phyungs la/_/bdag gis ji ltar bcol ba'i don/_/ma thogs myur du sgrub pa dang*/_/sangs rgyas pad+ma'i phrin las spel/_12_/nges gsang snying po'i bstan pa srungs/_/dkon mchog dbu 'phang dgung du bstod/_/'gro ba'i blo sna chos la bsgyur/_/bod khams mtha' dbus kun tu bde/_14_/dpal 'byor longs spyod chos bzhin 'phel/_/rnam dkar spyod pas rgyud dul zhing*/_/byang chub lam la 'jug par mdzod/_/bdag cag sgrub pa po rnams kyang*/_15_/tshe bsod longs spyod mthun rkyen rgyas/_/gdul bya phrin las dbang du 'dus/_/don gnyis lhun gyis grub pa yi/_/phrin las glog ltar myur bar mdzod/_16_/bstan srung mthu chen dge bsnyen che/_/drag rtsal stobs kyi nus pa phyungs/_/gnod byed bstan 'gro'i dam sri sgrol/_/rgyal 'gong smon lam log pa sod/_17_/bskul ba'i las la mthu ma chung*/_/bcol ba'i las la ngo ma ldog_/do brdo phod btsugs mtha' yi dmag_/chings shig sgrol cig mA ra ya/_18_/mthun pa'i bsam sbyor dbyen gyis phyes/_/byas pa'i las kyi 'bras bu shig_/log pa'i 'dun ma rang gshed phob/_/myur du bsgral ba'i las mdzod cig_19_/dzam gling chos kyi nyi ma che/_/chos 'khor rnam gsum yan lag bcas/_/gtsug lag dben gnas ma lus srungs/_/gnod pa'i choms po da lta sgrol/_20_/mdo sngags yongs rdzogs thub pa'i bstan/_/bshad sgrub yon tan rtag brtan 'phel/_/der 'dzin skyes bu'i sku tshe dang*/_/thugs bskyed mdzad phrin 'phel rgyas mdzod/_21_/khyad par gangs can bde skyid kyi/_/'byung gnas pad+ma'i thugs bcud kyi/_/bstan pa mtha' dbus kun tu dar/_/rig 'dzin 'dus pas mdzes par mdzod/_22_/mdor na ji ltar 'dod pa'i don/_/gegs med yid bzhin 'grub pa'i gnyer/_/dge bsnyen chen po khyod la gtad/_/rtag tu ma g.yel las mdzod cig_23_/bkra shis dge mtshan snang ba'i dpal/_/nam yang mi nub rtag tu 'char/_/phan bde'i pad+mo lhun grub pas/_/don gnyis 'dod pa 'jo bar mdzod/_24_/ces pa'ang dus gsum kun mkhyen pad+ma'i phrin las kyi gdugs dkar po la ngal 'tsho thob pa'i kun tu rgyu pad+ma gar dbang mdo sngags gling pas mon la dkar chung gi zhol du gter srung chos skyong chen pos dgyes dgur skyong ba'i rten 'byung du bris pas phan bde'i dpal kun lhun gyis grub pa'i rgyu kho nar gyur cig/__//_@#/_chos skyong rgyal po chen po pe har gser skyems bzhugs/_oM swasti/_gtsang ma'i snod du ar+g+haM dkar sngon/_rgya ja'i phud/_khrag skyems rnams 'bru sman rin chen sna tshogs kyi phye ma/_gtsang sbyar chab kyis bran/_rang nyid gnyug ma'i lha'am pad+ma drag po'i nga rgyal gyis/_ra~M ya~M kha~M/_oM AHhU~M ha ho hrIH_lan gsum gyi byin gyis brlabs/_kyai/_rin chen 'bru sman zas sna'i phud/_/ngo bo ye shes bdud rtsi la/_/rnam pa 'bru bcud ma dA na/_/ljon shing 'dab bzang rgya ja'i bcud/_/dmar chen rak+ta'i skyems sna tshogs/_/rgya mtsho ltar bskyil 'dod yon gyi/_/zegs ma'i rlangs sprin 'phro ba 'dis/_/rig 'dzin pad+ma thod phreng sogs/_/rtsa brgyud bla ma phud kyis mchod/_/dbang drag pad+ma drag po sogs/_/rgyud sde bzhi drug lha tshogs mchod/_/rje btsun rdo rje phag mo sogs/_/gnas gsum dpa' bo DA ki mchod/_/rgyal ba'i bstan dang der 'dzin skyong*/_/dam can chos srung mtha' dag mchod/_/khyad par pad+ma'i bka' sdod che/_/chos skyong rgyal po chen po mchod/_/ngo bo bde gshegs rnam snang mdzad/_/rnam pa rgyal ba'i bstan srung che/_/gtsug lag chos 'khor ma lus pa'i/_/srung ma mthu chen rgyal chen mchod/_/ye shes lnga yi rol pa las/_/sku gsung thugs yon phrin las kyi/_/rang gzugs sprul pa'i rgyal chen lnga/_/blon 'khor dgyes sde bcas kun mchod/_/sdon tshe dpal gyi bsam yas su/_/snang srid zil gnon he ru ka_/che mchog pad+ma gtum drag gis/_/dam bzhag bka' sdod chen po mchod/_/bod yul gtsug lag chos 'khor kun/_/gnyer gtad zab gter srung spel dang*/_/rig 'dzin bran du tha tshig phog_/thugs dam gnyan po bskang phyir mchod/_/rtogs na rang grol ye shes kyi/_/rigs lnga'i gangs chen mtsho yi dbyings/_/gnyis med dgongs pa'i phyag rgya las/_/mi 'da' gcig tu mnyam pas mchod/_/rnam rol pad+ma'i gdung 'dzin gyi/_/dam tshig thub pa'i lam gyi grogs/_/ji ltar bka' bgos ma bsnyel bar/_/thogs med phrin las sgrub phyir mchod/_/snyigs ma'i sems can dug lnga rags/_/de yi rang rtsal rgyal bsen dang*/_/dam sri'i gnod pa srung ba'i phyir/_/'khor la bka' nan ma chung zhig_/pad+ma'i brgyud 'dzin nges gsang bstan/_/log par blta zhing bka' drin dang*/_/dam tshig khyad du gsod pa yi/_/gsar skyes 'gong po choms shig sgrol/_/'gal rkyen mi mthun nad gdon dang*/_/brgyal 'bog snying rlung gnod 'tshe zhi/_/tshe dpal bsod nams rlung rta'i stobs/_/'dod dgu'i phrin las legs tshogs spel/_/che btsan rgyal blon dregs pa'i tshogs/_/dbang gi 'od dmar spros pas khug_/mtha' dmag bstan pa'i ru tra'i sde/_/chos nyid skye med klong du sgrol/_/ji ltar bcol ba'i las mtha' dag_/sgrub pa'i phrin las myur du mdzod/_/mnyam nyid byang chub sems kyi mthus/_/dregs pa'i khengs sems sdug rtsub zhi/_/phan bde'i dga' ston mi zad pa'i/_/don gnyis lhun gyis grub par mdzod/_/zhes 'bul zhing rjes rim spyi ltar bya'o/__/ces pa'ang mdo khams smin grol nor bu'i gling gi mchog gling rin po che'i yang srid karma 'gyur med bde chen rdo rje'i bka' bstsal bzhin dbang drag pad+ma'i phrin las kyi gdugs dkar la ngal gso thob pa pad+ma gar dbang mdo sngags gling pas nye ba'i tshan+d+ho ha'i gnas chen nas bris shing phrin las su gsol ba 'dis kyang dam can dbang po dgyes pa'i mdangs gsol du gyur nas nges don snying po'i bstan pa 'phel rgyas kyi rten 'byung du gyur cig/_//__phun tshogs dge bcu'i g.yang 'khyil sman ljongs 'di/_/legs skyong rtsa rgyud bla ma'i bka' nyan che/_/dge bsnyen nor bu dbang rgyal 'khor dang bcas/_/gsol lo bstan mchog dar zhing rgyas par mdzod/_/ces pa'ang mdo khams zhe chen 'dus sde'i gsung bskul bzhin rgan po mang+ga las bris pa dge//

Footnotes

Other Information