DKR-KABUM-10-THA-053: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(5 intermediate revisions by 2 users not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=དཔལ་མགོན་ཞལ་བཞིའི་ཐུན་མོང་གསོལ་མཆོད་ཕྲིན་ལས་འདོད་དགུའི་རོལ་མོ་སོགས། ཞལ་བཞི་པའི་སྐོར།
|fulltitle=dpal mgon zhal bzhi'i thun mong gsol mchod phrin las 'dod dgu'i rol mo sogs/ zhal bzhi pa'i skor
|citation=[[Khyentse, Dilgo]]. ''Dpal mgon zhal bzhi'i thun mong gsol mchod phrin las 'dod dgu'i rol mo sogs zhal bzhi pa'i skor''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 298-304. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=Protector Rituals - gsol mchod
|terma=No
|dkroutline=Three
|deity=dpal mgon zhal bzhi pa
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=010
|volumenumber=THA
|volnumtib=༡༠
|volyigtib=ཐ་
|totalvolumes=25
|textnuminvol=053
|textnuminvol=053
|pagenumbers=298-304
|totalpages=14
|beginfolioline=1a
|endfolioline=7b3
|totalfolios=7
|multivolumework=No
|rectonotes=gsol mchod
|versonotes=dpal mgon zhal bzhi
|pdflink=File:DKR-KABUM-10-THA-053.pdf
|pdflink=File:DKR-KABUM-10-THA-053.pdf
}}
}}
Line 16: Line 33:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅། །དཔལ་མགོན་ཞལ་བཞིའི་ཐུན་མོང་གསོལ་མཆོད་ཕྲིན་ལས་འདོད་དགུའི་རོལ་མོ་ཞེས་བྱ་བ་བཞུགས།།
{{TibP|༄༅། །དཔལ་མགོན་ཞལ་བཞིའི་ཐུན་མོང་གསོལ་མཆོད་ཕྲིན་ལས་འདོད་དགུའི་རོལ་མོ་ཞེས་བྱ་བ་བཞུགས།།<br><br>
༄༅། །ཧཱུྃ། མཆོག་ཏུ་མི་འགྱུར་བདེ་ཆེན་ཧེ་རུ་ཀ །གཟུང་འཛིན་དྲེགས་ཚོགས་དབྱིངས་སུ་བསྒྲལ་མཛད་ཕྱིར། །ཕྲིན་ལས་ཡེ་ཤེས་མགོན་པོའི་སྐུར་བཞེངས་པ། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞེས་སུ་གྲགས། །གདོད་ནས་གྲུབ་པའི་གནས་ཡུལ་ཞིང་སྐྱོང་གཙོ། །ཏི་སེའི་གནས་སུ་ཁམས་གསུམ་དབང་མཛད་ལྷ། །ཉེ་བའི་འཐུང་སྤྱོད་བདུད་མགོན་སེང་གདོང་སོགས། །སྒྱུ་འཕྲུལ་བཀོད་པ་སྟོན་ལ་གུས་བསྟོད་པས། །ཐུགས་བསྐྱེད་དམ་བཅས་གནས་འདིར་གཤེགས་ནས་ཀྱང༌། །འདུ་འབྲལ་མེད་པའི་ཐ་ཚིག་དགྱེས་བསྐུལ་ཕྱིར། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་རིན་ཆེན་བདུན། །བཀྲ་ཤིས་རྟགས་རྫས་ལྷ་མིའི་འབྱོར་ཚོགས་སྤུངས། །དྲག་པོའི་ཉེར་སྤྱོད་ཤ་ལྔ་བདུད་རྩི་ལྔ། །དམར་ཆེན་རཀྟ་འདོད་འབྱུང་གཏོར་མའི་རི། །རྡོ་རྗེའི་ཏན་གན་དགྱེས་བསྐྱེད་རྟེན་མཆོད་རྫས། །ཐུགས་ལ་བཞེད་རྒུའི་དཔལ་གྱིས་ལེགས་བསྙེན་ཏེ། །འགལ་འཁྲུལ་ནོངས་པའི་ཚོགས་ཀུན་མཐོལ་བཤགས་ན། །ཕྲིན་ལས་འདོད་དགུས་ཡིད་ཀྱི་རེ་བ་སྐོངས། །ཐུབ་བསྟན་སྤྱི་དང་ཐེག་མཆོག་དབུ་མའི་ལམ། །རྡོ་རྗེ་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྤེལ། །སྣོད་བཅུད་འགྲོ་ཀུན་བདེ་དགའི་དགའ་སྟོན་སྤྱོད། །བདག་ཅག་ཆོས་མཐུན་བསམ་སྦྱོར་མཐའ་རུ་ཕྱིན། །འགལ་རྐྱེན་མུན་སངས་མཐུན་པའི་སྣང་བ་རྒྱས། །བསོད་ནམས་ཚེ་དཔལ་རླུང་སེམས་དབང་བསྡུས་ནས། །རྒྱལ་བསེན་དགྲ་བགེགས་མཐར་བྱས་དཀར་ཕྱོགས་ཀྱི། །དབུ་འཕང་དགུང་བསྟོད་བརྒྱུད་འཛིན་ཕུན་སུམ་ཚོགས། །ས་གསུམ་དགེ་ལེགས་རྟག་པའི་སྣང་བ་དང༌། །མི་འབྲལ་ཕན་བདེའི་དཔལ་ཀུན་འགྲུབ་པར་མཛོད། །ཆོས་ཉིད་གདོད་ནས་གཉིས་མེད་བྱང་ཆུབ་ཀྱང༌། །ཆོས་ཅན་ཐུགས་རྗེས་མཐུ་སྟོབས་དྲེགས་པའི་དཔུང༌། །ལས་བཞི་ཕྲིན་ལས་ཅི་དགར་བསྒྱུར་མཛད་པའི། །རིག་འཛིན་ཡོངས་ཀྱི་བཀའ་སྡོད་མངའ་གསོལ་ལོ། །ཞི་མཛད་ཕྲིན་ལས་བདུད་རྩིའི་སྣང་བ་ཡིས། །ནད་གདོན་རྒུད་སོལ་ཚེ་དཔལ་ལང་ཚོ་རྒྱས། །ཕུན་ཚོགས་དཔལ་གྱི་ཉིན་བྱེད་གཟི་འོད་ཀྱིས། །འཁོར་འདས་བརྟན་གཡོའི་ལེགས་ཚོགས་འབྱོར་བས་ཕྱུག །བདེ་སྟོང་འཕྲུལ་གྱི་འོད་དམར་ལྕགས་ཀྱུ་ཡིས། །ཁམས་གསུམ་ཆེ་དགུའི་དཔལ་ཀུན་དབང་དུ་སྡུས། །ཐུགས་རྗེ་དྲག་ཤུལ་ཁྲོས་པའི་གནམ་ལྕགས་མདའ། །ནག་ཕྱོགས་གདོན་བགེགས་བདུད་དགྲའི་སྙིང་ལ་རྒྱོབ། །མདོར་ན་རྩོད་དུས་ཆོས་བཞིན་སྤྱོད་པ་ལ། །མི་མཐུན་བྱད་ཕུར་ལས་རྒྱལ་མཐུན་རྐྱེན་སྦྱོར། །ས་ལམ་ཡོན་ཏན་ཡར་ཟླའི་དཔལ་འགྲན་པའི། །རྒྱབ་བརྟེན་སྲུང་སྐྱོབ་མ་གཡེལ་རྟག་ཏུ་མཛོད། །ཐེག་མཆོག་དབུ་མའི་སྲོལ་འབྱེད་ཀླུ་སྒྲུབ་རྗེ། །ཤཱནྟིཾ་གརྦྷ་ཨོ་རྒྱན་ཐོད་ཕྲེང་རྩལ། །སྣང་མཛད་ལོ་ཙཱ་རིག་འཛིན་བརྒྱུད་བཅས་ཀྱིས། །བཀའ་བསྒོས་ཐ་ཚིག་ཡལ་བར་མ་དོར་བར། །མཐའ་བྲལ་ཆོས་ཉིད་ལྟ་བའི་གདེང་ཐོབ་ནས། །ངེས་དོན་འོད་གསལ་དགོངས་པའི་ཡེ་ཤེས་སྲོག །དབང་ཐོབ་འབྲས་བུའི་བཙན་ས་ལེགས་ཟིན་ཏེ། །རང་རིག་ཡེ་ཤེས་མགོན་པོ་མངོན་གྱུར་མཛོད། །བྱང་ཆུབ་བར་དུ་ལམ་གྲོགས་ཁྱོད་བསྟེན་ནས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང༌། །ས་ལམ་ཡོན་ཏན་རྫོགས་པའི་ཕྲིན་ལས་ཀྱིས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་པའང་ཐེག་མཆོག་སྙིང་པོའི་བསྟན་འཛིན་མཚུངས་མེད་འཁྲུལ་ཞིག་མཆོག་སྦྲུལ་འགྱུར་མེད་མདོ་སྔགས་བསྟན་འཛིན་ནས་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་བཞིན་སྔགས་བཙུན་རྡོ་རྗེ་ཐུགས་མཆོག་རྩལ་ལམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་སྙིང་པོའི་བསྟན་འཛིན་རྫ་སྤྲུལ་རིན་པོ་ཆེ་གདོད་མའི་ཐིག་ལེར་བྱང་ཆུབ་བརྙེས་པའི་དུས་ཀྱི་མཆོད་པའི་སྐབས་སུ་ཐུབ་བསྟན་ཆོས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་རྒྱལ་བསྟན་རིན་པོ་ཆེའི་མངའ་ཐང་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། །།  ༈  །དཔལ་མགོན་ཞལ་བཞིའི་ཐུན་མིན་གསོལ་ཕྲིན་ཁྲག་འཐུང་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ཧཱུྃ། སྲིད་ཞིའི་ཆོས་ཀུན་ཐིག་ལེ་གཅིག་ཏུ་དག །བདེ་ཆེན་ཉམས་བརྒྱའི་སྒྱུ་འཕྲུལ་རྨད་བྱུང་བ། །ཕྱི་ལྟར་གདོད་ནས་གྲུབ་པའི་གནས་དང་ཞིང༌། །དུར་ཁྲོད་བརྒྱད་དང་རྡོ་རྗེའི་རྣལ་འབྱོར་སྐྱོང༌། །དཔལ་གྱི་རི་ལ་ཀླུ་དབང་དགོངས་པའི་སྲོལ། །ཐེག་མཆོག་དབུ་མའི་གཉེར་འཛིན་བཀའ་སྲུང་མཆོག །ཏི་སེའི་གནས་སུ་འཁོར་ལོ་སྡོམ་པའི་གནས། །ཞིང་སྐྱོང་དབང་ཕྱུག་དབང་གི་ལྷ་ཆེན་བཞེངས། །ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙཱ་རི་ཏྲར། །བདུད་མགོན་འཕྲོག་བྱེད་ཞལ་གྱི་ཚུལ་དུ་སྟོན། །ནང་དུ་རྡོ་རྗེའི་ལུས་ཀྱི་དྷཱུ་ཏིའི་སྤུབས། །གཟུང་འཛིན་རཱུ་ཏྲ་ཁྱོ་ཤུག་བསྒྲལ་བ་ལས། །འཕོ་མེད་བདེ་སྟོང་ཐིག་ལེ་ཆེན་པོའི་དཔྱིད། །དཔལ་གྱི་མགོན་པོ་དགའ་བཞིའི་གདོང་པ་ཅན། །གཞན་དུ་ཡེ་ཤེས་རྡོ་རྗེའི་མཚོན་ཆེན་པོས། །གཉིས་སྣང་བདུད་དགྲའི་གྲོང་ཁྱེར་སུམ་བརྩེགས་ན། །ཐོད་ཕྲེང་རྩལ་གྱིས་དབང་བསྐུར་ཐ་ཚིག་བཞིན། །རིག་འཛིན་དཀྱིལ་འཁོར་སྐྱོང་བའི་མགོན་པོ་མཆོག །རྟོག་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ལ། །གཉིས་འཛིན་མཚན་རྟོག་འདུ་འགོད་མ་མཆིས་ཀྱང༌། །ཐུགས་བསྐྱེད་དམ་བཅའི་སྐྱ་རེངས་ཀྱིས་བསུས་པའི། །འདོད་དགུའི་ཕྲིན་ལས་ཉིན་བྱེད་འདྲེན་པའི་ཕྱིར། །སྣོད་བཅུད་རྡོ་རྗེའི་དཀྱིལ་འཁོར་དག་པ་འདིར། །ཕྱི་ནང་གསང་བའི་མཆོད་སྐོང་སྒྲུབ་པའི་རྫས། །ཐུགས་ལ་བཞེད་དགུ་ནམ་མཁའ་མཛོད་བཞིན་དུ། །འཆར་བ་གསང་གསུམ་དགྱེས་དགུའི་དགའ་སྟོན་འབུལ། །བདག་ཅག་གློ་བུར་འཁྲུལ་པའི་གཞན་དབང་གིས། །སྡུག་བསྔལ་ཀུན་འབྱུང་སྲིད་པའི་འཁྲི་ཤིང་གཅོད། །འགོག་ལམ་ཞི་བསིལ་བདུད་རྩི་ཀུན་དགའི་སྐྱེས། །ལས་རླུང་དབྱིངས་དག་མི་ཤིགས་ནཱ་དའི་སྒྲ། །ལུང་རྟོགས་དབྱངས་སྙན་ས་གསུམ་ཁྱབ་པར་མཛོད། །དེ་འཛིན་སྐྱེས་ཆེན་འཕགས་པའི་སྤངས་རྟོགས་མཁར། །ཐུགས་བསྐྱེད་ཉི་ཟླའི་སྣང་བ་བཀོད་ལེགས་པས། །ས་གསུམ་དགེ་ལེགས་པད་ཚལ་བཞད་དང་བཅས། །སྐུ་ཚེ་ཕྲིན་ལས་མཛེས་སྡུག་དར་བབ་མཛོད། །ཀུན་ཁྱབ་བྱང་ཆུབ་སེམས་ཀྱི་ཆུ་འཛིན་ལས། །ཕན་བདེའི་སྦྲང་ཆར་མི་ཟད་རྟག་འཇོའི་མཐུས། །ནད་མུག་མཚོན་གྱིས་གདུང་བ་ཀུན་བཅིལ་ནས། །རྫོགས་ལྡན་དབྱར་གྱི་ལང་ཚོ་དར་གྱུར་ཅིག །བསྟན་ལ་གུས་ཤིང་བྱང་ཆུབ་སྒྲུབ་པ་བདག །ཚེ་དང་བསོད་ནམས་ཆོས་མཐུན་དཔལ་འབྱོར་རྒྱས། །ནད་གདོན་བགེགས་སོགས་ཕྱི་ནང་བར་ཆད་ཞི། །ཡིད་ལ་འདོད་པའི་དོན་ཀུན་འབད་མེད་སྩོལ། །བསྟན་སྲུང་ཡེ་ཤེས་མགོན་པོ་དགྱེས་པའི་དཔལ། །རང་རིག་གདོད་མའི་དབྱིངས་དང་འབྲལ་མེད་ཕྱིར། །དགེ་ལེགས་དཔལ་འབྱོར་དབྱར་མཚོ་བཞིན་རྒྱས་པས། །དོན་གཉིས་གྲུབ་པའི་ངོ་མཚར་མྱུར་སྩོལ་ཅིག །ཅེས་པའང་སྙིགས་དུས་བསྟན་འགྲོའི་དཔལ་མགོན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷ་རྨ་མ་ཏིའི་ཕྲིན་ལས་ཀྱི་ཆོས་སྲུང་ཆེད་དུ་བསྔགས་པ་ལ་རིན་ཆེན་གཉིས་པའི་རྟེན་ལྷ་རྫས་བཅས་གསུང་བསྐུལ་བཞིན་སྔགས་བཙུན་མངྒ་ལ་ཤྲཱི་བྷཱུ་ཏིས་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་ནས་བྲིས་པས་བསྟན་དང་དེ་འཛིན་རྣམས་ཀྱི་ཕྲིན་ལས་ཀྱི་དཔལ་དུ་གྱུར་ཅིག།  །།  ༈  །ངེས་དོན་ནང་གི་གདོང་བཞིའི་གསོལ་ཕྲིན་གཞོམ་མེད་ནཱ་དའི་རོལ་མོ་བཞུགས། ཧཱུྃ། ཆོས་ཀུན་དབུ་མར་སྡོམ་པའི་བྱེད་ལས་ཀྱིས། །གཟུང་འཛིན་དྲེགས་ཚོགས་དབྱིངས་སུ་བསྒྲལ་བ་ལས། །ཡེ་ཤེས་མགོན་པོ་ཕྲིན་ལས་བཞི་གྲུབ་གདོང༌། །ཞལ་བཞིའི་རྣམ་འགྱུར་བཅུ་བདུན་གནས་འདིར་གཤེགས། །ལུང་རྟོགས་སྙིང་པོ་འགོག་ལམ་རྡོ་རྗེའི་ཆོས། །སྙིང་དབུས་ཨ་ཝདྷཱུཏིའི་དཔལ་གྱི་རིར། །འདུ་འབྲལ་མེད་བཞུགས་རང་ངོ་ཤེས་པ་ཡི། །མཉམ་ཉིད་ཆོས་དབྱིངས་ཀློང་ནས་ཕྱག་འཚལ་ལོ། །ཕྱི་མཆོད་རྡོ་རྗེ་གསང་བའི་འདོད་ཡོན་ལྔས། །ལེགས་དྲངས་རྩ་རླུང་ཐིག་ལེའི་སྨན་རཀ་གཏོར། །མཉམ་སྦྱོར་བདེ་སྟོང་ཏན་གན་དགྱེས་སྤྲིན་གྱིས། །འཕོ་མེད་དགྱེས་པའི་དམ་ཚིག་ཆེན་པོས་མཆོད། །ཨ་ཧཾ་ཞུ་བའི་དཔྱིད་ཀྱི་ཐིག་ལེའི་སྐུ། །མི་ཤིགས་བརྗོད་བྲལ་རྡོ་རྗེ་ནཱ་དའི་གསུང༌། །རྣམ་ཀུན་མཆོག་ལྡན་ཐུགས་དབྱིངས་ཟག་མེད་ཀྱི། །ཡོན་ཏན་ཕྲིན་ལས་རྫོགས་ལ་གུས་པས་བསྟོད། །ཕྱི་ནང་གཞན་གསུམ་ཆོས་ཀུན་གཉིས་མེད་དང༌། །མཆོག་ཏུ་མི་འགྱུར་བདེ་བ་ཆེར་དག་པས། །སྣང་སྲིད་ཐམས་ཅད་སྤྱི་དང་ཁྱད་པར་གྱི། །མཆོད་བསྐང་སྒྲུབ་རྟེན་དམ་ཚིག་རྫས་ཀྱིས་བསྐང༌། །སྐུ་གསུམ་ཐུགས་ཀྱི་དམ་འགལ་ཉམས་ཆག་དང༌། །མཆོད་རྟེན་སྒྲུབ་པའི་དམ་རྫས་མ་ཚང་བ། །གསང་བསྒྲགས་ལ་སོགས་འགལ་འཁྲུལ་གང་མཆིས་ཀུན། །སྙིང་ནས་བཤགས་པས་དག་ཚངས་དངོས་གྲུབ་སྩོལ། །སྲུང་མའི་དབང་པོ་དགྱེས་པའི་བྱེད་ལས་ཀྱིས། །མི་མཐུན་ཀུན་ཞི་བསྟན་དང་དེ་འཛིན་སྡེ། །ལེགས་ཚོགས་འཕེལ་རྒྱས་རླུང་སེམས་རང་དབང་འདུས། །དགྲ་བགེགས་ཚར་ཆོད་ཕྲིན་ལས་ཐོགས་མེད་སྒྲུབས། །སྒྲུབ་པའི་རྣལ་འབྱོར་འཁོར་བཅས་དགྱེས་པས་སྐྱོངས། །བདུད་སྲིན་རྒྱལ་བསེན་གནོད་སྲུངས་ཚེ་དཔལ་རྒྱལ། །སྣང་སེམས་དབང་འདུས་ལུང་རྟོགས་ཡོན་ཏན་རྒྱས། །དོན་གཉིས་རྩོལ་མེད་འགྲུབ་པའི་ལས་མཛོད་ཅིག །འཁོར་འདས་ཆོས་ཀུན་མི་ཤིགས་རྡོ་རྗེའི་དབྱིངས། །རང་རིག་ཡེ་ཤེས་མགོན་པོར་རྟོགས་པ་ཡིས། །གཉིས་སྣང་བདུད་ལས་རྒྱལ་བའི་དཔའ་བོ་ཆེ། །ཧེ་རུ་ཀ་དཔལ་གོ་འཕང་མངོན་གྱུར་ཅིག །ཅེས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ལ་གཞན་དྲིང་མི་འཇོག་པའི་བཤད་སྒྲུབ་ཀྱི་ཕྲིན་ལས་ཅན་ཆོས་རྒྱལ་གཏེར་བདག་གླིང་པའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་བཀའ་སྲུང་ཡེ་ཤེས་མགོན་པོའི་གསོལ་ཕྲིན་གྲངས་གསོག་ཏུ་འདི་ལྟར་བྲིས་ཞེས་མཁས་བཙུན་བཟང་པོའི་དམ་པའི་མཛད་སྤྱོད་རྨད་དུ་བྱུང་བ་མཆོག་སྦྲུལ་དྷ་རྨ་མ་ཏིས་རྟེན་བཅས་བཀའ་བསྩལ་བཞིན་མདོ་ཁམས་ཀྱི་སྔགས་བན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བཀའ་རྙིང་ཤིང་རྟ་གཅིག་དྲིལ་གྱི་གཙུག་ལག་ཁང་དུ་མཆོག་གཏེར་གྱི་སྨིན་གྲོལ་དམ་པའི་སྐྱེས་ཆེན་དུ་མ་ལ་འབུལ་སྐབས་བྲིས་པས་བསྟན་འགྲོའི་དབུ་འཕང་དགུང་དུ་རེག་པའི་རྒྱུར་གྱུར་ཅིག། །།  ༈  །གཏེར་མགོན་ཞལ་བཞི་བའི་གསོལ་མཆོད་ཕྲིན་ལས་ཐོགས་མེད་བཞུགས། ཧཱུྃ། ཡེ་ཤེས་དབྱིངས་ནས་ལས་བཞིའི་ཞལ་ཅན་བཞེངས། །ཕུལ་བྱུང་མཆོད་པས་གསང་གསུམ་དགྱེས་པ་བསྐྱེད། །བདུད་བགེགས་དཔུང་འཇོམས་ཡེ་ཤེས་མགོན་པོར་བསྟོད། །ཕྱི་ནང་གསང་རྟེན་སྒྲུབ་མཆོད་རྫས་ཀྱིས་བསྐང༌། །འགལ་འཁྲུལ་ཉེས་པས་ནོངས་ཀུན་བཤགས་ཤིང་བསྡོམ། །བསྟན་འགྲོར་ཕན་བདེ་ཚེ་དཔལ་རྒྱས་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་བཀའ་བཞིན་མངྒ་ལས་རྒྱལ་ཟླའི༡༢་ཚེས༢༩་ཉིན་བྲིས་པ་འདོད་དགུའི་ཕྲིན་ལས་ཀྱི་དཔལ་དུ་གྱུར་ཅིག།  །།  ༈  །གཏེར་མགོན་ཞལ་བཞི་བའི་མངའ་གསོལ་དགེ་ལེགས་རྣམ་པར་རྒྱལ་བའི་འབྲུག་སྒྲ་ཞེས་བྱ་བ་བཞུགས། ཧཱུྃ། མི་འགྱུར་བདེ་ཆེན་དཔྱིད་ཀྱི་དགའ་བའི་སྤྲིན། །ཕྲིན་ལས་གློག་ཕྲེང་མཛེས་པར་གཡོ་བཞིན་དུ། །ཕན་བདེའི་རྨ་བྱ་མཛེས་སྡུག་གར་གྱིས་བྲེལ། །ཐེག་དགུའི་རིན་ཆེན་ཕོ་བྲང་བཀོད་ལེགས་ཤིང༌། །སྨིན་གྲོལ་ནོར་བུའི་ཏོག་གི་འོད་ཟེར་འཁྱིལ། །ཐུབ་བསྟན་རྒྱལ་ཐབས་སྐྱོང་བའི་མེས་པོ་ཆེ། །ཚངས་ཆེན་གདོང་བཞིའི་བློ་ལྡན་མངའ་གསོལ་ལོ། །ཚོགས་གཉིས་འཁོར་ལོས་སྒྱུར་བའི་དབྱིག་གི་མཛོད། །རྫོགས་སྨིན་སྦྱངས་པའི་རྒྱལ་སྲས་སྤྱོད་པའི་ཁབ། །གཞན་ཕན་རིན་ཐང་དཔག་པར་དཀའ་བའི་མཐུས། དོན་གཉིས་ལྷུན་གྲུབ་རྒྱལ་པོར་མངའ་གསོལ་ལོ། །མཁའ་ཁྱབ་ཡིད་ཅན་བློ་ཡི་ཡན་བཟོད་མར། །སྒྱུ་འཕྲུལ་རི་གླིང་བཀོད་པ་སྣ་ཚོགས་པས། །ཕན་བདེའི་ཉི་ཟླའི་སྣང་བའི་ཕྲིན་ལས་ཀྱིས། །ཕྱོགས་ལྷུང་བྲལ་བར་སྐྱོང་མཛད་མངའ་གསོལ་ལོ།  ཧཱུྃ། འགྱུར་མེད་རྟག་པའི་དབང་སྔོན་ཉིང་ཁུའི་མདོག །བདེ་ཆེན་འོད་ཀྱི་གཟི་བྱིན་ཁོར་ཡུག་བརྡལ། །སྲིད་ཞིའི་གདུང་སེལ་འདོད་དགུ་ཆར་བསྙིལ་བས། །ས་གསུམ་གཙུག་གི་ནོརྃ་བུྃར་མངའ་གསོལ་ལོ། །དགོངས་པ་དབྱིངས་སུ་འཁྱིལ་བའི་ལྟེ་བ་ཟླུམ། །རྣོ་མྱུར་ཕྲིན་ལས་རྩིབས་སྟོང་མཛེས་པར་འཁོར། །ཚར་གཅོད་རྗེས་འཛིན་སྟོབས་རྩལ་དང་འགྲོགས་ལས། །ཐུབ་བསྟན་གླིང་ཉུལ་འཁོྃར་ལོརྃ་མངའ་གསོལ་ལོ། །རྣམ་ཐར་སྒོ་གསུམ་སྤྱོད་མཛེས་རབ་དུལ་ཞིང༌། །ཀུན་ཕན་ཐུགས་རྗེའི་མཚར་སྡུག་མིག་ཡངས་ཀྱིས། །ཐེག་མཆོག་རྒྱལ་ཐབ་སྐྱོང་བའི་བཙུྃན་མོྃ་ཆེ། །ཀླུ་དབང་བཀའ་ཡི་སྲུང་མར་མངའ་གསོལ་ལོ། །ལྐོག་གྱུར་མཁྱེན་པའི་རིན་ཆེན་མིག་ལྡན་ཞིང༌། །ཐོགས་མེད་བློ་རྩལ་འཕྲུལ་བརྒྱས་ཐུགས་མཆོག་མཛངས། །རིག་འཛིན་རྣལ་འབྱོར་རྟག་སྐྱོང་ཁྱིམྃ་བདྃག་ཏུ། །ཐོད་ཕྲེང་རྩལ་གྱིས་བསྔགས་བཞིན་མངའ་གསོལ་ལོ། །མཐུ་སྟོབས་རྡོ་རྗེའི་གོ་ཆ་བཙན་ལ་བརྗིད། །དྲག་ཤུལ་མཚོན་གྱིས་བདུད་སྡེ་ཕྱེ་མར་འཐག །གསང་ཆེན་བསྟན་སྲུང་དམྃག་གི་དཔོྃན་ཆེན་དུ། །ཤཱིནྟཾ་གརྦྷས་གཏད་བཞིན་མངའ་གསོལ་ལོ། །གངས་ཅན་གདུལ་བྱའི་བསོད་ནམས་ཤེ་མོང་གིས། །རབ་དྲེགས་སངས་རྒྱས་གཉིས་པའི་ཕྲིན་ལས་ཉིད། །ཁྱབ་བརྡལ་འདྲེན་པའི་གླངྃ་ཆེནྃ་ཁྱུ་མཆོག་ཏུ། །སྣང་མཛད་ལོ་ཙཱས་བསྔགས་ཁྱོད་མངའ་གསོལ་ལོ། །རྩོད་ལྡན་དུས་ཀྱི་གདུང་བས་བསྟན་འགྲོའི་དཔལ། །རྒུད་པ་གསོ་ཞིང་བཤད་སྒྲུབ་ལས་གསུམ་གྱི། །རྫུ་འཕྲུལ་རྐང་པས་བགྲོད་ཕྱིར་གཏེར་ཆེན་རྗེའི། །ཟབ་གཏེར་འདྲེན་པའི་རྟྃ་མཆོྃག་མངའ་གསོལ་ལོ། །ཡོངས་རྫོགས་ཐུབ་བསྟན་མངའ་ཐང་སྐྱོང་བ་ལ། །ལས་བཞིའི་དཔུང་དང་བཅས་པའི་ཕོ་ཉ་ཡིས། །སྲིད་ཞིའི་རྒུད་སེལ་བཀའ་ཡི་བསྟན་སྲུང་དུ། །འཇིགས་མེད་གླིང་པས་གཏད་བཞིན་མངའ་གསོལ་ལོ། །མྱུར་མྱུར་འདོད་པའི་རླབས་གཡོ་སྐབས་གསུམ་ཀླུང༌། །ཡང་ཡང་ས་གསུམ་གྲོང་ཁྱེར་ཉུལ་བའི་ཕྱིར། །སྙན་སྙན་དྲང་སྲོང་དམོད་པས་དེང་བསྐུལ་ན། །ལེགས་ལེགས་དཔལ་གྱི་མཚར་སྡུག་མཛེས་པར་མཛོད། །ཁྱབ་བདག་རིག་འཛིན་བརྒྱུད་པས་བསྐུལ་བ་བཞིན། །རྗེས་འཇུག་བདག་ཅག་བུ་བཞིན་རྟག་བསྐྱངས་ནས། །དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ། །དབུགས་དབྱུང་དགེ་ལེགས་རྣམ་པར་རྒྱལ་བར་མཛོད། །ཅེས་པའང་གསང་ཆེན་བསྟན་པའི་རྒྱན་མཆོག་མཆོག་སྤྲུལ་འགྱུར་མེད་མདོ་སྔགས་བསྟན་འཛིན་གྱི་རྟེན་བཅས་བཀས་བསྐུལ་བ་བཞིན་སྔགས་བཙུན་རྒན་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་ཆོ་འཕྲུལ་ཟླ་བའི་ཉེར་དགུའི་གསོལ་ཆེན་སྐབས་བྲིས་ཤིང་ཕྲིན་ལས་གསོལ་བ་སིདྡྷི་རསྟུ། །།  ༈  ཧཱུྃ། ལྷ་མཆོག་མ་ཧཱ་ཀཱ་ལ་གཉན་མགོན་ཆེ། །མཐུ་སྟོབས་དབང་ཕྱུག་དཔལ་མགོན་ཞལ་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ཞལ་གྱི་གསོལ་ཕྲིན་ཤིན་ཏུ་བསྡུས་པ་རྗེ་མཁྱེན་བརྩེ་མངྒ་ལའི་གསུང་ཁོལ་ཕྱུང་ངོ༌།།  །།}}

</onlyinclude>
</onlyinclude>
Line 25: Line 42:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Latest revision as of 09:08, 1 June 2024

Wylie title dpal mgon zhal bzhi'i thun mong gsol mchod phrin las 'dod dgu'i rol mo sogs/ zhal bzhi pa'i skor DKR-KABUM-10-THA-053.pdf
Location dil mgo mkhyen brtse bka' 'bum
Volume 10, Text 53, Pages 298-304 (Folios 1a to 7b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dpal mgon zhal bzhi'i thun mong gsol mchod phrin las 'dod dgu'i rol mo sogs zhal bzhi pa'i skor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 298-304. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity dpal mgon zhal bzhi pa
[edit]
༄༅། །དཔལ་མགོན་ཞལ་བཞིའི་ཐུན་མོང་གསོལ་མཆོད་ཕྲིན་ལས་འདོད་དགུའི་རོལ་མོ་ཞེས་བྱ་བ་བཞུགས།།

༄༅། །ཧཱུྃ། མཆོག་ཏུ་མི་འགྱུར་བདེ་ཆེན་ཧེ་རུ་ཀ །གཟུང་འཛིན་དྲེགས་ཚོགས་དབྱིངས་སུ་བསྒྲལ་མཛད་ཕྱིར། །ཕྲིན་ལས་ཡེ་ཤེས་མགོན་པོའི་སྐུར་བཞེངས་པ། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞེས་སུ་གྲགས། །གདོད་ནས་གྲུབ་པའི་གནས་ཡུལ་ཞིང་སྐྱོང་གཙོ། །ཏི་སེའི་གནས་སུ་ཁམས་གསུམ་དབང་མཛད་ལྷ། །ཉེ་བའི་འཐུང་སྤྱོད་བདུད་མགོན་སེང་གདོང་སོགས། །སྒྱུ་འཕྲུལ་བཀོད་པ་སྟོན་ལ་གུས་བསྟོད་པས། །ཐུགས་བསྐྱེད་དམ་བཅས་གནས་འདིར་གཤེགས་ནས་ཀྱང༌། །འདུ་འབྲལ་མེད་པའི་ཐ་ཚིག་དགྱེས་བསྐུལ་ཕྱིར། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་རིན་ཆེན་བདུན། །བཀྲ་ཤིས་རྟགས་རྫས་ལྷ་མིའི་འབྱོར་ཚོགས་སྤུངས། །དྲག་པོའི་ཉེར་སྤྱོད་ཤ་ལྔ་བདུད་རྩི་ལྔ། །དམར་ཆེན་རཀྟ་འདོད་འབྱུང་གཏོར་མའི་རི། །རྡོ་རྗེའི་ཏན་གན་དགྱེས་བསྐྱེད་རྟེན་མཆོད་རྫས། །ཐུགས་ལ་བཞེད་རྒུའི་དཔལ་གྱིས་ལེགས་བསྙེན་ཏེ། །འགལ་འཁྲུལ་ནོངས་པའི་ཚོགས་ཀུན་མཐོལ་བཤགས་ན། །ཕྲིན་ལས་འདོད་དགུས་ཡིད་ཀྱི་རེ་བ་སྐོངས། །ཐུབ་བསྟན་སྤྱི་དང་ཐེག་མཆོག་དབུ་མའི་ལམ། །རྡོ་རྗེ་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྤེལ། །སྣོད་བཅུད་འགྲོ་ཀུན་བདེ་དགའི་དགའ་སྟོན་སྤྱོད། །བདག་ཅག་ཆོས་མཐུན་བསམ་སྦྱོར་མཐའ་རུ་ཕྱིན། །འགལ་རྐྱེན་མུན་སངས་མཐུན་པའི་སྣང་བ་རྒྱས། །བསོད་ནམས་ཚེ་དཔལ་རླུང་སེམས་དབང་བསྡུས་ནས། །རྒྱལ་བསེན་དགྲ་བགེགས་མཐར་བྱས་དཀར་ཕྱོགས་ཀྱི། །དབུ་འཕང་དགུང་བསྟོད་བརྒྱུད་འཛིན་ཕུན་སུམ་ཚོགས། །ས་གསུམ་དགེ་ལེགས་རྟག་པའི་སྣང་བ་དང༌། །མི་འབྲལ་ཕན་བདེའི་དཔལ་ཀུན་འགྲུབ་པར་མཛོད། །ཆོས་ཉིད་གདོད་ནས་གཉིས་མེད་བྱང་ཆུབ་ཀྱང༌། །ཆོས་ཅན་ཐུགས་རྗེས་མཐུ་སྟོབས་དྲེགས་པའི་དཔུང༌། །ལས་བཞི་ཕྲིན་ལས་ཅི་དགར་བསྒྱུར་མཛད་པའི། །རིག་འཛིན་ཡོངས་ཀྱི་བཀའ་སྡོད་མངའ་གསོལ་ལོ། །ཞི་མཛད་ཕྲིན་ལས་བདུད་རྩིའི་སྣང་བ་ཡིས། །ནད་གདོན་རྒུད་སོལ་ཚེ་དཔལ་ལང་ཚོ་རྒྱས། །ཕུན་ཚོགས་དཔལ་གྱི་ཉིན་བྱེད་གཟི་འོད་ཀྱིས། །འཁོར་འདས་བརྟན་གཡོའི་ལེགས་ཚོགས་འབྱོར་བས་ཕྱུག །བདེ་སྟོང་འཕྲུལ་གྱི་འོད་དམར་ལྕགས་ཀྱུ་ཡིས། །ཁམས་གསུམ་ཆེ་དགུའི་དཔལ་ཀུན་དབང་དུ་སྡུས། །ཐུགས་རྗེ་དྲག་ཤུལ་ཁྲོས་པའི་གནམ་ལྕགས་མདའ། །ནག་ཕྱོགས་གདོན་བགེགས་བདུད་དགྲའི་སྙིང་ལ་རྒྱོབ། །མདོར་ན་རྩོད་དུས་ཆོས་བཞིན་སྤྱོད་པ་ལ། །མི་མཐུན་བྱད་ཕུར་ལས་རྒྱལ་མཐུན་རྐྱེན་སྦྱོར། །ས་ལམ་ཡོན་ཏན་ཡར་ཟླའི་དཔལ་འགྲན་པའི། །རྒྱབ་བརྟེན་སྲུང་སྐྱོབ་མ་གཡེལ་རྟག་ཏུ་མཛོད། །ཐེག་མཆོག་དབུ་མའི་སྲོལ་འབྱེད་ཀླུ་སྒྲུབ་རྗེ། །ཤཱནྟིཾ་གརྦྷ་ཨོ་རྒྱན་ཐོད་ཕྲེང་རྩལ། །སྣང་མཛད་ལོ་ཙཱ་རིག་འཛིན་བརྒྱུད་བཅས་ཀྱིས། །བཀའ་བསྒོས་ཐ་ཚིག་ཡལ་བར་མ་དོར་བར། །མཐའ་བྲལ་ཆོས་ཉིད་ལྟ་བའི་གདེང་ཐོབ་ནས། །ངེས་དོན་འོད་གསལ་དགོངས་པའི་ཡེ་ཤེས་སྲོག །དབང་ཐོབ་འབྲས་བུའི་བཙན་ས་ལེགས་ཟིན་ཏེ། །རང་རིག་ཡེ་ཤེས་མགོན་པོ་མངོན་གྱུར་མཛོད། །བྱང་ཆུབ་བར་དུ་ལམ་གྲོགས་ཁྱོད་བསྟེན་ནས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང༌། །ས་ལམ་ཡོན་ཏན་རྫོགས་པའི་ཕྲིན་ལས་ཀྱིས། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དགེ་ལེགས་སྩོལ། །ཞེས་པའང་ཐེག་མཆོག་སྙིང་པོའི་བསྟན་འཛིན་མཚུངས་མེད་འཁྲུལ་ཞིག་མཆོག་སྦྲུལ་འགྱུར་མེད་མདོ་སྔགས་བསྟན་འཛིན་ནས་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་བཞིན་སྔགས་བཙུན་རྡོ་རྗེ་ཐུགས་མཆོག་རྩལ་ལམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་སྙིང་པོའི་བསྟན་འཛིན་རྫ་སྤྲུལ་རིན་པོ་ཆེ་གདོད་མའི་ཐིག་ལེར་བྱང་ཆུབ་བརྙེས་པའི་དུས་ཀྱི་མཆོད་པའི་སྐབས་སུ་ཐུབ་བསྟན་ཆོས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་རྒྱལ་བསྟན་རིན་པོ་ཆེའི་མངའ་ཐང་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། །། ༈ །དཔལ་མགོན་ཞལ་བཞིའི་ཐུན་མིན་གསོལ་ཕྲིན་ཁྲག་འཐུང་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། ཧཱུྃ། སྲིད་ཞིའི་ཆོས་ཀུན་ཐིག་ལེ་གཅིག་ཏུ་དག །བདེ་ཆེན་ཉམས་བརྒྱའི་སྒྱུ་འཕྲུལ་རྨད་བྱུང་བ། །ཕྱི་ལྟར་གདོད་ནས་གྲུབ་པའི་གནས་དང་ཞིང༌། །དུར་ཁྲོད་བརྒྱད་དང་རྡོ་རྗེའི་རྣལ་འབྱོར་སྐྱོང༌། །དཔལ་གྱི་རི་ལ་ཀླུ་དབང་དགོངས་པའི་སྲོལ། །ཐེག་མཆོག་དབུ་མའི་གཉེར་འཛིན་བཀའ་སྲུང་མཆོག །ཏི་སེའི་གནས་སུ་འཁོར་ལོ་སྡོམ་པའི་གནས། །ཞིང་སྐྱོང་དབང་ཕྱུག་དབང་གི་ལྷ་ཆེན་བཞེངས། །ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙཱ་རི་ཏྲར། །བདུད་མགོན་འཕྲོག་བྱེད་ཞལ་གྱི་ཚུལ་དུ་སྟོན། །ནང་དུ་རྡོ་རྗེའི་ལུས་ཀྱི་དྷཱུ་ཏིའི་སྤུབས། །གཟུང་འཛིན་རཱུ་ཏྲ་ཁྱོ་ཤུག་བསྒྲལ་བ་ལས། །འཕོ་མེད་བདེ་སྟོང་ཐིག་ལེ་ཆེན་པོའི་དཔྱིད། །དཔལ་གྱི་མགོན་པོ་དགའ་བཞིའི་གདོང་པ་ཅན། །གཞན་དུ་ཡེ་ཤེས་རྡོ་རྗེའི་མཚོན་ཆེན་པོས། །གཉིས་སྣང་བདུད་དགྲའི་གྲོང་ཁྱེར་སུམ་བརྩེགས་ན། །ཐོད་ཕྲེང་རྩལ་གྱིས་དབང་བསྐུར་ཐ་ཚིག་བཞིན། །རིག་འཛིན་དཀྱིལ་འཁོར་སྐྱོང་བའི་མགོན་པོ་མཆོག །རྟོག་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ལ། །གཉིས་འཛིན་མཚན་རྟོག་འདུ་འགོད་མ་མཆིས་ཀྱང༌། །ཐུགས་བསྐྱེད་དམ་བཅའི་སྐྱ་རེངས་ཀྱིས་བསུས་པའི། །འདོད་དགུའི་ཕྲིན་ལས་ཉིན་བྱེད་འདྲེན་པའི་ཕྱིར། །སྣོད་བཅུད་རྡོ་རྗེའི་དཀྱིལ་འཁོར་དག་པ་འདིར། །ཕྱི་ནང་གསང་བའི་མཆོད་སྐོང་སྒྲུབ་པའི་རྫས། །ཐུགས་ལ་བཞེད་དགུ་ནམ་མཁའ་མཛོད་བཞིན་དུ། །འཆར་བ་གསང་གསུམ་དགྱེས་དགུའི་དགའ་སྟོན་འབུལ། །བདག་ཅག་གློ་བུར་འཁྲུལ་པའི་གཞན་དབང་གིས། །སྡུག་བསྔལ་ཀུན་འབྱུང་སྲིད་པའི་འཁྲི་ཤིང་གཅོད། །འགོག་ལམ་ཞི་བསིལ་བདུད་རྩི་ཀུན་དགའི་སྐྱེས། །ལས་རླུང་དབྱིངས་དག་མི་ཤིགས་ནཱ་དའི་སྒྲ། །ལུང་རྟོགས་དབྱངས་སྙན་ས་གསུམ་ཁྱབ་པར་མཛོད། །དེ་འཛིན་སྐྱེས་ཆེན་འཕགས་པའི་སྤངས་རྟོགས་མཁར། །ཐུགས་བསྐྱེད་ཉི་ཟླའི་སྣང་བ་བཀོད་ལེགས་པས། །ས་གསུམ་དགེ་ལེགས་པད་ཚལ་བཞད་དང་བཅས། །སྐུ་ཚེ་ཕྲིན་ལས་མཛེས་སྡུག་དར་བབ་མཛོད། །ཀུན་ཁྱབ་བྱང་ཆུབ་སེམས་ཀྱི་ཆུ་འཛིན་ལས། །ཕན་བདེའི་སྦྲང་ཆར་མི་ཟད་རྟག་འཇོའི་མཐུས། །ནད་མུག་མཚོན་གྱིས་གདུང་བ་ཀུན་བཅིལ་ནས། །རྫོགས་ལྡན་དབྱར་གྱི་ལང་ཚོ་དར་གྱུར་ཅིག །བསྟན་ལ་གུས་ཤིང་བྱང་ཆུབ་སྒྲུབ་པ་བདག །ཚེ་དང་བསོད་ནམས་ཆོས་མཐུན་དཔལ་འབྱོར་རྒྱས། །ནད་གདོན་བགེགས་སོགས་ཕྱི་ནང་བར་ཆད་ཞི། །ཡིད་ལ་འདོད་པའི་དོན་ཀུན་འབད་མེད་སྩོལ། །བསྟན་སྲུང་ཡེ་ཤེས་མགོན་པོ་དགྱེས་པའི་དཔལ། །རང་རིག་གདོད་མའི་དབྱིངས་དང་འབྲལ་མེད་ཕྱིར། །དགེ་ལེགས་དཔལ་འབྱོར་དབྱར་མཚོ་བཞིན་རྒྱས་པས། །དོན་གཉིས་གྲུབ་པའི་ངོ་མཚར་མྱུར་སྩོལ་ཅིག །ཅེས་པའང་སྙིགས་དུས་བསྟན་འགྲོའི་དཔལ་མགོན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷ་རྨ་མ་ཏིའི་ཕྲིན་ལས་ཀྱི་ཆོས་སྲུང་ཆེད་དུ་བསྔགས་པ་ལ་རིན་ཆེན་གཉིས་པའི་རྟེན་ལྷ་རྫས་བཅས་གསུང་བསྐུལ་བཞིན་སྔགས་བཙུན་མངྒ་ལ་ཤྲཱི་བྷཱུ་ཏིས་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་ནས་བྲིས་པས་བསྟན་དང་དེ་འཛིན་རྣམས་ཀྱི་ཕྲིན་ལས་ཀྱི་དཔལ་དུ་གྱུར་ཅིག། །། ༈ །ངེས་དོན་ནང་གི་གདོང་བཞིའི་གསོལ་ཕྲིན་གཞོམ་མེད་ནཱ་དའི་རོལ་མོ་བཞུགས། ཧཱུྃ། ཆོས་ཀུན་དབུ་མར་སྡོམ་པའི་བྱེད་ལས་ཀྱིས། །གཟུང་འཛིན་དྲེགས་ཚོགས་དབྱིངས་སུ་བསྒྲལ་བ་ལས། །ཡེ་ཤེས་མགོན་པོ་ཕྲིན་ལས་བཞི་གྲུབ་གདོང༌། །ཞལ་བཞིའི་རྣམ་འགྱུར་བཅུ་བདུན་གནས་འདིར་གཤེགས། །ལུང་རྟོགས་སྙིང་པོ་འགོག་ལམ་རྡོ་རྗེའི་ཆོས། །སྙིང་དབུས་ཨ་ཝདྷཱུཏིའི་དཔལ་གྱི་རིར། །འདུ་འབྲལ་མེད་བཞུགས་རང་ངོ་ཤེས་པ་ཡི། །མཉམ་ཉིད་ཆོས་དབྱིངས་ཀློང་ནས་ཕྱག་འཚལ་ལོ། །ཕྱི་མཆོད་རྡོ་རྗེ་གསང་བའི་འདོད་ཡོན་ལྔས། །ལེགས་དྲངས་རྩ་རླུང་ཐིག་ལེའི་སྨན་རཀ་གཏོར། །མཉམ་སྦྱོར་བདེ་སྟོང་ཏན་གན་དགྱེས་སྤྲིན་གྱིས། །འཕོ་མེད་དགྱེས་པའི་དམ་ཚིག་ཆེན་པོས་མཆོད། །ཨ་ཧཾ་ཞུ་བའི་དཔྱིད་ཀྱི་ཐིག་ལེའི་སྐུ། །མི་ཤིགས་བརྗོད་བྲལ་རྡོ་རྗེ་ནཱ་དའི་གསུང༌། །རྣམ་ཀུན་མཆོག་ལྡན་ཐུགས་དབྱིངས་ཟག་མེད་ཀྱི། །ཡོན་ཏན་ཕྲིན་ལས་རྫོགས་ལ་གུས་པས་བསྟོད། །ཕྱི་ནང་གཞན་གསུམ་ཆོས་ཀུན་གཉིས་མེད་དང༌། །མཆོག་ཏུ་མི་འགྱུར་བདེ་བ་ཆེར་དག་པས། །སྣང་སྲིད་ཐམས་ཅད་སྤྱི་དང་ཁྱད་པར་གྱི། །མཆོད་བསྐང་སྒྲུབ་རྟེན་དམ་ཚིག་རྫས་ཀྱིས་བསྐང༌། །སྐུ་གསུམ་ཐུགས་ཀྱི་དམ་འགལ་ཉམས་ཆག་དང༌། །མཆོད་རྟེན་སྒྲུབ་པའི་དམ་རྫས་མ་ཚང་བ། །གསང་བསྒྲགས་ལ་སོགས་འགལ་འཁྲུལ་གང་མཆིས་ཀུན། །སྙིང་ནས་བཤགས་པས་དག་ཚངས་དངོས་གྲུབ་སྩོལ། །སྲུང་མའི་དབང་པོ་དགྱེས་པའི་བྱེད་ལས་ཀྱིས། །མི་མཐུན་ཀུན་ཞི་བསྟན་དང་དེ་འཛིན་སྡེ། །ལེགས་ཚོགས་འཕེལ་རྒྱས་རླུང་སེམས་རང་དབང་འདུས། །དགྲ་བགེགས་ཚར་ཆོད་ཕྲིན་ལས་ཐོགས་མེད་སྒྲུབས། །སྒྲུབ་པའི་རྣལ་འབྱོར་འཁོར་བཅས་དགྱེས་པས་སྐྱོངས། །བདུད་སྲིན་རྒྱལ་བསེན་གནོད་སྲུངས་ཚེ་དཔལ་རྒྱལ། །སྣང་སེམས་དབང་འདུས་ལུང་རྟོགས་ཡོན་ཏན་རྒྱས། །དོན་གཉིས་རྩོལ་མེད་འགྲུབ་པའི་ལས་མཛོད་ཅིག །འཁོར་འདས་ཆོས་ཀུན་མི་ཤིགས་རྡོ་རྗེའི་དབྱིངས། །རང་རིག་ཡེ་ཤེས་མགོན་པོར་རྟོགས་པ་ཡིས། །གཉིས་སྣང་བདུད་ལས་རྒྱལ་བའི་དཔའ་བོ་ཆེ། །ཧེ་རུ་ཀ་དཔལ་གོ་འཕང་མངོན་གྱུར་ཅིག །ཅེས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ལ་གཞན་དྲིང་མི་འཇོག་པའི་བཤད་སྒྲུབ་ཀྱི་ཕྲིན་ལས་ཅན་ཆོས་རྒྱལ་གཏེར་བདག་གླིང་པའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་བཀའ་སྲུང་ཡེ་ཤེས་མགོན་པོའི་གསོལ་ཕྲིན་གྲངས་གསོག་ཏུ་འདི་ལྟར་བྲིས་ཞེས་མཁས་བཙུན་བཟང་པོའི་དམ་པའི་མཛད་སྤྱོད་རྨད་དུ་བྱུང་བ་མཆོག་སྦྲུལ་དྷ་རྨ་མ་ཏིས་རྟེན་བཅས་བཀའ་བསྩལ་བཞིན་མདོ་ཁམས་ཀྱི་སྔགས་བན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བཀའ་རྙིང་ཤིང་རྟ་གཅིག་དྲིལ་གྱི་གཙུག་ལག་ཁང་དུ་མཆོག་གཏེར་གྱི་སྨིན་གྲོལ་དམ་པའི་སྐྱེས་ཆེན་དུ་མ་ལ་འབུལ་སྐབས་བྲིས་པས་བསྟན་འགྲོའི་དབུ་འཕང་དགུང་དུ་རེག་པའི་རྒྱུར་གྱུར་ཅིག། །། ༈ །གཏེར་མགོན་ཞལ་བཞི་བའི་གསོལ་མཆོད་ཕྲིན་ལས་ཐོགས་མེད་བཞུགས། ཧཱུྃ། ཡེ་ཤེས་དབྱིངས་ནས་ལས་བཞིའི་ཞལ་ཅན་བཞེངས། །ཕུལ་བྱུང་མཆོད་པས་གསང་གསུམ་དགྱེས་པ་བསྐྱེད། །བདུད་བགེགས་དཔུང་འཇོམས་ཡེ་ཤེས་མགོན་པོར་བསྟོད། །ཕྱི་ནང་གསང་རྟེན་སྒྲུབ་མཆོད་རྫས་ཀྱིས་བསྐང༌། །འགལ་འཁྲུལ་ཉེས་པས་ནོངས་ཀུན་བཤགས་ཤིང་བསྡོམ། །བསྟན་འགྲོར་ཕན་བདེ་ཚེ་དཔལ་རྒྱས་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་བཀའ་བཞིན་མངྒ་ལས་རྒྱལ་ཟླའི༡༢་ཚེས༢༩་ཉིན་བྲིས་པ་འདོད་དགུའི་ཕྲིན་ལས་ཀྱི་དཔལ་དུ་གྱུར་ཅིག། །། ༈ །གཏེར་མགོན་ཞལ་བཞི་བའི་མངའ་གསོལ་དགེ་ལེགས་རྣམ་པར་རྒྱལ་བའི་འབྲུག་སྒྲ་ཞེས་བྱ་བ་བཞུགས། ཧཱུྃ། མི་འགྱུར་བདེ་ཆེན་དཔྱིད་ཀྱི་དགའ་བའི་སྤྲིན། །ཕྲིན་ལས་གློག་ཕྲེང་མཛེས་པར་གཡོ་བཞིན་དུ། །ཕན་བདེའི་རྨ་བྱ་མཛེས་སྡུག་གར་གྱིས་བྲེལ། །ཐེག་དགུའི་རིན་ཆེན་ཕོ་བྲང་བཀོད་ལེགས་ཤིང༌། །སྨིན་གྲོལ་ནོར་བུའི་ཏོག་གི་འོད་ཟེར་འཁྱིལ། །ཐུབ་བསྟན་རྒྱལ་ཐབས་སྐྱོང་བའི་མེས་པོ་ཆེ། །ཚངས་ཆེན་གདོང་བཞིའི་བློ་ལྡན་མངའ་གསོལ་ལོ། །ཚོགས་གཉིས་འཁོར་ལོས་སྒྱུར་བའི་དབྱིག་གི་མཛོད། །རྫོགས་སྨིན་སྦྱངས་པའི་རྒྱལ་སྲས་སྤྱོད་པའི་ཁབ། །གཞན་ཕན་རིན་ཐང་དཔག་པར་དཀའ་བའི་མཐུས། དོན་གཉིས་ལྷུན་གྲུབ་རྒྱལ་པོར་མངའ་གསོལ་ལོ། །མཁའ་ཁྱབ་ཡིད་ཅན་བློ་ཡི་ཡན་བཟོད་མར། །སྒྱུ་འཕྲུལ་རི་གླིང་བཀོད་པ་སྣ་ཚོགས་པས། །ཕན་བདེའི་ཉི་ཟླའི་སྣང་བའི་ཕྲིན་ལས་ཀྱིས། །ཕྱོགས་ལྷུང་བྲལ་བར་སྐྱོང་མཛད་མངའ་གསོལ་ལོ། ཧཱུྃ། འགྱུར་མེད་རྟག་པའི་དབང་སྔོན་ཉིང་ཁུའི་མདོག །བདེ་ཆེན་འོད་ཀྱི་གཟི་བྱིན་ཁོར་ཡུག་བརྡལ། །སྲིད་ཞིའི་གདུང་སེལ་འདོད་དགུ་ཆར་བསྙིལ་བས། །ས་གསུམ་གཙུག་གི་ནོརྃ་བུྃར་མངའ་གསོལ་ལོ། །དགོངས་པ་དབྱིངས་སུ་འཁྱིལ་བའི་ལྟེ་བ་ཟླུམ། །རྣོ་མྱུར་ཕྲིན་ལས་རྩིབས་སྟོང་མཛེས་པར་འཁོར། །ཚར་གཅོད་རྗེས་འཛིན་སྟོབས་རྩལ་དང་འགྲོགས་ལས། །ཐུབ་བསྟན་གླིང་ཉུལ་འཁོྃར་ལོརྃ་མངའ་གསོལ་ལོ། །རྣམ་ཐར་སྒོ་གསུམ་སྤྱོད་མཛེས་རབ་དུལ་ཞིང༌། །ཀུན་ཕན་ཐུགས་རྗེའི་མཚར་སྡུག་མིག་ཡངས་ཀྱིས། །ཐེག་མཆོག་རྒྱལ་ཐབ་སྐྱོང་བའི་བཙུྃན་མོྃ་ཆེ། །ཀླུ་དབང་བཀའ་ཡི་སྲུང་མར་མངའ་གསོལ་ལོ། །ལྐོག་གྱུར་མཁྱེན་པའི་རིན་ཆེན་མིག་ལྡན་ཞིང༌། །ཐོགས་མེད་བློ་རྩལ་འཕྲུལ་བརྒྱས་ཐུགས་མཆོག་མཛངས། །རིག་འཛིན་རྣལ་འབྱོར་རྟག་སྐྱོང་ཁྱིམྃ་བདྃག་ཏུ། །ཐོད་ཕྲེང་རྩལ་གྱིས་བསྔགས་བཞིན་མངའ་གསོལ་ལོ། །མཐུ་སྟོབས་རྡོ་རྗེའི་གོ་ཆ་བཙན་ལ་བརྗིད། །དྲག་ཤུལ་མཚོན་གྱིས་བདུད་སྡེ་ཕྱེ་མར་འཐག །གསང་ཆེན་བསྟན་སྲུང་དམྃག་གི་དཔོྃན་ཆེན་དུ། །ཤཱིནྟཾ་གརྦྷས་གཏད་བཞིན་མངའ་གསོལ་ལོ། །གངས་ཅན་གདུལ་བྱའི་བསོད་ནམས་ཤེ་མོང་གིས། །རབ་དྲེགས་སངས་རྒྱས་གཉིས་པའི་ཕྲིན་ལས་ཉིད། །ཁྱབ་བརྡལ་འདྲེན་པའི་གླངྃ་ཆེནྃ་ཁྱུ་མཆོག་ཏུ། །སྣང་མཛད་ལོ་ཙཱས་བསྔགས་ཁྱོད་མངའ་གསོལ་ལོ། །རྩོད་ལྡན་དུས་ཀྱི་གདུང་བས་བསྟན་འགྲོའི་དཔལ། །རྒུད་པ་གསོ་ཞིང་བཤད་སྒྲུབ་ལས་གསུམ་གྱི། །རྫུ་འཕྲུལ་རྐང་པས་བགྲོད་ཕྱིར་གཏེར་ཆེན་རྗེའི། །ཟབ་གཏེར་འདྲེན་པའི་རྟྃ་མཆོྃག་མངའ་གསོལ་ལོ། །ཡོངས་རྫོགས་ཐུབ་བསྟན་མངའ་ཐང་སྐྱོང་བ་ལ། །ལས་བཞིའི་དཔུང་དང་བཅས་པའི་ཕོ་ཉ་ཡིས། །སྲིད་ཞིའི་རྒུད་སེལ་བཀའ་ཡི་བསྟན་སྲུང་དུ། །འཇིགས་མེད་གླིང་པས་གཏད་བཞིན་མངའ་གསོལ་ལོ། །མྱུར་མྱུར་འདོད་པའི་རླབས་གཡོ་སྐབས་གསུམ་ཀླུང༌། །ཡང་ཡང་ས་གསུམ་གྲོང་ཁྱེར་ཉུལ་བའི་ཕྱིར། །སྙན་སྙན་དྲང་སྲོང་དམོད་པས་དེང་བསྐུལ་ན། །ལེགས་ལེགས་དཔལ་གྱི་མཚར་སྡུག་མཛེས་པར་མཛོད། །ཁྱབ་བདག་རིག་འཛིན་བརྒྱུད་པས་བསྐུལ་བ་བཞིན། །རྗེས་འཇུག་བདག་ཅག་བུ་བཞིན་རྟག་བསྐྱངས་ནས། །དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ། །དབུགས་དབྱུང་དགེ་ལེགས་རྣམ་པར་རྒྱལ་བར་མཛོད། །ཅེས་པའང་གསང་ཆེན་བསྟན་པའི་རྒྱན་མཆོག་མཆོག་སྤྲུལ་འགྱུར་མེད་མདོ་སྔགས་བསྟན་འཛིན་གྱི་རྟེན་བཅས་བཀས་བསྐུལ་བ་བཞིན་སྔགས་བཙུན་རྒན་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་ཆོ་འཕྲུལ་ཟླ་བའི་ཉེར་དགུའི་གསོལ་ཆེན་སྐབས་བྲིས་ཤིང་ཕྲིན་ལས་གསོལ་བ་སིདྡྷི་རསྟུ། །། ༈ ཧཱུྃ། ལྷ་མཆོག་མ་ཧཱ་ཀཱ་ལ་གཉན་མགོན་ཆེ། །མཐུ་སྟོབས་དབང་ཕྱུག་དཔལ་མགོན་ཞལ་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ཞལ་གྱི་གསོལ་ཕྲིན་ཤིན་ཏུ་བསྡུས་པ་རྗེ་མཁྱེན་བརྩེ་མངྒ་ལའི་གསུང་ཁོལ་ཕྱུང་ངོ༌།། །།
[edit]

@#/_/dpal mgon zhal bzhi'i thun mong gsol mchod phrin las 'dod dgu'i rol mo zhes bya ba bzhugs// @#/_/hU~M/_mchog tu mi 'gyur bde chen he ru ka_/gzung 'dzin dregs tshogs dbyings su bsgral mdzad phyir/_/phrin las ye shes mgon po'i skur bzhengs pa/_/zhing skyong stobs 'phrog dbang po zhes su grags/_/gdod nas grub pa'i gnas yul zhing skyong gtso/_/ti se'i gnas su khams gsum dbang mdzad lha/_/nye ba'i 'thung spyod bdud mgon seng gdong sogs/_/sgyu 'phrul bkod pa ston la gus bstod pas/_/thugs bskyed dam bcas gnas 'dir gshegs nas kyang*/_/'du 'bral med pa'i tha tshig dgyes bskul phyir/_/phyi mchod nyer spyod 'dod yon rin chen bdun/_/bkra shis rtags rdzas lha mi'i 'byor tshogs spungs/_/drag po'i nyer spyod sha lnga bdud rtsi lnga/_/dmar chen rak+ta 'dod 'byung gtor ma'i ri/_/rdo rje'i tan gan dgyes bskyed rten mchod rdzas/_/thugs la bzhed rgu'i dpal gyis legs bsnyen te/_/'gal 'khrul nongs pa'i tshogs kun mthol bshags na/_/phrin las 'dod dgus yid kyi re ba skongs/_/thub bstan spyi dang theg mchog dbu ma'i lam/_/rdo rje snying po'i ring lugs 'dzin skyong spel/_/snod bcud 'gro kun bde dga'i dga' ston spyod/_/bdag cag chos mthun bsam sbyor mtha' ru phyin/_/'gal rkyen mun sangs mthun pa'i snang ba rgyas/_/bsod nams tshe dpal rlung sems dbang bsdus nas/_/rgyal bsen dgra bgegs mthar byas dkar phyogs kyi/_/dbu 'phang dgung bstod brgyud 'dzin phun sum tshogs/_/sa gsum dge legs rtag pa'i snang ba dang*/_/mi 'bral phan bde'i dpal kun 'grub par mdzod/_/chos nyid gdod nas gnyis med byang chub kyang*/_/chos can thugs rjes mthu stobs dregs pa'i dpung*/_/las bzhi phrin las ci dgar bsgyur mdzad pa'i/_/rig 'dzin yongs kyi bka' sdod mnga' gsol lo/_/zhi mdzad phrin las bdud rtsi'i snang ba yis/_/nad gdon rgud sol tshe dpal lang tsho rgyas/_/phun tshogs dpal gyi nyin byed gzi 'od kyis/_/'khor 'das brtan g.yo'i legs tshogs 'byor bas phyug_/bde stong 'phrul gyi 'od dmar lcags kyu yis/_/khams gsum che dgu'i dpal kun dbang du sdus/_/thugs rje drag shul khros pa'i gnam lcags mda'/_/nag phyogs gdon bgegs bdud dgra'i snying la rgyob/_/mdor na rtsod dus chos bzhin spyod pa la/_/mi mthun byad phur las rgyal mthun rkyen sbyor/_/sa lam yon tan yar zla'i dpal 'gran pa'i/_/rgyab brten srung skyob ma g.yel rtag tu mdzod/_/theg mchog dbu ma'i srol 'byed klu sgrub rje/_/shAn+tiM gar+b+ha o rgyan thod phreng rtsal/_/snang mdzad lo tsA rig 'dzin brgyud bcas kyis/_/bka' bsgos tha tshig yal bar ma dor bar/_/mtha' bral chos nyid lta ba'i gdeng thob nas/_/nges don 'od gsal dgongs pa'i ye shes srog_/dbang thob 'bras bu'i btsan sa legs zin te/_/rang rig ye shes mgon po mngon gyur mdzod/_/byang chub bar du lam grogs khyod bsten nas/_/phyi nang gsang ba'i bar chad kun zhi zhing*/_/sa lam yon tan rdzogs pa'i phrin las kyis/_/don gnyis lhun grub bkra shis dge legs stsol/_/zhes pa'ang theg mchog snying po'i bstan 'dzin mtshungs med 'khrul zhig mchog sbrul 'gyur med mdo sngags bstan 'dzin nas lha rdzas kyi rten bcas gsung bskul bzhin sngags btsun rdo rje thugs mchog rtsal lam bkra shis dpal 'byor du 'bod pas snying po'i bstan 'dzin rdza sprul rin po che gdod ma'i thig ler byang chub brnyes pa'i dus kyi mchod pa'i skabs su thub bstan chos gling gi gtsug lag khang du sbyar ba rgyal bstan rin po che'i mnga' thang 'phel rgyas brtan pa'i rgyur gyur cig/_//__!__/dpal mgon zhal bzhi'i thun min gsol phrin khrag 'thung dgyes pa'i dbyangs snyan zhes bya ba bzhugs so/_hU~M/_srid zhi'i chos kun thig le gcig tu dag_/bde chen nyams brgya'i sgyu 'phrul rmad byung ba/_/phyi ltar gdod nas grub pa'i gnas dang zhing*/_/dur khrod brgyad dang rdo rje'i rnal 'byor skyong*/_/dpal gyi ri la klu dbang dgongs pa'i srol/_/theg mchog dbu ma'i gnyer 'dzin bka' srung mchog_/ti se'i gnas su 'khor lo sdom pa'i gnas/_/zhing skyong dbang phyug dbang gi lha chen bzhengs/_/nye ba'i 'thung spyod dpal gyi tsA ri trar/_/bdud mgon 'phrog byed zhal gyi tshul du ston/_/nang du rdo rje'i lus kyi d+hU ti'i spubs/_/gzung 'dzin rU tra khyo shug bsgral ba las/_/'pho med bde stong thig le chen po'i dpyid/_/dpal gyi mgon po dga' bzhi'i gdong pa can/_/gzhan du ye shes rdo rje'i mtshon chen pos/_/gnyis snang bdud dgra'i grong khyer sum brtsegs na/_/thod phreng rtsal gyis dbang bskur tha tshig bzhin/_/rig 'dzin dkyil 'khor skyong ba'i mgon po mchog_/rtog bral bde ba chen po'i ye shes la/_/gnyis 'dzin mtshan rtog 'du 'god ma mchis kyang*/_/thugs bskyed dam bca'i skya rengs kyis bsus pa'i/_/'dod dgu'i phrin las nyin byed 'dren pa'i phyir/_/snod bcud rdo rje'i dkyil 'khor dag pa 'dir/_/phyi nang gsang ba'i mchod skong sgrub pa'i rdzas/_/thugs la bzhed dgu nam mkha' mdzod bzhin du/_/'char ba gsang gsum dgyes dgu'i dga' ston 'bul/_/bdag cag glo bur 'khrul pa'i gzhan dbang gis/_/sdug bsngal kun 'byung srid pa'i 'khri shing gcod/_/'gog lam zhi bsil bdud rtsi kun dga'i skyes/_/las rlung dbyings dag mi shigs nA da'i sgra/_/lung rtogs dbyangs snyan sa gsum khyab par mdzod/_/de 'dzin skyes chen 'phags pa'i spangs rtogs mkhar/_/thugs bskyed nyi zla'i snang ba bkod legs pas/_/sa gsum dge legs pad tshal bzhad dang bcas/_/sku tshe phrin las mdzes sdug dar bab mdzod/_/kun khyab byang chub sems kyi chu 'dzin las/_/phan bde'i sbrang char mi zad rtag 'jo'i mthus/_/nad mug mtshon gyis gdung ba kun bcil nas/_/rdzogs ldan dbyar gyi lang tsho dar gyur cig_/bstan la gus shing byang chub sgrub pa bdag_/tshe dang bsod nams chos mthun dpal 'byor rgyas/_/nad gdon bgegs sogs phyi nang bar chad zhi/_/yid la 'dod pa'i don kun 'bad med stsol/_/bstan srung ye shes mgon po dgyes pa'i dpal/_/rang rig gdod ma'i dbyings dang 'bral med phyir/_/dge legs dpal 'byor dbyar mtsho bzhin rgyas pas/_/don gnyis grub pa'i ngo mtshar myur stsol cig_/ces pa'ang snyigs dus bstan 'gro'i dpal mgon 'khrul zhig mchog sprul rin po che d+ha rma ma ti'i phrin las kyi chos srung ched du bsngags pa la rin chen gnyis pa'i rten lha rdzas bcas gsung bskul bzhin sngags btsun mang+ga la shrI b+hU tis smin grol thub bstan chos gling nas bris pas bstan dang de 'dzin rnams kyi phrin las kyi dpal du gyur cig/__//__!__/nges don nang gi gdong bzhi'i gsol phrin gzhom med nA da'i rol mo bzhugs/_hU~M/_chos kun dbu mar sdom pa'i byed las kyis/_/gzung 'dzin dregs tshogs dbyings su bsgral ba las/_/ye shes mgon po phrin las bzhi grub gdong*/_/zhal bzhi'i rnam 'gyur bcu bdun gnas 'dir gshegs/_/lung rtogs snying po 'gog lam rdo rje'i chos/_/snying dbus a wad+hUti'i dpal gyi rir/_/'du 'bral med bzhugs rang ngo shes pa yi/_/mnyam nyid chos dbyings klong nas phyag 'tshal lo/_/phyi mchod rdo rje gsang ba'i 'dod yon lngas/_/legs drangs rtsa rlung thig le'i sman raka gtor/_/mnyam sbyor bde stong tan gan dgyes sprin gyis/_/'pho med dgyes pa'i dam tshig chen pos mchod/_/a haM zhu ba'i dpyid kyi thig le'i sku/_/mi shigs brjod bral rdo rje nA da'i gsung*/_/rnam kun mchog ldan thugs dbyings zag med kyi/_/yon tan phrin las rdzogs la gus pas bstod/_/phyi nang gzhan gsum chos kun gnyis med dang*/_/mchog tu mi 'gyur bde ba cher dag pas/_/snang srid thams cad spyi dang khyad par gyi/_/mchod bskang sgrub rten dam tshig rdzas kyis bskang*/_/sku gsum thugs kyi dam 'gal nyams chag dang*/_/mchod rten sgrub pa'i dam rdzas ma tshang ba/_/gsang bsgrags la sogs 'gal 'khrul gang mchis kun/_/snying nas bshags pas dag tshangs dngos grub stsol/_/srung ma'i dbang po dgyes pa'i byed las kyis/_/mi mthun kun zhi bstan dang de 'dzin sde/_/legs tshogs 'phel rgyas rlung sems rang dbang 'dus/_/dgra bgegs tshar chod phrin las thogs med sgrubs/_/sgrub pa'i rnal 'byor 'khor bcas dgyes pas skyongs/_/bdud srin rgyal bsen gnod srungs tshe dpal rgyal/_/snang sems dbang 'dus lung rtogs yon tan rgyas/_/don gnyis rtsol med 'grub pa'i las mdzod cig_/'khor 'das chos kun mi shigs rdo rje'i dbyings/_/rang rig ye shes mgon por rtogs pa yis/_/gnyis snang bdud las rgyal ba'i dpa' bo che/_/he ru ka dpal go 'phang mngon gyur cig_/ces snga 'gyur bka' gter gyi bstan pa la gzhan dring mi 'jog pa'i bshad sgrub kyi phrin las can chos rgyal gter bdag gling pa'i zab gter rig 'dzin thugs thig gi bka' srung ye shes mgon po'i gsol phrin grangs gsog tu 'di ltar bris zhes mkhas btsun bzang po'i dam pa'i mdzad spyod rmad du byung ba mchog sbrul d+ha rma ma tis rten bcas bka' bstsal bzhin mdo khams kyi sngags ban rgan po 'gyur med theg mchog bstan pa'i rgyal mtshan gyis bka' rnying shing rta gcig dril gyi gtsug lag khang du mchog gter gyi smin grol dam pa'i skyes chen du ma la 'bul skabs bris pas bstan 'gro'i dbu 'phang dgung du reg pa'i rgyur gyur cig/_//__!__/gter mgon zhal bzhi ba'i gsol mchod phrin las thogs med bzhugs/_hU~M/_ye shes dbyings nas las bzhi'i zhal can bzhengs/_/phul byung mchod pas gsang gsum dgyes pa bskyed/_/bdud bgegs dpung 'joms ye shes mgon por bstod/_/phyi nang gsang rten sgrub mchod rdzas kyis bskang*/_/'gal 'khrul nyes pas nongs kun bshags shing bsdom/_/bstan 'gror phan bde tshe dpal rgyas par mdzod/_/oM ma hA kA la bi kA la tri yaM dzaHhU~M hU~M phaT sa pa ri wA ra i daM ba ling+ta kha kha khA hi khA hi/_zhes 7skyabs rje 'khrul zhig rin po che'i bka' bzhin mang+ga las rgyal zla'i12 tshes29 nyin bris pa 'dod dgu'i phrin las kyi dpal du gyur cig/__//__!__/gter mgon zhal bzhi ba'i mnga' gsol dge legs rnam par rgyal ba'i 'brug sgra zhes bya ba bzhugs/_hU~M/_mi 'gyur bde chen dpyid kyi dga' ba'i sprin/_/phrin las glog phreng mdzes par g.yo bzhin du/_/phan bde'i rma bya mdzes sdug gar gyis brel/_/theg dgu'i rin chen pho brang bkod legs shing*/_/smin grol nor bu'i tog gi 'od zer 'khyil/_/thub bstan rgyal thabs skyong ba'i mes po che/_/tshangs chen gdong bzhi'i blo ldan mnga' gsol lo/_/tshogs gnyis 'khor los sgyur ba'i dbyig gi mdzod/_/rdzogs smin sbyangs pa'i rgyal sras spyod pa'i khab/_/gzhan phan rin thang dpag par dka' ba'i mthus/_don gnyis lhun grub rgyal por mnga' gsol lo/_/mkha' khyab yid can blo yi yan bzod mar/_/sgyu 'phrul ri gling bkod pa sna tshogs pas/_/phan bde'i nyi zla'i snang ba'i phrin las kyis/_/phyogs lhung bral bar skyong mdzad mnga' gsol lo/__hU~M/_'gyur med rtag pa'i dbang sngon nying khu'i mdog_/bde chen 'od kyi gzi byin khor yug brdal/_/srid zhi'i gdung sel 'dod dgu char bsnyil bas/_/sa gsum gtsug gi nora~M bu~Mr mnga' gsol lo/_/dgongs pa dbyings su 'khyil ba'i lte ba zlum/_/rno myur phrin las rtsibs stong mdzes par 'khor/_/tshar gcod rjes 'dzin stobs rtsal dang 'grogs las/_/thub bstan gling nyul 'kho~Mr lora~M mnga' gsol lo/_/rnam thar sgo gsum spyod mdzes rab dul zhing*/_/kun phan thugs rje'i mtshar sdug mig yangs kyis/_/theg mchog rgyal thab skyong ba'i btsu~Mn mo~M che/_/klu dbang bka' yi srung mar mnga' gsol lo/_/lkog gyur mkhyen pa'i rin chen mig ldan zhing*/_/thogs med blo rtsal 'phrul brgyas thugs mchog mdzangs/_/rig 'dzin rnal 'byor rtag skyong khyima~M bda~Mg tu/_/thod phreng rtsal gyis bsngags bzhin mnga' gsol lo/_/mthu stobs rdo rje'i go cha btsan la brjid/_/drag shul mtshon gyis bdud sde phye mar 'thag_/gsang chen bstan srung dma~Mg gi dpo~Mn chen du/_/shIn+taM gar+b+has gtad bzhin mnga' gsol lo/_/gangs can gdul bya'i bsod nams she mong gis/_/rab dregs sangs rgyas gnyis pa'i phrin las nyid/_/khyab brdal 'dren pa'i glanga~M chena~M khyu mchog tu/_/snang mdzad lo tsAs bsngags khyod mnga' gsol lo/_/rtsod ldan dus kyi gdung bas bstan 'gro'i dpal/_/rgud pa gso zhing bshad sgrub las gsum gyi/_/rdzu 'phrul rkang pas bgrod phyir gter chen rje'i/_/zab gter 'dren pa'i rta~M mcho~Mg mnga' gsol lo/_/yongs rdzogs thub bstan mnga' thang skyong ba la/_/las bzhi'i dpung dang bcas pa'i pho nya yis/_/srid zhi'i rgud sel bka' yi bstan srung du/_/'jigs med gling pas gtad bzhin mnga' gsol lo/_/myur myur 'dod pa'i rlabs g.yo skabs gsum klung*/_/yang yang sa gsum grong khyer nyul ba'i phyir/_/snyan snyan drang srong dmod pas deng bskul na/_/legs legs dpal gyi mtshar sdug mdzes par mdzod/_/khyab bdag rig 'dzin brgyud pas bskul ba bzhin/_/rjes 'jug bdag cag bu bzhin rtag bskyangs nas/_/don gnyis lhun grub khams gsum chos kyi rgyal/_/dbugs dbyung dge legs rnam par rgyal bar mdzod/_/ces pa'ang gsang chen bstan pa'i rgyan mchog mchog sprul 'gyur med mdo sngags bstan 'dzin gyi rten bcas bkas bskul ba bzhin sngags btsun rgan po mang+ga la shrI b+hU tis cho 'phrul zla ba'i nyer dgu'i gsol chen skabs bris shing phrin las gsol ba sid+d+hi rastu/_//__!__hU~M/_lha mchog ma hA kA la gnyan mgon che/_/mthu stobs dbang phyug dpal mgon zhal bzhi pa/_/yum chen sring mo bzhi dang sprul par bcas/_/gsol lo mchod do bcol ba'i phrin las mdzod/_/ces zhal gyi gsol phrin shin tu bsdus pa rje mkhyen brtse mang+ga la'i gsung khol phyung ngo*//__//

Footnotes

Other Information