DKR-KABUM-10-THA-051: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-051
No edit summary
m (Text replacement - "Khyentse Metadata" to "Text")
 
(2 intermediate revisions by 2 users not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|sectionheading=No
|fulltitletib=ཕྱག་བཞི་པའི་གསོལ་མཆོད། ཧཱུྃ། དཔལ་ལྡན་ཡེ་ཤེས་སོགས། བསྟན་སྲུང་ཡེ་ཤེས་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པའི་གསོལ་མཆོད་ཁྲག་འཐུང་དགྱེས་དགུའི་རོལ་མོ། དཔལ་རྡོ་རྗེ་ཆོས་སྐྱོང་བའི་ཚོགས་ལ་ཕྲིན་ལས་སུ་གསོལ་བ་བསྟན་འགྲོའི་དཔལ་བསྐྱེད། ཧཱུྃ། རྡོ་རྗེ་ནག་པོ་ཆེན་པོ་གུར་སོགས། དཔལ་ཡེ་ཤེས་ཀྱི་མགོན་པོའི་གསོལ་མཆོད་ཁྲག་འཐུང་རོལ་པའི་དགའ་སྟོན་བཅས།
|fulltitle=phyag bzhi pa'i gsol mchod/ hUM/ dpal ldan ye shes sogs/ bstan srung ye shes mgon po lcam dral 'khor dang bcas pa'i gsol mchod khrag 'thung dgyes dgu'i rol mo/ dpal rdo rje chos skyong ba'i tshogs la phrin las su gsol ba bstan 'gro'i dpal bskyed/ hUM/ rdo rje nag po chen po gur sogs/ dpal ye shes kyi mgon po'i gsol mchod khrag 'thung rol pa'i dga' ston bcas
|citation=[[Khyentse, Dilgo]]. ''Phyag bzhi pa'i gsol mchod/ hUM/ dpal ldan ye shes sogs/ bstan srung ye shes mgon po lcam dral 'khor dang bcas pa'i gsol mchod khrag 'thung dgyes dgu'i rol mo/ dpal rdo rje chos skyong ba'i tshogs la phrin las su gsol ba bstan 'gro'i dpal bskyed/ hUM/ rdo rje nag po chen po gur sogs/ dpal ye shes kyi mgon po'i gsol mchod khrag 'thung rol pa'i dga' ston bcas''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 289-293. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=Protector Rituals - gsol mchod
|terma=No
|dkroutline=Three
|deity=nag po chen po
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=010
|volumenumber=THA
|volnumtib=༡༠
|volyigtib=ཐ་
|totalvolumes=25
|textnuminvol=051
|textnuminvol=051
|pagenumbers=289-293
|totalpages=10
|beginfolioline=1a
|endfolioline=5b6
|totalfolios=5
|multivolumework=No
|rectonotes=gsol mchod
|versonotes=ye shes mgon po
|colophontib=།ཅེས་སྐྱབས་རྗེ་མདོ་ཁམས་ཆེན་པོའི་ཞལ་སློབ་སྒྲུབ་བླ་ཕྲིན་ལས་བློ་གྲོས་ནས་རྟེན་འབྲེལ་བཟང་པོའི་རྟེན་བཅས་གསུང་བསྐུལ་གནང་བ་དང་ལྷན་ཅིག །དུར་ཁྲོད་བསིལ་བ་ཚལ་དུ་དཔལ་ཡེ་ཤེས་མགོན་པོའི་གསོལ་བསྐང་ལ་བརྩོན་པའི་སྐབས་འདོད་པའི་ཕྲིན་ལས་བཅོལ་བའི་ཚུལ་དུ་མདོ་སྨད་སྡེ་དགེའི་རྒྱལ་ཁབ་ནས་རྐང་འཁྱར་བའི་སྔགས་རྒན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའམ་བཀྲ་ཤིས་དཔལ་འབྱོར་གྱིས་དད་དང་གུས་པས་བྲིས་པ་ཐུབ་བསྟན་རིན་པོ་ཆེ་རྒྱས་ཤིང་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག།
|colophonwylie=/ces skyabs rje mdo khams chen po'i zhal slob sgrub bla phrin las blo gros nas rten 'brel bzang po'i rten bcas gsung bskul gnang ba dang lhan cig_/dur khrod bsil ba tshal du dpal ye shes mgon po'i gsol bskang la brtson pa'i skabs 'dod pa'i phrin las bcol ba'i tshul du mdo smad sde dge'i rgyal khab nas rkang 'khyar ba'i sngags rgan rang byung 'od gsal thugs mchog rdo rje'am bkra shis dpal 'byor gyis dad dang gus pas bris pa thub bstan rin po che rgyas shing brtan pa'i rten 'byung du gyur cig
|archivistnotes=There are several short works related to Mahākāla included in the text entry.
|pdflink=File:DKR-KABUM-10-THA-051.pdf
|pdflink=File:DKR-KABUM-10-THA-051.pdf
}}
}}

Latest revision as of 08:08, 1 June 2024

Wylie title phyag bzhi pa'i gsol mchod/ hUM/ dpal ldan ye shes sogs/ bstan srung ye shes mgon po lcam dral 'khor dang bcas pa'i gsol mchod khrag 'thung dgyes dgu'i rol mo/ dpal rdo rje chos skyong ba'i tshogs la phrin las su gsol ba bstan 'gro'i dpal bskyed/ hUM/ rdo rje nag po chen po gur sogs/ dpal ye shes kyi mgon po'i gsol mchod khrag 'thung rol pa'i dga' ston bcas DKR-KABUM-10-THA-051.pdf
Location dil mgo mkhyen brtse bka' 'bum
Volume 10, Text 51, Pages 289-293 (Folios 1a to 5b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Phyag bzhi pa'i gsol mchod/ hUM/ dpal ldan ye shes sogs/ bstan srung ye shes mgon po lcam dral 'khor dang bcas pa'i gsol mchod khrag 'thung dgyes dgu'i rol mo/ dpal rdo rje chos skyong ba'i tshogs la phrin las su gsol ba bstan 'gro'i dpal bskyed/ hUM/ rdo rje nag po chen po gur sogs/ dpal ye shes kyi mgon po'i gsol mchod khrag 'thung rol pa'i dga' ston bcas. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 289-293. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity nag po chen po
Colophon

།ཅེས་སྐྱབས་རྗེ་མདོ་ཁམས་ཆེན་པོའི་ཞལ་སློབ་སྒྲུབ་བླ་ཕྲིན་ལས་བློ་གྲོས་ནས་རྟེན་འབྲེལ་བཟང་པོའི་རྟེན་བཅས་གསུང་བསྐུལ་གནང་བ་དང་ལྷན་ཅིག །དུར་ཁྲོད་བསིལ་བ་ཚལ་དུ་དཔལ་ཡེ་ཤེས་མགོན་པོའི་གསོལ་བསྐང་ལ་བརྩོན་པའི་སྐབས་འདོད་པའི་ཕྲིན་ལས་བཅོལ་བའི་ཚུལ་དུ་མདོ་སྨད་སྡེ་དགེའི་རྒྱལ་ཁབ་ནས་རྐང་འཁྱར་བའི་སྔགས་རྒན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའམ་བཀྲ་ཤིས་དཔལ་འབྱོར་གྱིས་དད་དང་གུས་པས་བྲིས་པ་ཐུབ་བསྟན་རིན་པོ་ཆེ་རྒྱས་ཤིང་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག།

/ces skyabs rje mdo khams chen po'i zhal slob sgrub bla phrin las blo gros nas rten 'brel bzang po'i rten bcas gsung bskul gnang ba dang lhan cig_/dur khrod bsil ba tshal du dpal ye shes mgon po'i gsol bskang la brtson pa'i skabs 'dod pa'i phrin las bcol ba'i tshul du mdo smad sde dge'i rgyal khab nas rkang 'khyar ba'i sngags rgan rang byung 'od gsal thugs mchog rdo rje'am bkra shis dpal 'byor gyis dad dang gus pas bris pa thub bstan rin po che rgyas shing brtan pa'i rten 'byung du gyur cig

Notes There are several short works related to Mahākāla included in the text entry.
[edit]
༄༅། ཧཱུྃ། དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡུམ་མཆོག་ལས་མགོན་འབར་མ་སེང་གདོང་གཟའ། །ཚངས་པ་གཤིན་རྗེ་རྡོར་ལེགས་གནོད་སྦྱིན་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པའང་བྱ་བཏང་ཀྵནྟིས་བསྐུལ་ངོར་མངྒ་ལས་སོ། ༈ བསྟན་སྲུང་ཡེ་ཤེས་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པའི་གསོལ་མཆོད་ཁྲག་འཐུང་དགྱེས་དགུའི་རོལ་མོ་བཞུགས་སོ། ཧཱུྃ༔ ཀཱ་ལ་མ་ཧཱ་རྡོ་རྗེ་སྲིན་པོའི་གཟུགས། །ཁ་ཊྭཱཾ་གྲི་ཐོད་རལ་གྲིས་མཚན་པའི་ཕྱག །ག་ཤ་མགོ་ཕྲེང་དུར་ཁྲོད་ཆས་སྒེག་བཞིན། །ང་བདག་དབྱིངས་བསྒྲལ་བསིལ་བའི་ཚལ་ནས་སྤྱོན། །ཅ་ཅོའི་རླབས་འཁྲུགས་ཁོར་ཡུག་ཁྲག་མཚོའི་ཀློང༌། །ཆ་བྱེད་འཇིགས་རུང་དྲག་པོའི་གཞལ་ཡས་བརྗིད། །ཇ་ཧོང་ཉིན་བྱེད་པདྨ་བརྩེགས་པའི་ཁྲིར། །ཉ་བོའི་གཟུགས་སྟེང་རོལ་པའི་སྟབས་ཀྱིས་བཞུགས། །ཏཱ་ན་ག་ན་བདེ་སྟོང་དགྱེས་རོལ་ཡུམ། །ཐ་ཚིག་གཉན་པོས་ཐུབ་པའི་བསྟན་སྐྱོང་དབང༌། །ད་ལྟ་སྙིགས་མའི་གདུང་སྐྱོབ་དཔལ་ལྷ་མོ། །ནཱ་རོ་ཏ་པ་ལ་སོགས་གྲུབ་པའི་འབངས། །པ་སངས་ལྟར་དཀར་ཟླ་ཚེས་སྤྱི་བོར་བརྒྱན། །ཕ་རོལ་གཤིན་རྗེའི་ལྕམ་གཅིག་བདུད་ཀྱི་ཡུམ། །བ་གླང་ལྤགས་དང་རེ་ལྡེའི་སྨད་གཡོགས་ཅན། །མ་གཅིག་དུད་པའི་སོལ་མ་གནས་འདིར་གཤེགས། །ཙཱ་རི་ཏྲ་སོགས་གནས་དང་གཙུག་ལག་ནས། །ཚ་ཟེར་ལྟར་འབར་རབ་དམར་ཁྲོས་པའི་གདོང༌། །ཛ་ཡའི་བསྟན་སྲུང་བཙན་རྒོད་དགྲ་འདུལ་རྩལ། །ཝ་ལེར་དགྱེས་པའི་ཚུལ་གྱིས་འདིར་གཤེགས་ཤིག །ཞྭ་ལྟར་གུས་པས་ཁྱེད་རྣམས་གུས་བཏུད་ནས། །ཟ་འདོད་ཙམ་མིན་བསྟན་འགྲོའི་ཕན་བདེ་སྤེལ། །འ་འུར་སྙིགས་མའི་རྒུད་པ་དབྱིངས་སུ་ཞི། །ཡ་མཚན་བཀྲ་ཤིས་དགེ་ལེགས་འཕེལ་རྒྱས་མཛོད། །ར་བ་སྲིད་ཞིའི་ཁྱོན་གནས་དཔལ་འབྱོར་ཚོགས། །ལ་ལ་ཙམ་མིན་འདོད་དགུའི་མཆོད་སྤྲིན་གྱིས། །ཤ་རྐྱང་སྨན་ལྗོངས་རྩེན་བཞིན་དགྱེས་བཞེས་ནས། །ས་གསུམ་ཀུན་ཏུ་ཐུབ་བསྟན་རིན་ཆེན་སྤེལ། །ཧ་ལ་ལྟ་བུའི་ནད་གདོན་མི་མཐུན་ཞི། །ཨ་ཧཾ་དྭངས་མའི་ཚེ་དཔལ་འབྱོར་དྲུག་རྒྱས། །ཧ་རིའི་ངད་མཚུངས་ཀུན་ཡིད་དབང་དུ་སྡུས། །ཨ་ལ་ལ་ཧོ་དགྲ་བགེགས་དྲག་པོས་ཆོམས། ཨིནྡྲ་ནཱི་ལ་ལྟར་མཛེས་སྤྱོད་པས་དུལ། །ཨུ་རྒྱན་བླ་མའི་ཐུགས་བཅུད་བསྐྱེད་རྫོགས་སྒོམ། །ཨེ་མ་མཐའ་བྲལ་ལྟ་བས་མཁའ་སྤྱོད་ཞིང༌། །ཨོ་ཌཱི་ཡ་ནའི་ཚལ་དུ་འདྲེན་པར་མཛོད། །ཅེས་ལྷོ་མོན་ཙན་དན་གྱི་རྒྱལ་ཁབ་ཆེན་པོའི་ཆོས་སྡེའི་གཙོ་བོ་རིན་ཆེན་སྤུངས་པའི་དགེ་སྦྱོང་ཨཱ་ནན་ཏ་དྷྭ་ཛས་ཆེད་དུ་བསྐུལ་བ་དང༌། རང་ཉིད་ཀྱང་ལྗོངས་དེར་ཆས་པར་ཉེ་བའི་སྐབས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བཀའ་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲག་དཀར་བཀྲ་ཤིས་ལྡིངས་ནས་ནག་ཟླའི་ཚེས་ལ་བྲིས་དགེ་ལེགས་འཕེལ། ༈ དཔལ་རྡོ་རྗེ་ཆོས་སྐྱོང་བའི་ཚོགས་ལ་ཕྲིན་ལས་སུ་གསོལ་བ་བསྟན་འགྲོའི་དཔལ་བསྐྱེད་ཅེས་བྱ་བ་བཞུགས་སོ། ཧཱུྃ་བྷྱོཿ ཀཱ་ལ་མ་ཧཱ་དཔལ་ལྡན་རྡོ་རྗེ་གུར། །ཁ་སྦྱོར་དབྱིངས་ཡུམ་འདོད་ཁམས་དབང་ཕྱུག་མ། །ག་བུར་ལྟར་སིམ་ལས་མཛད་གཉན་མགོན་ཆེ། །ང་བདག་བསྒྲལ་བའི་དུར་ཁྲོད་དབྱིངས་ནས་བཞེངས། །ཅ་ཅོའི་སྒྲ་སྒྲོགས་རོ་ལངས་ཤ་ཟའི་འཁོར། །ཆ་བྱད་འཇིགས་རུང་ཤན་པའི་འདུན་སའི་གཞིར། །ཇ་ཧང་ཉིན་བྱེད་པདྨོ་རོ་གདན་སྟེང༌། །ཉ་རྒྱས་འཛུམ་བཞིན་དགྱེས་ཞལ་ངོམས་པས་བཞུགས། །ཏ་མ་ལ་ཡི་མདོག་མཚུངས་འཇིགས་རུང་སྐུ། །ཐ་དད་གང་འདུལ་དེར་སྟོན་རྡོ་རྗེའི་གསུང༌། །ད་ལྟ་དུས་ངན་སྐྱབས་གཅིག་མཁྱེན་བརྩེའི་ཐུགས། །ན་མ་གུས་པའི་ཡིད་ཀྱིས་རྩེ་གཅིག་འདུད། །པ་སངས་ལྟར་མཛེས་གཟུགས་དང་སྙན་བརྗིད་སྒྲ། །ཕ་མཐའ་ཁྱབ་པའི་སྤོས་སྤྲིན་སྣང་བྱེད་ཕྲེང༌། །བ་མཆོག་ལྟར་འཇོའི་ཞལ་ཟས་རོལ་མོ་སོགས། །མ་ལུས་མཆོད་བསྐང་སྒྲུབ་པའི་རྫས་ཀྱིས་མཆོད། །ཙ་མ་ར་ནག་བདུད་ལུག་རྟ་ནག་ཁྱི། །ཚ་ངར་མཚོན་ཆའི་ཚོགས་དང་ཁྲག་ཆང་མཚོ། །ཛ་ཡའི་གོ་ཆ་ཁང་བཟང་རྟགས་རྫས་སོགས། །ཝ་སྤྱང་གཅན་གཟན་ཚོགས་ཀྱིས་ཐུགས་དམ་བསྐང༌། །ཞྭ་གོས་མཁོ་དགུས་དཔལ་འབྱོར་ལོངས་སྤྱོད་དང༌། །ཟ་མའི་སྐྱེམས་ཕུད་དགྱེས་དགུའི་བ་ལིངྟ། །འ་འུར་དབྱངས་སྙན་གླིང་བུ་དུང་དང་རྔ། །ཡ་མཚན་ཐུགས་ལ་བཞེད་དགུའི་དགྱེས་པར་བསྐང༌། །ར་རིབ་བྲལ་བའི་ཡེ་ཤེས་སྤྱན་རས་མདུན། །ལ་འུར་ཉེས་ལྟུང་ནོངས་པར་སྤྱོད་པའི་ཚོགས། །ཤ་ཟའི་སྤྱོད་ལྟར་བརླང་པོར་སྤྱོད་ཀུན་བཤགས། །ས་ལམ་སྒྲིབ་མེད་ཡོན་ཏན་གོང་འཕེལ་མཛོད། །ཧ་ཧོ་དགྱེས་པའི་གད་རྒྱངས་དང་བཅས་ཏེ། །ཨ་ལ་ལ་ཧོ་ངོ་མཚར་བསྟན་འགྲོའི་དཔལ། །ཨ་ཧོ་ཡར་ཟླའི་དཔལ་ལྟར་གོང་འཕེལ་ནས། །ཧ་ལ་སྙིགས་མའི་རྒུད་པ་དབྱིངས་སུ་སོལ། །ཨི་ཤྭ་ར་བཞིན་ས་གསུམ་དཔལ་གྱིས་མཐོ། །ཨུ་རྒྱན་གླིང་བཞིན་ཟབ་གསང་བསྟན་པ་སྤེལ། །ཨེ་མ་བསྟན་འཛིན་ཕྲིན་ལས་སྤེལ་ཞིང་སྲུངས། །ཨོ་ཌཱི་ཡ་ན་ས་འདིར་འཕོས་བཞིན་མཛོད། །མྱུར་མྱུར་དམ་ཅན་རྒྱ་མཚོའི་ཕྲིན་ལས་དཔལ། །ཡང་ཡང་རྗེས་སུ་བསྐུལ་ལ་ཉེར་དགོངས་ནས། །མཛེས་མཛེས་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ། །འཕེལ་འཕེལ་རྟག་ཁྱབ་ལྷུན་གྱིས་གྲུབ་པར་མཛོད། །ཅེས་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཟབ་རྒྱས་ཀྱི་མཆོད་སྤྲིན་འཇམ་དབྱངས་བླ་མའི་མཆོག་སྤྲུལ་ལ་ཕུལ་བ་ལེགས་པར་གྲུབ་པའི་རྗེས་གང་ཤར་གྱི་རྟོག་པ་ཡི་གེའི་གཟུགས་སུ་འགོད་པ་པོ་ནི་སྔགས་བཙུན་མངྒ་ལའི་མིང་གིས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་བླ་མ་ས་སྐྱ་པ་བརྩེ་བ་ཆེན་པོའི་དུས་ཀྱི་མཆོད་པ་དང་འབྲེལ་བར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ ཧཱུྃ། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན། །ཨེ་ཀ་ཛ་ཊི་ལྷ་མོ་འདོད་ཁམས་མ། །པུ་ཏྲ་མིང་སྲིང་གནོད་སྦྱིན་ཕོ་མོ་སོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་སྲུང་མའི་དམ་ཚིག་རྗེས་སུ་དྲན་པས་མངྒ་ལས་བྲིས་པ་སརྦ་ཨརྠ་སིདྡྷི་ཧཱུྃ། ༈ དཔལ་ཡེ་ཤེས་ཀྱི་མགོན་པོའི་གསོལ་མཆོད་ཁྲག་འཐུང་རོལ་པའི་དགའ་སྟོན་ཞེས་བྱ་བ་བཞུགས། ཧཱུྃ། རྡོ་རྗེ་བདེ་ཆེན་དགྱེས་པ་ཧེ་རུ་ཀ །རྡོ་རྗེ་ཐེག་པའི་ཟབ་གསང་བསྟན་སྲུང་ཕྱིར། །རྡོ་རྗེ་སྲིན་པོ་འབར་བའི་སྐུར་བཞེངས་པ། །རྡོ་རྗེ་མ་ཧཱ་ཀཱ་ལ་གནས་འདིར་བྱོན། །གཟུང་འཛིན་རཱུ་ཏྲ་བསྒྲལ་བའི་ལོངས་སྤྱོད་ཀྱིས། །རབ་འཇིགས་དུར་ཁྲོད་དྲག་པོའི་གཞལ་མེད་ཁང༌། །གསང་ཆེན་རྡོ་རྗེ་དབྱིངས་ཀྱི་གནས་མཆོག་འདིར། །གཤེགས་བྱོན་མཚན་མ་སྤང་བའི་ཚུལ་གྱིས་བཞུགས། །འཕགས་ལམ་ཡོན་ཏན་རབ་རྫོགས་ཕྱིའི་མཆོད་སྤྲིན། །རྡོ་རྗེའི་རྣལ་འབྱོར་མཐར་སོན་དྲག་པོའི་རྫས། །གཉིས་མེད་དཔའ་བོ་དགྱེས་པའི་ལོངས་སྤྱོད་ཀྱིས། །ཁྱོད་ཐུགས་གསང་བ་མཆོག་ཏུ་སིམ་གྱུར་ཅིག །རྣམ་འགྱུར་ཕྲིན་ལས་གར་གྱིས་མཁའ་ཁྱབ་ཀྱང༌། །ངོ་བོ་ཤིན་ཏུ་ཞི་བའི་ཡེ་ཤེས་དབྱིངས། །འགྱུར་མེད་རྣམ་པ་ཀུན་གྱི་མཆོག་ལྡན་པའི། །བདག་ཉིད་ཅིར་ཡང་སྣང་ལ་ཕྱག་འཚལ་བསྟོད། །སྣང་བ་ཡུམ་ལྔའི་མཁའ་ཀློང་དགའ་བའི་ཁྱིམ། །སྲིད་པ་རྡོ་རྗེའི་གྲོང་ཁྱེར་ལྷའི་འཁོར་ལོ། །ཅིར་སྣང་བདེ་བ་ཆེན་པོའི་ལོངས་སྤྱོད་ནི། །མཆོད་སྐོང་སྒྲུབ་པའི་རྫས་སུ་གདོད་ནས་ཤར། །འཁོར་འདས་ཆོས་ཀུན་དྲྭ་བ་སྡོམ་པའི་དབྱིངས། །ཨེ་ཝཾ་ཕྱག་རྒྱའི་རྒྱ་ལས་མི་འདའ་བས། །ཀུན་ཁྱབ་རྟག་པ་རྒྱུན་གྱི་ངེས་པ་ལྔ། །དོན་གྱི་རྟེན་རྫས་མི་གཡོ་ལྷུན་གྱིས་གྲུབ། །མ་ལུས་ཆོས་ཀུན་ཆོས་ཉིད་རྡུལ་བྲལ་མཁའ། །རྡོ་རྗེ་བདེ་བ་དམ་པ་མཆོག་གི་དབྱིངས། །ཀུན་འབྱུང་ལས་ཉོན་མུན་པས་མི་ཕྱེད་པའི། །ཕྲ་གཟུགས་རྟག་ཏུ་བདེ་བས་མྱོས་བཞིན་དགྱེས། །སྙིང་རྗེས་གང་བའི་ཐུགས་ནི་དབྱིངས་སུ་ཞི། །རང་བཞིན་མེད་པའི་སྟོང་ཉིད་མཁའ་ལྟར་ཁྱབ། །རྟག་ཏུ་མི་ཕྱེད་རྡོ་རྗེའི་དབྱིངས་དགྱེས་པས། །འཁོན་དང་ཉམས་ཆགས་དབྱིངས་སུ་བཤགས་ཤིང་སྡོམ། །མཆོག་ཏུ་མི་འགྱུར་མུན་པའི་ཁ་དོག་ཅན། །དྲག་ཤུལ་འབར་བའི་ལང་ཚོའི་བརྗིད་པར་སྒེག །ཧེ་རུ་ཀ་དཔལ་རྡོ་རྗེ་འབར་བ་ཡི། །ཡེ་ཤེས་རོལ་པ་ཅིར་ཡང་འཆར་ལ་བསྟོད། །སྟོང་ཉིད་དབྱིངས་དང་མཉམ་པའི་སྙིང་རྗེའི་རྩལ། །སྲིད་ཞིའི་ཕན་བདེ་མ་ལུས་འབྱུང་བའི་གནས། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་རྡོ་རྗེའི་མཐུ། །མ་ལུས་འགྲོ་བའི་མགོན་པོ་ཁྱོད་གཅིག་པུ། །སྤྲོས་པའི་མཐའ་ལས་རབ་འདས་ཆོས་ཀྱི་དབྱིངས། །ཟབ་ཞི་གསང་བ་ཆེན་པོ་བློ་ལས་འདས། །མཚན་མའི་རྟོག་བྲལ་ཆོས་ཉིད་ཤིན་ཏུ་ཞི། །འཕགས་པའི་ཡེ་ཤེས་ཆེན་པོར་གཅིག་ཏུ་ཟླུམ། །དུག་གསུམ་རང་རྒྱུད་ཞེན་པའི་རཱུ་ཏྲ་གསུམ། །བདེ་གསལ་མི་རྟོག་ཡེ་ཤེས་རྩེ་བརྒྱ་པས། །བདེ་ཆེན་དབྱིངས་སུ་བསྒྲལ་ཕྱིར་དྲག་པོའི་སྐུ། །ཚར་གཅོད་རྡོ་རྗེའི་འབར་བའི་མཚོན་དུ་བསྟན། །རྡོ་རྗེ་གསང་བ་ཆེན་པོའི་ཉེ་ལམ་གྱི། །སྨིན་གྲོལ་རྒྱུད་སྡེའི་ཟབ་དོན་གཅེས་དགུའི་མཛོད། །མི་གཡེལ་མེལ་ཚེའི་ལས་ཀྱིས་སྲུང་བའི་ཕྱིར། །རྡོ་རྗེའི་ཕྲིན་ལས་འབར་བའི་ཕྱག་རྒྱ་གདེངས། །མཁའ་ཁྱབ་ནམ་མཁའི་གཟུགས་ཅན་ཡེ་ཤེས་དཔལ། །མངོན་དུ་གྱུར་པས་འཕགས་པའི་གནས་ཀྱི་སར། །དགྱེས་རྩེན་རིག་པ་འཛིན་ཀུན་སྐྱོང་མཛད་ཅིང༌། །ཕྲིན་ལས་བཞེད་དགུའི་དཔལ་ཀུན་ངང་གིས་སྩོལ། །རྡོ་རྗེ་བཞི་ཡི་འབར་བའི་ཕྱག་མཚན་གྱིས། །གནས་སྐབས་རྣམ་བཞིའི་འཁྲུལ་པ་ཚར་བཅད་ནས། །ཡེ་ཤེས་བཞི་འཕྲོ་ཟག་མེད་ཆོས་དབྱིངས་སུ། །སྐུ་མཆོག་རྣམ་བཞིའི་གོ་འཕང་ཁྱོད་ཀྱིས་བརྙེས། །དྲག་པོ་ཆེན་པོ་འཇིགས་དུས་ལོག་སྤྱོད་ཀྱིས། །སྲིད་གསུམ་འཁྲུལ་པའི་འཁོར་ལོར་ཉམས་ཉེས་ཚེ། །ཁྱོད་ནི་ཧེ་རུ་ཀ་དཔལ་ཆེ་བའི་མཆོག །བདེ་ཆེན་ཌཱ་ཀིའི་དབང་ཕྱུག་ཉིད་ཀྱང་ཡིན། །དབྱིངས་དང་སྦྱོར་སྒྲོལ་གསང་བའི་མ་གསུམ་དང༌། །རྡོ་རྗེ་ཆགས་ཆེན་གར་གྱིས་རྟག་རྩེན་པས། །འཁོར་འདས་བདེ་བ་མཆོག་གི་དཔྱིད་གྲུབ་པས། །མི་ཤིགས་ཐིག་ལེ་ཆེན་པོར་སིམ་པས་དགེས། །ཕྱི་ལྟར་འཛམ་གླིང་ས་ཡི་ལྟེ་བ་ཆེ། །རྒྱལ་ཀུན་མངོན་འཚང་རྒྱ་གནས་རྡོ་རྗེའི་གདན། །ནང་དུ་ལས་ཀྱི་ཐིག་རླུང་སེམས་ཀྱི་ཁམས། །ཨ་ཝ་དྷཱུ་ཏིར་ངལ་འཚོའི་ཡེ་ཤེས་པ། །ངེས་དོན་འཁྲུལ་པའི་མེ་ཆུས་འཇིགས་བྲལ་བའི། །རྡོ་རྗེའི་ཞིང་མཆོག་དོན་གྱི་འོག་མིན་ཆེར། །སྐུ་གསུམ་སྟོན་པས་ལུང་རྟོགས་ཆོས་སྐུའི་མཛོད། །ཁྱོད་ལ་གཉེར་དུ་གཏད་པའི་གནས་གཟིགས་ནས། །སངས་རྒྱས་གཉིས་པ་དཔལ་མགོན་ཀླུ་དབང་གིས། །ཕྲིན་ལས་གཉེར་ཁ་ཁྱོད་ལ་ཉེ་བར་གཏད། །དེ་ཕྱིར་འདི་ནས་བྱང་ཆུབ་ཤིང་དྲུང་དུ། །མངོན་སངས་རྒྱས་བར་བདག་གི་རྣམ་དཀར་ལས། །བར་ཆད་མེད་པའི་གཉེར་ཁ་ཁྱོད་ལ་གཏད། །རྟག་ཏུ་མི་འབྲལ་མེལ་ཚེས་ཡང་ཡང་སྐྱོངས། །རྩོད་པའི་དུས་ཀྱི་རྒུད་པས་ཡང་དག་བསྟན། །ཤིན་ཏུ་ཉམས་པའི་གནས་སྐབས་འདི་གཟིགས་ནས། །འདོད་དགུའི་ཕྲིན་ལས་རྣམ་བཞིའི་རོལ་རྩེད་ཀྱིས། །བཤད་སྒྲུབ་ལས་ཀྱི་འཁོར་ལོའི་ཤིང་རྟ་དྲངས། །འགྲོ་ཀུན་སྡུག་བསྔལ་ཉམ་ཐག་གྱུར་པའི་སྐྱབས། །རྒྱལ་སྲས་འཕགས་པ་རྣམས་ལས་གཞན་སུ་ཞིག །དེ་ཕྱིར་གདུང་བས་ཁྱོད་སྙན་བསྐུལ་ལགས་ན། །ཕན་བདེའི་སྣང་བ་མཁའ་དང་མཉམ་པར་མཛོད། །སློབ་པའི་ལམ་གྱི་གྲོགས་མཆོག་ངས་བགྱི་ཞེས། །བསྟན་པའི་བདག་པོའི་སྤྱན་སྔར་ཞལ་བཞེས་བཞིན། །བསྟན་འཛིན་མཆོག་གི་ཕྲིན་ལས་ཐུགས་བསྐྱེད་ཀྱི། །དཔལ་ཀུན་སྤེལ་ཞིང་ཕྱོགས་ལས་རྣམ་རྒྱལ་མཛོད། །བླ་མ་ལ་གུས་གསང་ཆེན་ལམ་དུ་ཞུགས། །བསྙེན་སྒྲུབ་ལས་ཀྱི་སྦྱོར་བས་ཁྱོད་བསྙེན་སྒྲུབ། །དངོས་གྲུབ་དཔལ་གྱི་ཡང་ཡང་མཛེས་པ་ཡིས། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྟག་སྩོལ་ཅིག །འགལ་རྐྱེན་བར་ཆད་རྡོ་རྗེའི་གོ་ཆས་སྲུང༌། །དཔལ་གྱི་ཡོན་ཏན་རྒྱས་པས་དབུགས་འབྱིན་སྩོལ། །སྲིད་ཞིའི་དགེ་ཀུན་རང་དབང་བསྒྱུར་བ་དང༌། །མི་སྲུན་བདུད་སྡེ་དབྱིངས་སུ་སྒྲོལ་བར་མཛོད། །ཇི་སྙེད་འགྲོ་བས་རྩེ་གཅིག་གསོལ་བཏབ་དོན། །ལྷུན་གྲུབ་ཕྲིན་ལས་ཡིད་བཞིན་ནོར་བུའི་དཔལ། །བདག་གིས་མངོན་སུམ་གྱུར་ནས་དོན་གཉིས་སྒོ། །ཡོངས་གྲུབ་དགེ་ལེགས་དཔལ་ཡོན་ཀུན་འཕེལ་མཛོད། །མི་བསྲུན་ལོག་པ་མཐར་བྱེད་ཁྱོད་ལ་བསྟོད། །ཅེས་སྐྱབས་རྗེ་མདོ་ཁམས་ཆེན་པོའི་ཞལ་སློབ་སྒྲུབ་བླ་ཕྲིན་ལས་བློ་གྲོས་ནས་རྟེན་འབྲེལ་བཟང་པོའི་རྟེན་བཅས་གསུང་བསྐུལ་གནང་བ་དང་ལྷན་ཅིག །དུར་ཁྲོད་བསིལ་བ་ཚལ་དུ་དཔལ་ཡེ་ཤེས་མགོན་པོའི་གསོལ་བསྐང་ལ་བརྩོན་པའི་སྐབས་འདོད་པའི་ཕྲིན་ལས་བཅོལ་བའི་ཚུལ་དུ་མདོ་སྨད་སྡེ་དགེའི་རྒྱལ་ཁབ་ནས་རྐང་འཁྱར་བའི་སྔགས་རྒན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའམ་བཀྲ་ཤིས་དཔལ་འབྱོར་གྱིས་དད་དང་གུས་པས་བྲིས་པ་ཐུབ་བསྟན་རིན་པོ་ཆེ་རྒྱས་ཤིང་བརྟན་པའི་རྟེན་འབྱུང་དུ་གྱུར་ཅིག། །།
[edit]

@#/_hU~M/_dpal ldan ye shes mgon po phyag bzhi pa/_/yum mchog las mgon 'bar ma seng gdong gza'/_/tshangs pa gshin rje rdor legs gnod sbyin bcas/_/gsol lo mchod do bcol ba'i phrin las mdzod/_/ces pa'ang bya btang k+Shan+tis bskul ngor mang+ga las so/__!__bstan srung ye shes mgon po lcam dral 'khor dang bcas pa'i gsol mchod khrag 'thung dgyes dgu'i rol mo bzhugs so/_hU~M:_kA la ma hA rdo rje srin po'i gzugs/_/kha T+wAM gri thod ral gris mtshan pa'i phyag_/ga sha mgo phreng dur khrod chas sgeg bzhin/_/nga bdag dbyings bsgral bsil ba'i tshal nas spyon/_/ca co'i rlabs 'khrugs khor yug khrag mtsho'i klong*/_/cha byed 'jigs rung drag po'i gzhal yas brjid/_/ja hong nyin byed pad+ma brtsegs pa'i khrir/_/nya bo'i gzugs steng rol pa'i stabs kyis bzhugs/_/tA na ga na bde stong dgyes rol yum/_/tha tshig gnyan pos thub pa'i bstan skyong dbang*/_/da lta snyigs ma'i gdung skyob dpal lha mo/_/nA ro ta pa la sogs grub pa'i 'bangs/_/pa sangs ltar dkar zla tshes spyi bor brgyan/_/pha rol gshin rje'i lcam gcig bdud kyi yum/_/ba glang lpags dang re lde'i smad g.yogs can/_/ma gcig dud pa'i sol ma gnas 'dir gshegs/_/tsA ri tra sogs gnas dang gtsug lag nas/_/tsha zer ltar 'bar rab dmar khros pa'i gdong*/_/dza ya'i bstan srung btsan rgod dgra 'dul rtsal/_/wa ler dgyes pa'i tshul gyis 'dir gshegs shig_/zhwa ltar gus pas khyed rnams gus btud nas/_/za 'dod tsam min bstan 'gro'i phan bde spel/_/'a 'ur snyigs ma'i rgud pa dbyings su zhi/_/ya mtshan bkra shis dge legs 'phel rgyas mdzod/_/ra ba srid zhi'i khyon gnas dpal 'byor tshogs/_/la la tsam min 'dod dgu'i mchod sprin gyis/_/sha rkyang sman ljongs rtsen bzhin dgyes bzhes nas/_/sa gsum kun tu thub bstan rin chen spel/_/ha la lta bu'i nad gdon mi mthun zhi/_/a haM dwangs ma'i tshe dpal 'byor drug rgyas/_/ha ri'i ngad mtshungs kun yid dbang du sdus/_/a la la ho dgra bgegs drag pos choms/_in+d+ra nI la ltar mdzes spyod pas dul/_/u rgyan bla ma'i thugs bcud bskyed rdzogs sgom/_/e ma mtha' bral lta bas mkha' spyod zhing*/_/o DI ya na'i tshal du 'dren par mdzod/_/ces lho mon tsan dan gyi rgyal khab chen po'i chos sde'i gtso bo rin chen spungs pa'i dge sbyong A nan ta d+h+wa dzas ched du bskul ba dang*/_rang nyid kyang ljongs der chas par nye ba'i skabs rgyal dbang mtsho skyes rdo rje'i bka' 'bangs 'jigs med mkhyen brtse'i 'od zer gyis brag dkar bkra shis ldings nas nag zla'i tshes la bris dge legs 'phel/__!__dpal rdo rje chos skyong ba'i tshogs la phrin las su gsol ba bstan 'gro'i dpal bskyed ces bya ba bzhugs so/_hU~M b+h+yoH_kA la ma hA dpal ldan rdo rje gur/_/kha sbyor dbyings yum 'dod khams dbang phyug ma/_/ga bur ltar sim las mdzad gnyan mgon che/_/nga bdag bsgral ba'i dur khrod dbyings nas bzhengs/_/ca co'i sgra sgrogs ro langs sha za'i 'khor/_/cha byad 'jigs rung shan pa'i 'dun sa'i gzhir/_/ja hang nyin byed pad+mo ro gdan steng*/_/nya rgyas 'dzum bzhin dgyes zhal ngoms pas bzhugs/_/ta ma la yi mdog mtshungs 'jigs rung sku/_/tha dad gang 'dul der ston rdo rje'i gsung*/_/da lta dus ngan skyabs gcig mkhyen brtse'i thugs/_/na ma gus pa'i yid kyis rtse gcig 'dud/_/pa sangs ltar mdzes gzugs dang snyan brjid sgra/_/pha mtha' khyab pa'i spos sprin snang byed phreng*/_/ba mchog ltar 'jo'i zhal zas rol mo sogs/_/ma lus mchod bskang sgrub pa'i rdzas kyis mchod/_/tsa ma ra nag bdud lug rta nag khyi/_/tsha ngar mtshon cha'i tshogs dang khrag chang mtsho/_/dza ya'i go cha khang bzang rtags rdzas sogs/_/wa spyang gcan gzan tshogs kyis thugs dam bskang*/_/zhwa gos mkho dgus dpal 'byor longs spyod dang*/_/za ma'i skyems phud dgyes dgu'i ba ling+ta/_/'a 'ur dbyangs snyan gling bu dung dang rnga/_/ya mtshan thugs la bzhed dgu'i dgyes par bskang*/_/ra rib bral ba'i ye shes spyan ras mdun/_/la 'ur nyes ltung nongs par spyod pa'i tshogs/_/sha za'i spyod ltar brlang por spyod kun bshags/_/sa lam sgrib med yon tan gong 'phel mdzod/_/ha ho dgyes pa'i gad rgyangs dang bcas te/_/a la la ho ngo mtshar bstan 'gro'i dpal/_/a ho yar zla'i dpal ltar gong 'phel nas/_/ha la snyigs ma'i rgud pa dbyings su sol/_/i shwa ra bzhin sa gsum dpal gyis mtho/_/u rgyan gling bzhin zab gsang bstan pa spel/_/e ma bstan 'dzin phrin las spel zhing srungs/_/o DI ya na sa 'dir 'phos bzhin mdzod/_/myur myur dam can rgya mtsho'i phrin las dpal/_/yang yang rjes su bskul la nyer dgongs nas/_/mdzes mdzes bshad sgrub las kyi 'khor lo gsum/_/'phel 'phel rtag khyab lhun gyis grub par mdzod/_/ces sgrub thabs rin po che kun las btus pa'i zab rgyas kyi mchod sprin 'jam dbyangs bla ma'i mchog sprul la phul ba legs par grub pa'i rjes gang shar gyi rtog pa yi ge'i gzugs su 'god pa po ni sngags btsun mang+ga la'i ming gis spa gro skyer chu'i gtsug lag khang du bla ma sa skya pa brtse ba chen po'i dus kyi mchod pa dang 'brel bar bris pa don dang ldan par gyur cig__!__hU~M/_rdo rje nag po chen po gur gyi mgon/_/e ka dza Ti lha mo 'dod khams ma/_/pu tra ming sring gnod sbyin pho mo sogs/_/gsol lo mchod do bcol ba'i phrin las mdzod/_/ces srung ma'i dam tshig rjes su dran pas mang+ga las bris pa sarba ar+tha sid+d+hi hU~M/__!__dpal ye shes kyi mgon po'i gsol mchod khrag 'thung rol pa'i dga' ston zhes bya ba bzhugs/_hU~M/_rdo rje bde chen dgyes pa he ru ka_/rdo rje theg pa'i zab gsang bstan srung phyir/_/rdo rje srin po 'bar ba'i skur bzhengs pa/_/rdo rje ma hA kA la gnas 'dir byon/_/gzung 'dzin rU tra bsgral ba'i longs spyod kyis/_/rab 'jigs dur khrod drag po'i gzhal med khang*/_/gsang chen rdo rje dbyings kyi gnas mchog 'dir/_/gshegs byon mtshan ma spang ba'i tshul gyis bzhugs/_/'phags lam yon tan rab rdzogs phyi'i mchod sprin/_/rdo rje'i rnal 'byor mthar son drag po'i rdzas/_/gnyis med dpa' bo dgyes pa'i longs spyod kyis/_/khyod thugs gsang ba mchog tu sim gyur cig_/rnam 'gyur phrin las gar gyis mkha' khyab kyang*/_/ngo bo shin tu zhi ba'i ye shes dbyings/_/'gyur med rnam pa kun gyi mchog ldan pa'i/_/bdag nyid cir yang snang la phyag 'tshal bstod/_/snang ba yum lnga'i mkha' klong dga' ba'i khyim/_/srid pa rdo rje'i grong khyer lha'i 'khor lo/_/cir snang bde ba chen po'i longs spyod ni/_/mchod skong sgrub pa'i rdzas su gdod nas shar/_/'khor 'das chos kun drwa ba sdom pa'i dbyings/_/e waM phyag rgya'i rgya las mi 'da' bas/_/kun khyab rtag pa rgyun gyi nges pa lnga/_/don gyi rten rdzas mi g.yo lhun gyis grub/_/ma lus chos kun chos nyid rdul bral mkha'/_/rdo rje bde ba dam pa mchog gi dbyings/_/kun 'byung las nyon mun pas mi phyed pa'i/_/phra gzugs rtag tu bde bas myos bzhin dgyes/_/snying rjes gang ba'i thugs ni dbyings su zhi/_/rang bzhin med pa'i stong nyid mkha' ltar khyab/_/rtag tu mi phyed rdo rje'i dbyings dgyes pas/_/'khon dang nyams chags dbyings su bshags shing sdom/_/mchog tu mi 'gyur mun pa'i kha dog can/_/drag shul 'bar ba'i lang tsho'i brjid par sgeg_/he ru ka dpal rdo rje 'bar ba yi/_/ye shes rol pa cir yang 'char la bstod/_/stong nyid dbyings dang mnyam pa'i snying rje'i rtsal/_/srid zhi'i phan bde ma lus 'byung ba'i gnas/_/kun byed byang chub sems kyi rdo rje'i mthu/_/ma lus 'gro ba'i mgon po khyod gcig pu/_/spros pa'i mtha' las rab 'das chos kyi dbyings/_/zab zhi gsang ba chen po blo las 'das/_/mtshan ma'i rtog bral chos nyid shin tu zhi/_/'phags pa'i ye shes chen por gcig tu zlum/_/dug gsum rang rgyud zhen pa'i rU tra gsum/_/bde gsal mi rtog ye shes rtse brgya pas/_/bde chen dbyings su bsgral phyir drag po'i sku/_/tshar gcod rdo rje'i 'bar ba'i mtshon du bstan/_/rdo rje gsang ba chen po'i nye lam gyi/_/smin grol rgyud sde'i zab don gces dgu'i mdzod/_/mi g.yel mel tshe'i las kyis srung ba'i phyir/_/rdo rje'i phrin las 'bar ba'i phyag rgya gdengs/_/mkha' khyab nam mkha'i gzugs can ye shes dpal/_/mngon du gyur pas 'phags pa'i gnas kyi sar/_/dgyes rtsen rig pa 'dzin kun skyong mdzad cing*/_/phrin las bzhed dgu'i dpal kun ngang gis stsol/_/rdo rje bzhi yi 'bar ba'i phyag mtshan gyis/_/gnas skabs rnam bzhi'i 'khrul pa tshar bcad nas/_/ye shes bzhi 'phro zag med chos dbyings su/_/sku mchog rnam bzhi'i go 'phang khyod kyis brnyes/_/drag po chen po 'jigs dus log spyod kyis/_/srid gsum 'khrul pa'i 'khor lor nyams nyes tshe/_/khyod ni he ru ka dpal che ba'i mchog_/bde chen DA ki'i dbang phyug nyid kyang yin/_/dbyings dang sbyor sgrol gsang ba'i ma gsum dang*/_/rdo rje chags chen gar gyis rtag rtsen pas/_/'khor 'das bde ba mchog gi dpyid grub pas/_/mi shigs thig le chen por sim pas dges/_/phyi ltar 'dzam gling sa yi lte ba che/_/rgyal kun mngon 'tshang rgya gnas rdo rje'i gdan/_/nang du las kyi thig rlung sems kyi khams/_/a wa d+hU tir ngal 'tsho'i ye shes pa/_/nges don 'khrul pa'i me chus 'jigs bral ba'i/_/rdo rje'i zhing mchog don gyi 'og min cher/_/sku gsum ston pas lung rtogs chos sku'i mdzod/_/khyod la gnyer du gtad pa'i gnas gzigs nas/_/sangs rgyas gnyis pa dpal mgon klu dbang gis/_/phrin las gnyer kha khyod la nye bar gtad/_/de phyir 'di nas byang chub shing drung du/_/mngon sangs rgyas bar bdag gi rnam dkar las/_/bar chad med pa'i gnyer kha khyod la gtad/_/rtag tu mi 'bral mel tshes yang yang skyongs/_/rtsod pa'i dus kyi rgud pas yang dag bstan/_/shin tu nyams pa'i gnas skabs 'di gzigs nas/_/'dod dgu'i phrin las rnam bzhi'i rol rtsed kyis/_/bshad sgrub las kyi 'khor lo'i shing rta drangs/_/'gro kun sdug bsngal nyam thag gyur pa'i skyabs/_/rgyal sras 'phags pa rnams las gzhan su zhig_/de phyir gdung bas khyod snyan bskul lags na/_/phan bde'i snang ba mkha' dang mnyam par mdzod/_/slob pa'i lam gyi grogs mchog ngas bgyi zhes/_/bstan pa'i bdag po'i spyan sngar zhal bzhes bzhin/_/bstan 'dzin mchog gi phrin las thugs bskyed kyi/_/dpal kun spel zhing phyogs las rnam rgyal mdzod/_/bla ma la gus gsang chen lam du zhugs/_/bsnyen sgrub las kyi sbyor bas khyod bsnyen sgrub/_/dngos grub dpal gyi yang yang mdzes pa yis/_/lhun gyis grub pa'i phrin las rtag stsol cig_/'gal rkyen bar chad rdo rje'i go chas srung*/_/dpal gyi yon tan rgyas pas dbugs 'byin stsol/_/srid zhi'i dge kun rang dbang bsgyur ba dang*/_/mi srun bdud sde dbyings su sgrol bar mdzod/_/ji snyed 'gro bas rtse gcig gsol btab don/_/lhun grub phrin las yid bzhin nor bu'i dpal/_/bdag gis mngon sum gyur nas don gnyis sgo/_/yongs grub dge legs dpal yon kun 'phel mdzod/_/mi bsrun log pa mthar byed khyod la bstod/_/ces skyabs rje mdo khams chen po'i zhal slob sgrub bla phrin las blo gros nas rten 'brel bzang po'i rten bcas gsung bskul gnang ba dang lhan cig_/dur khrod bsil ba tshal du dpal ye shes mgon po'i gsol bskang la brtson pa'i skabs 'dod pa'i phrin las bcol ba'i tshul du mdo smad sde dge'i rgyal khab nas rkang 'khyar ba'i sngags rgan rang byung 'od gsal thugs mchog rdo rje'am bkra shis dpal 'byor gyis dad dang gus pas bris pa thub bstan rin po che rgyas shing brtan pa'i rten 'byung du gyur cig/__//

Footnotes

Other Information