DKR-KABUM-04-NGA-014: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-04-NGA-014
No edit summary |
No edit summary |
||
Line 27: | Line 27: | ||
|rectonotes=yan lag | |rectonotes=yan lag | ||
|versonotes=sangs rgyas mtshan brjod | |versonotes=sangs rgyas mtshan brjod | ||
|pdflink=File:DKR-KABUM-04-NGA-014.pdf | |pdflink=File:DKR-KABUM-04-NGA-014.pdf | ||
}} | }} | ||
Line 33: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། སངས་རྒྱས་དང་བྱང་སེམས་ཀྱི་མཚན་ནས་བརྗོད་དེ་མཆོད་འབུལ་གྱི་ཆོ་ག་རྗེས་སུ་ཡི་རང་བ་སོགས་ཡན་ལག་ལྷག་མ་རྣམས་ཅུང་ཟད་སྤྲོས་ཏེ་བྱ་བར་འདོད་པས་མདོ་ལས་བྱུང་བའི་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པ་ལ། ཕྱོགས་བཅུའི་འཇིག་རྟེན་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་སུ་སེམས་ཅན་གང་སུ་དག་སྦྱིན་པ་དང་། ཚུལ་ཁྲིམས་དང་། སྒོམ་པ་ལས་བྱུང་བའི་བསོད་ནམས་ བགྱི་བའི་དངོས་པོ་འདུ་བགྱིས་པ་དང་། བྱང་ཆུབ་སེམས་དཔའ་གང་དག་སེམས་དང་པོ་བསྐྱེད་པ་དང་། བསྐལ་པ་བརྒྱས་བྱང་ཆུབ་པ་རྣམས་ཀྱི་བསོད་ནམས་དང་། མི་སྐྱེ་བའི་ཆོས་ ལ་བཟོད་པ་ཐོབ་པ། ཕྱིར་མི་ལྡོག་པའི་ས་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་ དྲུག་དང་ལྡན་པའི་དགེ་རྩ་འདུ་བགྱིས་པ་དང་། སྐྱེ་བོ་མང་པོ་ལ་ཕན་བདེའི་ཕྱིར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་མེད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་ ཊྛཾ འཁོར་ལོ་བསྐོར་བས་སེམས་ཅན་གྱི་དོན་མཛད་པ་དང་། ཉན་ཐོས་དང་། རང་སངས་རྒྱས། བྱང་ཆུབ་སེམས་དཔའི་ཐེག་པའམ། དེ་ལས་སེམས་ཅན་དེ་དག་གཞན་པའི་དགེ་རྩ་བསྐྱེད་པ་གང་ལགས་པ་དེ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཀུན་སོགས་བཟང་སྤྱོད་ནས་བྱུང་བའི་ཡི་རང་གི་ཚིགས་སུ་བཅད་པའང་བརྗོད། ཡང་། སངས་རྒྱས་བཅོམ་ལྡན་འདས གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བླ་ན་མེད་པ་ཡང་དག་པར་མངོན་པར་རྫོགས་སངས་རྒྱས་པ་དེ་དག་ལ་ཕྱག་འཚལ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ བསྐུལ་གྱིས། སྐྱེ་བོ་མང་པོ་ལ་སྨན་པ་དང་བདེ་བའི་དོན་གྱི་སླད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་དུ་གསོལ། ཆོས་ཀྱི་ཚུལ་རབ་ཏུ་བཟུང་ དུ་གསོལ། ཆོས་ཀྱི་སྦྱིན་པ་མཛད་དུ་གསོལ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་དུ་གསོལ། ཆོས་ཀྱི་ཆར་དབབ་ཏུ་གསོལ། ཆོས་ཀྱི་ཆར་གཏོར་དུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་ གསོལ༑ ཆོས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་ལྗོན་ཤིང་བསྒྲེང་དུ་གསོལ། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སོགས་སངས་རྒྱས་བཅོམ་ལྡན་ འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམསན་སྐུ་ཚེའི་འདུ་བྱེད་བཏང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས་གསོལ་བ་འདེབས་ཀྱིས། སྐྱེ་བོ་མང་པོ་ལ་སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏེ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད། ཉམས་བག་ཏུ་སྤྱོད་དུ་འཇུག་ ༈ ཅིང་རེ་ཞིག་བཞུགས་སུ་གསོལ། མྱ་ངན་འདའ་སྟོན་གང་སོགས། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ་བདག་གིས་དཀོན་མཆོག་གསུམ་དང་སེམས་ཅན་གཞན་ལ་ བརྟེན་ཏེ་སྦྱིན་པ་དང་གསོལ་བ་བཏབ་སྟེ་སྐྱབས་སུ་སོང་བ་དང་། བསླབ་པའི་གཞི་ལྔ་བླངས་བ་དང་། སྡིག་ལྟུང་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། གསོལ་བ་བཏབ་པ་ སོགས་དགེ་རྩ་གང་བགྱིས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རྣམས་ཀྱིས་ཇི་ལྟར་བསྩལ་བ་བཞིན་བཏབ་པས་སེམས་ཅན་ཐམས་ཅད་ཀྱང་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ང་དང་བསོད་ནམས་དང་ཡེ་ཤེས་སྤོབས་པ་ཟད་མི་ཤེས་པ་དང་ལྡན་ཞིང་མཐར་གྱིས་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་གྱུར་ཅིག །ཇི་ལྟར་འདས་པ་དང་མ་འོངས་པ་དང་ད་༔ ལྟའི་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཏིང་ངེ་འཛིན་ཡོན་ཏན་བསམ་མི་ཁྱབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་གཉིས་བསགས་པའི་ནུས་པས་བདུད་ཀྱི་སྡེ་བཅོམ་སྟེ་མངོན་པར་རྫོགས་པའི་བྱང་ཆུབ་བརྙེས་ནས་སྐྱེ་བོའི་ཚོགས་ལ་སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཕྲིན་ལས་རྒྱུན་མི་ཆད་པས་སྲིད་ཞི་ཉེ་བར་འཚོ་བའི་དཔལ་དུ་མཛད་པ་བཞིན་ བདག་དང་སེམས་ཅན་ཐམས་ཅད་ཀྱང་དེ་ཁོ་ན་ལྟར་གྱུར་ཅིག །ཕྱག་འཚལ་བ་དང་སོགས་ཀྱུས་ལ་འཇུག་གོ །དེ་ཡང་འདི་དག་མདོ་ལས་བྱུང་བ་བཞིན་སྦྱརན་ཆེས་ལེགས་པར་སྨོས་ཅི་དགོས་ཀྱང་ཧ་ཅང་ཚིག་ཚོགས་མང་ཆེས་ པས་རྒྱུན་གྱི་རྣལ་འབྱོར་ལ་འདི་ཙམ་ལེགས་པར་མཐོང་ནས་མངྒ་ལས་སྤེལ་བ་དགེ། །། | ||
}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 15:23, 26 September 2023
🚧 This website is under continued development. We appreciate your patience!
སངས་རྒྱས་དང་བྱང་སེམས་ཀྱི་མཚན་ནས་བརྗོད་དེ་མཆོད་དེ་མཆོད་འབུལ་གྱི་ཆོ་ག་རྗེས་སུ་ཡི་རང་བ་སོགས་ཡན་ལག་ལྷག་མ་རྣམས་ཅུང་ཟད་སྤྲོས་ཏེ་བྱ་བར་འདོད་པས་མདོ་ལས་བྱུང་བའི་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པ།
Wylie title | sangs rgyas dang byang sems kyi mtshan nas brjod de mchod de mchod 'bul gyi cho ga rjes su yi rang ba sogs yan lag lhag ma rnams cung zad spros te bya bar 'dod pas mdo las byung ba'i tshig sna cung zad bsdus te bkod pa | |
---|---|---|
Location | dil mgo mkhyen brtse bka' 'bum Volume 4, Text 14, Pages 214-216 (Folios 1a to 2b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Sangs rgyas dang byang sems kyi mtshan nas brjod de mchod de mchod 'bul gyi cho ga rjes su yi rang ba sogs yan lag lhag ma rnams cung zad spros te bya bar 'dod pas mdo las byung ba'i tshig sna cung zad bsdus te bkod pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 4: 214-216. Delhi: Shechen Publications, 1994. | |
Genre | Offering Rituals - mchod sbyin · Ritual and Liturgical Texts - cho ga phyag len |