DKR-KABUM-03-GA-014: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
(One intermediate revision by the same user not shown)
Line 5: Line 5:
|fulltitletib=ཞལ་གདམས་ཕྱོགས་བསྡུས།
|fulltitletib=ཞལ་གདམས་ཕྱོགས་བསྡུས།
|fulltitle=zhal gdams phyogs bsdus
|fulltitle=zhal gdams phyogs bsdus
|citation=[[Khyentse, Dilgo]]. ''Zhal gdams phyogs bsdus''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 3: . Delhi: Shechen Publications, 1994.
|citation=[[Khyentse, Dilgo]]. ''Zhal gdams phyogs bsdus''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 3: 172-267. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|tibgenre=Supplications - gsol 'debs
|tibgenre=Advice - zhal gdams
|terma=No
|terma=No
|dkroutline=Two
|dkroutline=Two
Line 19: Line 19:
|totalvolumes=25
|totalvolumes=25
|textnuminvol=014
|textnuminvol=014
|beginfolioline=1a
|pagenumbers=172-267
|totalpages=192
|beginfolioline=1a1
|endfolioline=96b6
|totalfolios=96
|multivolumework=No
|multivolumework=No
|versonotes=zhal gdams
|pdflink=File:DKR-KABUM-03-GA-014.pdf
|pdflink=File:DKR-KABUM-03-GA-014.pdf
}}
}}

Revision as of 12:00, 10 November 2022

ཞལ་གདམས་ཕྱོགས་བསྡུས།
Wylie title zhal gdams phyogs bsdus DKR-KABUM-03-GA-014.pdf
Location dil mgo mkhyen brtse bka' 'bum
Volume 3, Text 14, Pages 172-267 (Folios 1a1 to 96b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Zhal gdams phyogs bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 172-267. Delhi: Shechen Publications, 1994.
Genre Advice - zhal gdams
[edit]
༄༅། །ཕ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རྗེ་ཁྱེད་ཀྱི་གསང་གསུམ་ཡོན་ཏན་དང༌། །དྲིན་འཁོར་ཐབས་བྲལ་བ་དྲན་བཞིན་པས། །དུས་རྟག་པར་མི་བརྗེད་གསོལ་བ་འདེབས། །ལས་སྙིགས་མ་ལྔ་བདོའི་སྐབས་འདི་རུ། །ཆོས་བྱེད་མཁན་ཉིན་མོའི་སྐར་མ་འདྲ། །དོན་སྒྲུབ་པའི་རྒྱལ་མཚན་བཙུགས་མཁན་དཀོན། །མིང་སྙན་པོ་ཆོས་པས་རྒྱལ་ཁམས་གང༌། །སེམས་ངེས་འབྱུང་བསམ་པས་དབེན་གནས་སུ། །རྩེ་གཅིག་ཏུ་སྒྲུབ་པའི་སྙིང་རུས་ཅན། །བུ་ཆོས་ཀྱི་རྒྱལ་མཚན་མིང་དོན་མཚུངས། །ཟབ་མཁའ་འགྲོའི་སྙིང་བཅུད་ངེས་དོན་ལ། །བློ་གཏད་ནས་དབེན་པར་ཁུ་སིམ་མིར། །ཕ་གྲུབ་ཐོབ་གོང་མ་བཞིན་བཞུགས་པའི། །ལས་བྱས་པ་དོན་ལྡན་མཛད་པ་ལ། །རྒན་བདག་ཀྱང་དགའ་བས་ཐལ་མོ་སྦྱར། །ལས་རྟེན་འབྲེལ་བཟང་པོའི་མཆོད་རྫས་སུ། །རྗེ་མི་ལ་རས་པའི་སྐུ་ལི་མ། །གསུང་རྣམ་ཐར་ཆོས་ཀྱི་གླེགས་བམ་དང༌། །ཐུགས་རྡོ་རྗེ་བཙུན་མོ་སྒོམ་ཐག་ཚུལ། །རས་དཀར་པོའི་བླ་གོས་བཅས་ཕུལ་བས། །ཚེ་འདིར་སྣང་ཞེན་པ་རྦད་ཀྱི་ཆོད། །ཆོས་བདུད་རྩིའི་བཅུད་ལེན་སྙིང་ལ་སིམ། །གནས་དབེན་པའི་རི་སུལ་ཁེང་པ་ཡིས། །ལས་སྐལ་ལྡན་བུ་ཡི་ཚོགས་རྣམས་ཀུན། །ཉམས་རྟོགས་པའི་ཕ་ཕོག་ལག་རྩེར་ཐོབ། །ལམ་རྡོ་རྗེའི་རྣལ་འབྱོར་མཐའ་རུ་སོན། །དཔལ་རྡོ་རྗེ་འཆང་དང་དབྱེར་མེད་པའི། །འབྲས་མཐོང་བའི་ཆོས་ལ་མངོན་གྱུར་ཤོག །ཅེས་པའང་ཆོས་བཞིན་སྤྱོད་པའི་སེང་བྲག་མཆོག་གི་སྤྲུལ་པའི་སྐུ་ངག་དབང་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཞལ་སྔ་ནས་སྒྲུབ་སྡེ་གསར་འཛུགས་ཀྱི་སྐབས་རྟེན་འབྱུང་དགེ་བའི་ཁ་སྨོན་ཙམ་དུ་ངེས་དོན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ལ་མོས་པའི་གཡར་དམ་བརྟན་པ་ཀརྨ་སྒྲུབ་བརྒྱུད་ཆོས་ཀྱི་ཉི་མ་བཀྲ་ཤིས་དཔལ་དུ་འབྱོར་བས་ངོ་མཚར་ཆོས་སྐུའི་མཆོད་རྟེན་དང་འདབས་སྦྱོར་བའི་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གཙུག་ལག་ཁང་ནས་ལྷ་རྫས་ནང་མཛོད་བཅས་ཕུལ་བས་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ཐབས་ལ་མངའ་དབང་འབྱོར་བའི་རྟེན་འབྲེལ་དུ་གྱུར་ཅིག ༈ ཉམས་ལེན་གནད་དྲིལ་གདམས་པ་བདུད་རྩིའི་ཉིང་ཁུ་བཞུགས། བླ་མ་ལ་ཕྱག་འཚལ་ལོ། དེ་ཡང་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་གསུངས་པ་འདི་བཞིན་སངས་རྒྱས་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་གཙོ་བོར་གྱུར་པའི་འཕགས་བོད་མཁས་གྲུབ་ཀུན་གྱི་སངས་རྒྱས་ཀྱི་བསྟན་པའི་བབ་དང་མཐུན་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་སྟེ། བདག་ཅག་ཀྱང་དེའི་རྗེས་སུ་སློབ་དགོས་པས་ན། ཐོག་མར་བསླབ་པ་ཀུན་གྱི་རྟེན་ས་གཞི་ལྟ་བུ་སོ་བྱང་སྔགས་ཀྱི་སྡོམ་པ་བཞེས་དགོས་པས། བླ་མ་མཚན་ཉིད་དང་ལྡན་པ་གཅིག་གམ་སོ་སོ་ལས་བརྒྱུད་པ་ཁུངས་ལྡན་སེལ་མེད་པ་ཚད་ལྡན་དུ་ནོད། སྡོམ་པ་ཐོབ་ནས་སྲུང་དགོས། སྲུང་བ་ལ་སྲུང་བྱ་ཤེས་དགོས་ཕྱིར། གསར་རྙིང་གི་སྡོམ་གསུམ་བསྟན་བཅོས་གང་རུང་ངམ། ཁྱད་པར་མངའ་རིས་པཎ་ཆེན་རིན་པོ་ཆེའི་སྡོམ་གསུམ་རྣམ་ངེས་ཚིག་ཉུང་དོན་རྒྱས་མདོ་སྔགས་ཀྱི་ལམ་གནད་ཐམས་ཅད་ཚང་པ་ཡིན་པས་དེ་ལ་ཐོས་བསམ་ལེགས་པར་མ་མཛད་ན་སྡོམ་པ་གསུམ་དེ་ཐོབ་པ་ཙམ་གྱིས་མི་ཆོག་བསླབ་པ་སངས་རྒྱས་ཀྱིས་གསུང་པ་རྣམས་མ་ཉམས་པར་སྲུང་སྡོམ་རྣམ་པར་དག་དགོས། མ་སྲུང་ན་སྡོམ་པ་ཐོབ་ཀྱང་ཉེས་དམིགས་ལས་མི་འོང༌། བསྲུངས་ན་ཐམས་ཅད་མཁྱེན་པའི་ལམ་རིམ་དེ་ཡིན། སོ་བྱང་གི་སྡོམ་པ་ཆོ་ག་ལས་བླང་བས་ཐོབ། སྔགས་སྡོམ་རང་གི་སེམས་ཀྱིས་བླ་མ་ལྷ་དང་དབང་གི་དོན་རྣམས་ཀྱི་རྒྱུ་མཚན་ངོ་ཤེས་ནས་བཀའ་གཏེར་གང་རུང་གི་དབང་གི་སྟ་གོན་དངོས་གཞི་དབང་བཞི་ཡོངས་རྫོགས་ཞིག་ཚད་ལྡན་དུ་ཐོག་མར་ཐོབ་པ་དེ་ནས་ངོས་བཟུང་ན་ལེགས། དེང་དུས་རྒྱལ་བསྟན་རིན་པོ་ཆེ་ཤིན་ཏུ་ཉག་ཕྲ་བའི་སྐབས་སོ་ཐར་དགེ་སློང་དགེ་ཚུལ་གང་རུང་གི་སྡོམ་པ་ཞུ་ཞིང་ཕམ་ལྷག་གི་གཙོ་བོར་གྱུར་པའི་འདུལ་ཁྲིམས་ཡང་དག་ཞིག་སྲུང་བ་ཅིས་ཀྱང་གལ་ཆེ། བྱང་སེམས་ནི་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་ཡིན་པས་ཐུགས་རྒྱུད་བྱང་ཆུབ་སེམས་ལྡན་གྱི་བཤེས་གཉེན་ལས་ལེན་པ་གལ་ཆེ་ཞིང༌། རྟེན་ཁྱད་པར་ཅན་དང་སངས་རྒྱས་བྱང་སེམས་ཡིད་ཡུལ་དུ་བྱས་ནས་བླང་ཀྱང་རུང་གསུང༌། སྟོང་ཉིད་སྙིང་རྗེ་རྒྱུད་ལ་སྐྱེ་བའི་རྒྱུ་མ་ནོར་བ་བློ་སྦྱོང་དོན་བདུན་སོགས་བདག་པས་གཞན་གཅེས་འབྱོང་ཐབས་ཀྱི་ཁྲིད་རྣམས་ལ་ཉམས་ལེན་དང༌། སྤྱོད་འཇུག་གི་གཞུང་ལ་ཐོས་བསམ་མཛད་ན་ཐེག་པ་ཆེན་པོའི་ལམ་གྱི་གནད་དང་མན་ངག་ཀུན་འདུས་ཡིན། བཀའ་བརྒྱུད་ཕྱོགས་ལ་མཉམ་མེད་དྭགས་པོའི་ཐར་རྒྱན་ཐེག་ཆེན་གྱི་ལམ་རིམ་ཁྱད་པར་ཅན་ཡིན། གསང་སྔགས་ཁ་རྐྱང་གི་ལམ་གྱི་རིམ་པ་སྔ་འགྱུར་རྙིང་མ་ལ་སྒྱུ་འཕྲུལ་གསང་སྙིང༌། གསར་མ་ལ་བདེ་གསང་ཀྱེ་རྡོར་བརྟག་གཉིས་རྣམ་བཤད་རྒྱུད་མ་ཉམས་པར་བཞུགས། མདོ་སྔགས་སྤྱི་དྲིལ་གྱི་གཞུང་རྙིང་ཕྱོགས་གུ་རུ་པདྨའི་ལམ་རིམ་ཆེན་པོ། ཀུན་མཁྱེན་ཀློང་ཆེན་གསུང་སེམས་ཉིད་ངལ་གསོ་ལ་མདོ་སྔགས་ཟུང་འཇུག་གི་ལམ་དང་དོན་ཁྲིད་ཁྱད་པར་ཅན་བཞུགས། ཡིད་བཞིན་མཛོད་ལ་ལྟ་བའི་ཟབ་གནད་ཁྱད་པར་ཅན་ཡོད། འཇིགས་མེད་གླིང་པའི་ཡོན་ཏན་མཛོད་དབང་དམ་ཚིག་བསྐྱེད་རྫོགས་རྫོགས་ཆེན་རྣམས་རྒྱས་པར་ཡོད། གསར་ཕྱོགས་རྗེ་རིན་པོ་ཆེའི་ལམ་རིམ་སོགས་ཡིན་པས་དེ་དག་ཐུགས་ལ་གང་འཐད་ཅི་རིགས་དང༌། རིག་པའི་གནས་ཇི་ལྟར་རིགས་པ་མཁྱེན་པ་གལ་ཆེ། བཀའ་གཏེར་གྲུབ་མཐའ་རིས་མེད་ཀྱི་ཆོས་སྐོར་ཇི་ཙམ་གསན་རྒྱ་ཆེ་ན་བསྟན་པར་ཕན་པའི་ཕྲིན་ལས་ཆེ་བས་བརྒྱུད་པ་དང་ཆོས་ཚད་ལྡན་ཐོག་མར་བརྟགས་པ་གལ་ཆེ། མང་དུ་ཐོས་པ་རྒྱ་ཆེན་པོ་མ་བྱུང་ཀྱང་རང་གི་ཉམས་ལེན་གྱི་ཆོས་གང་ཡིན་དེ་ཐོས་བསམ་མཐའ་ཆོད་པ་གལ་ཆེ། མང་དུ་ཐོས་པའི་སྙིང་པོ་རྒྱལ་བའི་དགོངས་པ་མཐར་ཐུག་གི་ལྟ་སྒོམ་སྤྱོད་པའི་གནད་ལ་ངེས་ཤེས་འདྲོང་དགོས། མདོ་ལུགས་ཀྱི་ལྟ་བ་ཐམས་ཅད་ཀྱི་རྩེ་མོ་དབུ་མ་ཡིན། དབུ་མ་ཐལ་འགྱུར་གྱི་དགོངས་པ་ཤེར་ཕྱིན་དང་མཐུན། བདེན་འཛིན་གྱི་མདུད་པ་བཤིག་པ་ལ་ཟབ། དབུ་མ་གཞན་སྟོང་གི་དགོངས་པ་འཁོར་ལོ་ཐ་མ་དང་མཐུན། སྔགས་ཀྱི་ལྟ་བ་དང་མཐུན་ཆེ། སྣང་སྟོང་གི་ཕྱོགས་དང་ཟུང་འཇུག་གིས་དགོངས་པ་གཙོ་བོར་བཏོན་པ་ཡིན་པས། དེ་གཉིས་དགོངས་པ་འགལ་མེད་དུ་དྲིལ་བ་ཟབ་དོན་མཐར་ཐུག་ཡིན། ལྟ་བ་དེའི་དོན་རྒྱུད་ལ་སྦྱོར་བ་སྒོམ་པ་ཡིན། སྒོམ་པ་གསང་སྔགས་ཀྱི་ལམ་ཉིད་ཟབ་པས་སྔགས་ལམ་གྱི་སྙིང་པོ་བསྐྱེད་རྫོགས་གཉིས། བསྐྱེད་རྫོགས་ཀྱི་སྒོམ་པའི་མཐར་ཐུག་ཕྱག་རྫོགས་ཡིན། བསྐྱེད་རིམ་ནི་རང་གི་རྩ་བའི་ཡི་དམ་གང་ཡིན་དེའི་བསྙེན་སྒྲུབ་གཞུང་ཚད་ལྡན་ཡང་ཡང་བྱ་བ་ཡིན། བསྐྱེད་རིམ་སྨིན་ཁྲིད་དུ་ཉམས་ལེན་མཐར་ཕྱིན་པ་དཀོན་ཀྱང་རང་གི་རྩ་བའི་ཡི་དམ་གྱི་བསྙེན་སྒྲུབ་གཞུང་མཐུན་ལ་མོས་སྒོམ་ཅི་ནུས་དང༌། བསྙེན་པ་ཁ་གསོ་སྒྲུབ་མཆོད་མ་ཆགས་པ་སོགས་ཅི་ནུས་སུ་མཛད་ཅིང་གཞན་བཀའ་གཏེར་གྱི་ལྷག་པའི་ལྷ་དུ་མའི་བསྙེན་འབྲེལ་མཛད་ན་ལེགས་པའི་ཡན་ལག་ཏུ་འགྱུར། རྫོགས་རིམ་གཏུམ་མོ་སོགས་གནད་དུ་གང་འཁྱོལ་དང༌། ཁྱད་པར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀའི་མཐར་ཐུག་གི་ཉམས་བཞེས་དབང་བཞི་པའི་ཡེ་ཤེས་ཏེ། དེ་ལ་གསར་རྙིང་ཡོངས་གྲགས་སུ་ཕྱག་རྒྱ་ཆེན་པོ། རྙིང་མར་རྫོགས་པ་ཆེན་པོར་གསུངས། དོན་གྱི་གནད་གཅིག་པས་ཕྱག་ཆེན་གཞི་ལམ་འབྲས་བུའི་རྣམ་བཞག་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་ཟླ་བའི་འོད་ཟེར་ལེགས་བཤད་ཁྱད་པར་འཕགས། རྫོགས་ཆེན་གྱི་གཞུང་རྒྱ་ཆེའི་ནང་ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་དང༌། ཟབ་ལམ་བླ་མ་ཡང་ཏིག་གི་དོན་ཁྲིད་སྐོར་གསུམ། མཁའ་འགྲོ་སྙིང་ཏིག་གི་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང༌། ཞུས་ལན་གསེར་ཕྲེང༌། འཇིགས་མེད་གླིང་པའི་ཡེ་ཤེས་བླ་མ་སོགས་ཟབ། ཉམས་ལེན་དངོས་ལ་བླ་མ་ཉམས་མྱོང་དང་ལྡན་པའི་དམར་ཁྲིད་སྐྱོང་བས་ཉམས་མྱོང་རྡོ་རུས་འཕྲོད་པ་གལ་ཆེ། སྤྱིར་སྔོན་འགྲོའི་བསགས་སྦྱང༌། བསྐྱེད་རྫོགས། དངོས་གཞི་སེམས་ངོའི་ཉམས་ལེན་ཕྱོགས་གཅིག་ལ་མི་ཞེན་པ་གནད་དུ་གང་ཟག་རྒྱུད་ཚོད་དང་བསྟུན་པ་སྤེལ་མར་སྐྱོང་མཛད་དགོས་གསུངས། མདོར་ན་ཆོས་ཇི་ལྟར་མཛད་བཞིན་ནང་གི་བདག་འཛིན་དང་ཉོན་མོངས་ཆུང་ཞིང་དད་དང་ངེས་འབྱུང་སྙིང་རྗེ་བརྩོན་འགྲུས་རྣམས་ཆེ་བར་བྱུང་ན་གནད་དུ་འགྲོ་བའི་རྟགས་ཡིན་གསུངས། ངེས་འབྱུང་མེད་ན་ནང་པ་སངས་རྒྱས་པའི་ཆོས་ཡང་དག་ཞིག་ཏུ་གཏན་ནས་མི་འགྲོ་བས་ཆོས་ཀྱི་རྩ་བ་རུལ་ནས་འགྲོ་བས་འཁོར་བའི་རྒྱུ་འབྲས་ལ་སྐྱོ་བ་བསྐྱེད། དད་པ་མེད་ན་དཀར་པོའི་ཆོས་ཀྱི་སྣང་བའི་སྒོ་འགགས་པས་ཀུན་ལ་དག་སྣང་དང་མོས་གུས་བྱ། སྙིང་རྗེ་མེད་ན་ཐེག་ཆེན་གྱི་ལམ་གཤའ་མ་ཞིག་ཏུ་འགྱུར་ཐབས་མེད། ཆོས་ཀུན་གྱི་སྲོག་ལྟ་བུ་ཡིན་པས་ཉམས་ལེན་གྱི་སྙིང་པོ་འདི་ལ་བྱ། སྤྱོད་ལམ་ཐ་མལ་དུ་མ་ཤོར་ན་མཉམ་རྗེས་ཀྱི་ཉམས་ལེན་ཐམས་ཅད་དེ་ལ་ཚང་བས་རྟག་ཏུ་ཆོས་ཀྱི་སྣང་བ་དང་མ་བྲལ་བར་བསླབ། རང་རིག་སོ་མ་མ་བཅོས་པ་བསྐྱངས་ན་རིག་སྟོང་དགོངས་པའི་རྩལ་མྱུར་དུ་རྫོགས་པར་འགྱུར་བས་ཉིན་མཚན་ཀུན་ཏུ་ཡེངས་མེད་ཀྱི་དྲན་པའི་རྒྱུན་བསྐྱང༌། དུས་ཀུན་མི་རྟག་པས་བསྐུལ་མ་འདེབས་པ་འདི་ཤིན་ཏུ་ཟབ་པས་ནམ་འཆི་ངེས་མེད་ཀྱི་བློ་དུང་ངེ་བྱ། སྣང་བ་བཟང་ངན་གང་ལའང་ཞེན་འཁྲིས་ཀྱི་ཆེད་འཛིན་མི་བྱ་བར་སྒྱུ་མ་ལྟ་བུའི་བློ་སྦྱང༌། བདག་ཅག་བླ་མའི་རིགས་ལ་འབྲེལ་ཐོབ་མང་བས་དུས་ཀུན་གཟུངས་སྔགས་ཁྱད་པར་ཅན་རྣམས་དང༌། སྨོན་ལམ་རྣམ་ལྔའམ་བཟང་སྤྱོད་ཙམ་རེ་མ་ཆགས་པ་གལ་ཆེ། མདོ་སྔགས་ཀྱི་ཉེས་ལྟུང་བཤགས་པ་ལྟུང་བཤགས། བླ་མ་རྡོར་འཛིན། རྡོར་སེམས་སྒོམ་བཟླས་རྣམས་རྒྱུན་དུ་གལ་ཆེ། གང་ལྟར་ཡང་དགེ་སྦྱོར་གང་མཛད་དམ་པ་གསུམ་གྱིས་རྩིས་ཟིན་པ་གཅེས་པར་གོ་ལགས། བདག་ནི་ལྟར་སྣང་བླ་མའི་གཟུགས་བརྙན་ལས། །སེམས་དང་ཆོས་གཉིས་འདྲེས་པའི་ཉམས་ལེན་མེད། །འོན་ཀྱང་དམ་པའི་མན་ངག་མང་ཐོས་པས། །གང་དྲན་ཐོ་རེངས་ལངས་དུས་བྲིས་ཏེ་ཕུལ། །རྣམ་དཀར་དགེ་བས་ཁྱེད་ཉིད་ཞབས་བརྟན་ཅིང༌། །གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན་པས། །བསྟན་དང་འགྲོ་ལ་ཕན་པའི་ཐུགས་བསྐྱེད་དང༌། །ཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །ཅེས་པའང་ཤྲཱི་སེང་གེ་བྲག་གི་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་ནས་གསུང་བསྐུལ་བཞིན་ཤར་མདོ་ཁམས་ཀྱི་མི་འཁྱམས་མངྒ་ལའི་མིང་གིས་ལྷག་བསམ་གྱིས་བྲིས་ཏེ་ཕུལ་བ་དོན་དང་ལྡན་པར་གྱུར་ཅིག ༈ ན་མོ་གུ་རུ་ཙིནྟ་མ་ཎི་ཡེ། ད་ལན་པདྨ་ཚེ་སྙིང་གི་སྒྲུབ་པོ་རྣམས་ལ་གསོལ་བ། ཁྱེད་རྣམས་ཀྱིས་དང་པོ་ཀུན་སློང་ལ་མཐོ་སྲིད་རྩེ་ནས་དམའ་དམྱལ་ཁམས་ཡན་ཆོད་དུ་འཇིགས་སྐྲག་ཞིག་ལ་འཆི་བ་ལས་ཆེ་བ་གཅིག་ཀྱང་ཡོད་མ་རེད། འཁོར་བའི་སྡུག་བསྔལ་ཆེ་ཤོས་དེ་ལས་སེམས་ཅན་སྐྱོབ་པའི་ཕྱིར་ཚེ་སྒྲུབ་པའི་ཐབས་ཉམས་སུ་ལེན་པ་ཡིན། མཆོག་གི་ཚེ་སྒྲུབ་ནི་བི་མ་མི་ཏྲ་དང༌། གུ་རུ་རིན་པོ་ཆེ་ལྟ་བུ་སྐྱེ་འཆི་མེད་པའི་སངས་རྒྱས་སུ་འགྱུར་བ་ཡིན་པས་དེས་ན་ཀུན་སློང་དང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ཚེ་སྒྲུབ་ཀྱི་ཟབ་ཤོས་ཡིན་པས་གལ་ཆེ། གཉིས་པ་ཀུན་མཁྱེན་འཇིགས་གླིང་གི་རི་ཆོས་སུ་གསུངས་པ་བཞིན། འཁོར་བའི་བྱ་བ་ལྟོ་འབོལ་བ། སྡོད་ས་ལེགས་པ། སྦྱིན་བདག་མང་བ། མཚམས་པ་ཞེས་སྙན་གྲགས་ཆེ་བ། ཐམས་ཅད་ཀྱིས་དད་པ་དང་ཕྱག་འཚལ་བའི་ཡུལ་དུ་གྱུར་པའི་རེ་བ་དེ་ཡིད་ལ་མ་དྲན། རྗེ་བཙུན་མི་ལ་རས་པས་ཟས་གོས་སོགས་འདོད་ཡོན་སྒྲུབ་པ་ཉམས་ལེན་གྱི་མཐུན་རྐྱེན་དུ་གྱུར་ན་རུང༌། སྒྲུབ་པ་ཉམས་ལེན་སྒྲུབ་ཚུགས་རྣམས་ཟས་གོས་གསོག་འཇོག་གི་རྒྱུར་གྱུར་ན་མི་རུང་གསུངས་པ་དེ་ཡང་ཡང་དྲན་དགོས། དེ་མ་དྲན་ན་དུས་སྙིགས་མ་ལ་སྒོམ་ཆེན་གཅན་གཟན་ལྟ་བུ་ཟེར་བ་དེ་རེད། སྒོ་དྲུང་དུ་ཐོ་བརྩེགས། མི་དང་ངོ་མི་འཕྲད་པའི་མཚམས་དེ་གཟུགས་པོ་རྐྱང་པ་ཁང་པའི་ནང་གབ་པས་མི་འོང༌། ལོ་ཆེན་རིན་ཆེན་བཟང་པོས་ཕྱི་མཚམས་མི་དང་མི་འཕྲད་པ། ནང་མཚམས་ཡི་གེ་བྲི་རྒྱུ། ལྷ་བྲི་རྒྱུ། ཚེམས་པོ་རྒྱབ་རྒྱུ་སོགས་མི་བྱེད་པ། གསང་མཚམས་ཐ་མལ་གྱི་རྣམ་རྟོག་བསམ་མནོ་མང་པོ་མི་བཏང་བའི་དམ་བཅའ་མཛད་ནས་ལོ་བཅུ་གཉིས་བཞུགས་པས་སྐུ་ལུས་མ་སྤང་པར་མཁའ་སྤྱོད་གཤེགས་པ་རེད་པས་དེ་ལྟ་བུ་དགོས་རེད། གསུམ་པ་རི་ཁྲོད་དུ་མཚམས་ཐུན་རིང་བཞིན་ཆོས་ལ་བརྩོན་འགྲུས་ཇེ་ཆེ། ཚེ་འདིའི་བྱ་བ་ལ་ཞེན་པ་ཇེ་ཆུང༌། ལྷ་དང་བླ་མ་ལ་དད་པ་ཇེ་ཆེ་བྱུང་ན་ཆོས་གནད་དུ་སོང་བ་རེད། དེ་མ་ཡིན་པར་འཇིག་རྟེན་མང་པོས་ཕྱག་མཆོད་ཀྱི་ཡུལ་དུ་བཟུང་བཞིན་མོ་འདེབས་རྒྱུ། གཏོ་མདོས་སྲུང་བཟློག་བྱང་ཆོག་སོགས་གྲོང་ཆོག་གི་བྱ་བ་ཇེ་མང༌། ཨ་ན་རེ་བཞིན་བསོག་འཇོག་ཇེ་ཆེ་ཚོང་བསྐུར་སོགས་ནོར་གསོག་པ་ལ་ཇེ་དགའ་རེ་བྱུང་ན་བདུད་ཀྱིས་བསླུས་ཏེ་བར་ཆད་ཞུགས་པ་རེད། བར་ཆད་ཞེས་པ་དེ་རྒྱལ་འགོང་སེར་མོ་རྨི་ལམ་དུ་རྨིས་པ་སོགས་ཟེར་གྱི་མ་རེད། རང་རྒྱུད་ཆོས་དང་ཐག་ཇེ་རིང་སོང་བ་དེ་བར་ཆད་རེད། མཆོག་གི་ཚེ་སྒྲུབ་ཞེས་པ་དེ་རང་གི་ལུས་ངག་ཡིད་གསུམ་དང་བླ་མ་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་ཡེ་ནས་དབྱེར་མེད་ཡིན་པ་ལ་ཡིན་པར་ཤེས་པས་ལུས་ལྷ་བསྒོམ། ངག་སྔགས་བཟླ། སེམས་ཏིང་ངེ་འཛིན་དང་མ་བྲལ་བ་ཞིག་གིས་བླ་མ་ཚེ་དཔག་མེད་པའི་ཡོན་ཏན་ཡང་ཡང་དྲན་པའི་དད་པས་གསོལ་འདེབས། སྒོ་གསུམ་ལྷ་སྔགས་ཆོས་སྐུར་ཤེས་པའི་གསལ་འདེབས་ཡང་ཡང༌། ད་ང་བླ་མས་རྗེས་སུ་བཟུང༌། གདམས་ངག་ཟབ་མོ་བསྟན། ཆོས་བྱེད་མིང་ཁུར། མཚམས་དམ་པོ་བསྡམས་པ་འདིའི་སྟེང་ནས་ཉམས་རྟོགས་ཀྱི་གདེང་ཐོབ་པ། འཁོར་བར་ཞེ་ལོག་པ། ཆོས་བརྒྱད་ལ་རེ་དོགས་མེད་པ་ཞིག་དགོས་རེད་སྙམ་པས་རང་གིས་རང་ལ་ནང་ཁྲིམས་བསྡམ། ངེས་འབྱུང་གི་གསལ་འདེབས། འཆི་བ་མི་རྟག་པས་བསྐུལ་མ་བཏབ་སྟེ། ཟླ་བ་སྔ་མ་ལས་ཕྱི་མ་བརྩོན་འགྲུས་ཆེ་བ། འཁོར་བའི་བྱ་བ་ལ་མ་ཞེན་པ། ངེས་འབྱུང་དང་འཆི་བ་དྲན་པ། དྲན་པ་དང་ཤེས་བཞིན་གྱིས་རྣམ་རྟོག་མགོ་ཡན་དུ་མ་ཤོར་བར། རང་གི་སེམས་སྤང་བའི་ཕ་རོལ་ན་སྒྲུབ་རྒྱུའི་ལྷ་མེད། ལྷ་སྤང་བའི་ཕ་རོལ་ན་སེམས་མེད། ལྷ་སྣང་དང་སེམས་སྣང་དབྱེར་མེད་ཀྱི་ངང་ནས་སེམས་ཀྱི་ཕུག་རིག་ན་ངོ་བོ་བརྗོད་དུ་མེད་པ། འདི་ཞེས་ངེས་བཟུང་མེད་པ། ལྷོད་དེ་འབོལ་ལེ་ཤིག་གེ་བ་དེ་ངོ་ཤེས་པ་བྱུང་ན་སྒོམ་གྱི་འགོ་ཟིན་པ་རེད། དེ་ལ་བརྟན་པ་ཐོབ་ན་ཚེ་འདི་ལ་ཞེན་པ་ཇེ་ཆུང༌། བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། ཉམས་ལེན་ལ་སྤྲོ་བ་ཇེ་ཆེ་བྱུང་ན་ལྷ་བསྒྲུབས་པས་གྲུབ་པའི་རྟགས་རེད། གདམས་ངག་གནད་དུ་སོང་ཟེར་བ་དེ་རེད། དེང་སང་རི་ཁྲོད་ཞིག་ཏུ་སྔོན་འགྲོ་འབུམ་ལྔ་གྲངས་ཤིག་བསགས་ཚར་ན་ངས་ཆོས་བསྒྲུབས་ཚར། །སྒྲུབ་རྒན་ཡིན་སྙམ་པ་འདུག་པས་དེ་འདྲ་མ་བྱེད། ལོ་ཤས་མཚམས་ལ་བསྡད་ན་ཤ་བརྒྱགས། གྲོད་ཁོག་ཆེ། ཆང་འཐུང༌། །ཐུན་བཞིའི་དམ་བཅའ་མེད། སྦྱིན་བདག་ལ་དགེ་བསྐུལ་ཡིན་ཟེར་ནས་ལྷ་ཁང་རེ་བཞེངས། རང་རྣམ་གཡེང་ཆེ་རུ་འགྲོ། བྱེད་རྒྱུ་མང་དུ་འགྲོ། དེ་དག་གི་གྲོགས་དགོས་ཟེར་བས་བུད་མེད་བཞག །རང་ལས་མཐའ་ལོག་པ་མི་ཤེས་པར་ང་སྔགས་པ་ཡིན། དགེ་ཚུལ་སློང་ལས་ང་བཟང་བསམ་པའི་ང་རྒྱལ་བྱེད། ལྷ་ཁང༌། མཆོད་རྫས་སོགས་མང་པོ་ཚོལ་ངང་གཡོ་སྒྱུས་བསྒྲུབས་ནས་ངས་འདི་བྱས་ཡོད་ཅེས་ཆོས་དེ་མི་མང་ལ་མིག་སྔར་སྟོན་རྒྱུ། སྙན་གྲགས་འོང་རེ་ངོམ་རྒྱུ་ཞིག་ལ་རེ་བ་མ་བྱེད་པ་གལ་ཆེ། གདམས་ངག་ཐམས་ཅད་ཐོབ་དགོས་སྣང༌། ཐོབ་ཚད་ཤེས་དགོས་སྣང༌། ཤེས་ཚད་ཁ་ལ་ཁྱེར་ནས་མི་ལ་བཤད་དགོས་སྣང་མ་ཤོར་བར། ཤོ་ལོ་ཀ་གཅིག་གོ་ན་དེ་རང་གི་སེམས་ལ་སྦྱར་ནས་ངེས་འབྱུང་དད་བརྩོན་དང་ཉམས་ལེན་གྱི་གསལ་འདེབས་སུ་གྱུར་ནས་ཆོས་ནས་གསུང་པ་དེ་རང་སེམས་དང་འདྲེས་པ་ཞིག་དགོས་སྙམ་པས་སྙིང་ལ་རྡོ་རུས་གཏུགས་པ་གལ་ཆེ། ད་ལྟ་ལོ་གཅིག་འདིའི་རིང་བསྐྱེད་རིམ་གྱི་ཚེ་སྒྲུབ་གཙོ་བོར་ཡིན། དེ་ཡང་ཕྱི་ནང་གསང་བ་ཀུན་འདྲིལ་འདི་བསྐྱེད་རིམ་གྱི་ཚེ་སྒྲུབ་ཉམས་སུ་ལེན་བདེ་ཞིང་ཟབ་པ་ཞིག་ཡིན། སྤྱིར་ཆོས་དངོས་གཞི་ཉམས་སུ་བླངས་ནས་སྔོན་འགྲོའི་སྐྱབས་སེམས། ངེས་འབྱུང་སྐྱོ་ཤས། དད་བརྩོན་རྣམས་འདྲེས་མི་རུང་བ་མ་རེད། སྔོན་འགྲོ་དེའང་སྐྱབས་སེམས། མཎཌལ། ཡིག་བརྒྱ། བཛྲ་གུ་རུ་གྲངས་མང་པོ་འགྲོ་བ་ལས་སྔོན་འགྲོའི་ཁྲིད་ཡིག་རྣམས་ནས་གསུང་པའི་འཁོར་བར་ཞེན་ལོག་གི་ངེས་འབྱུང༌། ཚེ་འདི་བློས་བཏང་གི་དད་པ། གཞན་ཕན་དོན་གཉེར་གྱི་སེམས་བསྐྱེད། འཆི་བ་མི་རྟག་པ་དྲན་པའི་བློ་སྣ་ཐུང་སེང་བ་ཞིག་བྱུང་ན་སྔོན་འགྲོ་རེད་པས་ཐུགས་ལ་དེ་ལྟར་བཞག་པ་གལ་ཆེ་ཞེས་གདམས་ངག་གནད་ཀྱི་སྙིང་པོ་ཡིན་པས་ཡི་གེའི་ཁྲོད་དུ་མ་བཞག་པ་རང་རྒྱུད་ལ་སྦྱར་བ་གལ་ཆེ་ཞེས་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་དགེ་ལེགས་འཕེལ། ༈ ཀྭ་ཡེ་ཡིད་འོང་དབེན་པའི་གནས་སུ། །ཁ་ཏོན་སྤང་ཀློག་ལས་ལ་བརྩོན་པའི། །ག་བུར་འབྱུང་གནས་ལྟ་བུའི་མཆོག་སྤྲུལ། །ང་ཡི་ཆོས་མཐུན་གྲོགས་པོའི་དྲུང་དུ། །ཅ་ཅོའི་གཏམ་མང་ཐོས་འཛིན་གཟན་ཡང༌། །ཆ་བྱད་མི་འདྲའི་ཡུལ་བགྲོད་འདིར་སོན། །ཇ་ཆང་ལོག་འཚོ་སྤང་བ་ཁྱེད་ལ། །ཉ་ཟླ་ལྟར་དང་ངག་འདི་ཕུལ་ལགས། །ཏ་ལའི་ནགས་རྒྱས་ལྷོ་བྱང་རྒྱལ་ཁབ། །ཐ་མལ་སྤྱོད་སྤང་ཐོས་བསམ་སྒོམ་པས། །ད་ལྟ་སྐུ་གཞོན་ཤ་བརྒྱགས་སྤྲུལ་སྐུ། །ན་ཚོད་ཡོན་ཏན་ཡར་རྒྱས་སྤྲོ་ལགས། །པ་ར་མི་ཏ་མདོ་ཡི་ལྟ་གྲུབ། །ཕ་མ་གཉིས་མེད་གསང་སྔགས་ཟབ་ལམ། །བ་མཆོག་འཇོ་བཞིན་བཤད་སྒྲུབ་སྤེལ་མ། །མ་ལ་ཡ་རླུང་བཞིན་དུ་གདུང་སེལ། །ཙཱ་གངས་འགྲིམ་པའི་བཀའ་བརྒྱུད་གོང་མ། །ཚ་གྲང་དཀའ་ཐུབ་སྤྱད་པས་གྲུབ་བརྙེས། །ཛ་ལནྡྷ་ར་བཞིན་དུ་ཁྱེད་ཀྱང༌། །ཝ་ལེར་དམ་པའི་ཡོན་ཏན་རྫོགས་ངེས། །ཞྭ་གོས་ལྷམ་སོགས་ངེས་དོན་བསྟན་མིན། །ཟ་འདོད་རྙེད་ཚོལ་ཕྲིན་ལས་མ་ལགས། །འ་འུར་གཅམ་སྐྱུངས་ནང་གི་ཡོན་ཏན། །ཡ་མཚན་བྱུང་ན་དམ་པའི་སྐྱེས་བུ། །ར་རིབ་བྲལ་བ་འཕགས་པའི་ཡེ་ཤེས། །ལ་འུར་མངོན་བྱེད་ཕྱག་རྒྱ་ཆེན་པོ། །ཤཱ་བ་རི་བཞིན་དགོངས་པ་མངོན་གྱུར། །ས་ལམ་རྫོགས་པའི་རྣམ་ཐར་སྐྱོངས་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས། །ཨ་མཚར་ཀུ་རེའི་ངག་འདི་གཟིགས་དང༌། །ཨ་ལ་ལ་ཧོ་ཡ་རབས་ལུགས་བཟང༌། །ཧ་ལམ་མཚོན་སྲིད་ལྷག་བསམ་བསྐུལ་འདེབས། །མཚར་མཚར་ཡིད་ལ་གང་དྲན་ཀུན་རྟོག །དུམ་དུམ་ཁྲིགས་ཀྱི་ཚིགས་བཅད་འདི་ཡང༌། །ནང་ལུགས་གུས་པས་ཕུལ་བ་ལགས་ན། །གཟིགས་མོ་གནང་ཞིག་མཆོག་སྤྲུལ་དམ་པ། ༈ བུ་སྙིང་དང་འདྲ་བའི་ཆོས་ཀྱི་སེང༌། །ཁྱེད་དབེན་པའི་གནས་སུ་བཞུགས་པ་ལ། །ལམ་དང་པོ་གཅེས་པའི་གདམས་ངག་དེ། །སྲིད་ལས་ངེས་འབྱུང་བསྐྱེད་པ་ཡིན། །སྡུག་འཁོར་བའི་མཚོ་ལས་སྒྲོལ་བ་ལ། །སྐྱབས་བླ་མ་དཀོན་མཆོག་བློ་གཏད་ཞུས། །ལམ་ཐམས་ཅད་མཁྱེན་པའི་གོ་འཕང་དེ། །མ་སེམས་ཅན་སྒྲོལ་འདོད་གཞན་ཕན་ཡིན། །དཔལ་ཡོན་ཏན་ཅན་གྱི་གཞི་མ་དེ། །སྤྱོད་ཚུལ་ཁྲིམས་རྣམ་པར་དག་པ་ཡིན། །གྲོགས་དྲན་དང་ཤེས་བཞིན་གཉིས་པོ་དེ། །དུས་རྟག་པར་འབྲལ་མེད་གྲོགས་པོ་ཡིན། །ལུས་ལྷ་སྒོམ་གསང་སྔགས་ངག་གིས་བཟླ། །ཡིད་ཏིང་འཛིན་རྡོ་རྗེ་ཐེག་པའི་སྲོག །ཁྱད་པར་དུ་རང་སེམས་གཉུག་མའི་གཤིས། །སྒོམ་དམིགས་གཏད་མེད་ཀྱང་མ་ཡེངས་པ། །སེམས་གཉུག་མ་སྟོང་གསལ་གཉིས་སུ་མེད། །ངོ་ཤེས་ན་གདོད་ནས་རང་ལ་བཞུགས། །ཁོང་འཁོར་འདས་ཀུན་གྱི་བྱེད་པོ་ཡིན། །འཁྲུལ་རྣམ་རྟོག་སེམས་ཀྱི་རང་རྩལ་དེ། །ཕུག་བཅད་ན་སྐྱེ་འགག་གནས་གསུམ་མེད། །དེ་གཤིས་ལུགས་དོན་དམ་བདེན་པ་ཡིན། །མེད་བཞིན་དུ་ཡོད་པ་ལྟར་སྣང་བ། །དེ་ཀུན་རྫོབ་བདེན་ཞེས་གཉིས་དབྱེ་ཡང༌། །སྣང་སྟོང་པའི་ཆ་ནས་གདགས་པ་ལས། །དོན་ཤ་ཕོའི་རྭ་ལྟར་གཉིས་སུ་མེད། །དེ་མྱོང་བས་རྟོགས་པ་སེམས་ངོ་ཡིན། །གདངས་བླ་མ་ལྷག་པའི་ལྷར་ཤར་བས། །རང་འདུ་འབྲལ་མེད་པར་བཞུགས་པས་ན། །དེ་ཐུགས་དམ་ཉམས་ལེན་གཙོ་བོ་མཛོད། །ཁྱེད་ཡང་ཡང་སེམས་ལ་གསལ་བའི་ཚེ། །མི་རྒན་པོའི་གླུ་དེ་ཁ་ནས་ཐལ། །ཐུགས་དགྱེས་སྙམ་ངང་ནས་བྲིས་ཏེ་ཕུལ། །ཆོས་མཐའ་རུ་ཕྱིན་པའི་སྨོན་ལམ་ཞུ། །བོད་༩ དབྱུག་ཟླའི་ཚེས་༡༨ ལ་ཕུལ་བ་དགེ །ཕུར་པའི་ཚེ་འགུགས་ཕུལ་འོང་ཞུ། བདེ་གླིང་དུ་སོན་འཕྲལ་ཕུལ། བཀྲ་ཤིས་བདེ་ལེགས་ཞུ། ༈ ཀྱེ་ཧོ། སྙིང་སྡུག་ཆོས་ཀྱི་མཆེད་པོ་ཕྲིན་ལས་ཀུན་ཁྱབ། །ཐག་རིང་མདོ་ཁམས་སྨད་དུ་བདེ་བར་ཕེབས་པའི། །གནས་ཚུལ་ཐོས་འཛིན་སོན་ལས་དགའ་སྐྱོའི་ཀུན་རྟོག །སྙིང་ལ་སྟོན་སྤྲིན་བཞིན་བྱུང་གླུ་འདི་ཐལ་ལོ། །སྔོན་ཞིག་འཇམ་མགོན་ཆོས་རྗེ་ཉི་མའི་སྤྱན་སྔར། །ཟབ་རྒྱས་བདུད་རྩི་དད་པའི་པད་མོས་འཐུང་བའི། །སྐལ་པ་རབ་ཏུ་གྱུར་པ་དོན་ལ་སྨིན་ནས། །བདེ་བའི་གཏན་སྲིད་ཟིན་ལ་དགའ་འོ་སྐྱིད་དོ། །རྐྱེན་ངན་བར་ཆད་ལམ་གྱི་གྲོགས་སུ་ཤར་ནས། །གུ་ཡངས་བློ་བདེའི་མལ་ན་ལྷོད་ཀྱིས་ཀློད་དེ། །སྒོ་གསུམ་བྱ་སྤྱོད་བསྟན་འགྲོར་གང་ཕན་བྱུང་བ། །འཛུམ་ཞལ་དངོས་སུ་མཇལ་ལས་ལྷག་པར་བྱུང་ངོ༌། །རྒྱལ་བའི་ཕྲིན་ལས་དུས་ལས་ཡོལ་བ་མེད་པས། །གངས་ཅན་བོད་ཀྱི་ཕྱི་མའི་གདུལ་བྱ་འདི་དག །སངས་རྒྱས་གཉིས་པའི་ཐུགས་རྗེའི་ཕྱག་གིས་བཟུང་བའི། །སྐལ་པ་བཟང་སྙམ་ངེས་ཤེས་སྙིང་ལ་ཤར་བྱུང༌། །སྲིད་གསུམ་གཅེས་དགུའི་མི་མཚོན་རྒྱལ་བསྟན་རིན་ཆེན། །བཤད་སྒྲུབ་བདུད་རྩིའི་སྣང་བས་སྐལ་བཟང་དབུགས་དབྱུང༌། །སྐྱ་རེངས་གསར་དུ་འཆར་བའི་དུས་སྟོན་ཐོས་ཚེ། །སུམ་རྩེན་ཚལ་དུ་སོན་པའི་དགའ་བས་མི་མཚོན། །མ་ཤི་མི་ཚེ་རིང་པོའི་ཁོར་ཡུག་འདི་ལ། །འཕོ་འགྱུར་དུས་ཀྱི་འགྱུར་བ་སྟོན་སྤྲིན་ལྟ་བུའི། །ཆོས་ཀུན་སྒྱུ་མར་བསྟན་པའི་བརྡ་ཆོས་འདིས་ཀྱང༌། །ཆོས་སྐུའི་གཏན་སྲིད་འཛིན་པའི་བསྐུལ་མ་བྱུང་སྙམ། །འཁྲུལ་སྣང་འཁོར་བའི་ཆོས་ལ་སྙིང་པོ་མེད་པ། །མཐོང་བའི་ཆོས་ལ་མངོན་ཀྱང་དད་དུང་འཁྲུལ་ཞེན། །ཆོས་མེད་དྲེད་པོའི་སྙིང་འདི་ཕ་ལམ་ཡིན་སྙམ། །གད་མོ་ཁོང་ནས་མི་ཤོར་ཀ་མེད་བྱུང་འདྲ། །སྣང་ཡུལ་རྗེས་སུ་འབྲང་བའི་རེ་དོགས་འདི་ཡང༌། །གཏད་མེད་ཆོས་སྐུའི་དབྱིངས་སུ་ཐལ་གྱིས་བཏང་བས། །སྐྱིད་སྡུག་ཟད་པའི་མི་རྒན་གུ་ཡངས་ངང་ནས། །མི་སྨྲ་མ་ཎི་འདོན་པ་ཁེ་སངས་ཡིན་འདྲ། །བདག་ལ་འདི་འདྲའི་ཉམས་རྟོགས་གཏིང་ན་མེད་ཀྱང༌། །ཁ་བཤད་ཚིག་ལ་བྱང་ནས་སོ་མེད་ཁ་ནས། །ཅི་ཐོན་བྲག་ཆ་ལྟ་བུའི་གཏམ་འདི་བྱུང་བས། །མ་བཅོས་སོར་མོའི་རྟ་ལ་བརྒྱུགས་ནས་སོང་ལགས། །ནམ་ཞིག་ཀུན་མཁྱེན་བླ་མའི་དྲུང་དུ་ཚོགས་ནས། །ཐེག་མཆོག་ལྟ་སྒོམ་སྤྱོད་པའི་བགྲོ་གླེང་བྱེད་དེ། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་རྟེན་འབྱུང་ཁམས་སུ། །ཉམས་ཆུང་ཏམ་བུ་ར་ཞིག་བསྒྲེངས་བས་དགེ་སྙམ། །དེ་སྐད་དགྱེས་མཛད་ལོ་ཙཱས་ལྷ་བས་ལྷག་པར། །རྡོ་རྗེའི་མགུར་ལས་བསྔགས་ཀྱང་དེང་གི་དུས་འདིར། །རྒྱལ་ཁབ་ཀུན་ལ་དཔལ་འབྱོར་སྐྱོ་ཤས་འདྲ་མོད། །སངས་རྒྱས་རབས་བདུན་ཡེ་ཤེས་ཆོས་སྐུའི་རྟེན་མཆོག །མངོན་སུམ་བཞུགས་པས་འབྲེལ་ཚད་དོན་ལྡན་དཔལ་ཡོན། །བསོད་ནམས་མིག་གི་རྒྱན་གྱིས་སྤ་བ་དེ་ནས། །མདོ་ཤོར་རབ་གསལ་ཟླ་བས་བཅོས་གླུ་ཕུལ་ལོ། ༈ ང་ཡི་བླ་མ་དེ་པདྨ་བི་ཛ། །དེ་ཡི་ཐུགས་སྲས་ནི་པདྨ་དྲི་མེད། །རྗེ་དེའི་དགོངས་བརྒྱུད་དབྱིངས་ཁྱོད་ལ་འཕོས་པའི། །ལག་རྗེས་བྱུང་བ་འདི་དགའོ་སྐྱིད་དོ། །མི་རྒན་རིང་པོ་ངའི་བླ་མ་མཆེད་གྲོགས། །ཕལ་ཆེར་དག་པའི་ཞིང་ཆས་ནས་མེད་ཀྱང༌། །ཕ་ཡིས་བསགས་པ་ཡི་སྨིན་གྲོལ་གཅེས་མཛོད། མ་ཉམས་མ་གོད་པར་བདག་ལ་ཡོད་པས། །རྟོགས་པའི་གདེང་ཚད་ཀྱིས་འཁོར་འདས་གཞིར་ཟད། །ཕ་རྗེས་བུ་ངན་ང་མ་སླེབས་འདུག་ཀྱང༌། །ཀུན་མཐུན་ཀུན་ལས་ཀྱང་ཁྱད་པར་འཕགས་པའི། །ཆེ་བ་ཕྲ་མོ་འདྲ་མཐོང་གི་འདུག་གོ །རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་མེད་ཀྱང༌། །སྔོན་གྱི་ལས་འཕྲོ་ཡིས་བཀའ་གཏེར་མང་པོའི། །སྨིན་གྲོལ་བདུད་རྩི་ཡི་མཆོད་སྤྲིན་ཕུལ་ཞིང༌། །བུ་གཅིག་ཕ་བཞིན་དུ་བདག་ལ་གདུང་བའི། །ཆོས་ཀྱི་རྒྱ་མཚོ་ཡི་མཚན་འཆང་ཁྱོད་ཀྱང༌། །དམ་པའི་རིགས་ཅན་དུ་ནོར་འཁྲུལ་མེད་པས། །མུན་པའི་གླིང་གྱུར་གྱི་མཐའ་འཁོབ་གྲོང་དུ། །ངེས་དོན་སངས་རྒྱས་ཀྱི་ཕྲིན་ལས་སྤེལ་བར། །སྨོན་ལམ་ཐུགས་བསྐྱེད་ཀྱི་དུས་བབ་ཡིན་འདྲ། །ཕ་གཅིག་བླ་མ་དེ་རྫོགས་པའི་སངས་རྒྱས། །རང་རེའི་བླ་མ་འདྲ་གང་ནའང་མེད་འདུག །ངེས་ཤེས་བཟང་པོ་ནི་གསེར་གྱི་ཞུན་མ། །ཤི་ཡང་འགྱོད་མེད་དུ་ཇེ་གསལ་བྱུང་ལགས། །དེ་ཡི་གདམས་ངག་ནི་མཁའ་འགྲོའི་གསང་མཛོད། །ཆ་ཤས་རེ་རེ་ཡི་ཟབ་རྒྱས་བསམས་ན། །ལུས་སྲོག་བཏང་ཡང་ནི་ཁུག་པར་དཀའ་བ། །སྙིང་གི་བུམ་པ་རུ་ཁེངས་ནས་གདའོ། །དེ་ཡི་ཉམས་ལེན་གྱི་གདེང་ཆེན་མེད་ཀྱང༌། །གསེར་གླིང་ནོར་བུ་ཡི་ས་སྟེང་གང་བཞིན། །བྱིན་གྱིས་བརླབས་པ་ཡི་ནུས་པའི་མཐུ་དེས། །སེམས་ཅན་བདག་ཉིད་ཀྱང་སངས་རྒྱས་ལ་ཉེ་འདུག །ཕ་བཟང་བུ་མཆོག་ཁྱོད་གཉུག་མ་ཡི་གཏན་སྲིད། །མངོན་སུམ་ཟིན་པ་ཡི་ལག་རྗེས་འདུག་པས། །འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བཅས་ཏེ། །སྙིང་གྲོགས་གམ་དུ་རང་ཕེབས་པ་དགའ་ཡོད། །ཕེབས་པའི་དུས་ཚོད་ཀྱང་སྤྲེལ་ལོ་སྤྲེལ་ཟླ། །མ་བྱས་ལྷུ་ན་གྲུབ་ཀྱི་ཉིན་འབྱུང་ངང་ནས། །ཐག་རིང་མགྲོན་པོ་གཉིས་ལྷན་དུ་ཚོགས་པ། །རྨད་དུ་བྱུང་བ་འདི་ངོ་མཚར་ཡིན་སྙམ། །ཨ་ལ་ལ་ཧོ་དེ་རྟེན་འབྲེལ་ཆོས་ཉིད། །རྨད་བྱུང་ལྷག་བསམ་ནི་བྱང་ཆུབ་སེམས་མཐུ། །དུས་ངན་སྐྱེ་འགྲོ་ལ་སྨན་པའི་ཕྲིན་ལས། །ཆ་ཤས་འདི་ཙམ་ཡང་བླ་མའི་ཐུགས་རྗེ། །ཡུལ་ལ་མིང་ཆགས་སྤ་གྲོ་ཡི་སྐྱིད་ལུང༌། །གནས་ལ་བྱིན་ཆགས་པ་སྟག་ཚང་སེང་ཕུག །གཙུག་ལག་རྨད་དུ་བྱུང་བ་སྐྱེར་ཆུའི་མཐའ་འདུལ། །དད་དམ་གཙང་མ་རྡོ་རྗེ་ཡི་མཆེད་གྲོགས། །ལྷན་ཅིག་དགའ་འཛོམ་འདི་སྣང་བ་སྐྱིད་པ། །སྐྱིད་དོ་བསམ་པ་ཡང་འཁྲུལ་སྣང་རྣམ་རྟོག །སེམས་ཉིད་སྟོང་པ་ལ་སྐྱིད་སྡུག་ཅི་ཡོད། །སྟོང་པའི་ངོ་བོ་ལ་ཅེར་གྱིས་བལྟས་ན། །སྐྱིད་སྡུག་གཉིས་ཀ་ཡང་སེམས་ཀྱི་ཆོ་འཕྲུལ། །སྐྱེ་འགག་གནས་བྲལ་གྱི་རིག་སྟོང་རྗེན་པ། །སྡུག་བསྔལ་བྱུང་ན་ཡང་སྐྱིད་ཀྱི་སྣ་འདྲེན། །རང་ཅག་ཆགས་སྡང་དང་འདུ་འཛིའི་འཆིང་ཐག །ཕ་ཡུལ་མེད་པ་དེ་སྐྱིད་པོ་འདུག་གོ །རེ་དོགས་སོ་ཚིས་ཀྱི་མགུ་འཁང་མི་འདུག །སྐྱིད་སྡུག་གང་བྱུང་ཡང་ཐད་ཀར་ལམ་ཁྱེར། །བསྟན་འགྲོར་གང་ཕན་པ་ངང་གིས་འགྲུབ་པ། །བླ་མའི་ཐུགས་རྗེའི་མཐུས་ཀུན་ལ་ཕན་སྙམ། །མ་འགྲུབ་བྱུང་ན་ཡང་བློ་ཕམ་ཅི་ཡོད། །འདུས་བྱས་ཐམས་ཅད་ཀུན་འདི་གའི་རང་བཞིན། །མི་རྟག་གསལ་འདེབས་ཀྱི་མཐོང་ཆོས་འདུག་པས། །ཅམ་གྱིས་བསྐྱུར་ན་ཡང་གོ་རྒྱུ་འདུག་སྙམ། །རེ་མེད་དོགས་མེད་ཀྱི་ལྟ་བའི་ངང་ནས། །ཞེན་མེད་རང་གྲོལ་གྱི་སྣང་རྐྱེན་འདི་ག །རང་བྱུང་རང་ཤར་གྱི་འཇའ་ཚོན་ལྟ་བུའི། །ཆུ་ཟླའི་རོལ་རྩེད་འདི་ཀུན་རྫོབ་བདེན་པ། །རང་བཞིན་མ་གྲུབ་པའི་ཟང་ཐལ་སྒྱུ་མ། །སྣང་སྲིད་འཁོར་འདས་ཀུན་རྒྱས་བཏབ་བྱས་པས། །དོན་དམ་གནས་ལུགས་དེ་མངོན་སུམ་རྟོགས་པའི། །སྣང་སེམས་རོ་གཅིག་གི་ལྟ་གདེང་མེད་ཀྱང༌། །རྐྱེན་ངན་ཐུབ་ཙམ་ཞིག་ཡིན་ནོ་སྙམ་ལགས། །དེ་སྐད་གང་ཤར་གྱི་ངག་གི་གླིང་བུ། །ན་སོ་རྒན་ཁོག་ཀྱང་སེམས་རྩ་སྤྲོ་བས། །ལས་ཅན་མཆོག་ཁྱེད་ཉིད་དགྱེས་ཕྱིར་ཕུལ་བས། །སྐུ་ཚེ་ཕྲིན་ལས་ཀུན་མཐར་ཕྱིན་ཤོག་ཅིག །ཅེས་པའང་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་སྤྲེལ་ཟླའི་ཚེས་བཅུའི་དུས་མཆོད་སྐབས་དྲུང་པ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་ལ་ཕུལ་བའོ། ༈ རབ་འབྱམས་རྒྱལ་བའི་ཡེ་ཤེས་དྭངས་མ་ཧྲཱིཿ ཨོ་ཌི་ཡཱ་ནའི་སིནྡྷཱུའི་དྭངས་མཚོའི་དབུས། །འདབ་སྟོང་པདྨའི་གེ་སར་འཕོས་པའི་མོད། །རང་བྱུང་རྡོ་རྗེ་སློབ་དཔོན་གྲུབ་དེས་སྐྱོངས། །བགྲོད་དཀའ་ཤིན་ཏུ་རྒྱང་རིང་རྒྱ་མཚོའི་མཐར། །གནས་ཀྱང་དད་བརྩེའི་འདབ་སྟོང་བདག་ཕྱོགས་པའི། །ཉི་གཞོན་སྟེང་འཐུང་བཞིན་གྱུར་བློ་གྲོས་ཀྱི། །སྦྲང་རྩིས་ཕྱུག་པའི་སློབ་མ་གང་དེ་ལ། །རི་བྲག་གངས་ནགས་ཆུ་ཀླུང་ཚང་ཚིང་འཁྲིགས། །ས་འཛིན་གྲོང་དང་ལོ་འབྲས་མེ་ཏོག་བཀྲ། །སྤྲིན་དཀར་བླ་གོས་འཆང་བའི་རྒྱལ་ཁབ་ཀྱི། །རཱ་ཛ་ཀོ་ཊི་མ་ཧཱ་སུ་ཁའི་ཚལ། །དྷརྨ་དྭཱི་པར་གནས་པའི་རྒན་པོ་དེས། །སྤྲིང་ཡིག་ལྷ་ཡི་རྔ་འདི་དལ་གྱིས་སྒྲོགས། །དམ་ཆོས་བདུད་རྩི་ཐོབ་པ་ད་རེས་ཙམ། །ཐོས་པ་རྒྱ་ཆེའི་ལུང་རིགས་སྒྲོགས་པ་ལས། །དཀོན་པའི་མཆོག་དེ་སེམས་རྒྱུད་དམ་ཆོས་དང༌། །འདྲེས་པའི་ཉམས་མྱོང་སྐྱེ་བ་ཉིན་སྐར་ཙམ། །ཁྱད་པར་དེང་དུས་རྩོད་པ་རྒྱས་པའི་མཐུས། །བསྟན་པ་ཅུང་ཟད་གནས་པའང་གཟུགས་བརྙན་ཙམ། །སྐྱོན་ནི་སེམས་ཅན་རང་གི་ཀུན་སྤྱོད་ཀྱིས། །བྱས་ཕྱིར་བག་ཡོད་དྲན་ཤེས་བསྟེན་པ་གཅེས། །མི་ཚེའི་ཡུན་ནི་ལུག་མཇུག་ལས་ཀྱང་ཐུང༌། །ཆོས་ཀྱི་བྱ་སྤྱོད་རིན་ཆེན་གསེར་ལས་དཀོན། །ལས་ཉོན་སྡིག་པ་རྩེད་མོའི་ཞོར་ལའང་བསགས། །རང་སེམས་སྐྱོ་ཤས་བསྐྱེད་པ་གནད་དུ་ཆེ། །ཉམས་སུ་ལེན་ཚུལ་མང་ཡང་སྙིང་པོའི་ཏིག །རང་སེམས་གཤིས་ཀྱི་གནས་ལུགས་ངོ་ཤེས་ན། །བྱ་སླ་ཆོད་ཆེ་ཆོས་ཀྱི་སྲོག་ཡིན་ཀྱང༌། །སེམས་ཀྱི་ལས་སུ་སོང་བས་བརྩོན་ནུས་དཀོན། །ཐོག་མེད་སྒྲིབ་པའི་བག་ཆགས་ཡུན་རིང་ཀྱང༌། །རང་ངོ་ཤེས་ན་སེམས་རྩལ་རྣམ་རྟོག་ཙམ། །རྣམ་རྟོག་སྐྱེ་འགག་གནས་མེད་ཆོས་ཉིད་ལས། །བྱུང་ཞིང་དེ་གར་ཐིམ་པའི་མཚངས་འདི་ལྟོས། །དང་པོ་སྐྱོང་དཀའ་གོམས་ན་རྟོགས་པའི་གདངས། །ཤར་དང་ཆོས་ཉིད་གྲོལ་བ་དུས་མཉམ་པས། །རྒན་པོས་བྱིས་པའི་བྱ་སྤྱོད་བལྟས་འདྲར་འགྱུར། །གུ་ཡངས་སྐྱོང་བདེ་ལྷོད་དེ་སྡོད་པ་འབྱུང༌། །ཁྱད་པར་སྙིགས་མའི་སྐྱབས་གཅིག་ཨོ་རྒྱན་རྗེ། །དབྱེར་མེད་བླ་མ་སངས་རྒྱས་དངོས་མཐོང་བའི། །མོས་གུས་འཕུལ་བརྡེག་བྱས་པས་ས་ནུ་བཞིན། །དགོངས་རྒྱུད་བྱིན་རླབས་འབྱུང་བ་དངོས་པོའི་གཤིས། །སྐྱིད་སྡུག་གང་བྱུང་ཞེན་མེད་སྒྱུ་མ་ལྟར། །རྩལ་སྦྱང་ཀུན་ཀྱང་ངེས་འབྱུང་སྐྱོ་ཤས་དང༌། །སྙིང་རྗེའི་གསལ་འདེབས་བདེ་སྡུག་གཏོང་ལེན་གྱིས། །ཐམས་ཅད་ཆོས་ཀྱི་སྟེགས་སུ་འགྲོ་ལ་བསླབ། །ནམ་ཞིག་བཟང་ངན་སྣང་རྐྱེན་གང་ཤར་ཡང༌། །ཉམས་ལེན་ཆོས་ཀྱི་གསལ་འདེབས་ཤུགས་འབྱུང་དུ། །བྱུང་ནས་རྟོགས་པ་བོགས་འབྱིན་གྱུར་པའི་ཚེ། །སེམས་དང་ཆོས་སུ་འདྲེས་ཞེས་ངོས་བཟུང་འདྲ། །རིས་མེད་ཆོས་ཀྱི་དགའ་ཚལ་མིག་གིས་མཇལ། །རྣམ་འདྲེན་ཀུན་ལས་ཟབ་གསང་བདུད་རྩི་ཐོབ། །གང་ཤེས་གདམས་པའི་ཚིག་ཕྲེང་བསྟར་འདིས་ཀྱང༌། །ཁྱོད་བློ་ཐར་པར་འཇུག་པའི་རྒྱུར་གྱུར་ཅིག། ༈ རྒན་པོ་རབ་གསལ་ཟླ་བ་མཁའ་དབྱིངས་སུ་ཐོན་ཚེ། །རྒྱལ་སྲས་ཆོས་ཀྱི་རྒྱ་མཚོ་ས་གཞི་རུ་བཞུགས་ནས། །སྣང་རྐྱེན་སྒྱུ་མའི་བཀོད་པ་ཐག་རིང་ཞིག་འདྲ་ཡང༌། །ཐུགས་དབྱིངས་དགོངས་པ་རོ་གཅིག་སོ་སོ་རུ་མི་འདུག །རབ་གསལ་ཟླ་བའི་འོད་ཕྲེང་སྟེང་མཁའ་ལས་སྤྲོས་པ། །ས་གཞི་ཆོས་ཀྱི་རྒྱ་མཚོར་རིག་པའི་མོད་ཉིད་ནས། །གཞན་ཕན་ཕྲིན་ལས་སྙིགས་མའི་གདུང་སེལ་དུ་གྱུར་པས། །དོན་ལ་མི་འབྲལ་མཐུན་པའི་རྟེན་འབྱུང་གི་རང་རྟགས། །ཕ་གཅིག་པདྨ་དྲི་མེད་ཡེ་ཤེས་ཀྱི་མྱུ་གུ། །ཆོས་ཀྱི་རྒྱ་མཚོའི་རྫིང་ལ་བསམ་བཞིན་དུ་འཛུམ་པ། །རབ་གསལ་ཟླ་བ་བདེན་ཚིག་བདུད་རྩི་ཡིས་བྲན་པས། །དགྱེས་ཞལ་ཡང་ཡང་མི་མཇལ་འབྲལ་ཐབས་ཞིག་ཡོད་དམ། །མ་དྲོས་ཆོས་ཀྱི་རྒྱ་མཚོའི་ཕྱོགས་བཞི་ཡི་ཆུ་ཀླུང༌། །རེ་ཞིག་ཤར་ལྷོ་ནུབ་བྱང་ས་གཞིའི་ཁྱོན་འགྲོ་ཡང༌། །བསྟན་འགྲོའི་ཕན་བདེའི་ཕྲིན་ལས་རྒྱ་མཚོ་ཆེར་གཅིག་པས། །རྒྱལ་སྲས་རབ་གསལ་ཟླ་བའི་དབྱིངས་གཅིག་ལ་འཇུག་འགྲོ། །བུ་གཅིག་སྤྱན་གྱི་ཟུར་ནས་ཆབ་ཕྲེང་ཅུང་གཡོས་པས། །ཕ་རྒན་ཡིད་ཀྱི་ཟླ་བ་སྐྱོ་ལྷང་ལྷང་བྱུང་ཡང༌། །ཚེ་རབས་མི་འབྲལ་མཐུན་པའི་སྨོན་ལམ་གྱི་འབྲས་བུ། །ཡིད་ཆེས་བརྙེད་པས་མ་བཅོས་གཉུག་མའི་ཀློང་ངལ་གསོས། །བདག་ཅག་འདྲེན་མཆོག་ཉི་ཟླ་རྒྱུ་སྐར་གྱི་ཕྲེང་བའི། །མཛད་པའི་མཇུག་སྐྱོང་སྐལ་བཟང་ཡང་རྩེ་རུ་འདུག་པས། །རིས་མེད་བསྟན་འགྲོ་ཕན་བདེ་ཟད་མི་ཤེས་བསྒྲུབས་ནས། །ཕ་གཅིག་བླ་མ་མཇལ་བའི་དགྱེས་སྟོན་དུ་འབུལ་སྙམ། །དུས་ངན་རྒུད་པའི་སྤྲིན་རུམ་བསྐལ་མུན་ལས་ནག་ཀྱང༌། །སངས་རྒྱས་ཕྲིན་ལས་སྨོན་ལམ་ཤུགས་དྲག་གི་འཐོར་རླུང༌། །བསྐུལ་ཚེ་བདེན་དོན་རབ་གསལ་ཟླ་བ་དེ་འཆར་དུས། །ཆོས་ཀྱི་རྒྱ་མཚོ་འཕེལ་རྒྱས་དགའ་སྤྲོའི་གཏེར་བརྡོལ་ངེས། །ཡིད་སྐྱོའི་རྟོག་པ་གཞི་མེད་རྩ་བྲལ་གྱི་ཀློང་ནས། །རང་རིག་གདོད་མའི་སངས་རྒྱས་འཛུམ་མུལ་མུལ་མཇལ་བྱུང༌། །དགའ་སྤྲོའི་རིག་རྩལ་ཁྱེའུ་ཆུང་དགོད་བྲོ་ཞིག་བྱུང་བས། །རོ་མཉམ་ཆོས་སྐུའི་ཀློང་ན་སྐྱིད་སྡུག་ཀུན་གྲོལ་སོང༌། །ཐག་རིང་མི་འདུག་རང་གནས་གཉུག་མ་ཡི་ཡེ་ཤེས། །ཉེ་རུ་མི་འདུག་མཐོང་བྱ་མཐོང་བྱེད་དང་བྲལ་བས། །སྨྲ་བསམ་བརྗོད་པ་བྲལ་བར་ཕྱམ་བརྡལ་དུ་སོང་ནས། །གཏད་མེད་གུ་ཡངས་ངང་ནས་ཅི་བྱ་ཡང་མི་འདུག །བྱ་བྱེད་ཡོད་རྒྱུ་བྱས་ན་ནམ་མཁའ་ནི་ཇི་སྲིད། །ཕྱོགས་དུས་བསྟན་འགྲོའི་དོན་ལ་ཟད་པའི་དུས་མེད་པས། །འཇམ་དཔལ་ཀུན་ཏུ་བཟང་པོ་པད་འབྱུང་གི་ཕྲིན་ལས། །བདག་ཅག་ཁུར་དུ་ལེན་ལ་བྲོད་པ་ཆེར་སྐྱེས་འདུག །སྣང་སྤྱོད་གཏད་མེད་ཡལ་བའི་རྣལ་འབྱོར་པ་བདག་ཅག །གང་བྱས་རྒྱན་དུ་ཤར་བའི་བློ་བདེ་ཡི་ངང་ནས། །སྙིགས་དུས་མི་ཟད་མུན་པའི་ཀློང་རུམ་དུ་སྐྱེས་ཀྱང༌། །སྐྱིད་གླུ་འབྲུག་ལྟར་མི་སྒྲོགས་ཀ་མེད་དུ་བྱུང་ལགས། །གླུ་མཁན་མགྲིན་པ་མི་བདེ་སྙན་གཙེར་དུ་འདྲ་ཡང༌། །ཚིག་དོན་ཟོལ་མེད་གསེར་ཞུན་རི་མོ་རུ་སོང་བས། །ཡིད་ལ་དགའ་སྟེར་མཛའ་མོའི་གླུ་འབུམ་ལས་ལྷག་པའི། །ཁྱེད་ཐུགས་སྤྲོ་བས་ཚེམས་ཕྲེང་འཛུམ་བྱེད་དུ་འོས་སྙམ། །འབྲེལ་མེད་སྨྱོན་པའི་གླུ་འདི་མཁས་པ་ལ་མི་མཛའ། །གྲུབ་པའི་དོ་ཧ་མིན་པས་སུ་ཞིག་གིས་ཡིད་རྟོན། །ཡིན་ལུགས་ཤེས་ཀྱང་ཀུན་རྟོག་རླུང་ཤུགས་ཀྱིས་བསྐུལ་བས། །སོར་ཕྲེང་སྲིན་བུའི་ལམ་འདི་གནམ་གྲུའི་ནང་བྲིས་སོང༌། །མཁའ་ལ་བལྟས་པས་རྣམ་དག་ལྟ་བ་དེ་མཚོན་འདུག །མུ་མཐའ་བྲལ་བའི་ཆོས་དབྱིངས་ཀུན་གསལ་གྱི་ལམ་ལ། །ཕྱོགས་མེད་ཀུན་ཤོང་དཀའ་ངལ་བྲལ་བ་ཡི་དབྱིངས་རིས། །ཀུན་ཁྱབ་ཡངས་པའི་དབྱིངས་སུ་ཏ་ལ་ལ་ཆས་འགྲོ། །བར་སྣང་བལྟས་པས་མ་བཅོས་སྒོམ་ཉམས་དེ་དྲན་བྱུང༌། །འཇའ་སྤྲིན་ཉི་ཟླའི་རྒྱུ་བ་ཉིན་མཚན་མེད་འཆར་ཡང༌། །མཁའ་དབྱིངས་འཕེལ་འགྲིབ་བྲལ་བའི་བརྡ་སྟོན་ཞིག་བྱུང་བས། །རང་རིག་གཉུག་མའི་མཉམ་བཞག་གུ་ཡངས་ལ་བློ་བདེ། །ས་གཞི་རི་གླིང་རྒྱ་མཚོ་མུ་མེད་ཀྱི་བཀོད་པ། །གཞན་ཕན་བྱང་སེམས་སྤྱོད་པའི་བརྡ་སྟོན་དུ་འདུག་སྟེ། །གང་ཤར་ཐད་ཀར་ཁྱེར་བས་ཀུན་ཕན་གྱི་ཕྲིན་ལས། །ནམ་མཁའ་ཇི་སྲིད་ལྷུན་གྱིས་གྲུབ་པ་རུ་སྨོན་ནོ། །ནམ་མཁའ་རྒྱ་མཚོ་ས་གཞི་ཉི་ཟླ་དང་བཅས་པ། །འབྱུང་བཞིའི་རང་བཞིན་གཅིག་གི་བཀོད་པ་རུ་བཀྲ་བས། །གཞི་འབྲས་ལམ་གསུམ་དབྱེར་མེད་ཆོས་དབྱིངས་ཀྱི་རྒྱ་མཚོར། །སིམ་པའི་བློ་བདེའི་ངང་ནས་འདིར་ཉལ་སྤྱོད་འདོད་དོ། །དེ་སྐད་ལམ་གླུ་ཆལ་མ་ཆོལ་ཆུང་མ་འདི་ཡང༌། །བར་སྣང་སྤྲིན་གྱིས་ཆལ་མ་ཆོལ་བྱེད་པའི་བར་ནས། །ལྕགས་དཀར་འདབ་མའི་རྫུ་འཕྲུལ་ཆལ་མ་ཆོལ་བསྒྱུར་བཞིན། །མི་རྒན་སུག་རྗེས་ཆལ་མ་ཆོལ་བྱུང་དུ་ཕུལ་བས། །དགྱེས་ཞལ་དབུ་སྐྲ་དཀར་པོས་འཛུམ་མུལ་དུ་བྱེད་ཅིང༌། །རྒན་པོ་གོམ་འགྲོས་ཁྱོལ་ལེའི་ཉ་རེ་དང་ཉོ་རེ། །མྱུར་དུ་མཇལ་བའི་འདུན་སྨོན་རྩེ་གཅིག་དང་བཅས་ཏེ། །ཉིན་བྱེད་ཟེར་ལ་རྒྱུ་བའི་མངྒ་ལས་གུས་ཕུལ། ༈ རབ་འབྱམས་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ། །དབྱེར་མེད་བརྒྱུད་གསུམ་བླ་མས་ཁྱེད་ལ་བྱིན་རློབས། །སྔོན་ལས་བཟང་པོས་འབྲེལ་བའི་དཀོན་མཆོག་བསྟན་འཛིན། །ཡིད་སྐྱོ་མ་བྱེད་གུ་ཡངས་ངང་ནས་སྡོད་ཅིག །བླ་སློབ་ཀུན་གྱི་མི་རྟག་ཁ་ལ་བཤད་བཞིན། །ད་རེས་འདུས་མཐའ་བྲལ་བའི་མི་རྟག་ཆུང་ངུའི། །མཐའ་བཞིའི་མི་རྟག་དྲན་པའི་བསྐུལ་འདེབས་ཡིན་པས། །དོན་དེ་ཡིད་ལ་དྲན་པས་ཉམས་ལེན་གྱིས་ཤོག །བླ་མ་མི་འབྲལ་རང་རིག་གཉུག་མའི་ཡེ་ཤེས། །ཕྱི་ཡི་བླ་མས་གསལ་འདེབས་སྔར་ནས་ཟིན་པས། །ངོ་ཤེས་བརྟན་པོའི་ཐུགས་ཡིད་གཅིག་ཏུ་བསྲེས་དང༌། །གཟུགས་སྐུའི་བླ་མ་རྒན་པོ་མྱུར་དུ་མཇལ་ཡོང༌། །ཡི་དམ་མི་འབྲལ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར། །གདོད་ནས་གདན་གསུམ་འཁོར་ལོར་གསལ་འདེབས་ཟིན་པས། །སྨིན་གྲོལ་དགའ་སྟོན་སྤྱོད་བཞིན་བསྙེན་སྒྲུབ་གྱིས་དང༌། །རྒྱུད་ལུང་མན་ངག་ཐོབ་པས་སྤྲོ་བ་སྐྱེ་འོང༌། །མཁའ་འགྲོ་མི་འབྲལ་བདེ་སྟོང་ཐིག་ལེར་བཞུགས་པའི། །མན་ངག་གནད་གསང་མང་པོ་སེམས་ལ་ཡོད་པས། །གསལ་འདེབས་འབར་འཛག་རྡོ་རྗེའི་བཟླས་པར་བརྩོན་དང༌། །ལྷན་སྐྱེས་རྣམ་ཐར་གསུམ་གྱི་དགའ་སྟོན་སྟེར་འོང༌། །ཆོས་སྐྱོང་མི་འབྲལ་ཆོས་བཞིན་སྤྱོད་ལ་བསྐྱངས་ནས། །ཡིད་ཆེས་དད་པས་ཕུད་གཏོར་གསེར་སྐྱེམས་མཛོད་དང༌། །ཆོས་བཞིན་སྤྱོད་ལ་ཕ་དང་བུ་བཞིན་མཛའ་བས། །ཆོས་མཐུན་བསམ་པ་འགྲུབ་པའི་སྡོང་གྲོགས་ཡོད་ངེས། །བླ་མ་དཀྱིལ་འཁོར་དམ་ཚིག་རྡོ་རྗེའི་སྲད་བུའི། །བྱང་ཆུབ་བར་དུ་འགྲོགས་པའི་རྡོ་རྗེའི་ལུང་ལ། །ངེས་པ་བརྟན་པོའི་གསོལ་བ་ཡང་ཡང་ཐོབ་དང༌། །ཞུན་མར་འོད་དང་སྡོང་བུ་འབྲལ་ཐབས་ཨི་ཡོད། །རྐྱེན་ངན་གྲོགས་སུ་བལྟ་བ་ཆོས་པའི་ཁྱད་ཆོས། །འགལ་རྐྱེན་ལམ་དུ་ལྷོང་བ་ཉམས་ལེན་གསལ་འདེབས། །ད་རེས་དངོས་གྲུབ་ཆེན་པོའི་སྣ་འདྲེན་ཡིན་པས། །ངག་དབེན་སྒོམ་ལ་གུ་ཡངས་བློ་བདེ་མཛོད་ཅིག །མདོ་རྒྱུད་བཀའ་དང་བསྟན་བཅོས་པདྨའི་དགའ་ཚལ། །ཐོབ་ཚད་བསམ་དང་སྒོམ་པས་ཡང་ཡང་ལྟོས་དང༌། །དད་དང་ཤེས་རབ་བརྩོན་འགྲུས་ཁྱེད་ལ་ཡོད་པས། །རྒན་བུ་འཕྲད་ཚེ་སྒྲོ་འདོགས་ཡོད་ཚད་བཅད་ཆོག །རྩོལ་བཅས་རྩོལ་མེད་རྫོགས་རིམ་ནོར་བུའི་བང་མཛོད། །རང་གི་ཁམས་དང་བསྟུན་ལ་ཉམས་ལེན་གྱིས་དང༌། །ཕ་གཅིག་བླ་མས་གནང་བ་ཆུད་ཟོས་མ་བྱེད། །ཉམས་རྟོགས་དཔྱིད་སོས་སྤྲིན་བཞིན་སེམས་ལ་འཆར་འོང༌། །རྒན་བུའི་བརྩེ་གདུང་མདུད་པ་ལྷོད་པོ་མེད་པས། །ཞལ་རས་འཛུམ་གྱིས་གང་བ་མྱུར་དུ་སྟོན་ངེས། །ཡིད་སྐྱོ་བསང་བའི་གླུ་འདི་གཅམ་བུ་མ་ཡིན། །གདུང་སེམས་ཞུ་གཏུག་གླུ་བཞིན་ངལ་འཚོའི་སྨན་ཡིན། །ངོ་རྐང་གང་རིང་གཟུགས་སྒུར་གོམས་འགྲོས་ཁྱོལ་ལེར། །དཀོར་ནག་ཆུ་ལྟར་འཐུང་ནས་རྒྱལ་ཁམས་མི་ལ། །མགོ་བསྐོར་འདུ་འཛིའི་དེད་ཅིང་ཀུན་ཏུ་རྒྱུ་དེས། །སྐྱེར་ཆུའི་གཙུག་ལག་འགྲམ་ནས་འཕྲལ་དུ་ཕུལ་ལགས། ༈ དྲང་པོར་བརྗོད་པའི་གཏམ་རྒན་པོའི་གླིང་བུ་ཞེས་བྱ་བ་བཞུགས། རྒྱུ་སྐར་དབུས་ན་སྣང་བྱེད་ཐིག་ལེ་བཞིན། །སྐྱོན་བྲལ་ཡོན་ཏན་རྫོགས་པ་བདག་གི་བཤེས། །རྫོགས་པའི་སངས་རྒྱས་པདྨ་བི་ཛ་ཡས། །བརྗོད་པ་འདི་ཡང་དོན་དང་ལྡན་པར་མཛོད། །བདག་ནི་མཁས་པ་མ་ཡིན་གྲུབ་པ་ཅི། །ཐ་ན་བཙུན་ཚུགས་ཙམ་ཡང་མི་ལྡན་བཞིན། །ལས་ཀྱི་དྲྭ་བས་འཐུམས་པའི་སྐལ་ངན་ཞིག །སྙིགས་དུས་མཁྱེན་བརྩེའི་དབང་པོའི་སྤྲུལ་སྐུར་གྲགས། །ཕྱི་ནས་ནད་མུག་མཚོན་གྱིས་སྤྲིན་རུམ་འཁྲིགས། །ནང་བཅུད་ཕལ་ཆེར་དུག་ལྔའི་ཐོག་སེར་རྒོད། །རྒྱལ་བསྟན་རླུང་གསེབ་མར་མེ་ལྟར་གྱུར་པས། །སེམས་ཤེས་ཡོད་ན་མི་སྐྱོ་འདི་ཅི་ཞིག །དེ་ལྟ་ན་ཡང་རྒྱལ་དང་དེ་སྲས་ཀྱི། །ཕྲིན་ལས་ཤིང་རྟ་དུས་ལས་ཡོལ་མེད་པས། །བསམ་བཞིན་བྱོན་པའི་རིས་མེད་སྐྱེས་ཆེན་འགས། །རྒྱལ་བསྟན་ཉམས་པ་གསོ་བའི་གོ་ཆ་བགོས། །དེ་ཚེ་ལུས་ཀྱི་ཟུངས་ཟད་གོམས་འགྲོས་འཁྱོལ། །བླང་དོར་མིག་འགྲིབ་ཁ་ཡི་སོ་ཕྲེང་ཞིག །མགོ་སྐྱེས་ཟླ་འོད་སྨྲ་ཅན་ལས་ངན་བདག །ས་ཆུ་སྙིགས་དུས་གཡག་རྒན་ལྟར་ཉལ་ཡང༌། །སྔོན་བསགས་བཟང་པོས་མཁས་གྲུབ་བླ་མ་མཇལ། །ཕ་མ་བཟང་པོས་དམ་པའི་ཆོས་ལ་བསྐུལ། །སྤུན་གྲོགས་བཟང་པོའི་ལེགས་སྨོན་ཆ་ཤས་ཀྱིས། །གཏམ་དེ་ཁུ་བྱུག་གླིང་བུ་ལས་སྙན་གྱུར། །སྔོན་བྱོན་སྐྱེས་བུས་ལུས་སྲོག་བློས་བཏང་བའི། །འབད་པ་བརྒྱ་ཡིས་བསགས་པའི་ལུང་རྟོགས་དབྱིག །ནོར་བུའི་རྡུལ་ཙམ་རྙེད་ཀྱང་ཚངས་ཆེན་གྱི། །འབྱོར་པས་མི་ཁུག་ཆོས་འབྱོར་སྡུད་སྙམ་སྐྱེས། །བདེན་པའི་ལས་དེ་གངྒའི་རྒྱུན་ལས་རིང༌། བསགས་པ་རྒྱ་ཆེ་ཆོས་མཛོད་གཅེས་བསྲུང་ན། །ཚེ་རབས་ཀུན་ཏུ་འབྱོར་ལས་རྒུད་མེད་པའི། །ངོ་མཚར་དྲན་ནས་ཁོག་འཛུམ་འགྲམ་བ་འདར། །འཐུག་པོའི་མིག་ལྤགས་དཔྲལ་བའི་དབྱིངས་སུ་བརྗེས། །འཁྱོག་པོའི་སོར་མོས་དད་བརྩོན་མཁར་བ་བཟུང༌། །ཐོས་བསམ་ཆ་ཤས་བསགས་པའི་གོས་ཧྲུལ་གྱོན། །ཐུབ་བསྟན་ཀུན་དགའི་དོ་རར་ཅི་ནུས་བགྲོད། །དེ་ཚེ་བཀའ་བསྟན་པད་དཀར་དར་ལ་བབ། །ཟབ་རྒྱས་སྦྲང་རྩིའི་ཟིལ་ཕོད་ཆེས་ཆེར་ཕྱུག །འཕགས་ཆེན་རྐང་དྲུག་དགྱེས་པའི་གར་མཐོང་བས། །ཡིད་མུག་སེམས་ཀྱི་ངལ་འཚོའི་སྨན་དུ་གྱུར། །ལོ་རྒས་སྨྲ་བ་མང་བ་མཚན་ཉིད་ཕྱིར། །རང་ཉིད་འཁྲུལ་བཞིན་ཤེས་མདོག་ཁ་ད་འདི། །ཁ་ཆུ་ཟག་བཞིན་ལྡབ་ལྡིབ་ཀུ་ཅོའི་ངག །སྙན་དང་ཐུགས་ལ་གཟན་ཡང་ཤོར་ཏེ་ཐལ། །ཀྱེ་ལགས་དྲང་སྲོང་ཆེན་པོ་ལྷ་ཡི་ལྷས། །རྒྱལ་སྲས་རིན་ཆེན་ཀུན་སྤངས་དབེན་པར་སྙེགས། །རྣམ་གསུམ་ཐར་པའི་རྒྱལ་མཚན་མཆོད་གཟིགས་ལ། །ངུར་སྨྲིག་བཞེས་ན་བསྟན་འཛིན་སྐྱེས་བུ་ལགས། །ས་བཅུའི་རྒྱུན་མཐར་སོན་པའི་བློ་ལྡན་ཡང༌། །རིང་འཕུར་ལྷག་སྐྱོབ་བསྟེན་པའི་ཚུལ་གཟིགས་ལ། །ཐར་ལམ་རྩ་བ་འདི་ལས་གཞན་མེད་ཕྱིར། །མཚན་ལྡན་བླ་མ་བསྟེན་ན་བསྟན་འཛིན་ལགས། ཐ་སྙད་ཤེས་བྱའི་མཐའ་རྒྱ་མ་ཆོད་ན། །ཟབ་དོན་ཐོས་བསམ་འདྲེན་བྱེད་མི་ལྡན་པས། །ལོག་པའི་གྲུབ་མཐའ་འཛིན་པའི་སྐྱོན་གཟིགས་ལ། །ཐོས་པ་ཕྱོགས་མེད་ཚོལ་ན་བསྟན་འཛིན་ལགས། །འོ་མའི་སྙིང་པོ་མར་བཅུད་ལུས་ཟུངས་གསོས། །ཕྱོགས་མེད་ཐོས་པ་བསམ་པས་གཏན་ཕབ་སྟེ། །བསྟན་པ་འགལ་མེད་ཉམས་ལེན་གནད་དྲིལ་ནས། །ཡང་དག་ལམ་བཟང་ཚོལ་ན་བསྟན་འཛིན་ལགས། །ཆོས་རབ་རྣམ་འབྱེད་བློ་གྲོས་གཉིས་འཐུང་ལ། །བཅུ་ཕྲག་རིག་པའི་དྲྭ་བས་ལེགས་བརྒྱན་ན། །མཁས་པའི་ཡོན་ཏན་ཕྱི་རུ་གསལ་ནུས་ཕྱིར། །བསླབ་བྱ་མཐའ་དག་མཁྱེན་བརྩོན་བསྟན་འཛིན་ལགས། །རྟོག་གེའི་རིག་པ་སྐམ་པོའི་གཡམ་རྒྱུགས་དང༌། །ཟོག་བླུན་སྒོམ་པའི་ཡིད་བརྟན་མི་འཆའ་བར། །ཡབ་མེས་མཁས་གྲུབ་གསུང་ལ་བློ་གཏད་པས། །རང་རྒྱུད་འདུལ་ན་ངེས་པའི་བསྟན་འཛིན་ལགས། །ང་རྒྱལ་སྲོག་མཁར་བཙུགས་པས་གཞན་སྐྱོན་རྟོགས། །ཤེས་ཚད་ཁ་ལ་ཁྱེར་ནས་ཁྱད་གསོད་བྱེད། །རྩོད་བྲལ་ཆོས་ལ་རྒོལ་པའི་ཅ་ཅོ་ཡིས། །ཆོས་སྤང་ལས་ངན་མ་བསགས་བསྟན་འཛིན་ལགས། །མཁས་པ་ཀུན་བསྟེན་མཁས་པའི་ལེགས་བཤད་ཚོལ། །གྲུབ་པ་ཀུན་བསྟེན་གྲུབ་པའི་དགོངས་ཉམས་ལེན། །རང་ལུགས་གོང་མའི་ལྟ་སྒོམ་སྤྱོད་པ་ལ། །བློ་རྩེད་གཏོད་པ་ངོ་མཚར་བསྟན་འཛིན་ལགས། །སྔོན་བྱོན་འཕགས་པ་བཞུགས་པའི་ལེགས་བཤད་ཀྱི། །རིན་ཐང་ཤེས་པས་དེར་བལྟ་དེ་དོན་བསྒོམ། །དེ་རྗེས་སྙོགས་པའི་རྣམ་ཐར་གཙང་མ་ཡིས། །རང་ལུགས་འཛིན་པར་ནུས་ན་བསྟན་འཛིན་ལགས། །འཆད་རྩོད་རྩོམ་པའི་ག་དར་མ་ཤེས་ཀྱང༌། །རང་གི་ཉམས་ལེན་ཆོས་ལ་སྒྲོ་འདོགས་ཆོད། །ཡིད་ཆེས་ངེས་པས་རྩེ་གཅིག་བརྩོན་བྱས་ན། །དོན་གཉིས་སྒྲུབ་པར་ནུས་ན་བསྟན་འཛིན་ལགས། །ཤེས་ཚད་ཁར་ཁྱེར་ཁྱད་བསད་གཞན་སེམས་དཀྲུགས། །དྲན་ཚད་ལག་ལེན་ཡིད་བརྟན་ཕེར་བ་མེད། །ཟློས་གར་འཁྲབ་འདྲའི་ལྟ་སྤྱོད་མ་མཛད་པར། །བློ་རྩེ་གཅིག་ལ་དྲིལ་ན་བསྟན་འཛིན་ལགས། །དྲན་ཚད་བསླབ་དགོས་ཤེས་རྒྱུ་གཅིག་ཀྱང་མེད། །མཐོང་ཚད་གྲོགས་དགོས་སྡོམ་གསུམ་ཆ་མ་ཆོལ། །ཆས་གོས་ཀུན་སྤྱོད་ངོ་ཚ་ཁྲེལ་ཡོད་བརླག །རང་ཚུགས་ཆོས་བཞིན་བཟུང་ན་བསྟན་འཛིན་ལགས། །བསགས་པའི་ནོར་ལ་སྙིང་མེད་རྒྱལ་ཁམས་གཟིགས། །སྔོན་བྱོན་གོང་མས་རྒྱལ་སྲིད་ཆོས་ཕྱིར་བཏང༌། །ཆོས་ལྡན་བོད་ཀྱི་ལུང་རྟོགས་གན་མཛོད་དེ། །སྤྱོད་པ་སྐལ་བཟང་དགོས་ན་བསྟན་འཛིན་ལགས། །ཆོས་ལ་སོ་ནམས་ཞིབ་ཏིག་ལས་ཀ་མེད། །གཡོ་སྒྱུ་ཞི་དྲག་མི་དགོས་བརྩོན་བཞིན་ཕྱུག །འབྲེལ་པ་ཙམ་གྱིས་ངན་སོང་སྐྱེ་སྒོ་བཀག །ནོར་འདིའི་རིན་ཐང་ཤེས་ན་བསྟན་འཛིན་ལགས། །སྔོན་དུས་དཔལ་འབྱོར་བློས་བཏང་ཆོས་མཛོད་བསགས། །དེང་སང་ཆོས་རྟེན་བཙོང་ནས་ནོར་ལ་བརྐམ། །རྒྱལ་ཁམས་པྲེ་ཏ་བཞིན་དུ་གྱུར་གཟིགས་ནས། །ཆོས་སྤེལ་བསྙེན་བཀུར་མཛད་ན་བསྟན་འཛིན་ལགས། །སངས་རྒྱས་ལས་ཀྱང་དཀོན་པའི་གསང་སྔགས་ཆོས། །བཀའ་གཏེར་རིང་ལུགས་འཁོར་བསྒྱུར་རྒྱལ་ཁབ་མཚུངས། །མ་ཉམས་བཞུགས་འདི་ད་རེས་ཙམ་ལགས་པས། །སྨིན་གྲོལ་བདུད་རྩི་བཞེས་ན་བསྟན་འཛིན་ལགས། །གསང་སྔགས་འཇུག་སྒོ་སྨིན་བྱེད་དབང་བསྐུར་ཏེ། །བུམ་ཆུ་བདུད་རྩི་འཐུང་ཙམ་དབང་མ་ལགས། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་ངོ་འཕྲོས་དགོས། །རྒྱུད་དོན་ཐོས་བསམ་མཛད་ན་བསྟན་འཛིན་ལགས། །དབང་བསྐུར་སློབ་དཔོན་མཚན་ལྡན་དེའི་བརྒྱུད་པ། །སེལ་མེད་དམ་གཙང་བརྟགས་ཤིང་དཔྱད་པ་ལས། །ཁྱི་དང་གློ་བ་འཕྲད་བཞིན་མ་མཛད་པ། །ནོར་བུ་འཆིང་བུ་མ་ནོར་བསྟན་འཛིན་ལགས། །དབང་ཐོབ་ཙམ་གྱིས་གྲོལ་བ་ཤིན་ཏུ་དཀོན། །ཁ་ཚང་དོན་འདྲིལ་བརྒྱུད་པའི་ཕྱག་བཞེས་ལྡན། །རྩ་བ་གསུམ་གྱི་བསྐྱེད་བཟླས་བསྙེན་དང་སྒྲུབ། །ཚད་དུ་འཁྱོལ་བ་མཛད་ན་བསྟན་འཛིན་ལགས། །གསང་སྔགས་དབང་བཞི་ཐོབ་ནས་ལམ་བཞི་བསྒོམ། །ཇི་ལྟར་ནུས་པའི་དྲོད་ཚད་མ་རྙེད་བ། །སེང་གེའི་འོ་མ་སྲང་མདོར་བོར་དང་མཚུངས། །རྩོལ་བཅས་རྩོལ་མེད་ལམ་སྦྱོང་བསྟན་འཛིན་ལགས། །གཏད་མེད་བྱིས་པས་རྒྱལ་པོའི་སྲིད་ཀྱི་བྱུས། །མི་ཤེས་བཞིན་དུ་རྩོལ་མེད་གཉུག་མའི་ལམ། །ཞུ་མཁན་མང་ཡང་སྒོམ་མཁན་ཉིན་སྐར་ཙམ། །ཆོས་ཀྱི་སྙིང་པོ་བླངས་ན་བསྟན་འཛིན་ལགས། །མཁོ་དགུའི་ལོངས་སྤྱོད་རྙེད་བཞིན་དགོས་རྒྱུ་མང༌། །ཆོག་ཤེས་མེད་པའི་སེམས་ལ་དཔེ་བླངས་ནས། །ཟབ་རྒྱས་གདམས་ངག་ཆོག་ཤེས་མེད་པ་ཡིས། །གལ་ཆུང་ཆོས་ལ་མི་མཛད་བསྟན་འཛིན་ལགས། །དབྱར་སྐྱེས་མྱུ་གུ་མེ་ཏོག་དཀར་དམར་འཛུམ། །དྲི་ཞིམ་བུང་བ་ལྡིང་འདིར་ཡུད་ཙམ་ལ། །དཔེ་མཛོད་རྒྱལ་བསྟན་བཤད་སྒྲུབ་རྒྱས་དུས་འདིར། །ལེ་ལོའི་ཕྱི་བཤོལ་མ་མཛད་བསྟན་འཛིན་ལགས། །རྐང་འཐུང་ལྡེམ་བག་ཁོང་སེང་ཁུ་བྱུག་གི །མགྲིན་པའི་གླིང་བུ་ཐོས་ན་གདུང་སེལ་བཞིན། །དམ་ཆོས་རིན་ཆེན་འཆད་ཉན་ལྷ་ཡི་རྔ༌། །སྒྲོགས་དུས་ཅི་ནུས་གསན་ན་བསྟན་འཛིན་ལགས། །ཞིང་པ་རྒན་པོའི་ལོ་ཏོག་འབྲུ་གཅིག་ཙམ། །རི་རུ་མི་བོར་སྣོད་དུ་བསགས་པ་བཞིན། །སྨིན་གྲོལ་ཚོང་འདུས་རྫས་བཞིན་གྲིམ་དུས་འདིར། །དམ་ཆོས་དཔལ་འབྱོར་བསགས་ན་བསྟན་འཛིན་ལགས། །སྐྱི་སེར་རླུང་གིས་བ་མོ་མགྲོན་བོས་ཚེ། །རྩྭ་སྐྱ་མེ་ཏོག་ལང་ཚོ་ཡལ་བ་ལ། །གཟིགས་ནས་འཆི་བདག་ནམ་འོང་ཆ་མེད་ཕྱིར། །རྒྱབ་བརྟེན་སྔོན་ནས་ཚོལ་ན་བསྟན་འཛིན་ལགས། །ཐག་རིང་ཕྱི་མའི་ཤུལ་ལམ་མི་དྲན་བས། །འདི་སྣང་སྒྱུ་མས་བསླུས་པའི་ཚུལ་ཤེས་ནས། །གཏན་འདུན་དམ་པའི་ཆོས་བཞིན་སྤྱོད་པ་ཡིས། །རང་བློ་ཆོས་ལ་གཞོལ་ན་བསྟན་འཛིན་ལགས། །ལྟར་སྣང་དབྱངས་རོལ་ཙམ་ལ་མི་ཞེན་པར། །རྡོ་རྗེ་ཐེག་པའི་ཟབ་དོན་བསྐྱེད་རིམ་གནད། །སྲོག་སྡོམ་གཟེར་བཞིའི་འཕྲུལ་འཁོར་ལ་བརྟེན་ནས། །ལྷ་སྔགས་ཆོས་སྐུའི་ལམ་བརྩོན་བསྟན་འཛིན་ལགས། །རས་དཀར་བླ་གོས་སྒོམ་ཐག་ཐོར་ཅོག་གིས། །ངེས་དོན་རྣལ་འབྱོར་ཟོབ་ཏུ་མ་གྲུབ་པ། །ཡེ་ཤེས་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས། །ལྷན་སྐྱེས་ཡེ་ཤེས་བསྐྱེད་ན་རྣལ་འབྱོར་ལགས། །ལུས་ཕྲའི་གྲོགས་ལ་གློ་སྙིང་མི་གཏོད་པར། །འཕོ་མེད་རྒྱུ་འབྲས་དགའ་བཞིའི་འགྲོ་ལྡོག་ལ། །ཞུ་བདེ་མི་རྟོག་སྐུ་གསུམ་ཡེ་ཤེས་སུ། །རྟོགས་པས་ཐབས་ལམ་བསྟེན་ན་བསྟན་འཛིན་ལགས། །མོས་གུས་ཕོ་ཉས་དགོངས་བརྒྱུད་མགྲོན་བོས་ཏེ། །བློ་འདས་ཡེ་ཤེས་ཆེན་པོ་ནམ་མཁའི་དཀྱིལ། །མཐའ་དབུས་མེད་པར་ངལ་འཚོ་ཐོབ་པ་ཡིས། །གུ་ཡངས་བློ་བདེ་བྱུང་ན་བསྟན་འཛིན་ལགས། །ཡེ་ཤེས་ཟེར་གྱིས་འཁྲུལ་པའི་མུན་པ་བཅོམ། །སྐུ་གསུམ་སྣང་བས་ཟག་པ་དབྱིངས་ཟད་དེ། །རྡོ་རྗེ་ལུ་གུ་རྒྱུད་ཀྱིས་དབྱིངས་རིག་གཟིར། །ཆོས་ཟད་བློ་བདེར་གཟིམས་ན་བསྟན་འཛིན་ལགས། །རང་དོན་ཡིད་བྱེད་འགོང་པོ་སྤུན་དགུ་འདི། །བྱང་ཆུབ་སེམས་ཀྱི་སྔགས་རྒྱས་གཟིར་མནན་མཐུས། །གཞན་ཕན་རྒྱལ་ཐབས་སྐྱོང་ལ་ངལ་མེད་ན། །བསྟན་གདམས་ཟབ་རྒྱས་ཤིང་རྟའི་བསྟན་འཛིན་ལགས། །སྦྱང་བྱ་གནས་སྐབས་བཞི་ཡི་ཚང་ཚིང་ནགས། །སྦྱོང་བྱེད་དཀྱིལ་འཁོར་བདག་པོས་རྡོ་རྗེ་བཞིས། །སྦྱངས་འབྲས་དབང་བཞིའི་ཡེ་ཤེས་མཐར་སོན་ན། །གསང་ཆེན་ལམ་འབྲས་མཁས་གྲུབ་བསྟན་འཛིན་ལགས། །ངེས་འབྱུང་དཀའ་ཐུབ་སྤུ་སྡུག་རབ་སྒེག་ཅིང༌། །ཐབས་གྲོལ་ལམ་གྱི་ཟློས་གར་ཅིར་ཡང་རྩེ། །ཆོས་བརྒྱད་རྔོན་པས་མ་རྨས་རི་ཁྲོད་དང༌། །བས་མཐའ་ཉུལ་ན་བཀའ་བརྒྱུད་བསྟན་འཛིན་ལགས། །ཐབས་མཆོག་རྡོ་རྗེའི་ཆོས་དྲུག་རྩ་བ་བརྟན། །སྡོང་པོ་ཕྱག་ཆེན་ཉམས་རྟོགས་ཁོ་ལག་ཡངས། །མེ་ཏོག་མཁའ་སྤྱོད་དགའ་མའི་བག་མ་ཁུག །འཁྱུག་མེད་འབྲས་གྲུབ་ཤངས་པའི་བསྟན་འཛིན་ལགས། །ཞི་བསིལ་དམ་ཆོས་སྟོན་ཟླའི་འཛུམ་དཀར་སྒེག །བདག་འཛིན་རྒྱལ་བསེན་དམིགས་མེད་དབྱིངས་སུ་བསད། །སྙིང་རྗེའི་རི་དྭགས་གཟུགས་ཀྱིས་བྱང་ཆུབ་མཁར། །མཛེས་ན་ཞི་བྱེད་ཡུམ་གྱི་བསྟན་འཛིན་ལགས། །མངྒ་ལས་སོ། ༈ རེ་ཞིག་མི་རྒན་ཉམས་ཆུང་རྒྱ་གར་འགྲོ །དཀོན་མཆོག་བསྟན་འཛིན་ཕ་རན་སེར་སྡོད་ཀྱང༌། །བླ་སློབ་མི་འབྲལ་ངེས་ཤེས་དད་པ་ཡིས། །གསོལ་བ་ཐོབ་དང་མྱུར་དུ་མཇལ་བར་ངེས། །སྐབས་སུ་རྒྱལ་ཁམས་སྐྱིད་སྡུག་ལྟད་མོ་ལྟོས། །ཚེ་འདིའི་འཁྲུལ་པར་བརྩོན་འགྲུས་མེ་ལྟར་འབར། །ཕྱི་མར་ཕན་པའི་མ་ཎི་ཚར་གཅིག་མེད། །འཁོར་བའི་ལས་ལ་སྙིང་པོ་འདུག་གམ་སོམས། །སྐབས་སུ་རང་གི་སེམས་ལ་ཞུ་དག་གྱིས། །ཉོན་མོངས་སྐྱེས་ན་རང་ཤར་རང་གྲོལ་སྐྱོངས༌། །བབ་ཀྱིས་གནས་ན་གཉུག་མའི་རང་ངོ་ལྟོས། །མ་བཅོས་སེམས་ཀྱི་བླ་མ་མཇལ་ལ་སྡོད། །སྐབས་སུ་སྐྱིད་སྣང་ཤར་ན་ཞེན་པ་སྤོངས། །བདེ་སྐྱིད་ཕུད་དེ་རྩ་བའི་བླ་མ་མཆོད། །བདེ་ལ་མ་ཞེན་རང་ཤར་རང་གྲོལ་ངང༌། །ལྟོ་གོས་མཐུན་རྐྱེན་འབད་རྩོལ་མེད་པར་འབྱུང༌། །སྐབས་སུ་སྡུག་བསྔལ་ན་ཚ་བྱུང་ན་ཡང༌། །ལས་སྒྲིབ་སྦྱོང་བྱེད་སྙིང་རྗེའི་གསལ་འདེབས་གྱིས། །སྐྱིད་སྡུག་རོ་སྙོམ་ཆོས་ཉིད་གཅིག་ཏུ་ལྟོས། །རེ་དོགས་བྲལ་བའི་གུ་ཡངས་བློ་བདེ་གྱིས། །བླ་མ་མ་བརྗེད་སེམས་ཀྱི་དཀྱིལ་དུ་སྒོམས། །གདམས་ངག་མ་བརྗེད་དགོས་དུས་དྲན་པར་གྱིས། །འཆི་བ་མ་བརྗེད་དགེ་བའི་སྐུལ་མ་འོང༌། །བརྩོན་འགྲུས་མ་ལྷོད་ཉིན་མཚན་ཀུན་ཏུ་སྐྱེད། །འབྲལ་བ་འདི་ཡང་མྱུར་དུ་འཕྲད་པའི་རྟགས། །འཕྲད་ནས་དགའ་ཡང་ཐ་མར་འབྲལ་བར་ངེས། །སྒྱུ་མའི་ལྟད་མོ་སྒྱུ་མའི་སེམས་ཀྱིས་ལྟོས། །སྒྱུ་མར་ཤེས་པས་དོན་སྙིང་ཉམས་ལེན་གྱིས། །ཆོས་བཞིན་སྤྱོད་ན་ད་ལྟ་ཁ་མཁོས་མེད། །ཕྱི་མ་བདེ་ནས་བདེ་བའི་རྒྱལ་ཐབས་འགྲོ། །བློ་འདས་གཤིས་ལ་བཙན་ས་ཟིན་པ་ཡིན། །སྨོན་ལམ་ཡང་ཡང་ཞུ་འོང་རིགས་ཀྱི་བུ། །དེ་སྐད་མི་རྒན་སྨྲ་མང་འགྲོ་བའི་ཚེ། །སེམས་ཀྱི་གདུང་སེལ་གདམས་ངག་བདུད་རྩི་སྐྱེས། །ཁ་ཕྲུ་མང་པོའི་ཟིལ་པ་ཁྲོམ་མེར་འཐུང༌། །ཉམས་རྟོགས་ཤ་རྒྱས་བཙན་ས་ཟིན་པར་ཤོག ༈ ཀུན༵་བཟ༵ང་དགོངས་པ་མངོན་གྱུར་བླ་མའི་གདན་ས། །སྨིན་གྲོལ་ཆོས༵་འཁོར༵་བསྐོར་བའི་གླིང༵་མཆོག་དམ་པར། །ཁ་ཏོན་འབྲི་ཀློག་བརྩོན་པ་དཀོན་བསྟན་གང་ནས། །བརྩེ་བའི་ཡིག་འཕྲིན་འབྱོར་པས་གློ་བ་དགའ་བྱུང༌། །ཤིན་ཏུ་ཞི་བའི་ནགས་དེ་སྦས་ཡུལ་ལྟ་བུ། །ཉམས་ཆུང་བསམ་གཏན་སྐྱིལ་བུར་ཡིབ་སྟེ་སྡོད་དང༌། །བདག་དང་ཉེ་བར་གནས་པས་བློ་སེམས་དགའ་བྱུང༌། །གནས་ཚུལ་ཡང་ཡང་བཏང་ཤོག་སྔར་འདྲིས་གྲོགས་པོ། །བསམ་འགྲུབ་ཀེའུ་ཚང་གི་མདུན་དུ་བཀོད་པའི། །ཉམས་དགའ་ས་མཚམས་མཆོད་རྟེན་ལྗོན་ཤིང་ར་བར། །ཕྱི་མཚམས་བསྡམས་པས་ཁུ་སིམ་བག་ཡངས་གྱུར་པས། །སོ་བཀོད་ལྐོག་ཉལ་ཕག་བཞིན་འགྱིང་ནས་ཡོད་དོ། །སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུར་ཤར་བའི། །རྡོ་རྗེའི་རྣལ་འབྱོར་གདིང་ཆེན་བདག་ལ་མེད་ཀྱང༌། །ཕ་མེས་རིག་འཛིན་བརྒྱུད་པར་དད་མོས་གདུང་བས། །གསོལ་འདེབས་གླིང་བུ་དལ་མེད་སྒྲོགས་ནས་ཡོད་ལགས། །རབ་གསལ་ཟླ་བ་ལྷོ་ལྗོངས་ནམ་མཁར་མཐོ་ཡང༌། །དད་བརྩོན་སློབ་མའི་ཀུ་མུད་རྡོར་གླིང་བཞུགས་པ། །ལས་སྨོན་བདུད་རྩིའི་ཟེར་ཐག་ཆད་པ་མེད་པས། །རབ་དགའི་དྲི་བསུང་འཐུལ་ལ་སོམས་ཉི་མི་དགོས། །དེ་སྐད་ཨ་ཀྵ་ར་འདི་ཁྱེད་མདུན་ཆས་ཚེ། །སྤྲོ་དང་དད་པའི་ཟིལ་དངར་ཁྲོལ་པོའི་ངང་ནས། །བག་ཡངས་གནས་སུ་རི་དྭགས་ཇི་བཞིན་ལྷོད་ཆགས་ཕྱིར། །སྤྲོ་བས་ཉམས་དགའི་རྐང་བྲོ་བརྡུང་ནས་འཁྲབ་ཤོག །ཧ་ཧ། ༈ ཚིག་མཐའ་མ་དེད་དོན་མཐའ་སེམས་ལ་དོད། །དོན་གནད་གོ་ན་བདག་འཛིན་ངོ་རྒོལ་གྱིས། །བདག་མེད་རྟོགས་ན་ཆོས་ཀྱི་སྙིང་ཡིན་པའི། །དོན་དེ་གོ་ན་སྙིང་ཐིག་མཐར་ཐུག་ལགས། །སྤྱོད་པ་ཆོས་དང་བསྟུན་ལ་རང་སེམས་ཐུལ། །སོས་དལ་མ་སྡོད་ཐོས་བསམ་སྒོམ་ལ་བརྩོན། །མི་ཚེ་ཐུང་ལ་རིང་སྣང་མ་ཤར་བར། །འཆི་ལ་བག་ཟོན་གྱིས་ཤིག་ཤེས་ལྡན་ལགས། ༈ ཨ་ཧོ། ཡར་ལ་བལྟས་པས་སེང་ཆེན་འགྱིང་འདྲ་བའི་བྲག་རི། །སེང་གེ་བསམ་འགྲུབ་སྟག་ཚང་ཀེའུ་ཚང་མཇལ་བྱུང༌། །སངས་རྒྱས་གཉིས་པ་པད་འབྱུང་ཡབ་ཡུམ་གྱི་བོད་ཡུལ། །ཐུགས་རྗེས་སྐྱོང་བའི་རྣམ་ཐར་ལྷང་ལྷང་དུ་དྲན་བྱུང༌། །བླ་མ་མཚན་ལྡན་སློབ་མ་རྒོད་ལྡན་དུ་འཛོམས་ཚེ། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར། །སྤྲུལ་ནས་དབང་གིས་སྐུ་བཞིའི་རྒྱལ་ཐབས་ལ་སྦྱོར་བའི། །ངོ་མཚར་མཛད་པ་དྲན་ནས་དགའ་སྐྱོ་གཉིས་འདྲེས་བྱུང༌། །གངས་ཅན་ཕྱི་མའི་གདུལ་བྱ་དུས་ངན་ལས་སྐྱོབ་ཕྱིར། །འཁྱོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད་བཞེངས་ནས། །གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་སོགས་སྤྲད་པ། །ཕ་གཅིག་བཀའ་དྲིན་ཅན་གྱི་ཐུགས་རྗེ་དེ་དྲན་བྱུང༌། །གསང་སྔགས་ཆུ་བོ་བཞི་འདུས་ནམ་སྙིང་གི་རྣམ་འཕྲུལ། །ཀློང་ཆེན་ཡེ་ཤེས་རྡོ་རྗེ་སྦས་ཚུལ་དུ་བྱོན་ནས། །བླ་ཕུར་སྦྲགས་མའི་ཟབ་གཏེར་སྐལ་བཟང་གི་བཙས་སུ། །མངོན་སུམ་སྣང་བར་མཛད་པའི་ཡ་མཚན་ལ་སོམས་དང༌། །རི་བོ་ལྷུན་ཆགས་རྩི་ཤིང་ནགས་ཚལ་གྱི་གོས་ཀླུབ། །རྩེ་མོ་གནམ་སྙེགས་ཁ་བའི་ལ་ཐོད་ཀྱིས་བརྗིད་ཆག །སྤྲིན་དཀར་ན་བུན་མགུལ་ཆིངས་ལྷབ་ལྷུབ་ཀྱིས་གཡོགས་ཚད། །ཚེ་འདི་བློས་བཏང་བྱ་བྲལ་རྣལ་འབྱོར་ཚོ་སྐྱིད་པ། །སྤྲིན་རུམ་དུས་ཀྱི་མུན་པ་ལྟར་གནག་གི་ངོགས་སུ། །གློག་དམར་ཞགས་པས་ནམ་མཁའ་བཅིངས་བ་ལྟར་བྱས་ཚེ། །ཐུག་ཆེམས་དབྱར་རྔ་དྲག་པོ་གློ་བུར་དུ་སྒྲོགས་ཚེ། །དྲག་སྔགས་བཀའ་བབ་རླངས་ཆེན་དཔལ་སེང་ཀྱང་དྲན་བྱུང༌། །འཇམ་མཉེན་སྨན་ལྗོངས་མེ་ཏོག་འཛུམ་འཛུམ་དུ་རྒོད་ཅིང༌། །དར་དིར་བུང་བ་རྒྱགས་པས་གླུ་དབྱངས་ཀྱིས་བསྐུལ་བཞིན། །སྣ་ཚོགས་ཁ་དོག་བཀྲ་བའི་ཕྱེ་མ་ལེབ་འཕུར་ཚེ། །བློ་ལྡན་སྐལ་བཟང་ཐོས་བསམ་བརྩོན་པ་དེ་འདྲ་སྙམ། །ལྗོན་ཤིང་མགོ་ལྕོག་ལྡེམ་པའི་ཟློས་གར་གྱི་རྩེ་ན། །ཁུ་བྱུག་བྱིའུ་ཆུང་སད་པའི་མགྲིན་པའི་རྔ་བརྡུང་ཞིང༌། །གྲིབ་བསིལ་ལང་ཚོ་བྱེད་ཚེ་མ་བཅོས་པའི་རྣལ་འབྱོར། །ཐེག་མཆོག་རྫོགས་ཆེན་གུ་ཡངས་གཏད་མེད་དེ་དྲན་བྱུང༌། །བདག་གི་བླ་མ་ཡབ་མེས་བརྒྱུད་པ་དང་བཅས་ཀུན། །རང་སྣང་རིས་མེད་དགོངས་ཀློང་ཆོས་ཟད་དུ་འཁྱོལ་ཀྱང༌། །སྙིང་པོའི་སྒྲུབ་པ་མཛད་པའི་རྣམ་ཐར་དེ་དྲན་ནས། །ད་ནི་མི་རྒན་གཅིག་ཏུ་དགེ་སྦྱོར་ལ་བརྩོན་སྙམ། །ཆུ་ཀླུང་རྒྱུན་མི་འཆད་པར་ལྷུང་ལྷུང་དུ་འབབ་པས། །ལོ་འབྲས་སྙེ་མ་རྒྱས་པའི་བཅུད་ལེན་དུ་གྱུར་འདིས། །ཚད་མེད་སྙིང་རྗེའི་ཕུར་པས་མཁའ་ཁྱབ་ཀྱི་སེམས་ཅན། །རྣམ་མཁྱེན་སྐུ་བཞིའི་ངལ་འཚོ་སྦྱིན་འདོད་ཞིག་སྐྱེས་བྱུང༌། །ནགས་ཚལ་སྤྲིན་ལྟར་སྟུག་པའི་ཚང་ཚིང་གི་དབུས་ནས། །སྟག་གཟིག་ངར་སྐད་བསྒྲགས་དེ་རྒྱུ་བ་ཡང་མཐོང་ཚེ། །མཚན་མ་རྫས་ཀྱི་ཕུར་བུས་མི་སྲུན་པའི་གདུལ་བྱ། །ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བའི་མངོན་སྤྱོད་ཞིག་རྩོམ་སྙམ། །མཐོན་པོའི་རི་ངོགས་ན་བུན་ཡས་མར་སུ་འགྲོ་ཚེ། །བདེ་ཆེན་བྱང་སེམས་ཕུར་བུའི་ཐབས་མཆོག་གི་ལམ་ནས། །ཞུ་བདེ་མི་རྟོག་ཡེ་ཤེས་སྐུ་གསུམ་ལ་སྦྱོར་བའི། །གསང་ཆེན་རྡོ་རྗེ་ཐེག་པའི་ཉེ་ལམ་ཀྱང་དྲན་བྱུང༌། །མཁའ་དབྱིངས་དྭངས་པར་ཉི་ཟླའི་འཛུམ་ཟེར་གྱི་ཐིག་ལེ། །ལྗོན་ཤིང་ལུ་གུ་རྒྱུད་ཀྱི་ཁོང་སེང་ནས་མཐོང་ཚེ། །རིག་པ་ཡེ་ཤེས་ཕུར་བུས་སྣང་བཞིའི་ལམ་བགྲོད་ནས། །ཆོས་ཀུན་ཟད་སར་འཁྱོལ་བའི་མྱུར་ལམ་དེ་དྲན་བྱུང༌། །ཡུལ་སྣང་དཔེ་ཆར་ཤར་བའི་རྣལ་འབྱོར་པ་མིན་ཀྱང༌། །ཡབ་མེས་གོང་མའི་གསུང་གི་བདུད་རྩིའི་བཅུད་མྱང་བས། །ཐོལ་བྱུང་མགྲིན་གླུའི་རྒྱུད་མང་ལེན་འདོད་ཞིག་བྱུང་བས། །བུ་ཁྱོད་སྤྲོ་བ་བསྐྱེད་ཕྱིར་ཨ་མཚར་དུ་བྲིས་སོ། །རང་སེམས་སྒྱུ་མའི་ལྟད་མོས་འཇིག་རྟེན་པ་བསླུ་ཡང༌། །རྣལ་འབྱོར་རིག་སྟོང་རྗེན་པའི་སྲབ་སྐྱོགས་དང་ལྡན་ན། །དཀར་དམར་ཡུལ་ཀུན་ཆོས་ཀྱི་གསལ་འདེབས་སུ་སོང་ནས། །བོགས་འབྱིན་འགྱུར་བའི་ངེས་ཤེས་སྐྱེ་བ་འདྲ་འདུག་གོ །མ་བཅོས་རིག་སྟོང་རྗེན་པའི་ལྟ་སྟངས་གཅིག་ཁོ་ནས། །ཐོག་མེད་འཁྲུལ་པའི་གྲོང་ཁྱེར་ཐལ་བ་བཞིན་བརླགས་ནས། །སྐུ་གསུམ་རང་ངོར་རྫོགས་པའི་ལྟད་མོ་ལ་ཡེངས་ཏེ། །རིག་འཛིན་འདུས་པའི་ཚོགས་གྲལ་འགྲིམ་སྨོན་དུ་བྲིས་སོ། །དེ་སྐད་དགེ་བཅུད་གཡང་འཁྱིལ་སྨན་ཤིང་གི་ཚལ་ནས། །མི་རྒན་ལོག་འཚོའི་ཆང་གིས་ར་བཟི་ལྟར་གྱུར་ཚེ། །སྙིང་སྡུག་གྲོགས་པོ་ཡང་ཡང་ཡིད་ངོ་རུ་བཀོད་དེ། །ཕུལ་འདིས་བླ་སློབ་མྱུར་དུ་མཇལ་སྨོན་ཀྱང་ཞུའོ། ༈ སྙིང་རྗེ་པདྨ་དཀར་པོས་འདབ་སྟོང་གི་འཛུམ་གྱིས། །ཚོགས་གཉིས་སྦྲང་རྩིའི་ཟིལ་མངར་ངོམས་མེད་དུ་བསགས་པས། །མི་མཇེད་གདུལ་བྱའི་རྐང་དྲུག་ངེས་ལེགས་ཀྱི་ལང་ཚོ། །རྒྱས་མཛད་མཚུངས་མེད་སྟོན་པ་བཀའ་དྲིན་ཅན་མཁྱེན་ནོ། །མིག་དབང་མིག་ཤེལ་མེད་ན་ཇི་བཞིན་དུ་མི་མཐོང༌། །སེམས་དབང་དྲན་ཤེས་མིག་གིས་ལེགས་མཐོང་གི་བུ་དེས། །རང་ཚུལ་བརྗོད་པའི་ཡི་གེ་མདུན་ས་རུ་འབྱོར་བས། །མི་རྒན་མགྲིན་པ་བཏེགས་ནས་གླུ་ཆུང་འདི་ཐལ་ལོ། །དུག་གསུམ་ཉོན་མོངས་རྟོག་པའི་བྱ་བྱེད་ལ་བསམ་ནས། །རི་རབ་རྒྱ་མཚོ་འདི་ཡང་ཆུང་ངུ་ལྟར་བྱེད་ཀྱང༌། །བྱེད་མཁན་ཉོན་མོངས་ཞེས་པའི་སྐད་གྲགས་ཅན་ཁོ་རང༌། །གློ་བུར་རྣམ་པར་རྟོག་པའི་ཕྲེང་བ་ཞིག་ལགས་སོ། །ཕྲེང་བ་རྒྱུན་ཐག་ཆད་ན་ས་གཞི་ལ་འཐོར་ཡོང༌། །དཔེ་དེ་སེམས་ལ་སྐྱེ་འགག་གནས་གསུམ་གྱིས་དཔྱོད་ཅིག །དང་པོ་སྐྱེ་བ་མེད་དེ་སྐྱེ་བའི་ཡུལ་གང་ཡིན། །ཡུལ་མེད་སེམས་ཀྱི་རྟོག་པ་ཆུ་བུར་དང་འདྲ་བས། །སྟོང་པས་སྟོང་པ་སྐྱེ་བས་དངོས་འགལ་དུ་སོང་བས། །སྟོང་པའི་རང་ཚུགས་མ་ཤོར་ཆོས་ཀྱི་སྐུ་ཡིན་སྙམ། །ཆོས་སྐུ་རིག་སྟོང་རྗེན་པ་ཀ་དག་གི་གཤིས་ལ། །དམིགས་གཏད་མཚན་མའི་འདུ་འགོད་ཡེ་གྲོལ་དུ་སོང་བས། །ལྟ་བ་ཀློང་ཆེན་རབ་འབྱམས་སྐྱོ་གྲོགས་ལ་ཕེབས་དང༌། །འཛིན་བྲལ་ནམ་མཁའི་རྣལ་འབྱོར་ལྷོད་ལྷོད་དུ་བཞུགས་ཆོག །སྐྱེ་མེད་སེམས་ལ་གནས་པ་ཚུགས་ཐུབ་ཞིག་སུས་རྙེད། །བར་སྣང་སེར་བུ་གནས་པའི་ཐབས་མཁས་ཞིག་ཡོད་དམ། །གནས་མེད་ནམ་མཁའི་དབྱིངས་དེ་ཕྱམ་གདལ་དུ་བཞུགས་པ། །སྒོམ་པ་མཁྱེན་བརྩེའི་ཉི་ཟླ་སྐྱོ་གྲོགས་ལ་ཕེབས་དང༌། །ཡེངས་འཁྲུལ་བྲལ་བའི་འོད་ཟེར་འཕེལ་འགྲིབ་ཀྱང་མེད་སྙམ། །འགྲོ་མཁན་སེམས་ཉིད་གཏད་མེད་གང་དུ་འགྲོ་སུས་ཤེས། །འགྲོ་ཡུལ་མ་དམིགས་ཆོས་ཉིད་ནམ་མཁའ་ཡི་ཁོར་ཡུག །འགྲོ་ལྟར་སྣང་ཡང་འགྲོ་མེད་ཆོས་ཉིད་ཀྱི་མཐར་ཐུག །རྟག་ཏུ་འགྲོགས་བཞིན་ངོ་མི་ཤེས་པ་དེ་ངོ་མཚར། །སྒོམ་མེད་ཡེངས་མེད་འཁྲུལ་པས་མ་བསླད་པའི་ཡེ་ཤེས། །རྒན་པོ་ཉི་མ་ལྡེ་བཞིན་ལྷོད་ལྷོད་དུ་སྦྱངས་ནས། །སྤྱོད་པ་རྒྱལ་བའི་མྱུ་གུ་སྐྱོ་གྲོགས་ལ་ཕེབས་དང༌། །སྟོང་ཉིད་སྙིང་རྗེ་རང་བཞིན་ཤུགས་འབྱུང་དུ་མཛའ་ངེས། །ཉོན་མོངས་དགྲ་རུ་འཛིན་ན་འཆིང་བྱེད་ཀྱི་ཐག་པ། །ཉོན་མོངས་སྟོང་པར་ཤེས་ན་སེམས་ཉིད་ཀྱི་གསལ་བྱེད། །བདེན་མེད་སྒྱུ་མའི་ཡུལ་འདི་མིག་འཕྲུལ་ལྟར་འདུག་པས། །གཏད་མེད་ཡེ་ཤེས་ཞིག་གིས་ཆོས་ཉིད་དུ་སྦྱང་མཛད། །རིག་པའི་གཏན་སྲིད་ཟིན་པའི་རྣལ་འབྱོར་གྱི་སྣང་ངོར། །འཁོར་འདས་སྤང་བླང་བྱེད་པའི་སྤུ་རིས་དེས་ཅི་བྱེད། །ཅིར་སྣང་ཡེ་ཤེས་ཆེན་པོའི་འཁྲུལ་འཁོར་ལ་ཞོན་ནས། །སྐྱེ་འཆི་བར་དོ་སྐུ་གསུམ་འཆར་བ་ཞིག་ཞུའོ། །དེ་སྐད་སྤང་ལྗོངས་སྟེང་མཛེས་རབ་དཀར་གུར་དབུས་སུ། །བག་ཕེབས་སྦྲང་ཆར་སིལ་མ་ཁྲོམ་ཁྲོམ་དུ་བབ་ཚེ། །ཆོས་ཀྱི་གྲོགས་ཁྱོད་ཡིད་ཡུལ་བཀོད་པ་ཡི་ངང་ནས། །ཁ་པོའི་འབྲུག་འདི་ཐལ་བྱུང་མ་བཅོས་པར་ཕུལ་ལགས། ༈ བུ་སྔོན་ནས་སྦྱངས་བ་མི་དམན་པས། །ལས་འཕྲོ་དམ་པའི་ཆོས་ལ་དད། །ཐོས་བསམ་སྒོམ་སྤྱོད་ཚུལ་ཁྲིམས་ལྡན། །ཡིག་འཕྲིན་འབྱོར་བས་བརྩེ་སེམས་སྐྱེས། །བླ་མ་མི་རྟག་མ་ཡིན་ཏེ། །ངེས་དོན་བླ་མ་ཆོས་སྐུ་ཡིན། །ཆོས་སྐུ་རིག་སྟོང་གཉུག་མའི་ཞལ། །རྒྱུན་ཆད་མེད་པ་མཇལ་སྟེ་བྲོད། །རྩལ་སྣང་བརྡ་ཡི་བླ་མའི་སྐུ། །མི་རྒན་གཅེར་ཉལ་འབྲུག་ཏུ་ཡིན། །གཟུགས་བརྙན་ཡུལ་གྱིས་བསྐལ་ན་ཡང༌། །བརྩེ་གདུང་ཉི་དང་པདྨ་བཞིན། །གཅིག་གྲོགས་གཅིག་གིས་བྱེད་པ་ཡི། །གླུ་ཞིག་ལེན་སྙིང་འདོད་པ་བྱུང༌། །བླ་མས་གནང་བའི་དབང་བསྐུར་དེ། །ཁྱོད་ཀྱི་རྡོ་རྗེ་བཞི་ལ་གནས། །སྐུ་བཞིའི་བླ་མ་གནས་བཞིར་བཞུགས། །དབང་བཞི་ལོངས་ཤིག་དཀོན་བསྟན་ལགས། །བླ་མས་གནང་བའི་གདམས་ཟབ་དེ། །དཔེ་དང་ཡིད་ཀྱི་ངོ་ཁར་གསལ། །ཁྲོ་མེད་སློབ་དཔོན་ཡང་ཡང་མཇལ། །དོན་གནས་རང་གི་སེམས་དང་བསྲེས། །སྣང་བ་བརྡ་ཡི་བླ་མ་དེ། །ཁྱོད་ཀྱི་ཚོགས་དྲུག་ཡུལ་དུ་བཞུགས། །ཆགས་སྡང་ཞིག་པས་མ་ཡེངས་ལྟོས། །བརྡ་དང་དཔེ་ཆར་ཤར་ནས་འོང༌། །སྒྲ་གྲགས་ཐམས་ཅད་བླ་མའི་གསུང༌། །གྲགས་སྟོང་རྡོ་རྗེའི་བཟླས་པ་སྟེ། །བླ་མའི་གསུང་དུ་ངེས་ཤེས་སྐྱེད། །བཛྲ་གུ་རུ་དབྱངས་སུ་ལོངས། །དྲན་རྟོག་བླ་མའི་ཐབས་མཁས་ཏེ། །འགྱུ་བ་རང་གྲོལ་ཆོས་སྐུར་ལྟོས། །ཆོས་ཉིད་བཙན་ས་ཟིན་པའི་ཕྱིར། །རིག་སྟོང་རྗེན་པ་གཏན་ལ་ཕོབ། །ཡིད་སྐྱོ་བླ་མའི་ཞལ་གདམས་ཏེ། །འཁོར་བའི་སྡུག་བསྔལ་མཚོན་པ་ཡིན། །ངེས་འབྱུང་དུང་ངེ་མི་བསྐྱེད་པར། །དམ་པའི་ཆོས་ལ་འཇུག་ཐབས་མེད། །དགའ་སྤྲོ་བླ་མའི་གསོལ་རས་ཏེ། །ས་ལམ་ཉམས་རྟོགས་དཔའ་གདིང་བསྐྱེད། །བླ་མའི་རྣམ་ཐར་དྲན་བཞིན་པས། །ཡང་དག་ལམ་ལ་བརྩོན་འགྲུས་བསྐྱེད། །སྡུག་བསྔལ་བླ་མའི་ཕ་འབབ་སྟེ། །ས་ལམ་ཉམས་རྟོགས་དཔའ་གདིང་བསྐྱེད། །ལས་ངན་སྒྲིབ་སྦྱང་ཕྱགས་མ་ཡིན། །དཀའ་སྤྱད་ཁུར་དུ་བཟོད་པ་ཡིས། །སྡུག་བསྔལ་ཅན་ལ་སྙིང་རྗེ་བསྒོམ། །ཁམས་གསུམ་སེམས་ཅན་ཕ་མར་ལྟོས། །བྱང་ཆུབ་སེམས་ཀྱི་བློ་སྦྱོང་གྱིས། །གདོན་བགེགས་བླ་མའི་ཕྲིན་ལས་ཏེ། །ཆོས་བརྒྱད་བཤིག་པའི་མཚོན་ཆ་ཡིན། །འདྲེ་རུ་མ་བལྟ་ལྷ་རུ་བསྒོམ། །ལན་ཆགས་སྦྱངས་བའི་ཆོས་གྲོགས་ལགས། །སྣང་བ་བཟང་ངན་སྒྱུ་མ་སྟེ། །དེ་ལ་གཉེར་ཁ་སུ་ཡིས་བྱེད། །འཇའ་ཚོན་གོས་སུ་གྱོན་འདོད་བློ། །བྱིས་པ་ཆུང་ཡང་སྐྱེ་མི་སྲིད། །བཟང་ངན་བྱེད་པོ་སེམས་ཉིད་དེ། །སེམས་ཀྱི་ཆོས་ཉིད་གཏན་ཕེབས་ན། །ནམ་མཁའ་སྤར་མོས་སུ་ཡིས་བཟུང༌། །གཏད་མེད་རྗེན་པ་ཆོས་སྐུ་སྟེ། །སྣ་ཚོགས་སྣང་བའི་སྤྲིན་གྱིས་སྒྲིབ། །ཤར་གྲོལ་རླུང་གི་ནང་ཆེན་བཏང༌། །མཐའ་གྲོལ་ནམ་མཁའ་རྗེན་པར་མཐོང༌། །མཐའ་དབུས་བྲལ་བའི་ཐང་ཆེན་ལ། །འདིར་སྣང་བྱིས་པས་རྩེ་གར་འཁྲབ། །ཡེ་གྲོལ་རྒན་པོ་ཁོང་རྒོད་ཤོར། །བློ་འདས་ཉི་མ་བདེ་ཞིང་སྡོད། །ཚུལ་དེ་སྐད་ལྗོན་བཟང་སྐྱེད་ཚལ་དུ། །ཟས་ལོག་འཚོའི་ལྟོ་བ་འགྲང་བའི་མིས། །གླུ་ཟོན་གཏམ་འབྲུག་ལྟར་ལྡིར་བ་ཞིག །ཁ་སོ་མེད་བདག་གི་ནང་ནས་ཐལ། །ས་སྦྲུལ་བོད་ཟླའི་ཚེས་ལའོ། ༈ ཀྱཻ་ཧོ། སྣང་སྲིད་དབང་དུ་སྡུད་↓ས་པད་འབྱུང་ཡིན་ཀྱང༌། །སྒྲུབ་གནས་བྲག་ཕུག་མ་གཏོགས་ཧོ་ཏྲེལ་མི་འདུག །དེ་ལ་བསམ་ཤེས་ཡོད་ན་བྲག་ཕུག་ཡིན་པ། །སྒོ་གསུམ་ལྷོད་དེ་འབྱུང་བ་རི་ཁྲོད་ལགས་སོ། །ལྷོད་ལྷོད་མི་མེད་དབེན་པར་ལུས་ལྷོད་སོས་དལ། །ངག་ལྷོད་ཆགས་སྡང་གསར་འགྱུར་ཟ་ཟིའི་སྒྲ་མེད། །སེམས་ལྷོད་རྩེ་གཅིག་ཉམས་ལ་ལྟད་མོ་ལྟོས་ཤིག །དྲོ་འཇམ་ཉི་ཟླའི་འོད་ཟེར་སྣང་བཞིའི་སྣ་འདྲེན། །ལྗོན་ཤིང་ལོ་འདབ་མེ་ཏོག་རྒྱན་ལ་ལྟོས་དང༌། །ངེས་འབྱུང་གསལ་འདེབས་ཁུ་བྱུག་བྱིའུའི་གླིང་བུ། །ལྟད་མོ་རི་ཁྲོད་ཆེ་ཡང་ལྟ་མཁན་མི་འདུག །ཚོང་འདུས་ལུས་བྲེལ་ལས་ཀ་ཚར་དུས་མེད་པ། །ངག་བྲེལ་ཆགས་སྡང་རྣམ་རྟོག་ཆུ་ཡི་གཉེར་མ། །སེམས་བྲེལ་དུས་གསུམ་རྣམ་རྟོག་གོང་འཕེལ་ངང་ནས། །འཆི་བདག་ཐོག་ཏུ་བབ་ཚེ་ཁྱི་བཞིན་ཤི་རྒྱུ། །དབེན་པར་ལུས་ཀྱི་ལས་ཀྱི་མཉམ་བཞག་ལྷོད་པོ། །ངག་ལས་ཡི་གེ་དྲུག་པ་ཆུ་རྒྱུན་བཞིན་བཟླ། །སེམས་ལས་སྟོང་ཉིད་སྙིང་རྗེའི་ངང་ནས། །རྒྱལ་ཁམས་གཅེས་ཕྲུག་བྱས་ན་སྐྱིད་དོ་དགའ་འོ། །འཇིགས་པའི་མཐར་ཐུག་གཤིན་རྗེའི་ཕོ་ཉ་བྱུང་ཀྱང༌། །དབེན་པར་བྱར་མེད་གནས་ལ་འཛུམ་དང་བཅས་ཏེ། །པད་དཀར་འཆང་དངོས་དགྱེས་པའི་གྲུ་འཛིན་རི་ལ། །བག་ཕེབས་ལམ་སྟོན་ྫ་འོང་ཆོས་བྱེད་མ་བུ། །ལུས་སེམས་དབེན་པའི་རི་ལ་གནས་པ་ཡིན་ཀྱང༌། །བསམ་བློ་ཚེ་འདིའི་མདུན་མ་ཁོ་ན་ཤོར་ན། །སྤྲེལ་རྒན་བྱ་བྱེད་མང་པོ་ནགས་སུ་གནས་ཀྱང༌། །གཅན་གཟན་ངར་སྐད་ཐོས་ན་སྐྱག་པ་ཤོར་འོང༌། །ཕྱག་རྫོགས་དབུ་མའི་ལྟ་བ་གདེང་ཁེལ་མེད་ཀྱང༌། །བྱམས་དང་སྙིང་རྗེ་ཚད་མེད་རྣམ་བཞི་བསྒོམས་ནས། །རང་སྐྱོན་རང་གིས་མཐོང་བའི་མེ་ལོང་ལྟོས་ལ། །ཆགས་སྡང་དྲི་མ་བཀྲུས་ན་ཉམས་ལེན་དེ་ཡིན། །སྡོམ་གསུམ་གནང་བཀག་མང་པོ་མ་ཤེས་ན་ཡང༌། །ཆང་དང་བུད་མེད་མ་བསྟེན་ཤ་ཁྲག་མ་དགའ། །ལྟོ་འབྲང་ཙམ་བསྟེན་ངུར་སྨྲིག་རྒྱལ་མཚན་མ་བོར། །རང་ཅག་སྟོན་པ་མཆོག་དེའི་རྗེས་བརྩེའི་གནང་སྦྱིན། །སངས་རྒྱས་སྟོང་གི་ན་བཟའ་ཐར་པའི་རྒྱལ་མཚན། །ཧྲུལ་པོ་ཡིན་ཀྱང་དཀར་ཕྱོགས་ལྷ་ཡི་སྲུང་བས། །ཕྱི་རྒྱལ་ཆས་ལ་མ་དགའ་སྤྲང་ཧྲུལ་གྱིས་ཤིག །དེ་སྐད་གདམས་པ་རང་ལ་སྣེ་གཅིག་མེད་ཀྱང༌། །ཡབ་མེས་བཀའ་དྲིན་ཅན་གྱི་ཞལ་ལུང་བདུད་རྩིས། །ཐོས་འཛིན་ཨུཏྤལ་ཆགས་པའི་ཚིག་གི་ཕྲེང་བ། །འོན་པའི་རོལ་མོ་མ་བུ་དགའ་ཕྱིར་བྲིས་ལགས། །ཕ་རྒན་རིག་འཛིན་རྡོ་རྗེ་བརྩེ་འདྲིས་དབང་གིས། །ཡིད་ལ་བརྗེད་མེད་ཤར་བས་དགེ་བསྡོའི་བདེན་ཚིག །རྟག་ཏུ་བགྱིས་ཀྱང་དུས་ཚིགས་སྟེང་དུ་སླེབ་དུས། །པོ་ཏཱ་ལ་རུ་རུ་སྐྱེ་བའི་སྨོན་ལམ་ཞུའོ། །དེ་སྐད་མཁས་བཙུན་ཀུན་ཏུ་བཟང་པོའི་སྲས་མོ། །གཡུ་སྒྲོན་འཇིགས་མེད་ཀུན་ཏུ་བཟང་པོ་ཟུང་ལ། །མྱུར་འཕྲོད་སྨོན་ལམ་དང་བཅས་ཚིག་ཕྲེང་འདིའང༌། །མདོ་ཤོར་རབ་གསལ་ཟླ་བའི་མིང་གིས་བྲིས་ལགས། ༈ བླ་མ་ལ་ཕྱག་འཚལ་ལོ། །རང་རེ་མཚན་ལྡན་གྱི་བླ་མས་རྗེས་སུ་ཟིན། ཟབ་མོའི་གདམས་ངག་མང་པོ་ཐོབ་པའི་སྐབས་འདིར་དབེན་པར་སྒྲུབ་ལ་བརྩོན་པ་འདི་ཤིན་ཏུའང་སྐལ་པ་བཟང་པོ་ཡིན། འདིའི་སྐབས་སུ་དགེ་སྦྱོར་གང་བྱས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་སྙམ་པའི་སྦྱོར་བ་སེམས་བསྐྱེད་དམ་པ་དང༌། དངོས་གཞི་སྔོན་འགྲོ་བསགས་སྦྱང༌། ཡི་དམ་གྱི་སྒོམ་བཟླས་སོགས་གང་བྱས་ཀྱང་རང་རང་གི་སྒོམ་དོན་ལས་སེམས་མ་ཡེངས་པར་དགེ་བ་གང་བྱས་ལ་མཆོག་འཛིན་དང་རློམས་སེམས་མེད་པ་དངོས་གཞི་དམིགས་མེད་དམ་པ་དང༌། དགེ་རྩ་དེ་དག་བསྟན་པ་དང་སེམས་ཅན་གྱི་དོན་དུ་བསྔོ་སྨོན་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་མཛད་པ་བཞིན་དུ་བསྔོ་བར་བགྱིའོ་སྙམ་པས་བཟང་པོ་སྤྱོད་པ་དང༌། བྱམས་སྨོན། ཕྱོགས་བཅུ་དུས་བཞི་སོགས་ཀྱིས་རྡོ་རྗེའི་གསུང་གི་སྨོན་ལམ་གདབ་པ་མཇུག་བསྔོ་བ་དམ་པ་སྟེ་དེ་གསུམ་གྱིས་རྩིས་ཟིན་པར་བྱ། དགེ་སྦྱོར་གྱི་གཙོ་བོ་སེམས་ངོ་སྐྱོང་བ་གལ་ཆེ། སེམས་ཞེས་བྱ་འདིའི་གནས་ལུགས་ནི་སྟོང་པ་ཉིད། འཁོར་འདས་ཅིར་ཡང་མ་འགགས་པ་འཆར་བ་ཞིག་ཡིན། སྟོང་པ་དེ་མ་འགགས་བཞིན་དུ་སེམས་ལ་རྣམ་རྟོག་གང་སྐྱེས་ངོས་ཟིན་རྣམ་རྟོག་གི་རྗེས་སུ་མ་འབྲངས་ན་སྐད་ཅིག་གཉིས་པ་ནས་རྣམ་རྟོག་རང་གྲོལ་དུ་འགྲོ། གྲོལ་ཞེས་པ་རྣམ་རྟོག་མེད་དུ་མི་འགྲོ་སྟེ། རྣམ་རྟོག་གི་བྱས་རྗེས་མི་བསགས་པ་ཞིག་གལ་ཆེ། དགེ་སྡིག་གི་རྟོག་པ་འཕྲོ་བས་སྐྱོན་མི་བྱེད། རྣམ་རྟོག་གི་ཕྲེང་བ་མང་པོས་ཆགས་སྡང་གི་ལས་བསགས་ཏེ་འཁྲུལ་པ་ཡིན། རྣམ་རྟོག་རང་ངོ་བལྟས་ན་སྟོང་ཉིད། རྣམ་རྟོག་སྐྱེ་བའི་དུས་ནའང་སྟོང་པ་ལས་མ་འདས། སྟོང་པས་རྣམ་རྟོག་སྐྱེ་བ་ལ་གོ་མ་བཀག །རྣམ་རྟོག་གིས་སྟོང་པ་ལ་འཕོ་འགྱུར་མ་སོང་བར་སེམས་ཀྱི་རང་ངོ་བསྐྱངས་བས་འཐུས། སེམས་ལ་སྣང་བ་གང་ཤར་ཡང་ཞེན་རྟོག་གིས་མ་བསླད་པ། བདེ་ཡང་འཛིན་པ་མེད་པ། སྡུག་ཀྱང་རང་སེམས་གུ་མ་དོགས་པ། སྣང་ཟོས་ཟོས་བདེ་བའི་ངང་ཐ་མལ་དུ་མ་ཡེངས་པར་རང་གི་སེམས་དང་བླ་མའི་ཐུགས་དབྱེར་མེད་ཤེས་པས་མོས་གུས་དུང་ངེ་བསྐྱེད་ལ་གསོལ་འདེབས་སྨོན་ལམ་བྱ། འགྲོ་འདུག་ཟ་ཉལ་གང་གི་སྐབས་སུ་ཡང་རང་སེམས་རང་ངོ་མཐོང་བའི་དྲན་ཤེས་སོ་མ་དང་མ་བྲལ་བའི་ངང་ནས་ལམ་ཁྱེར་བྱ་དགོས་སོ། །སྙིགས་མའི་སེམས་ཅན་བྱ་སྤྱོད་སྡིག་པ། །ནད་མཚོན་མུ་གེའི་སྐལ་པ་ལྡང་བས། །རང་གཞན་སུ་ལ་བསམས་ཀྱང་སྐྱོ་བ། །དོན་དང་ལྡན་ན་ལྷ་ཆོས་ལགས་སོ། །ལྷ་ཆོས་སྙིང་པོ་རྩེ་གཅིག་སྒྲུབ་པ། །གྲུབ་ཐོབ་གོང་མའི་རྣམ་ཐར་རྗེས་སློབ། །ཉམས་དགའ་དབེན་པའི་གནས་སུ་ཕེབས་ལ། །རྣམ་གཡེང་འདུ་འཛིའི་སྤྲོས་པ་སྐྱུངས་ཤིག །ལྷུན་མཐོ་བྲག་རིའི་ཁང་བཟང་ཉམས་དགའ། །བྱ་དང་རི་དྭགས་འགྲོགས་པ་བདེ་བ། །རྩ་དང་ལོ་མ་དཀའ་ཐུབ་ཟས་བཟང༌། །སྙིང་རུས་དཀའ་སྤྱད་དང་དུ་བླང་མཛོད། །ཆགས་སྡང་རྣམ་གཡེང་དེ་ན་མེད་ཅིང༌། །རྩོད་དང་འཁོན་པ་ཀུན་ནས་ཞི་བ། །རང་ཉིད་གཅིག་པུ་ཆ་མེད་ཡུལ་དུ། །རྒྱུས་མེད་གནས་པ་ཏིང་འཛིན་གྲོགས་ལགས། །མཐོན་པོ་ཐམས་ཅད་སེམས་ཀྱི་སྡུག་བསྔལ། །འབྱོར་ལྡན་ཐམས་ཅད་བསོག་འཇོག་བྲེལ་ཟིན། །ཡོན་ཏན་ཅན་རྣམས་གཡོ་སྒྱུའི་སྐོར་མགོ །སྡུག་བསྔལ་མེད་པ་བྱ་བཏང་གུ་ཡངས། །ཡོད་ན་དེས་ཆོག་ལྟོ་འགྲང་ལྷགས་སྐྱོབ། །མེད་ན་དཀའ་ཐུབ་བརྩོན་འགྲུས་གསལ་འདེབས། །གུ་ཡངས་བློ་བདེ་གཏད་མེད་རང་གྲོལ། །ཆོས་ཉིད་དོན་གྱི་རྒྱལ་ས་ཟིན་མཛོད། །ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མ། །འགྲུབ་དུས་མེད་པ་ཆུ་ཡི་གཉེར་མ། །ཆམས་ཀྱིས་སྐྱུར་ལ་ལྷོད་ཀྱིས་ཞོག་དང༌། །བདེ་བའི་གཏན་སྲིད་ངང་གིས་ཟིན་འོང༌། །རང་སེམས་གཉུག་མ་ཆོས་སྐུའི་རྒྱལ་ས། །བྱ་སླ་ཁྱེར་བདེའི་ངང་ནས་ཟིན་དང༌། །སྐྱེ་འཆི་བར་དོའི་འཕྲང་ལས་སྒྲོལ་བ། །འདི་བདེ་ཕྱི་མ་སྐྱིད་པ་མིན་ནམ། །ཨེ་མ་ཡ་གི་ཟངས་མདོག་དཔལ་རིར། །རིག་འཛིན་གྲུབ་པ་སྐར་ཚོགས་ལྟར་བཞུགས། །ཐམས་ཅད་ལམ་འདིའི་གྲུབ་པ་བརྙེས་པའི། །ཆེ་བ་སོམས་ལ་ཉམས་ལེན་མཛོད་ཅིག །གངས་དཀར་ཤེལ་རི་དགུང་ལས་མཐོ་བ། །མཛེས་འཛུམ་ཉི་ཟླའི་རྣ་ཆ་གསོལ་ཞིང༌། །ན་བུན་སྟོད་ཆིངས་གཡོ་བའི་གཤམ་དེར། །གཡའ་སྤངས་བྲག་གི་ཁང་བཟང་གུར་དང༌། །རླུང་དང་སེར་བུ་གཏུམ་མོའི་གསལ་འདེབས། །ཕུ་ཆུ་སྙན་པའི་སྒྲ་སྒྲོགས་ཁམས་དྭངས། །ཏིང་འཛིན་ངང་གིས་སྐྱེ་བའི་བརྡ་རྟགས། །སྨན་ཤིང་མེ་ཏོག་འབྲས་བུས་འཛུམ་སྟོན། །བཟའ་རྒྱུ་མི་དགོས་རྩ་དང་ལོ་མ། །གྲོགས་མོ་མི་དགོས་བྱ་དང་རི་དྭགས། །གླིང་ཁ་མི་དགོས་མ་བྱས་ལྷུན་གྲུབ། །ཉི་ཟླའི་སྣང་ཟེར་བཀྲ་ངོར་བཞུགས་ཤིག །གཅིག་པུར་རང་སེམས་ལྟད་མོ་ལྟོས་དང༌། །སྒོམ་བཞིན་སྒོམ་བཞིན་ངེས་ཤེས་སྐྱེ་འོང༌། །ཉམས་རྟོགས་རི་མོ་འཇའ་ལས་བཀྲ་ཡང༌། །རེ་དོགས་མེད་པ་ཆམས་ཀྱི་སྐྱུར་ཅིག །རྫོགས་པ་ཆེན་པོ་ནམ་མཁའི་མདུང་སྐོར། །བཟང་ངན་གང་ཤར་རེ་མེད་དོགས་མེད། །ཆོས་ཉིད་ལྟ་བ་རྒྱ་ཡན་ཅོག་བཞག །ཀུན་ཤོང་ཡངས་པའི་ངང་དུ་ཕེབས་ཤོག །བདག་ལ་འདི་འདྲའི་ཉམས་རྟོགས་མེད་ཀྱང༌། །རྣ་བ་སྐལ་བ་བཟང་པོའི་ཕ་ཕོག །ཇི་ལྟར་ཐོབ་བཞིན་ཁྱེད་ལ་སྤྲིངས་ཀྱི། །དེ་ལྟར་རྩེ་གཅིག་སྒྲུབ་ལ་གཞོལ་མཛོད། ༈ ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། །རབ་འབྱམས་ཞིང་ན་པད་དཀར་འཛིན་པའི་ལྷའི། །ངོ་མཚར་རྣམ་ཐར་ནོར་བུའི་སྤྲིན་བྲེས་པ། །སྲས་བཅས་རྒྱལ་བས་བསྟོད་དབྱངས་འབྲུག་སྒྲའི་དཔལ། །སྙན་སྒྲོག་མགོན་པོ་མཆོག་དེ་རྒྱལ་གྱུར་ཅིག །ཐུགས་བསྐྱེད་མཛད་པས་མཁའ་མཉམ་ཞིང་བརྡལ་ཡང༌། །གངས་ཅན་གདུལ་བྱ་དབུགས་འབྱིན་ཕྱག་ཡངས་ཀྱིས། །འཁྱུད་པའི་བདེན་དོན་ཉི་མ་ལྟར་གསལ་བས། །ཕན་བདེའི་ཨུཏྤལ་ཅི་དགར་བཞད་པར་མཛད། །གནམ་སའི་དབང་ཕྱུག་མེས་པོ་སྲོང་བཙན་དང༌། །རྒྱལ་བསྟན་ཡོངས་ལ་དབང་བསྒྱུར་ལྔ་པ་ཆེ། །དེང་དུས་བསྟན་འཛིན་རྒྱ་མཚོའི་མཁྱེན་བརྩེའི་དབྱིག །གངས་ཅན་བསྟན་འགྲོའི་དཔལ་དུ་ལྷམ་མེར་གསལ། །སྙིགས་མའི་དུས་ཀྱི་མུན་པས་ས་སྲོས་ཀྱང༌། །འཕགས་པའི་ཡེ་ཤེས་ཉིན་བྱེད་ཆེས་གསལ་བས། །ཕན་བདེའི་འདབ་སྟོང་གེ་སར་རྒོད་པ་འདིས། །བསྟན་འགྲོར་ཕན་བདེའི་སྦྲང་རྩི་ཅི་དགར་འཇོ། །ངོ་མཚར་དཔལ་ལ་ཁྱད་པར་གདུལ་བྱ་ཡི། །རྐང་དྲུག་དགའ་སྤྲོའི་འཕུར་ལྡིང་གཡོ་བའི་ཚེ། །དཀར་ཕྱོགས་དཔལ་མགོན་ལྷ་ཡི་ཆེ་དགུ་ཡིས། །ཤིས་པའི་མེ་ཏོག་ཆར་དུ་བསྙིལ་ལ་གཟིགས། །ཤཱཀྱ་སེང་གེའི་ཕྲིན་ལས་ཤིང་རྟའི་འགྲོས། །འཇིག་རྟེན་དབང་ཕྱུག་ལ་བསྩལ་མངོན་སུམ་ཞེས། །སྙན་པར་གྲགས་པ་དོན་གྱི་རིན་ཐང་ཆེས། །མཐའ་འཁོབ་གླིང་ཀུན་ཆོས་སྣང་སྐྱ་རེངས་ཀྱིས། །ཐར་གྲོལ་ཉིན་བྱེད་མཁའ་མཐར་བརྡལ་དང་བཅས། །ཆོལ་གསུམ་བོད་ལ་དགྱེས་ཞལ་འོད་སྟོང་གིས། །ཡིད་ཀྱི་གདུང་བ་སེལ་དང་ལྷན་ཅིག་པར། །རྣམ་མང་ཕན་བདེའི་དགེ་མཚན་རྒྱས་ལ་ཕྱོགས། །དམན་ལ་ཆེས་བརྩེས་སྐྱོང་བའི་སློབ་ཐ་ཡང༌། །སྙན་པའི་གཏམ་འདི་གཞན་གསོས་མགྲིན་གླུ་བཞིན། །གྱུར་ནས་ལྷག་བསམ་འཁྲི་ཤིང་དུད་པའི་རྩེར། །དགའ་སྤྲོའི་ཚིག་གི་མེ་འབྲས་ཅིག་ཆར་བཞད། །ཐུབ་དབང་མིག་མི་འཛུམ་དང་པད་འབྱུང་སོགས། །སྲས་བཅས་རྒྱལ་བས་རྗེ་བཙུན་བླ་མ་ཡི། །གསང་གསུམ་འཆི་མེད་རྡོ་རྗེའི་ལྷུན་པོར་བརྟན། །ཕྲིན་ལས་པད་ཚལ་ཉིན་བཞིན་རྒྱས་གྱུར་ཅིག །ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ལུང་བསྟན་ཅིང༌། །སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་མཐུ་བཙན་པས། །མཁན་སློབ་ཆོས་རྒྱལ་མེས་དབོན་བཀའ་སྲོལ་བཞིན། །ཕྱོགས་ལས་རྣམ་རྒྱལ་ཆབ་སྲིད་རྒྱས་གྱུར་ཅིག །ཅེས་བསྟན་འགྲོའི་དཔལ་མགོན་ཕྱོགས་མཐར་ཁྱབ་ཅིང་བོད་ལྗོངས་རང་དབང་བཙན་པོ་ཐོབ་པ་ལ་རྟག་ཏུ་སྨོན་ལམ་གྱི་གཡར་དམ་འཆང་བ་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་དགའ་སྤྲོ་རྩེ་གཅིག་པས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག ༈ དམིགས་མེད་ཐུགས་རྗེའི་གཏེར་ཆེན་བླ་མ་རྗེའི། །བྱིན་རླབས་བདུད་རྩི་སྙིང་ལ་སིམ་པ་ལས། །སྲིད་ལས་ངེས་འབྱུང་བློ་རྒྱུད་ཆོས་ལ་འཁོར། །ཐར་པའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་ཀྱི་མངའ་བདག་བླ་མ་རྗེས། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་བསྩལ་བ་ལས། །ཆོས་སྤྱོད་ལམ་གོལ་ལམ་ལོག་མི་ལྷུང་བར། །ཐེག་ཆེན་རྒྱལ་སྲས་སྤྱོད་ལ་འཇུག་ནུས་མཛོད། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བླ་མ་རྗེས། །སྨིན་གྲོལ་ཆོས་ཀྱི་དབང་བསྐུར་བྱིན་རླབས་མཐུས། །འཁྲུལ་སྣང་མུན་པས་མ་བསླད་སྣང་གྲགས་རིག །རྡོ་རྗེའི་གསང་བ་གསུམ་དུ་རྟོགས་ནུས་ཤོག །བདེ་ཆེན་རྡོ་རྗེའི་གར་མཁན་བླ་མ་རྗེའི། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ངོ་སྤྲད་པས། །འཕོ་མེད་བདེ་སྟོང་དཀྱིལ་འཁོར་གསུམ་གྱི་ངང༌། །ཁམས་གསུམ་དག་པ་རྡོ་རྗེ་གསུམ་འཆར་མཛོད། །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་རྗེས། །དགོངས་བརྒྱུད་ཡེ་ཤེས་འཕོས་པའི་སྐད་ཅིག་གིས། །ཡེ་གྲོལ་ཆོས་སྐུའི་དགོངས་ཀློང་འུབ་ཆུབ་སྟེ། །ཐིག་ལེ་ཆེན་པོའི་དབྱིངས་སུ་གྲོལ་བར་ཤོག །ངེས་དོན་འཕོ་འགྱུར་མེད་པའི་བླ་མ་རྗེས། །སྙིང་དབུས་གཞོན་ནུ་བུམ་སྐུར་རྟག་བཞུགས་པས། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་ནས་ཀྱང༌། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པའང་ཐེག་མཆོག་སྙིང་པོའི་བསྟན་པ་དང་དེ་འཛིན་ལ་གུས་པའི་དད་བརྩོན་ཅན་སྤྲུལ་སྐུ་འཇིགས་མེད་ཨོ་རྒྱན་བསྟན་འཛིན་ནས་རྟེན་བཅས་བསྐུལ་ངོར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་དུས་ཚེས་དགེ་བར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ རྗེ་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང༌། །ཕ་བཀའ་བརྒྱུད་གྲུབ་པའི་ཁྱུ་མཆོག་གིས། །གྲོགས་སྐལ་ལྡན་ཁྱེད་ལ་བྱིན་བརླབས་ནས། །ཐུགས་དགོངས་བརྒྱུད་ཡེ་ཤེས་འཕོ་བར་ཤོག །ཡབ་གྲུབ་བརྙེས་དམ་པའི་རིགས་སུ་འཁྲུངས། །སྐུ་ཆུང་ངུའི་དུས་ནས་ཆོས་བློ་ལྡན། །རྗེ་གོང་མར་དད་མོས་མི་འགྱུར་བས། །དོན་སྒྲུབ་ལ་བརྩོན་དེ་བདག་ཡི་རང༌། །ཚེ་མི་རྟག་ཤིང་ཁའི་བྱེའུ་འདྲ། །དུས་མི་རྟག་གློག་ཞགས་ལྟར་མྱུར་བས། །ལོ་རེ་རེ་བཞིན་དུ་ཞག་བརྒྱ་རེ། །མཚམས་བཞུགས་ན་ཤིན་ཏུ་ལེགས་སྙམ་མཆིས། །གནས་འདུ་འཛི་མེད་པའི་ས་ཕྱོགས་སུ། །གནད་ཉམས་ལེན་ཞག་བརྒྱ་མཛད་པ་དང༌། །ཁྱིམ་འདུ་འཛིའི་ནང་གནས་ལོ་གཅིག་ལས། །ཆོས་དགེ་སྦྱོར་བྱས་པ་ཨེ་མཚུངས་གཟིགས། །བདག་ཤི་ཉེ་འདུ་འཛིའི་གཡེང་བཞིན་དུ། །མི་གཞན་ལ་དགེ་བསྐུལ་ངོ་གནོང་ཡང༌། །ཡིད་བློ་སྙིང་གཏོད་པའི་ཆོས་གྲོགས་ལ། །སེམས་ལྷག་བསམ་དཀར་པོས་ཞུས་པ་ལགས། །ཁྱེད་གྲུབ་ཐོབ་ཀྱི་གདུང་བརྒྱུད་ཡིན་དང་གཅིག །ཐུགས་ཆོས་ལ་མོས་བརྩོན་ཆེ་དང་གཉིས། །བདག་བླ་མའི་ཟོལ་གྱིས་བསྐུལ་བའི་མཐུས། །དགྲ་ཆོས་བརྒྱད་མཆིལ་མའི་ཐལ་བཞིན་བོར། །སེམས་འཁྲུལ་རྟོག་སངས་པའི་ཡེ་ཤེས་རྒྱས། །དཔལ་ཨོ་རྒྱན་ཌཱ་ཀིའི་ཚོགས་གྲལ་དུ། །ངོ་ཤེས་བཞིན་འཕྲད་པའི་རྟེན་འབྲེལ་ཞུ། །མི་རྒན་པོའི་གླུ་ལ་ཆོ་མེད་ཀྱང༌། །ཉམས་དགའ་བའི་ཆོས་མཛད་དགྱེས་སྙམ་ནས། །འབུའི་སུག་རྗེས་ལྟ་བུའི་ཨ་ཀྵ་ར། །རྫས་བདུད་རྩི་ཆོས་སྨན་བཅས་སྟེ་ཕུལ། །སྲས་མོ་ཕྲིན་ལས་ཆོས་སྒྲོན་ལ་གདམས་པའོ། ༈ ཆོས་ཉིད་དབྱིངས་ཀྱི་བཙུན་མོ་ཀུན་བཟང་མོ། །འཕགས་བཞི་སྐྱེད་པའི་ཡུམ་ཆེན་ཤེར་ཕྱིན་མ། །བདག་ཅག་བོད་འབངས་སྐྱོབ་ཕྱིར་ཨ་མའི་ཚུལ། །ཡེ་ཤེས་མཚོ་རྒྱལ་དཔལ་མོས་ཁྱོད་སྲུངས་ཤིག །གྲུབ་པའི་རིགས་ཀྱི་མྱུ་གུའི་དལ་རྟེན་ཐོབ། །མདོ་སྔགས་བསྟན་སྒོར་ཞུགས་ཤིང་སྨིན་གྲོལ་མནོས། །ད་རེས་གཏན་གྱི་འདུན་མ་མ་འཕྱུགས་ན། །ངེས་པར་འཁོར་བའི་རྒྱ་མཚོའི་ཕ་རོལ་འགྲོ། །གསང་སྔགས་ཉེ་ལམ་རང་སེམས་ངོ་བོ་ལྟོས། །གསལ་སྟོང་ཕྱོགས་རིས་མེད་པའི་ཆོས་ཉིད་འདི། །རང་དང་འབྲལ་མེད་རྟག་པར་འཆར་ནས་ཡོད། །ངོ་ཤེས་ངང་ནས་མ་ཡེངས་དྲན་པས་ཟུངས། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །འཁྲུལ་པས་བཏགས་ལས་དོན་ལ་ཐམས་ཅད་ཀུན། །སྟོང་ཉིད་སྨྲ་བསམ་བརྗོད་པ་བྲལ་ལ་འབབ། །བདེ་སྡུག་སྒྱུ་མ་སྨིག་རྒྱུའི་རྗེས་མ་གཅོད། །བཟང་ངན་གང་བྱུང་ཤར་གྲོལ་མཉམ་པ་ཉིད། །སེམས་ཅན་ཐམས་ཅད་འདི་ལས་མ་གཡོས་ཀྱང༌། །གནས་ལུགས་མ་ཤེས་འཁྲུལ་པའི་རྗེས་འབྲང་ལ། །སྙིང་རྗེའི་ཆོས་ཉིད་རྟོགས་པའི་སྨོན་ལམ་ཐོབ། །གནས་ལུགས་རིག་སྟོང་རྗེན་པ་མ་བཅོས་པ། །ངེས་པ་དོན་གྱི་པདྨ་འབྱུང་གནས་ཡིན། །གསོལ་བ་བཏབ་ན་ནམ་ཡང་འདུ་འབྲལ་མེད། །མོས་གུས་གདུང་བས་སྐྱིད་སྡུག་དེ་ལ་བཅོལ། །རིང་མིན་དགྱེས་པའི་ཞལ་བཟང་མཇལ་ངེས་དང༌། །དེ་བར་དགེ་སྦྱོར་གནད་དུ་སྨིན་པ་ཡི། །སྨོན་ལམ་ཟབ་མོ་གཞན་ཕན་སེམས་བསྐྱེད་ཀྱིས། །རྒྱས་ཐོབ་སྐྱབས་སྲུང་འདོར་མེད་ངང་ནས་ཕུལ། ༈ ཆོས་དབྱིངས་ཤེས་རབ་དཔལ་མོའི་ཕྱག་རྒྱ་ནི། །དད་བརྩེ་མོས་གུས་འདབ་སྟོང་ཁ་དོག་བཀྲ། །བདེ་སྐྱིད་ཆོས་བཟང་སྦྲང་རྩིའི་ཟིལ་མངར་དེས། །ཨཀྵ་ར་འབྱོར་བདག་ཡིད་བུང་བ་སྤྲོ། །འདིར་གནས་རྒན་པོ་གཟུགས་ཁམས་བདེ་ལགས་ཀྱང༌། །ན་ཚོད་སྨིན་པས་གཉིད་ལ་ཡུར་བཞིན་དུ། །དཀོར་དང་འདུ་འཛིའི་ཆར་སྤྲིན་འཁྲིགས་པ་ནས། །དགེ་སྦྱོར་གློག་འོད་ཕྲན་བུ་འཁྱུག་བཞིན་མཆིས། །བརྩོན་འགྲུས་བྱས་དྲགས་ཁམས་ཀྱི་མ་ལྕོགས་པས། །ཡང་ཡང་གཉིད་ཡུར་དེ་ཀས་ཡིན་ལགས་ཀྱང༌། །ཁང་སྦུག་ནང་དུ་ཡིབ་པ་མ་མཛད་པར། །ཁང་སྟོང་ནམ་མཁའ་མཐོང་རྒྱ་ཆེ་བའི་སར། །རིག་པ་མིག་གཏད་མིག་གི་མཁའ་དཀྱིལ་ལྟོས། །བག་གསེང་གནང་ན་ནང་ནས་གྲུང་ཆ་འོང༌། །སེམས་ཞེས་ད་ལྟ་འཁྲུལ་པའི་རྣམ་རྟོག་འདི། །དེ་ལས་བཟང་བའི་རིག་པ་མཐོང་སྙམ་གྱིས། །མཐོང་འདོད་རེ་དོགས་གཏན་ནས་མ་མཛད་པར། །ད་ལྟའི་སེམས་ཉིད་མ་བཅོས་མ་ཡེངས་པར། །ངོ་ཤེས་ཙམ་ལ་གོམས་པར་མཛོད་ཅིག་དང༌། །མོས་གུས་བསག་སྦྱང་ཐབས་ཀྱི་མན་ངག་གིས། །རང་རིག་ཉམས་མྱོང་རིམ་གྱིས་རྩལ་རྫོགས་ནས། །སེམས་རིག་ཤན་འབྱེད་གཉུག་མའི་སྲིད་ཟིན་ན། །ཆོས་ཉིད་ལྟ་བ་རིམ་གྱིས་གསལ་བར་འགྱུར། །ནང་གི་རིག་པ་ད་ལྟ་མ་གསལ་ཡང༌། །ཕྱི་ཡི་སེམས་ནི་མ་ཡེངས་ཙམ་བྱུང་ན། །དེས་ཆོག་སེམས་ཕུག་དེ་ནི་རིག་པ་སྟེ། །ཆུ་དང་འཁྱགས་རོམ་ལྟ་བུའི་དཔེ་ཡིས་གསུངས། །ཆུ་ཉིད་འཁྱམས་རོམ་གཅིག་ཏུ་མ་ཡིན་ཏེ། །འཁྱགས་རོམ་སྲ་མཁྲེགས་ལག་པས་བཟུང་དུ་ཡོད། །འཁྱགས་རོམ་ཞུ་ན་ཆུ་རུ་གཅིག་ཏུ་འགྱུར། །སོ་སོ་མ་ཡིན་དོན་ལ་ཆུ་འཁྱགས་གཅིག །དེ་བཞིན་སེམས་ནི་རིག་པ་མིན་ཏེ་འཁྲུལ། །སེམས་ཉིད་རྟོགས་ན་རིག་པ་ལས་གཞན་མེད། །སེམས་དང་རིག་པ་དོན་ལ་ཐ་དད་ཀྱང༌། །སྤང་བླང་རྩོལ་སྒྲུབ་བྱས་པས་ཤན་མི་འབྱེད། །ནམ་ཞིག་རིག་པ་གདིང་ཐོབ་གྱུར་པ་ན། །སེམས་ནི་བྱིས་པ་འདྲ་སྟེ་ཅོལ་རེ་ཆུང༌། །རིག་པ་རྒན་པོ་བསམ་མནོ་ཟིན་པ་འདྲ། །རིག་པ་སེམས་རྗེས་མི་འབྲང་ཟིལ་གྱིས་གནོན། །གུ་ཡངས་བློ་བདེའི་ངང་ན་སྐྱིད་ཉལ་མཛོད། །གུ་རུ་ཡབ་ཡུམ་ཞེས་པའི་སྐད་གྲགས་ཅན། །སེམས་ཉིད་རིག་སྟོང་འདི་ལས་ལོགས་སུ་མེད། །དེ་གར་ཐག་ཆོད་འདུ་འབྲལ་མེད་པ་ལ། །མོས་གུས་གསོལ་འདེབས་རྒྱུན་མི་འཆད་པ་མཛོད། །དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །གསུངས་པ་དེ་ཡིན་རྒན་པོ་བདག་གིས་ཀྱང༌། །ཁྱེད་ཐུགས་རྫོགས་ཆེན་ལྟ་སྒོམ་སྤྱོད་པ་ཡིས། །སྨིན་ཅིང་གྲོལ་བའི་སྨོན་ལམ་ཡང་ཡང་ཞུ། །དེ་སྐད་མཐའ་འདུལ་གཙུག་ལག་སྐྱེར་ཆུ་ནས། །དྲག་པོ་དཔལ་ཆེན་འདུས་པའི་ལྷ་སྔགས་ཀྱིས། །དམ་སྲི་རྒྱལ་འགོང་བརླག་པའི་ཧམ་པ་ཅན། །སྔགས་རྒན་རལ་པ་ཅན་དེས་བསྲིངས་བ་ལགས། །རིང་པོའི་དུས་ཀྱི་འགྱུར་བས་མ་བཀག་ན། །དགྱེས་བརྩེའི་ཞལ་བཟང་ཨུཏྤལ་གསུང་ཞིམ་ཅན། །འདྲེན་བྱེད་དབང་པོའི་དགའ་སྟོན་སྟོབ་བཞིན་དུ། །སྨིན་གྲོལ་མགྲིན་རྔ་འཁྲོལ་ལ་རེངས་བཞིན་ཕུལ། ཟླ་༨ ཚེས་༩ ལའོ། ༈ སྙིང་བརྩེ་དམ་པ་ལགས། རྗེ་མི་ལ་རིན་པོ་ཆེས། བུ་རས་ཆུང་གི་ལྟ་བ་བྱ་རྒྱལ་རྒོད་པོ་དང་འདྲ། རེས་འགའ་མཐོ་སྟེ་རེས་འགའ་དམའ། ད་མཐོ་དམན་བར་ནས་བསམ་བློ་ཐོང༌། གསུངས་པ་ལྟར། དགེ་སྦྱོར་ཐོབ་དུས་དགའ་བ་དང༌། །ལས་ཀ་མང་དུས་སེམས་སྐྱོ་བ། །གཉིས་ཀ་སེམས་ཀྱི་ཆོ་འཕྲུལ་སྟེ། །སྟོང་པའི་ངོ་བོ་གཅིག་ལགས་པས། །རེ་དོགས་མང་པོས་བློ་མི་བདེ། །དགེ་སྦྱོར་འགྲུབ་དུས་བསྔོ་སྨོན་གྱིས། །མ་འགྲུབ་ན་ཡང་བག་ཀྱིས་ཀློད། །སེམས་འདི་སྤྲེའུ་འདྲ་བས་ན། །སྐྱག་ལང་ཤོར་ན་སྦུགས་སུ་དོགས། །སྐྱིད་སྡུག་མེད་པ་བདག་འདྲ་ནི། །དགའ་ཡང་བསམ་ནའང་མཐོ་རྒྱུ་མེད། །འཆི་བའི་འཇིགས་སྐྲག་བསམ་ནས་སྡོད། །སྡུག་ཀྱང་སེམས་ཁོང་ཆུད་རྒྱུ་མེད། །འཁོར་བའི་མཚན་ཉིད་བསམ་ནས་སྡོད། །དགའ་སྡུག་འཇའ་ཚོན་རྗེས་བརྒྱུགས་ན། །འགྱུར་མེད་བྱིས་པའི་རྩེད་མོ་འདྲ། །དེ་སྐད་ཅི་དྲན་མ་ངེས་པ། །མི་རྒན་སྐྱིད་མེད་སྡུག་སྐད་དེས། །གློག་འོད་ལ་བརྟེན་བྲིས་ནས་ཕུལ། །དགོངས་པ་མ་ཚོམས་རྩེད་མོ་ཡིན། །སེམས་ལ་གང་ཤར་བྲིས་ཏེ་བསྐུར། །དགའ་སྤྲོའི་ངང་ནས་ལན་ཕུལ་ལོ། །མདོ་མེད་རྒད་པོ་འཁྱམས་པོ་དེས། །སོར་མོའི་ཟློས་གར་ཙམ་ལགས་སོ། ༈ རང་རིག་བླ་མ་མཚོ་རྒྱལ་དེ། །རང་སེམས་གཉུག་མའི་ཀློང་ན་བཞུགས། །རང་ངོ་ཤེས་པས་གསོལ་བཏབ་ན། །རང་གྲོལ་རྣལ་འབྱོར་མར་འགྱུར་ངེས། །རིང་མིན་དགྱེས་མཇལ་ཞུ་སྤྲོ་བཅས་དིལ་མཁྱེན་རྒན་བུའི་སྐྱབས་སྨོན་བཅས་ཕུལ། ༈ ཀྭ་ཡེ་སྙིང་གི་གྲོགས་ཁྱེད་བྱིའུ་ཆུང་འདི་ལ་ལྟོས། །ཁ་རོག་མ་སྡོད་སྒོ་གསུམ་བསྐུལ་མ་ཐོབ། །ག་བུར་ལྟར་སིམ་གཞན་ཕན་བྱང་སེམས་རྟག་ཏུ་སྒོམས། །ང་ཅག་ཆོས་མཐུན་སྙིང་ནས་བརྩེ་བའི་བསླབ་བྱ་ཡིན། །ཅ་ཅོའི་བསྟོད་སྨད་བྲག་ཆའི་རྗེས་སུ་སེམས་མ་རྒྱུག །ཆ་བྱད་གཙང་སྦྲ་ལྡན་པས་སྤྱོད་ལམ་ཆོས་དང་བསྟུན། །ཇ་ཆང་ཤ་ལ་སྲེད་ན་ཁྱི་བཞིན་ཉེས་པ་སྤྱོད། །ཉ་སྟོང་བརྒྱད་དང་ཡར་མར་ཚེས་བཅུར་བསྐང་བཤགས་འབད། །ཏ་ལའི་འདབ་རྒྱས་ཤིང་དབུས་མཛེས་པའི་ཁང་པ་དེར། །ཐ་མལ་སྐྱེ་བོ་མེད་པ་ཆོས་པ་ཁོ་ན་སྟེ། །ད་ལྟའི་དུས་འདིར་བག་ཕེབས་སྣང་ཤས་སྐྱིད་པོའི་ངང༌། །ན་ཚོད་གཞོན་ཡང་ཁྱོད་ཚུལ་ཞི་དུལ་ངང་དུ་སྡོད། །པ་ར་པི་རའི་ལས་ཀ་མང་པོས་རང་ཉིད་འཆིང༌། །ཕ་རོལ་འཇིག་རྟེན་ཕྱི་མ་བསམས་ནས་ཆོས་ལ་བསྐུལ། །བ་ཐག་བྲན་པའི་སྲིན་བུའི་རང་ཉིད་འཆིང་ནས་ཤི། །མ་རྒན་སེམས་ཅན་འཁྲུལ་པ་མནར་ཀུན་དེ་མཚུངས་ལ། །ཙབ་ཙུབ་མ་བྱེད་སྙིང་རྗེའི་བདེ་སྡུག་གཏོང་ལེན་གྱིས། །ཚ་ངར་ལྡན་པའི་བདག་འཛིན་ཉོན་མོངས་མགོ་བོ་ནོན། །ཛ་ཏིའི་དྲི་ཡིས་རླུང་ནད་འཇོམས་བཞིན་རང་གི་སེམས། །ཝ་ལེར་ལྟོས་ལ་དྲན་ཤེས་ལྡན་པས་བྱི་དོར་གྱིས། །ཞ་ལྷྭམ་གོས་ནི་མ་འཁྱགས་ཙམ་གྱི་ཆོག་ཤེས་ཀྱིས། །ཟ་མ་ལྟོ་འབྲང་ཤ་ཆང་ཕག་བཞིན་ལོངས་མ་སྤྱོད། །འ་འུར་མངོན་ཚན་ཆེན་པོའི་ལས་ལ་བློ་མ་གཏོད། །ཡ་མཚན་ལྟད་མོ་སེམས་ལ་ལྟོས་དང་ངེས་པར་ཡོད། །རྭ་ཅོ་ལྟ་བུའི་རྒྱུད་འདི་ཆོས་ཀྱིས་ཅི་ནུས་ཐུལ། །ལ་འུར་གྲུབ་རྟགས་མ་རེ་སྒོམ་ཡུན་ཤི་དང་སྙོམས། །ཤ་ཟ་འབོད་སྒྲོགས་ཕ་རྒན་པདྨའི་མདུན་ཚོགས་ནས། །ས་ལམ་མྱུར་དུ་བགྲོད་པའི་སྨོན་ལམ་མ་བརྗེད་མཛོད། །ཧ་རིའི་ལྗོན་བཟང་འཁྲིགས་པ་ཕུན་ཚོགས་ཆོས་གླིང་ནས། །ཨ་མཚར་ཙམ་དུ་རྒད་པོས་གློག་འོད་ལམ་འཕྲིན་ཕུལ། ༈ དད་དང་མོས་གུས་ལྡན་ཞིང༌། །ཡང་དག་ཆོས༵་ལ་བརྩོན་པས། །འདི་བདེ་ཕྱི་མར་སྐྱིད༵་པ། །བརྩེ་ལྡན་མ་ལ་གདམས་པ། །དལ་འབྱོར་མི་ལུས་ཐོབ་ཅིང༌། །སངས་རྒྱས་བསྟན་དང་མཇལ་ཏེ། །མཚན་ལྡན་བླ་མས་རྗེས་འཛིན། །ད་ལྟ་ཙམ་ལས་དཀོན་པ། །རྟག་ཏུ་ཆོས་ལ་བརྩོན་ཅིག །སྤྱིར་གྱིས་སྣོད་བཅུད་མི་རྟག །སྒོས་སུ་སྐྱེ་རྒུའི་ཚེ་སྲོག །ནམ་ཡལ་ངེས་པ་མེད་པས། །མ་ཡེངས་བསྐུལ་མ་ཐོབ་ཅིག །སྲིད་པ་འཁོར་བའི་གནས་རིས། །སྡུག་བསྔལ་མ་གཏོགས་མེད་པས། །དགེ་སྡིག་བླང་དོར་མ་ནོར། །བློ་གཏད་ཆོས་ལ་དྲིལ་ཞིག །ཆོས་ཀྱི་སྙིང་པོ་སྐྱབས་འགྲོ། །མཆོག་གསུམ་རིན་ཆེན་ཐམས་ཅད། །མ་ཧཱ་གུ་རུ་མཆོག་གིས། །སྐུ་གསུང་ཐུགས་ལ་རྫོགས་པས། །ཡིད་ཆེས་བློ་གཏད་ཆོལ་ཞིག །སྒོ་གསུམ་དགེ་བ་གང་བྱས། །ཕ་མ་སེམས་ཅན་དོན་སྙམ། །གཞན་ཕན་བསམ་པ་བཟང་པོས། །རང་དོན་གཅེས་འཛིན་སྤོངས་ཤིག །རང་སེམས་སྐྱེ་མེད་སྟོང་པ། །བརྟགས་ན་གཞི་རྩ་མ་གྲུབ། །མ་དཔྱད་ཅིར་ཡང་འཆར་བ། །ཡེངས་མེད་དྲན་པས་སྐྱོངས་ཤིག །ལུས་ལྷ་ངག་སྔགས་སེམས་ཉིད། །ཆོས་སྐུ་ཤེས་པའི་ངང་ནས། །སྣོད་བཅུད་ལྷ་དང་གཞལ་ཡས། །དག་པ་རབ་འབྱམས་མོས་མཛོད། །སེམས་ཉིད་སྟོང་པ་སྣང་མཐའ། །རང་གསལ་ཐུགས་རྗེ་ཆེན་པོ། །སྣང་སྟོང་དབྱེར་མེད་བླ་མ། །པདྨ་འབྱུང་གནས་ཤེས་མཛོད། །ཕ་གཅིག་བུ་ལ་བརྩེ་བཞིན། །གུ་རུ་ཡབ་ཡུམ་བཀའ་དྲིན། །ནམ་ཡང་འཁོར་ཐབས་མེད་པའི། །ངོ་ཤེས་གསོལ་འདེབས་མཛོད་ཅིག །དོན་དམ་ཡེ་ཤེས་བླ་མ། །ནམ་ཡང་འབྲལ་བ་མེད་པར། །རང་ངོ་རང་གི་ཤེས་པས། །ཡིད་ཆེས་སྐྱེད་པར་མཛོད་ཅིག །བདག་ཅག་དད་དམ་གཙང་མས། །ཚེ་དང་སྒྲུབ་པ་མཐར་ཕྱིན། །རིང་པོའི་དུས་ཀྱིས་མི་འགྱང༌། །དགྱེས་བཞིན་འཕྲད་པར་ངེས་སོ། །རྟག་ཏུ་འདུ་འབྲལ་མེད་པའི། །སྨོན་ལམ་ཤིས་པའི་ཚིག་གིས། །ཡང་ཡང་བརྒྱན་པར་བྱས་ཏེ། །སྣྲོན་ཟླའི་༥ ཚེས་༢༧ ལ་ཕུལ་ལོ། ༈ རྟེན་དལ་འབྱོར་ཐོབ་པ་དོན་ཡོད་ཕྱིར། །གནས་དབེན་པར་བཞུགས་པ་དགའ་སྤྲོ་ཆེ། །སེམས་མ་བཅོས་རང་ངོ་སྐྱོང་བ་ལ། །དངོས་མཚན་མ་མེད་པའི་སྟོང་པ་དེའི། །དོན་ཆོས་སྐུ་སྤྲོས་པ་བྲལ་བ་ཡི། །སྟོང་རྐྱང་པ་མིན་པའི་འོད་གསལ་དེའི། །མདངས་རང་བཞིན་གསལ་བ་ལོངས་སྐུ་ཡིན། །སྟོང་གསལ་བ་ཐ་དད་མེད་པ་དེ། །རྩལ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་ཡིན། །སྟོང་གསལ་བ་ཟུང་འཇུག་གང་ཡིན་ཀྱང༌། །བློས་འཛིན་པ་མེད་ན་རིག་པ་ཡིན། །ཕ་བླ་མའི་ཐུགས་དང་རང་གི་སེམས། །དོན་གདོད་ནས་དབྱེར་མེད་ཤེས་པའི་ངང༌། །ཡིད་མོས་གུས་གདུང་བས་གསོལ་འདེབས་བཞིན། །དུས་ཀུན་ཏུ་ཉམས་ལེན་སྙིང་པོ་མཛོད། །དེའི་ངང་ནས་ངེས་འབྱུང་རྒྱུ་འབྲས་ཞིབ། །དགེ་བསགས་སྦྱངས་འགྲོ་བའི་དོན་དུ་བསྔོ། །སྙིང་རྗེ་བའི་སེམས་ཅན་ཡིད་ལ་བཅང༌། །བློ་བག་ཕེབས་ངང་དུ་བཞུགས་པར་ཞུ། །ཚུལ་དེ་སྐད་རྒན་བུའི་ལྷག་བསམ་གྱིས། །ཚིག་ཐོས་པ་གདམས་ངག་ཚུལ་དུ་ཕུལ། །ཚེ་སྒྲུབ་པ་མཐའ་རུ་ཕྱིན་པ་དང༌། །ཉམས་རྟོགས་པའི་རྒྱལ་ས་ཟིན་པར་སྨོན། ༈ ཀྱེ་ཧོ་ལས་ཅན་སྙིང་གི་བུ། །ཁྱོད་ས་ཐག་རིང་བས་མི་སྐྱོ་སྟེ། །སེམས་ཐུགས་འོ་མ་གཅིག་ཏུ་འདྲེས། །སེམས་སྣང་སྟོང་འདུ་འབྲལ་མེད་པའི་དབྱིངས། །ཐུགས་ཡིད་བསྲེས་ལ་མཉམ་པར་ཞོག །གངས་རི་མཐོན་པོ་མཐོང་ཙ་ན། །ནང་གི་ལྟ་བའི་མཚན་དཔེ་ཡིན། །ལྟ་བ་བླ་མའི་ཐུགས་ཡིན་པས། །འདུ་འབྲལ་མེད་པ་སེམས་ཀྱི་གཤིས། ནགས་ཚལ་ཡིད་འོང་མཐོང་ཙ་ན། །ཉམས་དང་རྟོགས་པའི་མཚན་དཔེ་ཡིན། །ཉམས་རྟོགས་རེ་དོགས་མེད་པ་ཡི། །ཐམས་ཅད་བླ་མའི་རོལ་པ་ཡིན། །མེ་ཏོག་གླིང་ཁ་མཐོང་ན་ཡང༌། །རང་གྲོལ་སྤྱོད་པའི་མཚན་དཔེ་ཡིན། །སྤྱོད་པ་ཆོས་མཐུན་མ་ལུས་པ། །དཔལ་ལྡན་བླ་མའི་རྣམ་ཐར་ཡིན། །འཁྲུལ་རྟོག་ཇི་ལྟར་ཚབས་ཆེ་ཡང༌། །བློ་ཡིས་བཅོས་པའི་རྣམ་རྟོག་ཡིན། །རྟོག་པ་སྐྱེ་འགག་གནས་མེད་པའི། །ངང་ལ་ལྷོད་ན་སྟོང་པར་འགྲོ། །སྟོང་ཉིད་རྗེན་པ་བླ་མ་སྟེ། །བླ་མས་སྒྲིབ་པ་ག་ལ་བྱེད། །སྒྲིབ་པ་འདུག་སྙམ་དོགས་པ་དང༌། །སྒྲིབ་མེད་འབྱུང་བའི་རེ་བ་གཉིས། །རིག་སྟོང་བློ་འདས་ཡེ་ཤེས་ལ། །གེགས་སུ་ཆེ་བས་རེ་དོགས་སྐྱུངས། །ཆོས་ཉིད་རྗེན་པའི་རང་ངོ་ལྟོས། །བླ་མར་མོས་གུས་དུང་ངེ་དང༌། །གཉིས་མེད་ངང་ནས་གསོལ་བ་ཐོབ། །མྱུར་དུ་འཕྲད་པ་ཐེ་ཚོམ་མེད། །ཞལ་ཡང་ཡང་མཇལ་ངེས་རྫུན་མ་ཡིན། །གསུང་ཡང་ཡང་ཐོས་པའི་སྨོན་ལམ་ཡོད། །ཚུལ་དེ་སྐད་ལྷོ་མོན་ཤིང་ལོའི་ཚལ། །དྲེད་བཞིན་དུ་ཉལ་བའི་རྒད་པོ་དེས། །ཁ་བདེ་བོའི་གླུ་ཆུང་ཙེ་རེ་རེ། །ཁྱོད་བློ་བདེའི་ཆེད་དུ་ཕུལ་བ་ལགས། །མངྒ་ལས་སོ། ༈ ཀྭ་ཡེ་བརྩེ་བའི་མེ་ཏོག་མདངས་བཀྲ་ཤིང༌། །ཁ་མངར་སྦྲང་རྩིས་ལྕིད་པའི་ཀུ་མཱ་ར། །ག་བུར་དྲི་ཡིས་ཚད་པ་འཇོམས་བཞིན་དུ། །ང་ཡི་གདུང་སེལ་ཚིག་གི་ཕྲེང་འདི་སྤེལ། །ཅ་ཅོ་བྱིའུ་གཞོན་ནུའི་གླིང་བུ་བཞིན། །ཆ་ཤས་ཡིད་ལ་དྲན་པས་གདུང་སེལ་བདག །ཇ་སྲུབ་གསོལ་ཞིབ་མང་པོ་ཟ་བཞིན་དུ། །ཉ་ཟླ་ཡར་ངོ་ཚེས་ལྟར་དགེ་བར་གྱུར། །ཏ་ཐཱ་ག་ཏའི་བསྟན་པའི་ལྷག་མ་ཙམ། །ཐ་ཤལ་ལས་འཕགས་དངུལ་ཆུ་སར་ལྷུང་བཞིན། །ད་ལྟ་ཉུང་ངུ་མཇལ་མོད་དད་སྐྱོའི་ངང༌། །ན་ཚོད་རྒས་པའི་མི་བཞིན་གྱུར་ནས་འདུག །པ་སངས་ལྟར་དཀར་དགེ་བའི་སེམས་ལྡན་ཀྱང༌། །ཕ་རོལ་ནག་པོའི་འབྱུང་པོ་སྟོབས་ཆེ་བས། །བ་གླང་གཅན་གཟན་སྡེར་མོས་བཟུང་བའི་བོད། །མ་རྒན་འགྲོ་རྣམས་མཐོང་བས་སྐྱོ་བ་འཕེལ། །ཙཱ་གངས་མཆིམས་ཕུ་ཡེར་པ་ཤེལ་བྲག་སོགས། །ཚ་ངར་མེ་ཡིས་བསྲེགས་པའི་ནགས་ཚལ་བཞིན། །ཛ་ཡའི་སྐུ་གསུང་ཐུགས་རྟེན་ཞིག་རལ་དང༌། །ཝ་ལྟར་ཞུམ་པའི་ཆོས་པ་དག་ཀྱང་མཐོང༌། །ཞྭ་གོས་ཐམས་ཅད་མ་ཧཱ་ཙི་ནའི་ལུགས། །ཟ་མ་དཀོན་ཞིང་ལུས་ལ་གཟི་བརྗིད་ཕྲ། །འ་འུར་ཆོས་དད་རང་མོས་གྲགས་ཆེ་ཡང༌། །ཡ་མཚན་བཤད་སྒྲུབ་ས་བོན་ཙམ་དུ་བས། །ར་བ་གངས་རིའི་མཛེས་སྡུག་མིག་གི་དཔྱིད། །ལ་ཀླུང་སྔོ་ལྗང་དབྱར་སྐྱེས་མྱུ་གུ་མཛེས། །ཤ་རྐྱང་རི་དྭགས་བརྩེ་བའི་ཚལ་མཛེས་པའི། །ས་གཙང་གཟུགས་འཕྲོད་ཆུ་དྭངས་དག་ཞིང་འདྲ། །ཧ་ལ་ལྟ་བུའི་དགྲས་ཀྱང་བྱམས་མདོག་ཁ། །ཨ་མཚར་ད་ལྟའི་སྣང་སྤྱོད་མ་བཅོས་པ། །ཧ་རིའི་ཙནྡན་དྲི་བཞིན་ཁྱོད་ཐུགས་ལ། །ཨ་ཧོའི་དགའ་སྟོན་བསྐྱེད་པའི་འཕྲིན་འདི་ཡང༌། །ཨེ་མ་རྒྱ་བོད་ས་ལ་ཐག་རིང་ཀྱང༌། །ཨོ་ཌིའི་མིང་བཞིན་སྦྲག་ཏུ་བསྲིངས་བ་ལ། །ཨུ་རྒྱན་བླ་མའི་རྗེས་འཇུག་དྲན་རྟེན་དུ། །ཨེ་མ་དགའ་བའི་གར་གྱིས་འཕྲལ་དུ་སྤེལ། །ཤིང་གླང་ས་ཟླའི་༤ཚེས་༡༥ལ་རྒན་བུས་ཡིས། །གཞིས་ཀ་རྩེ་ཡི་སྣེ་ལེན་ཁང་ནས་ཕུལ། ༈ ཞིང་རྔ་ཡབ་དཔལ་གྱི་རི་བོ་ན། །ཡབ་སྐྱབས་ཀུན་འདུས་ཞལ་མཚོ་སྐྱེས་རྗེ། །མ་ཌཱ་ཀིའི་རྒྱལ་མོ་མཁར་ཆེན་བཟའ། །དེ་གཉིས་མེད་དྲིན་ཅན་བླ་མར་དྲན། །དུས་སྔ་དགོང་ཁ་ཏོན་གྲུབ་པའི་རྗེས། །བར་གུང་སེང་བྱུང་ན་ལྷོད་དེ་སྡོད། །སེམས་གཉུག་མའི་རང་ངོ་ཅེར་གྱིས་ལྟོས། །ཆོས་དངོས་པོར་བསྟན་དུ་མེད་ན་ཡང༌། །བག་ཕེབས་པའི་གུ་ཡངས་བློ་བདེ་ཡོད། །དེ་རང་ངོ་ཤེས་ན་པད་འབྱུང་ཡིན། །མིང་ཤོམས་ར་མ་ཆེ་ན་ཡང་རུང༌། །རྒྱུད་གྱོང་པོ་འདུག་སྙམ་རྣམ་རྟོག་ཡིན། །རྩལ་རྣམ་རྟོག་སྐྱེ་འགག་གནས་བྲལ་བའི། །གཤིས་ནམ་མཁའ་ལྟ་བུར་བཙན་ས་ཟུང༌། །རླུང་སེར་བུ་མེད་ན་མར་མེ་གསལ། །དེའི་ངང་ནས་བློ་སྦྱོང་དོན་བདུན་གྱི། །གནད་གང་འཐད་སེམས་ལ་གོམས་འདྲིས་གྱིས། །བྱམས་སྙིང་རྗེས་སྨོན་ལམ་ཀུན་ལ་ཐོབ། །ངག་བརྗོད་པ་བཟང་པོ་སྤྱོད་པ་ཟབ། །དུས་སྙིགས་མའི་སྐྱེ་འགྲོ་མཆོག་དམན་ཀུན། །ལས་འཁྲུལ་པའི་གདོན་གྱིས་མ་ཟིན་མེད། །དེའི་དབང་གིས་སྣོད་བཅུད་སྡིག་པས་གང༌། །དེ་རང་སེམས་འདུལ་ན་ཆོས་ཀུན་འདུ། །སེམས་སྣང་ལ་མ་གྲུབ་ཡེ་རེ་བ། །མདངས་གསལ་ཆ་འགག་མེད་ཟང་ཐལ་ལོ། །ངོ་ཤེས་ཙམ་བྱུང་ན་དེ་གས་ཆོག །བབ་ལྷོད་ཀྱིས་གློད་ལ་མ་ཡེངས་ལྟོས། །དོན་འདི་ལ་བསམས་ན་བདག་ཅག་གཉིས། །གཟུགས་ཕོ་མོ་ཙམ་ལས་ཁྱད་པར་མེད། །གནད་ཤེས་པས་གཤིས་ལུགས་རྗེན་པར་སྐྱོངས། །རྩལ་བཟང་ངན་ཐམས་ཅད་རང་གྲོལ་ཐོང༌། །འཕུར་ཤེས་པའི་བྱ་ལ་ནམ་མཁའ་བདེ། །སྤྲིན་སེར་བུའི་འཇིགས་སྐྲག་དོག་པ་མེད། །འཕྱོར་ཤེས་པའི་ཉ་ལ་ཆུ་བོ་བདེ། །དབུགས་འཚུབ་སྙམ་བག་ཟོན་ག་ལ་དགོས། །སྒོམ་ཤེས་པའི་རྣལ་འབྱོར་ཅིར་ཡང་བདེ། །ཡུལ་རྐྱེན་ཀུན་བར་སྣང་འཇའ་ཚོན་རིས། །སེམས་རྩལ་སྣང་མ་དེད་གཤིས་ལ་ལྟོས། །གཤིས་བརྟན་པ་ཐོབ་ན་ཆོས་སྐུ་ཡིན། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང༌། །ཁྱད་མེད་པར་མངོན་པར་བྱང་ཆུབ་ཤོག །མངྒ་ལས་སོ། ༈ ཀྭ་ཡེ་བུ་མོ་པདྨ་ཆོས་སྐྱིད་ལགས། །ཁ་ཁུག་སིམ་པས་སྤ་གྲོར་མཚམས་བསྡད་ཀྱང༌། །ག་བུར་རླུང་གིས་ཁྱེར་བཞིན་བར་ཆད་ཀྱིས། །ང་ནི་ཆབ་གསང་སོང་ནས་ས་ལ་བརྡབ། །ཅ་ཅོའི་འུར་མེད་སྨན་བཅོས་བྱེད་སྙམ་ཀྱང༌། །ཆ་མེད་ཀུན་འགྲོ་ཌྷོག་ཊོར་ལྷ་རྗེ་བསོད་ནམས་ཕྱིན། །ཇ་བང་པུས་མོ་སྐྲང་པ་བརྟགས་དཔྱད་བྱས། །ཉྭ་ཤ་རྩ་རྣམས་མ་བཅད་ཐག་ཆོད་ཀྱང༌། །ཏ་ལའི་ཤིང་ལྟར་རེངས་པའི་རུས་པ་ནི། །ཐ་དད་གས་གྲུམ་ཡོད་མེད་བརྟག་པ་ལ། །ད་ལྟ་སྨན་ཁང་གློག་སྤར་མ་བརྒྱབ་ན། །ན་ཚའི་ཉེས་འགལ་ཡོད་ཟེར་ཉིན་བསྐོར་བྱས། །པ་སངས་ལྟར་དཀར་རུས་པ་མ་བསྣད་ཀྱང༌། །ཕ་ཝ་སྒོམ་ཆེན་མདོག་འདྲའི་སྐྲངས་པ་འདི། །བ་ཞོ་ལྟ་བུའི་བརྡབ་ཁྲག་ལེན་པའི་ཕྱིར། །ཙབ་ཙུབ་ངང་ནས་སླར་ཡང་སྨན་ཁང་ཕྱིན། །ཚ་ངར་མཚོན་ཆས་པུས་མོའི་ཁྲག་ཀུན་བླངས། །ཛ་ཏི་ལ་སོགས་རླུང་སྨན་བྱུག་ཅིང་ཟོས། །ཞྭ་རེངས་གྱུར་ཀྱང་ཟུག་རྔུ་རིམ་གྱིས་ཞི། །ཟ་མ་མང་པོས་ལུས་ཟུངས་གསོ་དགོས་སྐད། །འ་འུར་མེད་པར་ཞག་དྲུག་ཉལ་དགོས་བྱུང༌། །ཡ་རབས་དད་སྦྱིན་ཀུན་གྱིས་བསྙེན་བཀུར་བྲིན། །ར་རིབ་མ་འཁྲུལ་ངག་བཅད་ཁ་ཏོན་བཟླས། །ལ་འུར་རང་གནས་ས་མཚམས་མཆོད་རྟེན་ཕྱིན། །ཤ་ཁྲག་ཇ་ཙམ་རྒྱུན་མི་འཆད་ཟོས་པས། །ས་སྟེགས་ངལ་གསོ་བཞིན་དུ་སྐྱིད་པོ་བྱུང༌། །ཧ་ཧ་བདེ་སྡུག་སྒྱུ་མའི་བཀོད་པ་འདི། །ཨ་མཚར་སྤྲེའུའི་གར་འདྲ་གད་མོ་ཤོར། །ཨ་རེ་སྒྱུ་མའི་མཚངས་འདི་ལེགས་མཐོང་ན། །ཧ་ལོ་སྲིད་པའི་རིམས་ནད་སངས་སྙམ་བྱུང༌། །ཨི་དམ་སྐྱིད་སྡུག་ཉིན་ཞག་རེ་རེར་འགྱུར། །ཨེ་མ་འཁོར་འདས་སྣང་ཙམ་བདེན་རྫུན་མཉམ། །ཨོ་ཌི་ཡ་ནའི་མཁའ་འགྲོའི་ཆོ་འཕྲུལ་འདྲ། །ཨུ་རྒྱན་བླ་མར་གསོལ་བ་འདེབས་བཞིན་བྲིས། །ཆོས་ཀུན་སྒྱུ་མའི་དཔེ་ལྟར་གོ་བའི་ཕྱིར། །ཨ་མཚར་ཚིགས་སུ་བཅད་པ་འདི་དག་ཀྱང༌། །སྨྲ་མང་རྒན་པོའི་བཅོས་གཏམ་དབ་དིབ་འདི། །ཕུལ་བས་ཆོས་ཉིད་མངོན་གྱུར་གྲོལ་བར་ཤོག །བོད་ཟླ་ལྔ་པའི་ཚེས་ལ་ཕུལ། ༈ ཀ་དག་སྟོན་པའི་གདན་ས་བུམ་ཐང་དུ་བཞུགས་ཀྱང༌། །ཁ་བཤད་རྐྱང་པར་སོང་ན་ངོ་ཚ་བའི་རྒྱུ་བྱེད། །ག་ལེ་སྙོམས་ལས་འཕྱེ་བོའི་གཞན་དབང་དུ་མ་བཏང༌། །ང་ཡིས་བསྐུལ་བཞིན་བལ་པོའི་རྒྱལ་ས་རུ་ཕེབས་ཤོག །ཅ་ཅོའི་ཁ་བཤད་མཁས་ཀྱང་བྲག་ཆ་དང་མཚུངས་པས། །ཆ་ལུགས་ཆོས་གོས་མནབ་པའི་སྡོམ་བརྩོན་མཆོག་ཁྱེད་ཀྱིས། །ཇ་རིལ་བསླབ་པ་ཡོངས་རྫོགས་དགེ་སློང་ཞིག་ཞུས་ན། །ཉ་ཟླ་སྤྲིན་དང་བྲལ་བཞིན་འདི་ཕྱི་གཉིས་ཕན་འོང༌། །ཏ་མ་ལ་བཞིན་ལས་ཉོན་སྒྲིབ་པའི་ཚོགས་ཐམས་ཅད། །ཐ་མལ་བཞུགས་ན་ནམ་ཡང་དག་པའི་དུས་མེད་པས། །ད་ལྟ་དགེ་སློང་དངོས་པོ་ཚུལ་བཞིན་དུ་བསྒྲུབས་ན། །ན་ཚོད་ཡོལ་ཀྱང་བློ་བདེ་རྒྱུན་མི་འཆད་འབྱུང་ངོ༌། །པ་རེ་པི་རེའི་ལས་ཀ་རྫོགས་པའི་དུས་མེད་པས། །ཕ་རོལ་འཇིག་རྟེན་ཕྱིན་ཀྱང་དཀའ་ངལ་གྱི་རྒྱུ་རེད། །བ་མོས་གདུང་བའི་ནམ་གཞུག་མེ་ཏོག་ལྟར་གྱུར་ཚེ། །མ་ལ་འགྱོད་ཀྱང་ཕྱིས་པས་ད་ལྟ་རང་ཕེབས་ཤོག །ཙབ་ཙུབ་མེད་པའི་ཞི་བདེ་སྡོམ་བརྩོན་གྱི་རྒྱལ་པོ། །ཚ་གདུང་བྲལ་བའི་གྲིབ་བསིལ་ངལ་བསོ་རུ་ཕྱིན་བཞིན། །ཛ་ཡ་དགྱེས་པའི་ལམ་བཟང་བདེ་བ་རུ་ཕེབས་ན། །ཝ་ལྟར་ཞུམ་པ་མི་དགོས་བགྲེས་བཞིན་དུ་སྐྱིད་འོང༌། །ཞྭ་མོ་དམར་སེར་རྩོད་པ་ཆོས་ལུགས་དངོས་མ་ཡིན། །ཟ་འདོད་གྲྭ་པ་དེ་ཡང་འཇིགས་སྐྱོབས་ཀྱི་ཆོས་རེད། །འ་འུར་ཙམ་མིན་དོན་སྙིང་དགེ་སློང་ཞིག་གསན་ན། །ཡ་མཚན་ཡོན་ཏན་དུ་མའི་རྨང་རྡོ་རུ་གྱུར་ངེས། །རྭ་ལྟར་རྩུབ་པའི་བསམ་རྒོད་ངེས་འབྱུང་གིས་བཏུལ་དགོས། །ལ་ལ་ཙམ་མིན་མཁས་གྲུབ་གོང་མ་ཚོའི་རྣམ་ཐར། །ཤ་རྐྱང་སྤང་ལ་རྩེ་བཞིན་ཆོས་འདུལ་ལ་རོལ་དང༌། །ས་ལམ་ཡོན་ཏན་འབད་མེད་ལྷུན་གྲུབ་དུ་འབྱུང་ངེས། །ཧ་ཧ་རང་ཉམས་མི་ཕན་འོན་པ་ཡི་རོལ་མོ། །ཨ་མཚར་རྩེ་མོའི་ཡིག་འཕྲིན་སྲིན་རྗེས་ལྟར་བྲིས་པས། །ཨ་ནེ་ངག་དབང་མཆོག་ལེགས་དགོངས་ཁྲོལ་དུ་མ་སོང༌། །ཧ་ལམ་དགྱེས་གླུ་ཡིན་སྙམ་མངྒ་ལས་ཕུལ་ཞུ། ༈ ཞིང་པདྨ་འོད་ཀྱི་ཕོ་བྲང་དུ། །མགོན་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང༌། །མི་བདག་གི་སྣང་ངོར་བི་ཛ་ཡ། །སྙིང་རུས་པའི་གཏིང་ནས་ཡང་ཡང་དྲན། །དུས་དེང་སང་སྙིགས་མའི་མཐའ་ལ་ཐུག །ཆོས་སངས་རྒྱས་བསྟན་པ་ནུབ་ལ་ཉེ། །བསམ་ཙ་ན་སྐྱོ་བ་གཏིང་ནས་སྐྱེས། །ད་དམ་ཆོས་སྒྲུབ་པའི་དུས་ལ་བབ། །ཕྱི་སྣང་བ་འདི་ལ་ཕར་ལྟོས་དང༌། །དཔྱད་བཟོད་པ་གཅིག་མེད་བར་སྣང་འཇའ། །ཡུལ་སྨིག་རྒྱུ་སྒྱུ་མས་མ་བསླུ་བར། །ནང་རང་སེམས་རང་གི་བདག་པོ་གྱིས། །ནང་སེམས་ཉིད་འདི་ལ་ཚུར་ལྟོས་དང༌། །དུས་སྐད་ཅིག་རེར་ཡང་འགྱུར་ཞིང་འགྲོ། །ཁོའི་གཤིས་ལ་བློ་གཏད་མི་འདུག་པས། །ད་རང་སེམས་འདུལ་བའི་དུས་ལ་བབ། །སེམས་འགྱུ་བ་དངོས་མེད་སྟོང་པ་ཉིད། །གསལ་ཧྲིག་གེའི་རང་གདངས་མ་འགག་པའི། །གཤིས་ཡིན་ལུགས་ཆོས་ཉིད་རྗེན་པ་འདི། །ཡེ་དང་པོའི་དུས་ནས་འབྲལ་མེད་བཞུགས། །དོན་ངོ་བོར་འཕོ་འགྱུར་མེད་མོད་ཀྱང༌། །རྩལ་མ་འགགས་ཅིར་ཡང་འཆར་བའི་ཕུག །གཤིས་སྐྱེ་འགག་གནས་མེད་མ་ཤེས་ན། །དོན་རང་ངོ་བསྒྲིབས་ཏེ་ཕུག་ནས་སྟོར། །ཕུག་བཅད་ན་རང་ཤར་རང་གྲོལ་གྱི། །གཤིས་ནམ་མཁའ་ལྟ་བུར་གདིང་ཆོས་དང༌། །ཕྱི་འཁོར་འདས་ལམ་གྱི་སྣང་བ་ཀུན། །སྲོག་ཡེ་ཤེས་གཅིག་ལས་གཞན་དུ་མེད། །གནད་འདི་ལ་དངོས་བརྒྱུད་དུ་མ་ནས། །ཆོས་བརྒྱད་ཁྲི་བཞི་སྟོང་བསྟན་ལགས་ཀྱང༌། །དབྱིངས་སྲོག་རྩ་དམར་འབྱིན་གདམས་ངག་དེ། །དབྱིངས་རིག་སྟོང་ངོ་སྤྲོད་གཅིག་པུར་འདུ། །གནད་སྙིང་པོའི་སྲོག་ཏིག་འདི་ཤེས་ན། །རྒྱུད་ཉོན་མོངས་འཆིང་བ་ཡུད་ཀྱིས་འགྲོལ། །ཉམས་རྟོགས་པའི་ཏིང་འཛིན་ངང་གིས་རྒྱས། །ལྟ་སྒོམ་དང་སྤྱོད་པ་གཅིག་ལ་ཚང༌། ཕར་སྤྲོས་པས་ཐེག་པ་རིམ་པ་དགུའི། །ལམ་གྲུབ་མཐའ་ཐམས་ཅད་འདི་ལས་འཕྲོས། །དེའི་དབང་གིས་འཁོར་འདས་རྣམ་བཞག་ལས། །མཐར་འབྲས་བུ་སངས་རྒྱས་གཅིག་ལ་འབབ། །ཚུར་བསྡུས་ན་གཅིག་ཤེས་ཀུན་གྲོལ་ཏེ། །དུས་སྙིགས་མའི་ཚེ་འཐུང་གཅིག་ལ་ཡོད། །དོན་ཆོས་སྐུའི་རྒྱལ་ས་ཟིན་ངེས་པ། །ཕ་གྲུབ་ཐོབ་གོང་མའི་རྣམ་ཐར་གཟིགས། །ཁྱེད་སྙིང་ནས་དམ་ཆོས་བྱ་འདོད་ན། །གནད་སྙིང་པོར་དྲིལ་ཏེ་ཉམས་སུ་ལོངས། །ཕྱི་སྣང་བ་ཚོགས་དྲུག་སྒྱུ་མའི་གར། །དོན་དཔྱད་ན་མ་གྲུབ་ཆུ་ཟླ་འདྲ། །འདི་ཞེན་མེད་རྨི་ལམ་ཉོ་ཚོང་ལྟར། །ངོ་ཤེས་པས་ཞེན་པ་མེད་པར་ཟུངས། །དོན་མ་བཅོས་རང་རིག་སོ་མའི་གཤིས། །སྐུ་གསུམ་གྱི་ཡོན་ཏན་ལྷུན་གྱིས་གྲུབ། །ཕྱི་ཐག་རིང་མ་འཚོལ་རང་སེམས་ཀྱི། །གཤིས་མ་བཅོས་ལྷོད་དང་མཇལ་ཏེ་འོང༌། །རྩལ་འཁོར་འདས་སྣང་བ་འཁྲུལ་པོ་ཆེ། །ཕུག་བཅད་ན་གཉུག་མའི་ཐིག་ལེར་གཅིག །དཔེ་འཕྲུལ་འཁོར་འདྲེན་པའི་སྲང་ཐག་བཞིན། །འདི་གཏན་ལ་ཕབ་ན་ཆོས་ཀུན་སྙིང༌། །ཆོས་ཐེག་དགུའི་རྩེ་རྒྱལ་སྲོག་ཏིག་གིས། །དོན་སྐྱེ་འཆིའི་འཁྲུལ་པ་སྦུབས་སུ་བཤིག །གནད་མཁས་ན་མདོ་བརྒྱ་འགག་གཅིག་ལས། །ལས་བྱ་བྱེད་མང་པོས་ངལ་དུབ་མེད། །དོན་དགོངས་བརྒྱུད་ཐོབ་པའི་མོས་གུས་གྱིས། །བློ་གཏད་སའི་ཉམས་ལེན་དེ་ལ་གྱིས། །ཚུལ་དེ་སྐད་རང་ལ་མེད་པའི་གཏམ། །འུད་མིན་ཏེ་བརྒྱུད་གསུམ་བླ་མའི་བཀའ། །དོན་དཔང་པོར་ཕེར་བར་ཞུས་འདི་ཡིས། །ཁྱེད་བློ་སེམས་ཆོས་ལ་གཞོལ་གྱུར་ཅིག །ཚུལ་དེ་སྐད་མདོ་སྨད་མི་རྒན་གྱིས། །ཁ་མཁས་པའི་རྒྱང་གླུ་རིང་མོ་འདི། །ཁྱེད་བློ་གྲོས་ཆོས་ལ་བསྐུལ་བའི་ཕྱིར། །བྲིས་འདི་ཡིས་སེམས་ལ་སྨན་གྱུར་ཅིག ༈ ན་མོ་གུ་ར་ཝེ། འཁོར་འདས་འཁྲུལ་གྲོལ་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཏེ། སེམས་དེའི་མཚན་ཉིད་ལ་ཁ་ནང་དུ་བསྐོར་ཏེ་དཔྱད་ན་གནས་འགྱུ་རིག་གསུམ་ལས་མ་འདས་པས་དེ་ངོས་ཟིན་དགོས། དེའི་ཐབས་ནི། དེ་ལྟར་སེམས་ལ་རྣམ་རྟོག་གང་ཡང་མི་འཆར་བར་རང་བབས་སུ་སྡོད་པ་ལ་གནས་པ་ཞེས་བྱ་ཞིང༌། གནས་པ་ཞེས་མིང་བཏགས་པ་ལ་དཔྱད་ན་ངོ་བོ་ངོས་བཟུང་གང་ཡང་མེད་པའི་སྟོང་པ་སྟེ། དེའི་ངང་མ་ཡེངས་པར་བསྐྱང་བའི་མཉམ་བཞག་དེ་ཉིད་ཀྱི་སྟེང་ངམ་ངང་ནས་ཕྱི་རོལ་གྱི་ཡུལ་གཟུགས་སྒྲ་སོགས་མཐོང་ཐོས་ཀྱི་རྐྱེན་ལས་དགེ་སྡིག་གི་རྣམ་རྟོག་མ་ངེས་པ་ཐོལ་གྱིས་སྐྱེ་བ་ལ་འགྱུ་བ་ཞེས་བྱ་ཞིང༌། དེའི་རང་ངོ་མ་ཤེས་པར་མགོ་ཡན་ཏུ་བཏང་ན་རྣམ་རྟོག་གཅིག་གིས་རྣམ་རྟོག་མང་པོའི་སྣ་འདྲེན་པ་རྗེས་མཐུད་བྱེད་ཤོར་ན་འཁྲུལ་ཏེ་འགྲོ་བ་དང༌། ཐོག་མའི་རྣམ་རྟོག་གང་ཤར་བའི་ངོ་ལ་ཅེར་གྱིས་བལྟས་པས་རང་ཚུགས་མི་ཐུབ་པར་བར་སྣང་དུ་འཇའ་ཡལ་བ་བཞིན་རྣམ་རྟོག་སྟོང་པར་ཡལ་ཏེ་སྔ་མ་གནས་པའི་ཉམས་ཀྱི་སྟེང་དུ་སླེབས་འོང་བས་དེའི་ངོ་བོ་ལ་གོམས་ན་རྣམ་རྟོག་རང་ཞི་རང་ཡལ་གྱིས་འཁྲུལ་པའི་རྒྱུན་ཆོད་པ་ཡིན་ལ་དེ་ལྟར་སྐྱོང་ཤེས་ན། འགྱུ་བ་སྐྱོན་དུ་བལྟས་ཏེ་བཀག་ཀྱང་མི་བཀག །རྣམ་རྟོག་འགྱུ་བ་ལ་གཉེན་པོ་གཞན་མི་དགོས་པར་རང་ངོ་ཤེས་པའི་ངང་སྐྱོང་ནས། དགའ་སྡུག་གི་སྣང་བ་སྣ་ཚོགས་སེམས་ལས་ཤར་ཞིང་སེམས་ལ་ཐིམ་པའི་གནད་ཤེས་པས། འཁོར་འདས་ཐམས་ཅད་སེམས་ཀྱིས་བཟོས་པའི་གནད་ཤེས་ནས། སེམས་དུས་གསུམ་གྱི་རྟོག་པས་མ་བསླད་པར་རང་བབས་སུ་གནས་ཏེ་སྟོང་གསལ་མ་བཅོས་པའི་ངོ་བོའི་ཉམས་མྱོང་སྐྱེས་པའི་རང་ངོ་ལ་མ་ཡེངས་པར་བལྟས་ཏེ་གོམས་འདྲིས་གྱིས་དང༌། གནས་ཀྱང་ཐ་མལ་བྱིང་རྨུག་ཏུ་མ་སོང༌། འགྱུ་ཡང་འཁྲུལ་རྟོག་གཡེང་བས་མ་ཁྱེར་བའི་གནད་ཀྱིས་གནས་འགྱུ་གཉིས་ལ་བཟང་ངན་དགག་སྒྲུབ་ཀྱི་དབྱེ་བསལ་གང་ཡང་མེད་པར་སྟོང་ཉིད་ཡིན་པའི་དོན་མཐོང་བ་ནི་རིག་པ་སྟེ། དེ་ལྟ་བུའི་ཐ་མལ་གྱི་ཤེས་པའི་ཡིན་ལུགས་ཀྱི་ངང་མཉམ་རྗེས་ཀུན་ཏུ་བསྐྱངས་བས་རང་སོ་ཟིན་ན་སྒོམ་རྩེ་གཅིག་གི་ཉམས་སྐྱེས་པ་སྟེ། ཐོག་མར་སེམས་ཀྱི་གནས་ལུགས་ངོ་ཤེས་སླ་བའི་ཆེད་དུ་གནས་འགྱུ་རིག་གསུམ་ཞེས་མིང་གསུམ་དུ་བཏགས་ཀྱང༌། དོན་རྟོགས་བྱ་སེམས་གཅིག་ལས་མེད་པས་གནས་འགྱུ་གཉིས་མེད་སྟོང་གསལ་རྗེན་ནེ་བའི་ཡིན་ལུགས་དེའི་རང་ཚུགས་མ་ཤོར་བའི་ངང་ནས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གསུང་མཆོག་ཡི་གེ་དྲུག་མ་བགྲང་ན་ངེས་པ་དོན་གྱི་སྤྱན་རས་གཟིགས་མཇལ་བ་ཡིན་ནོ་ཞེས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་གསུངས་སོ། ཉམས་ལེན་འདིའི་གྲོགས་སུ་འཁོར་བ་ལ་ངེས་འབྱུང༌། རྒྱུ་འབྲས་བླང་དོར། མི་རྟག་པའི་བསྐུལ་མ། སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། ཕྱག་འབུམ་ཕྲག །ཁྱད་པར་སྙིང་རྗེ་དང་བླ་མའི་རྣལ་འབྱོར་གྱི་མོས་གུས་རྣམས་གལ་ཆེ་བ་ལགས་སོ། ༈ ཁོ་རེ་མགོན་པོ་སྟོབས་རྒྱལ་པ། །མི་ང་རང་ང་ངོ་མ་ཤེས་ན། །མི་ང་ལ་དིལ་མགོ་སྨྱོན་པ་ཟེར། །ས་འདི་ཡི་ས་ངོ་མ་ཤེས་ན། །ས་འདི་ནི་ཝཱ་ར་ཎ་སི་སྟེ། །མགོན་རྫོགས་པའི་སངས་རྒྱས་ཐུབ་པ་ཆེས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས། །གླུ་འདི་ཡི་གླུ་ངོ་མ་ཤེས་ན། །གླུ་འདི་ལ་དབྱངས་ཅན་དྲུག་འགྱུར་ཟེར། །ཚུར་ཉོན་དང་འདྲ་མ་ཨི་འདྲ་གདའ། །སེམས་སྟོང་ཉིད་ནམ་མཁའ་སྟོང་པ་དེ། །དཔྱད་ཤེས་ན་སྟོང་ཆེན་ཀ་ནས་དག །ངོ་མ་ཤེས་རྩལ་སྣང་བདེན་པར་བཟུང༌། །དེའི་དབང་གིས་འཁོར་འདས་ཅིར་ཡང་ཤར། །ཁོས་བསླུས་ནས་ཁོ་རང་ཕུང་ལ་སྦྱར། །རང་སྡུག་བསྔལ་རང་གིས་འབད་པས་སྒྲུབ། །ངོ་ཤེས་ན་ཀ་དག་ཆོས་ཀྱི་སྐུ། །གཤིས་འོད་གསལ་ལྷུན་གྱིས་གྲུབ་པར་བཞུགས། །དོན་ཡིན་ལུགས་འཕོ་མེད་སྲིད་ཟིན་ན། །ཁེ་ཕན་པ་ཆེན་པོས་ཡེ་སངས་རྒྱས། །གནད་མན་ངག་རིག་པའི་མི་ཡོད་ན། །གཞི་འཕོ་མེད་ཆོས་སྐུའི་བཙན་ས་ཟུངས། །དད་མོས་གུས་གཉིས་ཀྱིས་ས་མཁར་རྩེགས། །སྟོང་སྙིང་རྗེས་མཚོན་ཆའི་འཕྲུལ་འཁོར་བསྐོར། །དགྲ་དུག་གསུམ་ཁོང་སྙིང་རྡུལ་དུ་གཏོར། །རྩལ་ཉོན་མོངས་ཞེས་བྱའི་གཡེར་པོ་ཆེ། །འདོད་ཆགས་ཀྱི་སྲེད་པ་དར་བས་འཇམ། །ཞེ་སྡང་གི་མེ་ལྕེ་ཐོག་བས་རྣོ། །གཏི་མུག་གི་མུན་པ་སྲོད་ལས་གནག །འདི་ཆེད་དུ་སྤང་བློ་མ་བྱེད་པར། །རང་བཞིན་གྱི་དབྱིངས་སུ་ལྷོད་ཅིང་གློད། །འདོད་ཆགས་ན་ཆགས་པའི་ངོ་བོར་ལྟོས། །ཆགས་མེད་ན་མཁའ་ལྟར་སྟོང་པ་ཉིད། །ཞེ་སྡང་ན་སྡང་བའི་ངོ་བོར་ལྟོས། །སྡང་དངོས་མེད་གསལ་རིག་ཙམ་ཞིག་ཡིན། །གཏི་མུག་ན་རྨོངས་པའི་ངོ་བོར་ལྟོས། །རྨོངས་འོད་གསལ་དབྱིངས་དང་འདུ་འབྲལ་མེད། །དབྱིངས་རང་ངོ་ཤེས་ན་དུག་གསུམ་ཀྱང༌། །སྐུ་གསུམ་གྱི་ཡེ་ཤེས་ཡིན་པར་སྐད། །ཁོང་གྲུབ་ཐོབ་རྣམས་ལ་གྲགས་ནས་གདའ། །བུ་ཁྱོད་ཀྱང་དེ་རྗེས་རྟོགས་པ་ཡིས། །གཤིས་སྐྱེ་མེད་ཀྱི་དབྱིངས་སུ་ཏལ་གྱིས་སོང༌། །གདངས་འགགས་མེད་རང་ཤར་རང་གྲོལ་གྱིས། །འཁྲུལ་འཛིན་རྟོག་ཁྱབ་གདལ་དབྱིངས་སུ་གཏོད། །དབྱིངས་གཏད་མེད་ཀྱི་ངང་དུ་ཕྱལ་གྱིས་ཐོང༌། །བློ་བདེ་པོའི་གུ་ཡངས་མཛོད་ཅིག་ཞུ། ༈ སྐྱབས་དོན་གྱི་སངས་རྒྱས་པདྨ་འབྱུང༌། །ཡིད་དད་བརྒྱའི་སྣང་ངོར་ལྷམ་མེར་དྲན། །ཁྱོད་རྒྱ་མཚོའི་ཕ་མཐར་གནས་པ་ཡི། །དད་མོས་གུས་ལྡན་པའི་སློབ་མ་དང༌། །ཡུལ་འབྲས་ལྗོངས་གནས་པའི་རྒན་པོ་ཡིས། །སེམས་བརྩེ་བའི་གླུ་ཡིས་འདི་ལྟར་གདམས། །དད་ངེས་འབྱུང་སྙིང་རྗེ་མོས་གུས་གསུམ། །ལས་དང་པོའི་ལམ་གྱི་སྒོ་འབྱེད་ཡིན། །སྒོ་གསུམ་གྱི་བརྩོན་འགྲུས་དྲན་ཤེས་བཞིན། །བར་ཉམས་ལེན་གྲོགས་སུ་མེད་ཐབས་མེད། །ཡང་ཡེངས་མེད་སྒོམ་མེད་འཛིན་མེད་གསུམ། །ཆོས་མཐར་རུ་འཁྱོལ་ལ་གནད་དུ་ཟབ། །ཚིག་དེ་སྐད་ཉུང་ཡང་གནད་ཆེན་གྱི། །དོན་གདམས་ངག་ཡིན་པས་ཐུགས་ལ་ཞོག །ཁྱོད་ཚེ་དང་སྒྲུབ་པ་མཉམ་ནས་ཀྱང༌། །སྐུ་བཞི་ཡི་གོ་འཕང་མངོན་གྱུར་ཤོག །ཅེས་དད་འབྱོར་ལྡན་པ་ཀུན་བཟང་རང་གྲོལ་ལ་མངྒ་ལས་གདམས་པའོ། ༈ བ༵ཀྲ་ཤིས༵་རྨད་བྱུང་དཀོན་མཆོག་གསུམ་གྱི་འབངས། །ལུང་རྟོགས་བདུད་རྩིའི་དཔ༵ལ་ལ་གཅེས་སྤྲས་ཀྱིས། །ཐོས་བསམ་འབྱོར༵་ལྡན་བསྟན་འགྲོར་ལྷག་བསམ་འཆང༌། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞབས་བརྟན་འཚོ་བཞེས་གསོལ། །ཞེས་བསྒྱུར་ཀྱང་རུང༌། །སྙིགས་མར་སྐྱེས་ཀྱང་རྒྱལ་བསྟན་རིན་ཆེན་གནས། །ཁྱད་པར་སྔ་འགྱུར་བསྟན་པའི་སྒོ་རུ་ཞུགས། །མཁས་གྲུབ་བླ་མ་དུ་མས་རྗེས་ཟིན་འདི། །སྟོང་གསུམ་དབང་བསྒྱུར་རྒྱལ་སྲིད་ཐོབ་ལས་འཕགས། །དེ་ཡང་སྡོམ་པ་གསུམ་གྱིས་ལུས་བརྒྱན་པས། །རྣམ་གསུམ་ཐར་པའི་རྒྱལ་མཚན་ལུས་ལ་འཆང༌། །ཐོས་དང་བསམ་པའི་དགའ་སྟོན་རོལ་པ་འདི། །སྐལ་བཟང་ཀུན་གྱི་རྩེ་མོར་སོན་པ་ཡིན། །སྤྱིར་གྱིས་ཆོས་ཀུན་མི་རྟག་རྨི་ལམ་འདྲ། །ལྷག་པར་སྙིགས་མའི་བདེ་སྐྱིད་འཇའ་ཚོན་རིས། །སྙིང་མེད་རང་གཞན་ཀུན་གྱིས་མཐོང་འདི་ལ། །གཞིག་ནས་མྱུར་དུ་དམ་ཆོས་སྒྲུབ་ལ་རེམས། །ཆོས་ཀྱང་ཆོས་བཞིན་སྤྱོད་པ་སྐལ་བཟང་ཡང༌། །གོ་ཡུལ་འུད་གོག་ཙམ་གྱི་ཆོས་མིན་པ། །སེམས་དང་ཆོས་འདྲེས་དྲན་ཤེས་བྱ་ར་ཞོག །ངེས་འབྱུང་བརླན་གྱི་བདུད་རྩི་མ་མྱོང་ན། །ཐོས་པ་མང་ཡང་ང་རྒྱལ་ཚྭ་ཆུས་སྦོས། །ཆོས་སྤང་རྟུག་དྲིས་ལས་ངན་བསགས་པ་མང༌། །ཡོན་ཏན་འབྱོར་བཞིན་དམན་པའི་ས་བཟུང་སྟེ། །སྙེམས་མེད་ཞི་དུལ་ངུར་པ་བཞིན་དུ་མཛོད། །མང་དུ་ཐོས་པའི་ནོར་གྱིས་ཕྱུག་བཞིན་དུ། །ཐོས་དོན་སེམས་ལ་མདོ་སྔགས་མེ་བཙའ་རྒྱོབ། །བདག་འཛིན་ཡུལ་ཕུད་མི་རྟག་འཆི་བ་སོམས། །བག་ཡོད་ཞགས་པས་རང་སེམས་གླང་ཆེན་ཆིངས། །དྲང་ངེས་ཆོས་ཀྱི་སྒོ་མོ་བསམ་ཡས་པ། །རང་སེམས་གང་ཕན་གནད་ཀྱི་ཉམས་ལེན་གྱིས། །བདག་རྒྱུད་འཆིང་གྲོལ་ཆོས་དང་མཐུན་གྱུར་ན། །དབྱེ་བསལ་མེད་དོ་བསྟན་པ་བདག་མེད་ལགས། །ལྟ་བའི་འཇོག་མཚམས་མཁས་གྲུབ་སོ་སོའི་གསུང༌། །ལོག་པར་མ་བལྟ་གནད་ཀྱི་དོན་རེ་ཡོད། །ལེགས་པར་ཤན་འབྱེད་རང་སྐལ་སྔ་འགྱུར་གྱི། །ལེགས་གསུང་གནད་ལ་ངེས་ཤེས་སྐྱེས་པ་དགོས། །མཚུངས་མེད་མཁས་དང་གྲུབ་པའི་རྣམ་དཔྱོད་ཀྱིས། །བཀའ་དང་དགོངས་འགྲེལ་རྒྱལ་བ་དགྱེས་པའི་ལམ། །མདོ་སྔགས་ཀུན་དང་མི་འགལ་ཟབ་ཁྱད་རྣམས། །ཡང་ཡང་གཟིགས་དཔྱོད་ངེས་ཤེས་ཆེ་རུ་འགྲོ། །སངས་རྒྱས་སར་བཞུགས་ལོ་པཎ་མཁས་གྲུབ་ཀྱིས། །མཁའ་འགྲོའི་གསང་མཛོད་རིག་རྩལ་བརྟུལ་ཞུགས་ཀྱིས། །བླང་པའི་ནོར་བུ་ཐང་མར་བརྡལ་བའི་ཆོས། །ཐོས་བསམ་སྒོམ་དུ་ཡོད་འདི་སྐལ་བཟང་རྩེ། །ཚད་མ་གསུམ་ལྡན་རྩོད་པ་བྲལ་བ་ཡིས། །ད་ལྟའི་བར་བཟུང་ལེགས་བཤད་འདི་ལྟ་བུ། །བསྲེགས་བཅད་བརྡར་བའི་འཛམ་བུའི་ཆུ་གསེར་ཡིན། །གཅེས་པའི་ཕ་ནོར་ བུ་ཡིས་ངོ་ཤེས་མཛོད། །ཐོས་དང་བསམ་པ་རྒྱ་ཆེ་བཟང་མོད་ཀྱང༌། །ཟབ་དོན་ཉམས་ལེན་སྒོམ་པ་ཤིན་ཏུ་དཀོན། །རང་ཅག་སྔ་འགྱུར་མཁས་གྲུབ་གོང་མ་ཀུན། །སྒྲུབ་པ་སྙིང་པོར་མཛད་ལ་སྤྱན་ལྟོས་མཛོད། །གསང་སྔགས་བསྐྱེད་རྫོགས་མན་ངག་ཉིང་ཁུ་ནི། །རིག་སྟོང་གཉུག་མའི་རང་ཞལ་མཐོང་བ་ཡི། །འཁྲུལ་སྣང་མུན་པ་སེལ་བའི་ཡེ་ཤེས་དེ། །བརྒྱུད་གསུམ་བླ་མའི་དགོངས་བརྒྱུད་ཐོབ་པ་གནད། །འཁོར་འདས་ཞེས་པ་གཡེར་པོ་ཆེར་གྲགས་ཀྱང༌། །བརྟགས་ན་རྟོག་བཏགས་ཙམ་ལས་བདེན་པ་མེད། །ཡེ་ནས་བཞུགས་པའི་ཆོས་ཉིད་ནམ་མཁའ་འདྲ། །སྐྱེ་འགགས་གནས་དང་བསལ་བཞག་སྤང་བླང་མེད། །མེད་རྐྱང་སྟོང་པ་ཕྱང་ཆད་མ་ཡིན་ཏེ། །རང་ངོ་རང་གསལ་ཉི་མའི་སྙིང་པོ་བཞིན། །གསལ་སྟོང་འཛིན་མེད་གུ་ཡངས་ངང་གནས་པའི། །ལྟད་མོའི་མཆོག་འདི་མཐོང་མཁན་དཀོན་དཀོན་འདྲ། །མེ་ལོང་དྭངས་པར་གཟུགས་བརྒྱ་ཤར་བའི་ཚེ། །མེ་ལོང་ཡོན་ཏན་ཡིན་པར་མི་ཤེས་པ། །དེར་འཆར་གཟུགས་ལ་ཞེན་པ་ཇི་བཞིན་དུ། །རང་གསལ་ཡེ་ཤེས་རང་ངོ་མི་བལྟ་བར། །རྩལ་སྣང་དགག་སྒྲུབ་རེ་དོགས་མང་པོ་འདིས། །ཤ་ཐང་ཆད་ཀྱང་སྐྱོན་དུ་ཤེས་མཁན་དཀོན། །བློ་རྩལ་བྱིས་པའི་རྩེ་མོ་སྣང་མེད་དུ། །བློ་འདས་ཡེ་ཤེས་རྒན་པོས་བཞག་ནས་ཀྱང༌། །བློ་བྲལ་མ་བཅོས་ལྷུག་པའི་ཉི་མ་ལྡེ། །བློ་ཟད་དགོངས་པའི་གཉིད་ལ་ཡུར་དུ་ཆུག །བཤད་ཅིང་སྤྲོས་པས་མི་རྟོགས་ལྷོད་ཀྱིས་ཀློད། །རང་བབ་གཉུག་མ་མ་ཡེངས་རྒྱུན་བསྐྱངས་ན། །ན་ཚོད་ཕྱིན་བཞིན་བསམ་མནོ་འཁོར་བ་ལྟར། །རྙེད་པས་རང་བབ་ངང་དུ་ཆམས་གྱིས་ཞོག །བརྒྱུད་གསུམ་བླ་མ་གཅིག་འདུས་ཨོ་རྒྱན་རྗེར། །ཡིད་ཆེས་མོས་པས་གསོལ་བཏབ་དབང་བཞི་བླང༌། །ཐུགས་ཡིད་བསྲེས་ལ་རང་ངོ་ལྟོས་གྱིས་དང༌། །ཡིད་ཆེས་ངེས་པའི་གདེང་རྙེད་གདོན་མི་ཟ། །མི་ཤེས་བྱིས་པས་འཁྲུལ་པའི་བྱེད་སྤྱོད་འདི། །འཕགས་པས་གཟིགས་ན་སྨྱོན་པ་ཆུར་འཇུག་འདྲ། །དེ་རྗེས་མ་སློབ་སྙིགས་འགྲོར་སྙིང་རྗེའི་སེམས། །ཡང་ཡང་བསྐྱེད་པ་ཐེག་ཆེན་ལམ་གྱི་སྲོག །རྒྱལ་བསྟན་སྙིང་པོ་དམ་ཆོས་བདུད་རྩིའི་ཟས། །བྱིན་ཀྱང་མི་མཁོ་ཆོས་བརྒྱད་ཆུ་རིས་རྗེས། །དེད་པའི་བླུན་པོའི་མཚང་འདི་ཤེས་པ་ཡིས། །གང་བྱུང་དེས་ཆོག་སྤྲང་པོའི་སྤྱོད་པ་མཛོད། །སྔོན་བྱོན་དམ་པས་སྐུ་སྲོག་ཕངས་མེད་དུ། །བཏང་ནས་བསྒྲུབས་པའི་དམ་ཆོས་ནོར་བུའི་རྡུལ། །གང་རྙེད་ཐོས་བསམ་སྒོམ་པའི་སྒྲོམ་དུ་ཆུག །ཆོག་ཤེས་ཆོས་ལ་མ་མཛད་བློ་ལྡན་ལགས། །ཆོས་ཀྱི་རྙེད་པ་སྐྱེ་བ་བརྗེས་གྱུར་ཀྱང༌། །བརླག་ཏུ་མེད་པ་ཕྱིར་ཞིང་འཕེལ་བས་གྲོལ། །ཟད་མེད་རིན་ཆེན་གཏེར་གྱི་བུམ་བཟང་དེ། །རྒྱུ་མཚན་ཤེས་པའི་བློ་ཡིས་གཡང་སྒྲུབ་གྱིས། །སྲིད་འབྱོར་མེད་པའི་མི་ལ་འཛམ་གླིང་གྲགས། །སྲིད་བྱུས་མཁས་པའི་རྒྱལ་བློན་བཙོན་དུ་སྡུག །མཐོང་ཆོས་འདིར་ལྟོས་ལྟོ་གོས་གང་བྱུང་གིས། །སྲིད་ཞིའི་མཐར་མ་ལྷུང་བའི་ལམ་ཚོལ་ཅིག །ཤེས་རབ་ལྡན་པ་ཆོས་ཀྱི་ནོར་ཚོལ་ན། །བྱང་ཁའི་རི་དྭགས་གླིང་བུའི་སྒྲ་ཐོས་བཞིན། །ཤིང་རྟ་ཆེན་པོའི་གཞུང་རྣམས་ལྟད་མོ་ལྟོས། །འཆད་རྩོད་རྩོམ་པའི་གླུ་བྲོར་དགའ་མགུར་སྤྱོད། །ཕྱི་མའི་སྡུག་བསྔལ་བག་ཟོན་མི་འབྱུང་ན། །སྲིད་པའི་ཆུ་བོ་བཞི་ལས་སྒྲོལ་བའི་གྲུ། །བྱ་སླ་ཁྱེར་བདེའི་མན་ངག་ཟབ་མོའི་གསང༌། །སྟོན་པས་བདེ་བའི་གསེར་གླིང་ཕྱིན་པར་མཛོད། །སྔོན་ལས་ད་ལྟ་ཆོས་སྤྱོད་བཀའ་དྲིན་གྱིས། །རྙེད་བཀུར་སྙན་དང་ཆེ་བའི་དཔལ་ཐོབ་ཀྱང༌། །སྒྱུ་མར་ཤེས་པས་ཁེངས་དང་ཞེན་མེད་པར། །ཕུག་ནོར་བསོག་འཇོག་རྒྱལ་ཁར་མ་ཞེན་མཛོད། །ན་ཚ་སྡུག་བསྔལ་མི་བདེའི་རྐྱེན་བྱུང་ཡང༌། །སྡུག་བསྔལ་ཅན་ལ་སྙིང་རྗེའི་གསལ་འདེབས་ངང༌། ལས་ངན་འཛད་སྨོན་བདེ་སྡུག་བཏང་ལེན་གྱིས། །བློ་སེམས་མི་བདེའི་ཟུག་རྔུ་མེད་པར་མཛོད། །བཟང་ངན་རྐྱེན་རྣམས་སྒྱུ་མར་ཤེས་པ་ཡིས། །ལམ་ཁྱེར་ཤེས་པ་ཉམས་རྟོགས་གྲོགས་ཡིན་ཞིང༌། །རེ་དོགས་ཨ་འཐས་བླང་དོར་མང་བྱས་ན། །བར་ཆད་འགྱུར་ཞེས་དམ་པ་ཀུན་གྱིས་གདམས། །ཉམས་ཆུང་ངང་ནས་ཀུན་དང་མཐུན་བྱས་ཏེ། །རང་དོན་དམ་པའི་ཆོས་དང་མི་འགལ་ཞིང༌། །ན་ཚོད་མཐོ་བཞིན་ངེས་འབྱུང་དད་བརྩོན་འགྲུས། །ཆེས་ཆེར་འཕེལ་བའི་ཐབས་ལ་བརྩོན་པ་གཅེས། །དེ་སྐད་སྡེ་སྣོད་འཛིན་པས་ནན་བསྐུལ་ངོར། །དམ་པའི་གསུང་ལས་གཅེས་པར་བཏུས་པ་སྟེ། །ཁ་སྙན་ཁོག་མེད་སྤྲང་པོའི་རྒྱུད་མང་ཞིག །སྒ་ཤིང་ལྟར་གུག་སོར་མོས་བྲིས་འདིས་ཀྱང༌། །ཁྱོད་ཀྱི་བློ་གྲོས་ཁྱེའུ་རྒྱན་གྱུར་ནས། །ཆོས་བཞིན་སྤྱོད་པས་སྔ་འགྱུར་བསྟན་རྒྱན་དུ། །གྱུར་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དབྱར་སྐྱེས་ནེའུ་གསེང་རྩ་དང་མྱུ་གུས་ཁེབ། །ལྗོན་ཤིང་གྲིབ་བསིལ་ཆར་ཟིམ་མེ་ཏོག་འཐོར། །སྒྲིབ་མེད་རས་དཀར་ལྡིང་གུར་ཕག་པ་བཞིན། །ཉལ་བའི་རྒན་པོས་ཁ་ཆུ་ཙར་རེ་བྲིས། །རི་དྭགས་ལྟེ་བར་དྲི་ཞིམ་གླ་རྩི་བཞིན། །སོ་སྐྱེའི་ངག་གི་ཆོས་གཏམ་ཕྲ་མོ་འདིས། །ཁྱེད་བློ་ལེགས་པའི་ལམ་ལ་བསྐུལ་བ་ཡི། །བདེན་ཚིག་སྲས་བཅས་རྒྱལ་བས་མཛད་གྱུར་ཅིག །ཅེས་འཕགས་ཡུལ་ངེས་དོན་དགའ་ཚལ་གྱི་དྭགས་པོ་འགྲོ་འདུལ་གླིང་པའི་མཆོག་སྤྲུལ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མ་ནས་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་གནང་བ་བཞིན་སྤ་གྲོ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་གི་མདུན་རོལ། །ནེའུ་གསེང་དང་ལྗོན་ཤིང་གིས་མཛེས་པའི་སྨན་ལྗོངས་སུ་མཚམས་རྒྱས་བག་ཕེབས་ཏེ་གནས་པའི་ཁམས་པ་འཁྱམས་པོ་ན་ཚོད་སྨིན་པ་མངྒ་ལ་ཤྲཱི་བྷཱུ་ཏིས་སུག་བྲིས་པ་དགེ་ལེགས་རྒྱ་ཆེར་འཕེལ། ༈ ཀྱེ་ཧོ། སྒ་པ་དཀོན་མཆོག་བློ་གྲོས། །འཛམ་གླིང་སྐྱེས་པའི་མི་རྣམས། །ཆོས་འདོད་ཆོས་བཞིན་སྤྱོད་པ། །དཀོན་ལོད་ཅི་འདྲ་ལྟོས་དང༌། །རང་ཉིད་སྐྱེས་ནས་ད་བར། །འཆི་བས་འཇོམས་ལུགས་སོམ་དང༌། །རང་ཡང་དེ་བཞིན་ཡིན་པས། །མི་རྟག་བསྐུལ་མ་ཐོབས་དང༌། །དགེ་སྡིག་བྱ་བ་སྤྱོད་ལམ། །མ་ནོར་ཅི་ནུས་མཛོད་ཅིག །ཆོས་པ་སྡིག་བྱེད་མང་བས། །རང་ལ་ཞུ་དག་གྱིས་ཤིག །ཆོས་ཀྱི་འབྲས་བུས་ཕན་པ། །འཁོར་བ་སྡུག་བསྔལ་མཚོ་ལས། །ཐར་པའི་ཐབས་ཞིག་དགོས་པས། །རིགས་དྲུག་སྡུག་བསྔལ་སོམས་ཤིག །རང་ཉིད་ནུས་པའི་སྟོབས་ཀྱིས། །སྲིད་པའི་མཚོ་ལས་མི་བརྒལ། །སྐྱབས་གནས་བླ་མ་དཀོན་མཆོག །ཡིད་ཆེས་བློ་གཏད་ཞུས་ཤིག །རང་གིས་གང་བྱས་དགེ་བ། །མཁའ་མཉམ་སེམས་ཅན་དོན་དུ། །ཕན་སེམས་བསམ་པ་བཟང་པོས། །རྒྱས་འདེབས་བསྔོ་བ་མཛོད་ཅིག །དགེ་སྡིག་རྩ་བ་སེམས་ཡིན། །སེམས་ལས་འཁོར་འདས་བྱུང་བའི། །སྙན་གྲགས་ཆེན་པོ་ཅན་དེའི། །ངོ་བོ་ཅི་འདྲ་ལྟོས་ཤིག །བལྟས་པས་མཐོང་རྒྱུ་མེད་ཅིང༌། །བཙལ་བས་རྙེད་རྒྱུ་མེད་པའི། །གཤིས་ངོར་བབ་ཀྱིས་དཔྱོད་དང༌། །ཅི་ཡང་མ་གྲུབ་སྟོང་པ། །མཐོང་ཐོས་དྲན་རིག་མ་འདྲེས། །བཟང་ངན་སོ་སོར་གསལ་བ། །གཉིས་མེད་དོན་གྱི་འཇོག་གོ། །ལྐུག་པས་བུ་རམ་ཟོས་བཞིན། །རང་ཡིད་རང་ལ་ཆེས་པའི། །རང་བབ་བཅོས་མིན་གཤིས་ལུགས། །ཀུན་ཁྱབ་ཕྱལ་ལེ་སངས་སེ། །གུ་ཡངས་བློ་བདེ་མཇལ་འོང༌། །དེ་ངོ་ཤེས་ན་ལྟ་བ། །དེ་ངང་བསྐྱངས་ན་སྒོམ་པ། །དེ་ལས་མ་འཁྲུལ་སྤྱོད་པ། །དེ་དོན་མཐར་ཕྱིན་འབྲས་བུ། །ངོ་བོ་ཡེ་ཤེས་གཅིག་ལ། །མིང་འདོགས་མང་པོར་བྱས་པའི། །དོན་འདི་ཇི་བཞིན་རྟོགས་ན། །རྫོགས་པ་ཆེན་པོ་ཡིན་ངེས། །འདི་ངོ་ཤེས་པའི་ངང་ནས། །བླ་མར་གསོལ་བ་བཏབ་སྟེ། །ཐུགས་ཡིད་གཅིག་ཏུ་བསྲེས་ན། །བླ་མའི་རྣལ་འབྱོར་དེ་ཡིན། །སྟོང་ཉིད་རིག་པའི་རང་སྣང༌། །འགྲོ་ལ་སྙིང་རྗེའི་ངང་ནས། །ཡི་གེ་དྲུག་པ་བཟླས་ན། །སྤྱན་རས་གཟིགས་དབང་དེ་ཡིན། །སྐྱིད་སྡུག་ཇི་ལྟར་བྱུང་ཡང༌། །རང་སེམས་རང་གིས་ཤེས་པར། །ཡེངས་མེད་ལྟ་བ་སྐྱོངས་དང༌། །མཁའ་འགྲོའི་གཅོད་ཀྱང་དེ་ཡིན། །དེ་དག་དབྱེ་བ་ཙམ་ལས། །སེམས་ཉིད་གཅིག་ལས་མེད་པས། །མ་ཡེངས་རང་ངོ་ལྟོས་དང༌། །གནད་བརྒྱ་གཅིག་འདུས་ཡིན་ངེས། །མི་མེད་དབེན་པའི་གནས་ན། །དཀའ་སྤྱད་སྙིང་རུས་ངང་ནས། །རྒྱལ་བ་གོང་མ་རྣམས་ཀྱི། །རྣམ་ཐར་མིག་ལྟོས་ཞུས་ཤིག །ཚེ་འདིའི་རྣམ་གཡེང་ཟ་ཟི། །དོན་མེད་མི་འགྲུབ་བྱ་བཞག །ཆམ་གྱིས་གཡས་བཞག་གཡོན་བསྐྱུར། །བྱར་མེད་རང་ངོ་ལྟོས་ཤིག །མི་སྲོག་རྩ་རྩེའི་ཟིལ་པ། །མི་རྟག་བར་སྣང་རླུང་དམར། །མི་སེམས་ཀུ་ཤའི་རྩེ་མོ། །མི་བརྟན་གྱ་གྱུ་མང་བས། །རང་སེམས་རང་གིས་ལྟོས་ལ། །རང་བློ་རང་གིས་བཙལ་ནས། །རང་བཞིན་གདོད་མའི་ཆོས་ཉིད། །རང་གྲོལ་བཙན་ས་ཟིན་མཛོད། །དེའི་གྲོགས་ངེས་འབྱུང་སྙིང་རྗེ། །དད་དང་མོས་གུས་དག་སྣང༌། །སྙིང་རུས་དགེ་རྩ་བསགས་སྦྱང༌། །ནམ་ཡང་མེད་ཐབས་མེད་དོ། །བདག་ནི་རང་སེམས་མ་ཐུལ། །ཆོས་སྒྲ་རྣ་བས་གོ་ཚད། །ཁྱོད་ལ་བཤད་པ་ཡིན་པས། །ཕན་པའི་སྨོན་ལམ་བྱས་ཡོད། །ཕྱི་ཚུལ་བླ་མའི་གཟུགས་ཀྱིས། །མི་མང་མགོ་བསྐོར་གཏོང་བའི། །མིང་སྙན་རྒད་པོ་རིང་པོས། །གྲོགས་པོ་ཁྱེད་ལ་ཕུལ་ལགས། །བྲག་དཀར་བཀྲ་ཤིས་སྡིངས་ཞེས། །གུ་རུ་པདྨའི་སྦས་གནས། །ཟངས་མདོག་དཔལ་རི་གཉིས་པ། །ངོ་མཚར་ཅན་གྱི་ས་དེར། །ཡང་དག་ཆོས་བཞིན་བརྩོན་པའི། །ལྷག་བསམ་ཅན་ལ་དགའ་བས། །གོ་སླ་ཉན་བདེའི་ཚུལ་དུ། །བཀྲ་ཤིས་དཔལ་འབྱོར་འབོད་དེས། །ལྷ་རི་འབྲས་ལྗོངས་རྒྱལ་ཁབ། །སྒང་ཏོག་གྲོང་ཁྱེར་དབུས་ནས། །འཕྲུལ་མེའི་འོད་ལ་བསྟན་ཏེ། །བྲིས་པ་ཁྱེད་རང་ཐུགས་སེམས། །ཡང་དག་ཆོས་ལ་འབྱོར་ནས། །མི་མེད་ལུང་པའི་བྲག་ཏུ། །ཚེ་དང་སྒྲུབ་པ་མཉམ་པའི། །སྨོན་ལམ་ཡང་ཡང་ཞུའོ། །དེ་སྐད་མདོ་སྨད་གནས་ནས། །འཁྱམས་པའི་རྒན་བུ་དེ་ཡིས། །གྲོགས་པོ་ཁྱེད་ལ་སྨྲས་པས། །དོན་འབྲས་སེམས་ལ་ཞོག་མཛོད། ༈ ཐེག་མཆོག་ཡངས་རྩེའི་དབེན་གནས། །ཐེག་མཆོག་ཆོས་ལ་སྤྱོད་པའི། །ཐེག་མཆོག་རྡོ་རྗེའི་མཆེད་པོ། །ཐེག་མཆོག་རྣལ་འབྱོར་བུ་བརྒྱུད། །ཨ་ཧོ་ཀུན་དགའ་བླ་མ། །མཐོ་མཐོ་རི་ཡི་རྩེ་མོར། །ཐིབས་ཐིབས་ན་བུན་མགུལ་དར། །ཟིམ་ཟིམ་ཆར་གྱིས་བྲན་པའི། །དབེན་གནས་ངོ་མཚར་ཅན་དེར། །ལྷོད་ལྷོད་གཉུག་མའི་རྣལ་འབྱོར། །བདེ་བདེ་མ་བཅོས་སོ་མ། །ཡང་ཡང་ཅོག་གཞག་རྒྱལ་པོའི། །ངང་ལ་ཇི་ལྟར་གནས་སྙམ། །འདུ་འཛིའི་གཡེང་བ་བྲལ་དེར། །གཅིག་པུར་ཆོས་ལ་བརྩོན་པའི། །རྡོ་རྗེའི་མཆེད་རྣམས་དྲན་ཚེ། །རང་ཚུལ་སེམས་སྐྱོ་བྱུང་ལགས། །ཟིན་མེད་ཚེ་འདིའི་འདོད་པས། །མི་ངོ་ཁོ་ན་བསྲུངས་ནས། །སྲང་ཁའི་ཁྱི་བཞིན་འཁྱམས་པའི། །རྒན་པོ་ང་འདྲའི་སྐྱོ་བ། །རང་བྱུང་བྲག་གི་བ་གམ། །སྤྱོད་ལམ་བཞི་ཤོང་སྐྱིལ་བུ། །གཉུག་མའི་རང་སོ་ཟིན་པར། །བརྩོན་པ་བསྐྱེད་རྣམས་སྤྲོ་བ། །ཡབ་གཅིག་བླ་མའི་དགོངས་རྫོགས། །སྒྲུབ་པའི་མཆོད་པ་འབུལ་བཞིན། །གུ་ཡངས་སྐྱིད་ལ་ཟོས་བདེ། །སྨོན་པའི་གནས་སུ་གྱུར་ལགས། །གནས་ལ་དབེན་པའི་རི་ཁྲོད། །བྱ་སྤྱོད་ཆོས་དང་མཐུན་པ། །བྱར་མེད་བཙན་ས་སྙོགས་ནས། །སྐུ་བཞིའི་རྒྱལ་ས་ཟིན་ཤོག །ཀྱེ་མ་དུས་ངན་སྙིགས་མ། །ནད་མུག་མཚོན་གྱི་བསྐལ་ངན། །རྩོད་དང་ཕྲག་དོག་མང་པོས། །ཟང་ཟིང་སྐྱོ་བ་སྐྱེ་བྱུང༌། །སྐྱེས་ཀྱང་དེ་ཡི་དབུས་སུ། །མི་འདོད་བཞིན་དུ་རྒྱུག་ནས། །ཤི་ཁར་སྲིད་བྱུས་བརྩོན་པའི། །དཀོར་རྒན་ང་འདྲའི་སྐྱོ་བ། །ཡར་ལ་ནམ་མཁར་གཟིགས་དང༌། །ལྟ་བ་མཐའ་བྲལ་ཆེན་པོ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བར། །གདིང་དུ་ཁེལ་བར་མཛོད་ཤོག །ཕུ་ཡི་གངས་དཀར་གཟིགས་དང༌། །སྒོམ་པ་མ་བཅོས་ཅོག་གཞག །ལྷོད་ཀྱིས་གློད་པའི་ངང་ནས། །ཉམས་རྟོགས་ཆར་སྤྲིན་སྡུད་ཤོག །མདའ་ཡི་ཆུ་ཀླུང་གཟིགས་དང༌། །སྤྱོད་པ་གང་བྱུང་དེས་ཆོག །རང་གྲོལ་ཀུན་ལ་ཕན་པའི། །རྒྱལ་བའི་སྲས་ཀྱི་ངང་ཚུལ། །བར་གྱི་ནགས་ཚལ་གཟིགས་དང༌། །འབྲས་བུ་རང་བྱུང་ལྷུན་གྲུབ། །ཕྱི་རུ་འཚོལ་བས་ཅི་བྱེད། །རང་བྱུང་རང་ལ་ཤར་སོང༌། །ཨ་ཧོ་རྫོགས་པ་ཆེན་པོའི། །ཐེག་མཆོག་སྙིང་པོའི་རྣལ་འབྱོར། །རང་བཞིན་སྐྱེ་མེད་ངང་ནས། །འགགས་མེད་ཆོས་ཀུན་ལྷུན་རྫོགས། །ལྷོད་དེ་སྡོད་པའི་སྤུན་གྲོགས། །ཕྱལ་ལེའི་གཤིས་ལ་ཕེབས་དང༌། །ཡངས་སོ་ཆེའོ་གཉུག་མ། །གཏད་མེད་རང་གྲོལ་ཤེས་ན། །འཁོར་འདས་རྒྱན་དུ་རྫོགས་པས། །ཉོན་མོངས་ཡེ་ཤེས་ཆེན་པོ། །སྡུག་བསྔལ་བདེ་བའི་སྣ་འདྲེན། །རྐྱེན་ངན་དངོས་གྲུབ་བསུ་མ། །རེ་དོགས་དབྱིངས་སུ་ཁྲོལ་ཅིག །སྐྱེ་འཆི་བར་དོའི་སྣང་ཆ། །སྐུ་གསུམ་དབྱིངས་ཀྱི་རྒྱན་ཕྱིར། །རིག་པའི་རང་རྩལ་ཤེས་པས། །ནམ་མཁར་མདུང་སྐོར་མཛོད་ཅིག །འཁོར་བ་ཀ་ནས་དག་པའི། །ཡེ་ཤེས་ནམ་མཁའ་ལྟ་བུ། །རྒྱུད་ལ་ཡེ་ནས་བཞུགས་པས། །རྒྱ་ཆད་ཕྱི་རུ་མ་ཚོལ། །བཙལ་བས་རྙེད་རྒྱུ་མེད་སྙམ། །བསྒྲུབས་པས་འགྲུབ་པ་མི་འདུག །རེ་དོགས་མདུད་པ་ཆོད་ལ། །སྐྱིད་སྡུག་ཆོས་སྐུར་ལྟོས་མཛོད། །ཀློང་ཆེན་རབ་འབྱམས་བུ་བརྒྱུད། །ལྟ་བའི་གསེར་མིག་བགྲད་ཤོག །རྣལ་འབྱོར་ལྷ་བཙུན་བུ་བརྒྱུད། །རྟོགས་པའི་གཡུ་རལ་བསིགས་ཤོག །འཇིགས་མེད་གླིང་པའི་བུ་བརྒྱུད། །ཕྲིན་ལས་སྡེར་བཞི་བགྲད་ཤོག །འཇམ་དབྱངས་མཁྱེན་བརྩེའི་བུ་བརྒྱུད། །ཆོས་ཀྱི་ང་རོ་སྒྲོགས་ཤོག །ཡེ་ཤེས་རྡོ་རྗེའི་བུ་བརྒྱུད། །རང་གྲོལ་གངས་སུལ་ཟིན་ཤོག །མཁའ་དབྱིངས་ཟང་ཐལ་འབིགས་འདྲའི། །ཐེག་མཆོག་ཡངས་རྩེའི་རི་ནས། །འཁོར་འདས་དབྱིངས་སུ་དག་པའི། །བཙན་ས་ཟིན་པར་མཛོད་ཤོག །མི་རྒན་ལས་ཀྱི་ཆུ་བོས། །རྒྱལ་ཁམས་ཆུ་བཞིན་འགྲིམས་ནས། །མ་ཤི་མཇལ་རྒྱུ་འབྱུང་སྲིད། །ཁམས་བདེ་བཀྲ་ཤིས་བདེ་ལེགས། དེ་སྐད་ཅི་དྲན་གང་ཤར། །མཆེད་གྲོགས་དམ་གཙང་ཀུན་ལ། །འོན་པའི་རོལ་མོ་བསྒྲགས་པས། །ཐུགས་ལ་འདོར་མེད་ཞུའོ། ༈ བླ་མ་སངས་རྒྱས་རྒྱུན་དུ་གསོལ་བ་ཐོབ། །དགེ་སྦྱོར་གང་བྱས་གཞན་ཕན་སེམས་ཀྱིས་སྤྱོད། །འཁོར་བ་སྡུག་བསྔལ་ཤེས་པའི་ངེས་འབྱུང་དང༌། །རྒྱུ་འབྲས་ཡིད་ཆེས་སྤང་བླང་ཅི་ནུས་སྤྱོད། །བསགས་སྦྱང་འབད་པས་རང་རྒྱུད་དག་པར་བྱ། །རང་སེམས་མ་བཅོས་གཉུག་མའི་རང་བབ་ལྟོས། །དུས་གསུམ་རྟོག་པའི་རྗེས་སུ་མ་འབྲང་སྐྱོངས། །སྤྱོད་ལམ་རྣམ་བཞི་ཡེངས་མེད་དྲན་པ་ཡིས། །མི་ཚེ་སྟོང་ཟད་མ་བསྐྱལ་དོན་ལྡན་མཛོད། །དེ་སྐད་ཉུང་ངུར་གདམས་པའི་དགེ་བ་ཡིས། །སྒོ་གསུམ་དམ་པའི་ཆོས་ལ་འབྱོར་གྱུར་ཅིག །ཅེས་པའང་དད་ལྡན་ཨ་ནེ་ངག་དབང་བསླབ་གསུམ་ནས་བསྐུལ་ངོར་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་དགེ ༈ གྲོགས་དམ་ཚིག་ཅན་ཤེས་རབ་ལགས། །གནས་ཁྱད་པར་ཅན་ལྷ་རི་འབྲས་མོ་ལྗོངས། །ཆོས་ཁྱད་པར་ཅན་རྫོགས་ཆེན་གདམས་ངག་སྒོམ། །ལས་ཁྱད་པར་ཅན་སྒྲུབ་ལ་བརྩོན་པ་ལེགས། །ཁྱེད་ལྟ་བ་མཁའ་ལྟར་དག་སེམས་ཀྱང༌། །ལས་རྟེན་འབྱུང་ནུས་པ་འཇལ་བ་བཟང༌། །སྟོང་དང་རྟེན་འབྱུང་ཟུང་འཇུག་གནད་ཤེས་པས། །ཆོས་བདེན་གཉིས་འགལ་འདུ་མ་སྤྱོད་ཅིག །ནང་སྒོམ་པ་ཡེངས་འཁྲུལ་མེད་སྙམ་ཀྱང༌། །སེམས་བག་ཆགས་དྲི་མ་གཡོ་སྒྱུ་རྒོད། །དུས་རྟག་པར་མ་བཅོས་ཅོག་བཞག་གིས། །དབྱིངས་སྐྱེ་མེད་རང་གྲོལ་རང་ཤར་མཛོད། །ལས་སྤྱོད་པ་རེ་དོགས་བྲལ་སྙམ་ཀྱང༌། །ཉམས་བདེ་སྡུག་འཕྲང་ལ་འགྲོགས་པའི་ཚེ། །སེམས་རང་གྲོལ་གཅེར་བུར་མ་ལྡིང་ན། །ཉམས་རྟོགས་པ་ནམ་འོང་ཆ་མ་མཆིས། །གནས་དབེན་པ་སྦས་ཡུལ་འབྲས་མོ་ལྗོངས། །དུས་སྙིགས་མའི་སྐྱབས་གཅིག་པད་འབྱུང་རྗེའི། །བདག་ཅག་ལ་བཞག་པའི་ས་ཡིན་པའི། །དེར་ལྷོད་ཀྱིས་གནས་པ་སྐལ་བ་བཟང༌། །སྔོན་གྲུབ་ཐོབ་གོང་མའི་རི་སུལ་བཟུང༌། །ཉམས་རྟོགས་པའི་རྒྱལ་ས་ཟིན་ནས་ཕེབས། །ད་ངེད་ཅག་ཆོས་ཀྱི་སྐལ་བར་བབ། །ཕ་སེང་གེ་ལྟ་བུའི་རྗེས་སུ་སྙོགས། །མི་ང་ཡང་འཆི་བས་མ་གཏུག་ན། །གནས་དེ་རུ་འོང་བའི་འདུན་པ་ཡོད། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །དུས་རེ་ཞིག་རྒྱལ་ཁམས་བསྐོར་ཏེ་འགྲོ། །ཚུལ་དེ་སྐད་ཁ་ལྟ་མཐོ་ན་ཡང༌། །དོན་ནང་ནས་རུལ་བའི་དཀོར་ཟན་དེའི། །ཁྱེད་ཐུགས་དམ་གསལ་འདེབས་ཚུལ་དུ་ཞུས། །ཐུགས་དགྱེས་པར་སྐྱེད་ཅིག་སྟོབས་ཀྱི་རྒྱལ། །མངྒ་ལམ། ༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང༌། །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །སྐྱོབ་པ་དེ་ཡིས་རྒྱལ་ཚབ་རྗེས་འཇུག་ལ། །བཞག་པ་དམ་ཆོས་འདུལ་བའི་སྡེ་སྣོད་དེ། །འདི་ལྡན་ཏིང་འཛིན་ཤེས་རབ་ཡོན་ཏན་སོགས། །འབྱུང་བས་ཐོག་མར་འདི་ལ་གཅེས་སྤྲས་དགོས། །ངུར་སྨྲིག་གོས་གྱོན་རྩ་བཞི་ཆང་ལ་སོགས། །སྲུང་བྱ་སྲོག་རྩ་ལྟ་བུ་དེ་ཡིན་པས། །ང་རྒྱལ་ཕོ་ཚོད་བྲལ་བའི་ཞི་དུལ་དང༌། །སྤྱོད་པ་བག་ཡོད་ཀུན་དང་མཐུན་པར་གྱིས། །དགེ་འདུན་སྒྲིག་ལམ་སྲུང་བར་རང་གི་རྒྱན། །དད་ལྡན་དྭངས་བ་འདྲེན་ཅིང་ལྷ་མིས་བཀུར། །ཚོགས་བསགས་ཞིང་དུ་བསྔགས་པའི་རང་གི་སེམས། །དཔང་བཞག་རང་བཅའ་རང་གིས་བསྡོམ་པར་མཛོད། །དུས་ཀྱི་ཐ་མར་རྒྱལ་བསྟན་ཉིན་རེ་བཞིན་དུ་འགྲིབ། །མ་རབས་སྤྱོད་པར་ཀུན་ཀྱང་དགའ་བ་ཡི། །སྐྱོན་འདིར་བསམ་ནས་སྤྱོད་པ་ཆོས་དང་བསྟ?། །ཚོང་དང་གཡོ་སྒྱུ་ཕྲ་མ་ནོར་བསགས་སོགས། །སྟོན་པས་གནང་མིན་ཆོས་སྤྱོད་བཅུ་ལ་འབུངས། །སྟོན་པའི་བཀའ་དྲིན་དྲན་ཅིང་བག་ཡོད་ན། །སྒོ་གསུམ་རྒྱན་དུ་མཛེས་དང་འདི་ཕྱི་ཀུན། །བདེ་སྐྱིད་ལྷ་དང་སྲུང་མས་བྱིན་རླབས་ངེས། །དཀོན་མཆོག་གསུམ་ཞེས་གྲགས་པའི་གདུགས་དཀར་པོ། །བསྟན་ལ་ཞུགས་པའི་ཐོག་མར་སྤྱི་གཙུག་ཏུ། །བཟུང་ནས་དེ་རྗེས་སློབ་དང་འདི་ཕྱི་ཀུན། །ཕན་བདེ་དགེ་ལེགས་འབྱུང་ཕྱིར་ཐུགས་ལ་ཞོག །བསླབ་བྱའི་སྙིང་པོ་ཁ་ནས་བཏོན་པ་བཞིན། །སེམས་ལ་ཞོག་དང་བསྟན་གཉིས་དར་རྒྱས་གླིང༌། །མཚན་དོན་མཐུན་པའི་བཀྲ་ཤིས་དགེ་ལེགས་འཕེལ།། མངྒ་ལས་སོ། ༈ སྔོན་དུས་བོད་དུ་གསང་སྔགས་དར་བའི་ཚེ། །གཡོ་རུ་སྒྲགས་མདར་ཡེ་ཤེས་མཚོ་རྒྱལ་འཁྲུངས། །གུ་རུ་ཡབ་ཡུམ་ཐུགས་རྗེའི་བཀའ་དྲིན་དེས། །བདག་ཅག་བཀའ་གཏེར་གདམས་ངག་ཅི་དགར་སྤྱོད། །བཀའ་དྲིན་ཅན་གྱི་ཨ་མ་དྲིན་ཆེན་རེད། །གསོལ་བ་སྙིང་ནས་ཐོབ་དང་རྗེས་སུ་འཛིན། །འདི་ཕྱི་བར་དོ་ཀུན་ཏུ་མི་འབྲལ་བར། །ཡོད་སྙམ་ཡིད་ཆེས་བསྐྱེད་པའི་གདུང་ཤུགས་གནད། །དབང་དང་གདམས་ངག་ཐོབ་པའི་དུས་ཉིད་དུ། །ཨ་མས་བདག་ལ་དངོས་སུ་གནང་བ་བསྒོམས། །གངས་ཅན་བོད་དུ་གསང་སྔགས་ཆོས་ཀྱི་སྒྲ། །ཐོས་སུ་ཡོད་པ་ཨ་མའི་བཀའ་དྲིན་ཡིན། །བསྐྱེད་རིམ་ལྷ་སྐུའི་རྣལ་འབྱོར་སྒོམ་ཚད་ཀུན། །བླ་མ་མཁའ་འགྲོའི་གསང་གསུམ་རོལ་པར་བསྒོམས། །སྣང་སྲིད་ཐམས་ཅད་བླ་མ་ལྷའི་རང་བཞིན། །དག་པ་རབ་འབྱམས་ལམ་ཁྱེར་གནད་དུ་ཟབ། །རླུང་དང་གཏུམ་མོའི་རྣལ་འབྱོར་སྒོམ་པའི་ཚེ། །བདེ་སྟོང་ཡེ་ཤེས་མཁའ་འགྲོའི་རོལ་པར་བསྒོམས། །ལྷན་སྐྱེས་མཛེས་མ་ཤེས་རབ་ཕ་རོལ་ཕྱིན། །རྗེས་སུ་ཆགས་པས་རང་དང་འདུ་འབྲལ་མེད། །རང་རིག་བླ་མ་ཡེ་ཤེས་མཁའ་འགྲོ་མ། །གདོད་ནས་རང་ལ་བྱམས་བརྩེའི་བསྐྱངས་ནས་བཞུགས། །རང་ངོ་ཤེས་པའི་མོས་གུས་བརྩེ་གདུང་བསྐྱེད། །ཡེ་ཤེས་བདུད་རྩིའི་ནུ་ཞོ་སྟེར་བར་ངེས། །མ་དག་སྐྱེ་འཆི་བར་དོ་འཁྲུལ་སྣང་ཟིན། །ངེས་དོན་སྐུ་གསུམ་མཁའ་འགྲོའི་རང་བཞིན་ཡིན། །རང་ངོ་ཤེས་པའི་ཉམས་ལེན་རྒྱུན་དུ་སྐྱོངས། །ཕྱི་རུ་ཁམས་གསུམ་ནང་དུ་ལུས་ངག་ཡིད། །སྐུ་གསུམ་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ལ། །ལྷ་སྔགས་ཆོས་སྐུའི་རོལ་པར་ལམ་ཁྱེར་གཅེས། །ད་ལྟ་བདག་ཅག་གུ་རུའི་རྗེས་འཇུག་རྣམས། །གསོལ་འདེབས་མོས་གུས་ལྟེམ་རྐྱང་མ་ཤོར་ན། །འཆི་ཚེ་ལག་གི་མཁྲིག་མ་ནས་བཟུང་སྟེ། །མཁའ་སྤྱོད་པདྨ་འོད་དུ་ཁྲིད་པར་ངེས། །རིང་འཚོའི་སྲོག་གི་ཀ་བ་མ་འགྱེལ་བར། །རིས་མེད་བསྟན་འགྲོའི་ཞབས་ཏོག་གཅིག་ཏུ་བརྩོན། །ཆོས་དང་བླ་མ་འཕྲད་པའི་རིན་ཐང་འདི། །ངོ་ཤེས་ངང་ནས་ཐོས་བསམ་སྒོམ་པར་མཛོད། །གུ་ཡངས་བློ་བདེ་ཉམས་དགའ་བག་ཕེབས་གྱིས། །སྣང་བ་དག་ན་དཔལ་རི་འདི་རང་ཡིན། །ངོ་ཤེས་མཛོད་དང་བློ་བདེའི་གཏན་ཚིགས་འདི། །མི་རྒན་ཡིད་ལ་ཤར་ནས་གང་དྲན་བྲིས། །ནམ་ཞིག་རང་སྣང་རྔ་ཡབ་དཔལ་གྱི་རིར། །ཕ་མ་གཅིག་པའི་བུ་རྒྱུད་ཇི་བཞིན་དུ། །ཚོགས་ནས་རྡོ་རྗེ་ཐེག་པའི་ལྟ་དཔྱོད་ལ། །ཇི་བཞིན་སྤྱོད་ནས་དོན་གཉིས་ལྷུན་གྲུབ་ཤོག །དེ་སྐད་རང་བྱུང་པདྨའི་སྐུ་རྗེས་བྲག །སྨན་ཤིང་ནགས་ཚལ་སྤང་ལྗོངས་ཉམས་དགའ་བའི། །སྤྲེལ་ཟླའི་འཕེལ་ཚེས་དཀར་ཕྱོགས་དུས་ཆེན་ལ། །བྲིས་པས་ཁྱེད་ཀྱང་དད་དམ་འཕེལ་རྒྱས་ཤོག །མངྒ་ལས་སོ། ༈ རྗེ་རྒྱལ་ཀུན་སྤྱི་མེས་རྡོ་རྗེ་འཆང༌། །ཚུལ་ཐ་མལ་སྣང་ངོར་དགེ་བའི་བཤེས། །རིགས་ཀུན་གྱི་ཁྱབ་བདག་བི་ཛ་ཡའི། །ཞབས་ཚངས་པའི་འཁོར་ལོའི་རྒྱན་དུ་མཆོད། །ཕ་དེ་ཡི་ཐུགས་ཀྱི་སྲས་གཅིག་པུ། །དཔལ་རྒྱལ་སྲས་དབང་ཕྱུག་འཇམ་པའི་དབྱངས། །ཆོས་ལུང་རྟོགས་རྒྱལ་བསྟན་ཡོངས་ཀྱི་བདག །མགོན་པདྨ་ཡེ་ཤེས་རྡོ་རྗེ་རྒྱལ། །དུས་སྙིགས་མ་ནད་མུག་མཚོན་འཁྲུགས་དར། །ཡུལ་ཆོས་ལྡན་ཐམས་ཅད་མཐའ་མིས་བཟུང༌། །དོན་སངས་རྒྱས་བསྟན་པ་ཡང་ཡང་འགྲིབ། །སྐྱབས་རྡོ་རྗེ་འཆང་དེ་དབྱིངས་སུ་གཤེགས། །བདག་བུ་སློབ་ཚོགས་ཀུན་ཤུལ་དུ་ལུས། །གནས་ཆོས་འཁོར་རྟེན་གསུམ་ཞིག་ཅིང་རལ། །ཆོས་བཤད་སྒྲུབ་སྡེ་ཀུན་མཐའ་མིས་བཅོམ། །གྲོགས་དགེ་འདུན་འདུས་ཚོགས་བཙོན་དུ་བཅུག །ཡུལ་ཐམས་ཅད་གྲོག་སྟོང་གྱང་རལ་གྱུར། །གཉེན་སྙིང་སྡུག་གར་སོང་ཆ་མེད་འཐོར། །འབངས་སྦྱིན་བདག་སྡུག་བསྔལ་ཚོར་བས་མནར། །འོག་ངན་སོང་ས་སྟེང་བྱུང་འདྲའི་དུས། །རྗེ་བླ་མ་མཆོག་གི་བཀའ་དྲིན་གྱིས། །ལྗོངས་འདིར་ཚོགས་སྐྱེས་བུ་སྟོན་འཁོར་རྣམས། །ཡུལ་སྦས་ལུང་འབྲས་མོ་ལྗོངས་སུ་སླེབ། །དགྲ་མཐའ་མིས་སྲོག་ལ་མ་རྒོལ་ཙམ། །མགོན་སྟོན་པ་བཀའ་དྲིན་ཅན་གྱི་མཐུས། །ཟས་བསོད་ནམས་མཐུན་རྐྱེན་ངང་གིས་འབྱོར། །ཆོས་ཉམས་སུ་ལེན་པ་ངོ་ཤེས་ཙམ། །དགེ་སྡིག་གི་བླང་དོར་ངོ་སྤྲོད་ཐོབ། །ཡུད་ཙམ་ཞིག་བདེ་བའི་སྐབས་ཤར་བྱུང༌། །ཁྱེད་དེར་ཚོགས་རྡོ་རྗེའི་སྤུན་གྲོགས་རྣམས། །ཚེ་འདིར་སྣང་ཞེན་པ་ཅི་ནུས་སྐྱུར། །ཕ་བླ་མའི་བཀའ་དྲིན་རྗེས་དྲན་པས། གནས་བདེ་ཆེན་ཕུག་གི་དབེན་པ་བསྟེན། །ཆོས་བཞིན་དུ་སྤྱོད་པ་དགའ་སྤྲོ་ཆེ། །རྟེན་མི་ལུས་ཐོབ་ནས་ཆོས་དང་འཕྲད། །མགོན་སངས་རྒྱས་དངོས་དེའི་རྗེས་སུ་ཟིན། །སྒྲུབ་ནུས་ན་ཚེ་གཅིག་གྲུབ་པའི་སར། །སྦྱོར་ནུས་པའི་མཐུན་རྐྱེན་ཚོགས་ལ་དགོངས། །དཔལ་ཨོ་རྒྱན་སངས་རྒྱས་གཉིས་པ་ཡིས། །བྱིན་རླབས་པའི་གནས་མཆོག་བདེ་ཆེན་ཕུག །བྲག་རིན་ཆེན་བརྩེགས་པའི་སྒྲུབ་ཕུག་མཛེས། །ཉམས་དགའ་བའི་ཏིང་འཛིན་འཕེལ་བ་དེར། །མཁར་ཁང་ཁྱིམ་ཡིད་ལ་མ་ཤར་བར། །རང་བྱུང་བའི་བྲག་ཕུག་ལྷུན་གྱིས་གྲུབ། །ཕ་གྲུབ་ཐོབ་གོང་མ་ཁྱིམ་འདིས་འཚོ། །བདག་རྣམས་ཀྱང་འདི་བསྟེན་སྤྲོ་བ་བསྒོམ། །གྲོགས་གཉེན་འདུན་ཡིད་ལ་མ་བཟུང་བར། །ཤིང་མེ་ཏོག་བཀྲ་བའི་ཁོང་སེང་ནས། །བྱ་བྱིའུ་གླུ་སྙན་སྒྲོགས་ལ་གསོན། །རྐྱེན་འདུ་འཛི་སྤང་བའི་ངང་དུ་བཞུགས། །ནོར་གསོག་འཇོག་ཡིད་ལ་མ་བརྣག་པ། །ཉམས་རྟོགས་པའི་བང་མཛོད་ལྡེའུ་མིག་མཆོག །སེམས་མོས་གུས་དད་པའི་རྒྱང་གླུ་ཡིས། །སྐྱབས་བླ་མའི་ཐུགས་རྒྱུད་བསྐུལ་བ་གཅེས། །ཚེ་འདིར་སྣང་བསླུ་བྲིད་དྲན་པའི་ཚེ། །ཁམས་བོད་ཀྱི་རྒྱལ་ཁམས་གནས་ཚུལ་གཟིགས། །འདི་བླ་མའི་ངོ་སྤྲོད་དངོས་ཡིན་པས། །དགྲ་ཆོས་བརྒྱད་གཉེར་ཁ་གནས་མེད་བཏང༌། །ནང་ཉོན་མོངས་དགྲ་བོ་མ་ཐུལ་ན། །ཕྱི་སྣང་བའི་དགྲ་འདྲེ་ཆོམས་དུས་མེད། །སེམས་འཁྲུལ་སྣང་དབང་དུ་མ་ཤོར་ཚེ། །ཕྱིའི་རྐྱེན་ཀུན་ཡང་དག་ཆོས་ཀྱི་གྲོགས། །ཡུལ་བཟང་པོ་རྨི་ལམ་སྒྱུ་མ་ཡིན། །དེ་ཆགས་ཞེན་འཆིང་བས་སྡོམ་དོན་མེད། །རྐྱེན་ཉམས་དགའ་འཇའ་ཚོན་རི་མོས་ཀྱང༌། །ཆུང་བྱིས་པ་མགོ་བོ་འཁོར་ལ་ལྟོས། །ངན་མི་ཁ་ནད་གདོན་དགྲ་འདྲེའི་གནོད། །བསམ་ཤེས་ན་ལས་ངན་སྒྲིབ་པ་སྦྱོང༌། །བྱམས་སྙིང་རྗེ་བཟོད་པའི་གསལ་འདེབས་ཕྱིར། །ལམ་བྱང་ཆུབ་སེམས་ཀྱི་གྲོགས་སུ་གོ །ཚུལ་བཟང་ངན་འཛིན་པའི་འཁྲུལ་རྟོག་ལ། །ཕུག་བཅད་ན་སྐྱེ་འགག་གནས་དང་བྲལ། །ཉམས་ཇི་ལྟར་ཤར་ཡང་སྟོང་པ་ཉིད། །དོན་ནམ་མཁའ་ལྟ་བུའི་ངང་དུ་གནས། །གཤིས་འཕོ་འགྱུར་མེད་པ་གཟོད་ནས་བཞུགས། །བཞུགས་ཡོད་པ་བླ་མའི་དྲིན་གྱིས་མཐོང༌། །མཐོང་ཐ་སྙད་བཏགས་ཀྱང་མཐོང་རྒྱུ་མེད། །མེད་རྐྱང་ཆད་མ་ཡིན་ས་ལེ་བ། །ངང་མི་གཡོ་མི་སྨྲ་བསམ་བརྗོད་བྲལ། །གཤིས་སྐྱེ་མེད་ངང་དུ་ཡོ་རོ་རོ། །རང་ཆོས་ཉིད་གཅིག་གི་བཞུགས་ཚུལ་འདི། །བལྟ་ཤེས་ན་ད་ལྟའི་ཤེས་པ་ཉིད། །དོན་མ་ཤོར་ཁ་ལྟ་སྟོང་སྐད་ཀྱིས། །རྩལ་ཉོན་མོངས་འཁྲུལ་གཞི་གཅོད་མི་ནུས། །འཁྲུལ་རྣམ་རྟོག་རྩ་བ་རང་གི་སེམས། །ཁོ་སྐྱེ་འགག་གནས་པ་མེད་ན་ཡང༌། །ལས་བག་ཆགས་བསགས་པའི་གཡོ་འཁྲུལ་དེ། །སྤང་ཤིན་ཏུ་དཀའ་བས་བག་ཡོད་མཛོད། །དོན་གཉུག་མའི་གཏན་སྲིད་ཟིན་པ་ཡང༌། །ཁོང་གྲུབ་ཐོབ་ཚོགས་ཀྱང་ཀུན་རྫོབ་ཆོས། །ལས་རྟེན་འབྲེལ་རྒྱུ་འབྲས་སྤང་བླང་མཛད། །གནས་དེ་ལ་དགོངས་ནས་དེ་རྗེས་སློབས། །ནང་གཤིས་ལུགས་ལྟ་བ་ནམ་མཁའ་འདྲ། །དུས་རྟག་པར་ཆོས་ཉིད་རྗེན་པར་སྤྱོད། །ཕྱིའི་ཀུན་སྤྱོད་དམ་ཆོས་འདུལ་བ་བཞིན། །མགོན་ཐུབ་པའི་རྗེས་འཇུག་དང་རེ་སྤྲོ། །ལུས་ངུར་སྨྲིག་ཐར་པའི་རྒྱལ་མཚན་ཅན། །སྤྱོད་སྦྱང་ཡོན་བཅུ་གཉིས་གསོག་འཇོག་བྲལ། །ཡུལ་གང་ལ་ཆགས་མེད་གཙང་སིང་ངེ༌། །འབངས་སྦྱིན་བདག་དད་ལྡན་ཡིད་ལ་འབབ། །ལྷ་སྒོམས་པ་གསང་སྔགས་རྡོ་རྗེ་ཐེག །ཆོས་ཀུན་གྱི་སྙིང་པོ་རྫོགས་པ་ཆེའི། །གནད་ཉམས་ལེན་འགག་ལ་གཅིག་ཏུ་དྲིལ། །གཤིས་ཡིད་བྱེད་བྲལ་བའི་རྣལ་འབྱོར་པ། །ཚུལ་དེ་ལྟར་མཛད་ན་ཀུན་ཏུ་དགེ །བདག་རང་ཉིད་ཉམས་མྱོང་མ་མཆིས་ཀྱང༌། །མིག་རྣ་བ་བསོད་ནམས་འབྲས་བུ་ཅན། །ཆོས་བླ་མའི་རྣམ་ཐར་གོ་མཐོང་གྱིས། །ངག་གླུ་རུ་བླངས་བས་དགྱེས་པར་མཛོད། །མི་བདག་འདྲ་བུད་མེད་འཁོར་གྱིས་བསྐོར། །ཟས་ཟོས་ཚད་དཀོར་ནག་བླ་གཟུགས་ཅན། །ཆོས་ཁ་རུ་ཤོར་ནས་ཉམས་མ་ལོན། །ལས་ངན་པའི་སྒྲིབ་པ་སྦྱང་བའི་ཕྱིར། །ཁྱེད་དབེན་པར་བཞུགས་པའི་མཆེད་གྲོགས་ཀྱིས། །ཐུགས་བརྩེ་བས་ཡང་ཡང་དགོངས་པ་དང༌། །ཚེ་སྒྲུབ་པ་སྙོམས་པས་ཉམས་རྟོགས་སྐྱེ། །ཕ་བླ་མ་ཞིང་ཁམས་གང་བཞུགས་ཀྱང༌། །ལྷན་གཅིག་ཏུ་ཚོགས་པའི་སྨོན་ལམ་ཞུ། །ཚུལ་དེ་སྐད་ལྷོ་འབྲུག་རྒྱལ་པོའི་ཁབ། །ཤིང་ལྗོན་པའི་ནགས་ཀླུང་སྟུག་པོ་རུ། །དོམ་བཞིན་དུ་ཉལ་བའི་མི་རྒན་དེས། །འདི་ཨ་མཚར་ཚུལ་དུ་ཕུལ་བ་ལགས། །གནས་ལྷ་རི་འབྲས་ལྗོངས་དབེན་པའི་ཚལ། །ཁྱེད་རི་དྭགས་བཞིན་དུ་གནས་པ་ལ། །ཉམས་རྟོགས་པའི་རྩ་ལྗང་མྱུ་གུ་རོལ། །དོན་ཆོས་ཉིད་དགོངས་པ་རྟོགས་གྱུར་ཅིག། །། སརྦ་མངྒ་ལཏྟ། ༈ བླ་མ་ལ་ཕྱག་འཚལ་ལོ། རྙེད་དཀའི་དལ་རྟེན་ཐོབ་པ་དོན་ཡོད་ཕྱིར། །སྡོམ་པ་གསུམ་གྱི་ཚུལ་ཁྲིམས་དག་པ་དང༌། །བླང་དོར་སྒོ་འབྱེད་ཐོས་པས་མིག་སྒྲུབ་ཅིང༌། །བསམ་པས་ལྟ་སྒོམ་སྤྱོད་པ་འཁྲུལ་མེད་དུ། །གཏན་དབབ་སྙིགས་དུས་གནས་ལ་སྐྱོ་བ་ཡིས། །མི་རྟག་རྒྱུད་བསྐུལ་འདོད་ཆུང་ཆོག་ཤེས་པས། །སྙིང་པོའི་ཉམས་ལེན་གནད་དུ་བརྟེན་པ་གཅེས། །རིགས་བདག་གུ་རུ་བློ་གཏད་གཏིང་ཁེལ་ཞིང༌། །སྐྱབས་འགྲོ་སེམས་སྐྱེད་ཉམས་ལེན་གཙོ་བོ་དང༌། །བསྐྱེད་རྫོགས་རྫོགས་ཆེན་གཞུང་ལྟར་གཅིག་ཏུ་དྲིལ། །བདག་འཛིན་ང་རྒྱལ་མགོ་འཕང་སྨད་ལ་བརྩོན། །དྲན་ཤེས་རྒྱུན་བརྟེན་རང་རྒྱུད་ཆོས་དང་བསྟུན། །དད་བརྩོན་མི་ལྷོད་འབད་པས་ཉམས་བླངས་ན། །སྐྱེ་འཆི་བར་དོའི་འཁྲུལ་སྣང་སྐུ་གསུམ་འཆར། །མཐར་ཐུག་འབྲས་བུ་ཐོབ་པ་གདོན་མི་ཟ། །དེ་སྐད་དམ་པའི་གསུང་བཞིན་གདམས་པ་ལས། །ཁྱེད་ཐུགས་ཆོས་དང་གཅིག་ཏུ་འདྲེས་པར་ཤོག །ཅེས་པའང་དད་སློབ་བསླབ་ལྡན་ཡོན་ཏན་རྒྱ་མཚོ་དང༌། ཐུབ་བསྟན་རིག་གྲོལ་གཉིས་ནས་བསྐུལ་བ་བཞིན་དིལ་མཁྱེན་རྒན་བུས་སྨྲས་པའོ། ༈ བསླབ་གྲོལ་ཡོན་ཏན་དགེ་བ་འཇམ་དབྱངས་རྒྱལ་མཚན་ཕྱག་ཏུ། ཆེད་འབུལ། ཉིད་བདེ་བར་གནས་སྙམ་སྤྲོ་བ་ཆེ། ཕྲན་ཡང་བདེ་ངང་དུ་གནས། ཁྱེད་ནས་སྙིང་ཐིག་གསལ་སྒྲོན་ཉམས་ལེན་བྱེད་སྐབས། ཁྱབ་བྱ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་ཁྱབ་བྱེད་བླ་མའི་སྐུ་གསུང་ཐུགས་གཅིག་གིས་ཁྱབ། བླ་མའི་སྐུ་གསུང་ཐུགས་དེ་གནས་ཚུལ་དང་སྣང་ཚུལ་གཉིས་ཀ་དག་པར་སོང་བས། བླ་མའི་སྐུ་གསུང་ཐུགས་དང་སངས་རྒྱས་ཐམས་ཅད་ལ་ཐ་དད་མེད། རང་གི་ལུས་ངག་ཡིད་གསུམ་འདི་གནས་ཚུལ་དུ་སྐུ་གསུང་ཐུགས་དག་པ་ཡིན་ཀྱང་སྣང་ཚུལ་དུ་མ་དག་འཁྲུལ་བར་སྣང་ཡང༌། མཁྲིས་ནད་ཅན་གྱི་དུང་སེར་པོ་གནས་སྣང་གཉིས་ཀ་དག་པའི་སྐུ་གསུང་ཐུགས་ཡིན་ཀྱང་འཁྲུལ་པའི་དབང་གིས་མ་དག་པའི་སྒོ་གསུམ་དུ་ཤར་ཡང་མ་དག་པ་དེ་སྒོ་གསུམ་གྱི་གནས་སྣང་གཉིས་ཀ་ལ་མེད། འཁྲུལ་ངོར་དེ་ལྟར་བྱུང༌། དེས་ན་དག་པ་བླ་མའི་སྐུ་གསུང་ཐུགས་དང་མ་དག་པ་རང་གི་སྒོ་གསུམ་གཉིས་གནས་ལུགས་རྟོགས་ན་བཟང་ངན་གཉིས་ཡེ་ནས་མེད། བླ་མའི་སྐུ་གསུང་ཐུགས་དག་པ་དེ་ཡེ་ཤེས་གཅིག་སྐུ་གསུང་ཐུགས་སུ་ཤར་བས། སྐུ་ཐུགས་ཟུང་འཇུག །གསུང་ཐུགས་ཟུང་འཇུག །མདོར་ན་སྐུ་གསུང་ཐུགས་གསུམ་ཀ་ཡེ་ཤེས་གཅིག་ཡིན། ཡེ་ཤེས་གཅིག་དེ་ངོ་འཕྲོད་ན་ད་ལྟའི་ཐ་མལ་གྱི་ཤེས་པ་སྐད་ཅིག་མ་འདི་ཡིན། ཐ་མལ་གྱི་ཤེས་པ་ཞེས་པ་དེ་རང་རེ་ལ་ཡོད་པའི་སེམས་འདི་ངོ་བོ་དང༌། རྩལ་གཉིས་ཀ་ཆོས་ཉིད་ཀྱིས་ཁྱབ་སྟེ་ཡོད་པའི་གནས་ལུགས་དེ་ཤེས་དགོས། ད་ལྟའི་སེམས་དེ་མ་ཡིན་པའི་ཡེ་ཤེས་ཞིག་གསར་དུ་བསྒྲུབ་པའི་བློ་མི་དགོས། ད་ལྟ་འཁྲུལ་སེམས་འདི་ཕུ་ཐག་ཆོད་ན་ཡེ་ཤེས་ཡིན། ཡེ་ཤེས་དེ་བླ་མ་ཡིན། སེམས་དང་རང་གཉིས་རྟག་ཏུ་འདུ་འབྲལ་མེད་པ་བཞིན་བླ་མ་དང་རང་གཉིས་ནམ་ཡང་འདུ་འབྲལ་མེད། རྒྱུད་སྡེའི་བསྐྱེད་རྫོགས་ཀྱིས་སྒོ་གསུམ་འཁྲུལ་སྣང་སྦྱངས་པ་ལས། བླ་མའི་སྐུ་གསུང་དང་རང་གི་སེམས་དབྱེར་མེད། སེམས་གཞི་མེད་རྩ་བྲལ་བླ་མའི་ཐུགས། དེའི་རང་རྩལ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་ངོ་ཤེས་པ་འདི་བྱ་སླ་བདེ་མྱུར་གྱི་མན་ངག་ཞིག་ཡིན། རང་སེམས་བླ་མ་དབྱེར་མེད་དུ་ཤེས་པས་མོས་གུས་ཀྱི་རྒྱུན་བྲེང་ངེ་ཡོད་ན་བླ་མ་སྤྱི་བོར་བསྒོམས་པ་དང་ཞལ་ཕྱག་བཞུགས་སྟངས་སོགས་ཆེད་དུ་དམིགས་པས་མ་བསྒོམས་ཀྱང་ཆོག །སེམས་འདིའི་སྟེང་དུ་སྐྱེ་འཆི་བར་དོའི་འཁྲུལ་བ་དེ་སྣང་ཙམ་ལས་དོན་ལ་གཞི་མེད་རྩ་བྲལ་དུ་གོ་ན། འཁྲུལ་པས་སེམས་ཀྱི་གཤིས་ལུགས་ལ་བཟོ་བཅོས་མ་ཐུབ་པ་དེ་གོ་ཡོང༌། སེམས་ཀྱི་གཤིས་དེ་མྱོང་བས་གདེང་ཁེལ་ན་འཁྲུལ་བ་རང་གྲོལ་དུ་མི་འགྲོ་ཀ་མེད་ཡོང་པའི་གནད་དོན་ལ་གོམས་འདྲིས་གལ་ཆེ། བསྐྱེད་རྫོགས་མན་ངག་ཐམས་ཅད་འཁྲུལ་པ་སྦྱོང་བྱེད་ཡིན་ཀྱང་སེམས་ཀྱི་སྟེང་འཁྲུལ་རྟོག་གི་ཕུ་ཐག་བཅད་པ་འདི་ཟབ་པ་གསར་རྙིང་ཐམས་ཅད་དགོངས་པ་མཐུན། རང་ལ་ཉམས་མྱོང་མེད་ཀྱང་བླ་མ་བཀའ་དྲིན་གྱི་མན་ངག་ལས་ཐོས་པ་དེ་ཕུལ་བ་ཡིན་པས་ཁྱེད་ནས་ཀྱང་གནད་དོན་འདི་དག་གོ་བས་ཉམས་ལེན་གང་ཐུབ་གྱིས། ད་དུས་སྙིགས་མར་རང་རེའི་བླ་མ་དང་གདམས་ངག་ལྟ་བུ་མཇལ་རྒྱུ་དང་ཐོས་རྒྱུ་དཀའ་མོ་རེད་པས་ངོ་ཤེས་པར་མཛོད་ལ། མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་སྒོར་ཞུགས། ཆོས་སྒྲུབ་བློ་སྐྱེས། ཅུང་ཟད་ལག་ཏུ་བླངས་པ་འདི་ལ་དོན་འབྲས་ཞིག་མ་བྱུང་བར་དུ་བརྩོན་པ་གལ་ཆེ་ཞེས་གསུངས་པ་ལྟར་ལགས། རང་ཡང་འཆི་བ་མ་སླེབས་འོང་བས་རིམ་པས་གང་ཤེས་ཞུ་ཆོག །གནས་སྐབས་འདི་ཙམ་ལས་ཁྱེད་རང་ཉམས་ལེན་གསལ་འདེབས་སུ་ཆོག་པ་ཡོད་སྙམ་ལགས། སྐྱབས་སྨོན་ཡང་ཡང་ཞུ་རྒྱུ་དང་རིང་མིན་མཇལ་སྤྲོ་བཅས་རྒན་བུས་ཁ་མཁས་བཤད་རྒྱངས་སུ་ཕུལ། ༈ དད་བློ་ཡངས་པ་སྒྲུབ་བརྩོན་བླ་མ་བསོད་ནམས་ཕུན་ཚོགས་དང༌། རིག་པར་སྨྲ་བ་ངག་དབང་ཤེས་རབ་ལྷན་ཕྱག་ཏུ། ཆེད་ཕུལ། དེ་ནས་བཤད་སྒྲུབ་ལས་ཀྱི་བྱ་བ་ལ་བརྩོན་བཞིན་པ་ནས་འདིར་ཡང་གནས་ཚུལ་དང༌། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་མཆན་འགྲེལ། ཆུར་བ་མགོ་བོ་ཙམ་འབྱོར་བ་དགའ་སྤྲོ་ཆེ་ཞིང༌། ཕྲན་ཡང་བདེ་ངང་རྒྱ་བལ་དུ་འགྲོ་ངང་ལགས། ལྷ་མོ་ལ་ཆུར་བ་ཆེན་པོ་རི་ཙམ་འབྱོར་བ་དགའ་སྤྲོ་འཕེལ། ཁྱེད་རང་སྒྲུབ་ལ་བརྩོན་པས་བཞུགས་པ་ངེད་གཉིས་ཀྱང་དགའ་སྤྲོ་ཆེན་པོ་ཡོད། གནས་ཚུལ་ཡང་ཡང་ཕུལ་འོང༌། ད་ལྟ་སྒྲུབ་པ་ཕར་བཞུགས་དུས་ཆོས་ཉིད་མངོན་སུམ་ཡིན་ཚོད་ལ། སྒྲུབ་པ་གྲོལ་བ་དང་ང་ལ་རྟོགས་འབུལ་བྱེད་སྐབས་ཆོས་ཉིད་ཟད་སར་མ་སླེབ་ན་ཡང་རིག་པ་ཚད་ཕེབས་ལ་སླེབ་ངེས་མཛོད་ཤོག །བྱ་སྤུ་བླ་མ་བྱ་རྒོད་འཕུར་བ་བཞིན། །བྱར་མེད་ངང་ནས་ཆོས་སྐུའི་བཙན་ས་ཟིན། །བླ་སློབ་མི་འབྲལ་ཚོམས་བུ་གཅིག་ཏུ་གྲོལ། །ཀུན་གྲོལ་འོད་གསལ་རྩེ་མོར་རྟག་བཞུགས་གསོལ། ཆོས་དབྱིངས་མཛོད། གནས་ལུགས་མཛོད་འབར་བླའི་ཕྱག་དཔེ་འབྱོར་བ་དགའ་སྤྲོ་ཆེན་པོ་བྱུང༌། རྨི་ལམ་ལྟ་བུའི་འཁོར་བའི་འཁྲུལ་སྣང་ལ། །ཡིད་བརྟན་བྲལ་བ་སྒྱུ་མའི་ལྟད་མོ་ལ། །ཞེན་ཆགས་མེད་པས་དམ་པའི་ཆོས་ལ་བརྩོན། །དོན་དང་ལྡན་པ་སྙིང་པོའི་སྒྲུབ་པ་ལགས། །བོད་ཟླའི་༡༠ ཚེས་༡༩ ལ་མཁྱེན་སྤྲུལ་པས་ཕུལ། ༈ རྗེ་པདྨ་འབྱུང་གནས་ཡབ་ཡུམ་དང༌། །ཕ་བླ་མ་རྣམས་ལ་སྐྱབས་སུ་མཆི། །ཁྱེད་དད་ཅན་རིགས་བཟང་སློབ་མ་ཡིས། །བསྐུལ་བཞིན་དུ་གདམས་ངག་གླུ་རུ་ལེན། །རྟེན་དལ་འབྱོར་རྙེད་ལ་ཆོས་སྒོར་ཞུགས། །སེམས་དགེ་ལ་བསྐུལ་བས་བླ་མ་མཇལ། །རང་ཅི་ནུས་ཉམས་ལེན་བྱས་པ་དེ། །ལས་སྐལ་པ་བཟང་པོའི་བསོད་ནམས་ཡིན། །ཆོས་ཀུན་གྱི་གཞི་རྩ་སེམས་ལ་ཐུག །སེམས་མ་བསྐུལ་འཁོར་འདས་ཐམས་ཅད་བྱེད། །བརྟགས་དཔྱད་ན་གཞི་མེད་སྟོང་པ་ཡིན། །དེ་རང་ངོ་ཤེས་པ་ལྟ་བའི་རྩེ། །ཕྱི་སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །དེ་ཐམས་ཅད་གཞི་མེད་རྩ་བྲལ་ཡིན། །གནས་རང་རིག་ངོ་བོ་སྟོང་པ་ཡི། །དེ་ངོ་ཤེས་མ་ཡེངས་དྲན་པས་བཟུང༌། །ཉམས་གང་ཤར་རང་རིག་རྩལ་སྦྱང་གྱིས། །སྒོམ་དེ་ལ་བློ་གཏད་བྱས་པ་ཡི། །སྒོ་གསུམ་པོ་ཅི་ནུས་ཆོས་ལ་བསྐུལ། །ལས་རྒྱུ་འབྲས་ཀུན་རྫོབ་ཁྱད་མ་གསོད། །དུས་མི་རྟག་འཆི་སྙམ་བསྐུལ་མ་ཐོང༌། །ཕ་བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་ཀྱི་གདུང་ཤུགས་ཡང་ཡང་གྱིས། །ལས་དགེ་རྩ་ཆེ་ཆུང་ཐམས་ཅད་ལ། །ལམ་དམ་པ་གསུམ་གྱི་རྩིས་ཟིན་གྱིས། །འཕྲལ་སྐྱིད་སྡུག་གང་བྱུང་སྔོན་ལས་ཡིན། །དེ་རེ་དོགས་མེད་པའི་གཞི་ལ་ཞོག །ཚུལ་དེ་གས་གང་དྲན་གདམས་པ་བཞིན། །ཉམས་སྣང་བའི་འདི་ཕྱིའི་དགེ་བའི་གྲོགས། །ཞིང་པདྨ་འོད་ཀྱི་ཕོ་བྲང་དུ། །སྐྱེས་ངེས་པའི་བསྔོ་བ་སྨོན་ལམ་བཏབ། །དཔལ་བཀྲ་ཤིས་སྣང་བ་ཀུན་ཁྱབ་ནས། །དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །མངྒ་ལ་ཡི་གདམས་པའོ། ༈ ཀྱེ་ཧོ། འོད་གསལ་སེམས་ཀྱི་རྡོ་རྗེ་ཆོས་ཀྱི་དབྱིངས། །ངེས་དོན་བླ་མ་རང་དང་འདུ་བྲལ་མེད། །དེ་ངོ་ཤེས་ན་དེ་ལ་བློ་ཐག་ཆོད། །ཆིག་དྲིལ་སེམས་ཀྱི་འདུན་མ་དེ་ལ་གཏོད། །ཀུན་ཁྱབ་ཀུན་ལས་འདས་པའི་ཆོས་ཉིད་ལ། །གདེང་དུ་བཅས་ནས་བཟང་ངན་ཉམས་ཀྱི་རྩལ། །གང་ཤར་རེ་དོགས་ཞེན་པའི་མདུད་པ་བཤིག །བློ་བྲལ་གཤིས་ཀྱི་ཀློང་དུ་གུ་ཡང་ཀློད། །ལྟ་བའི་རྒྱལ་པོ་ཀུན་བཟང་ཆོས་ཀྱི་སྐུ། །གཏད་མེད་འཇིགས་བྲལ་བློ་ལས་འདས་པའི་དོན། །མོས་གུས་བསགས་སྦྱང་སྟོབས་ཀྱི་མངོན་གྱུར་ནས། །གཟུང་འཛིན་སྒྱུ་མའི་འཁྲུལ་འཁོར་ཤུགས་ཀྱི་འཇིག །སྒོམ་པའི་རྒྱལ་པོ་མ་ཡེངས་མི་སྒོམ་ངང༌། །ཡིད་འཁྲུལ་འདས་པའི་མཉམ་བཞག་ཆུ་བོའི་རྒྱུན། །ཆོས་ཉིད་དྲན་པའི་བབ་ལ་སྒོམ་ནུས་ན། །སེམས་ཀྱི་ཡོན་ཏན་དབྱར་ཆུ་བཞིན་དུ་རྒྱས། །སྤྱོད་པའི་རྒྱལ་པོ་ཞེན་མེད་རང་གྲོལ་གནད། །འཁྲུལ་སྣང་ཉོན་མོངས་ངང་གིས་ཞི་ཞིང་གྲོལ། །བདེན་གཉིས་ཟུང་འཇུག་ཆེན་པོའི་གནས་ལུགས་ཀྱིས། །ཐེག་མཆོག་ལམ་གྱི་བྱས་རྗེས་མ་འབད་འཆར། །འབྲས་བུའི་རྒྱལ་པོ་འབད་དང་རྩོལ་བས་མིན། །ཡེ་ནས་ལྷུན་གྲུབ་སྐུ་གསུམ་ཡེ་རྫོགས་ཀྱི། །དགོངས་པ་མངོན་གྱུར་གདོད་མའི་བཙན་ས་ཟིན། །ཁྱད་པར་དྲུག་ལྡན་དེ་ཉིད་རྟོགས་པ་ངེས། །དེ་ཡི་གྲོགས་སུ་མོས་གུས་མིག་དང་མཚུངས། །ངེས་འབྱུང་རྐང་པར་དད་བརྩོན་ལག་པར་བཅས། །བློ་གྲོས་ལུས་ལ་ཡོངས་སུ་རྫོགས་གྱུར་ན། །རིང་མིན་རྟོགས་པའི་གདེང་ཚད་རྙེད་པར་ངེས། །ཀྱེ་མ་བསྟན་འཛིན་ཉིན་བྱེད་ཆུ་ལྷར་གཞོལ། །བསྟན་པའི་ཟླ་བ་ལོ་རེ་བཞིན་དུ་སྒྲིབ། །སྡིག་ཏོའི་མུན་པར་མཐའ་མའི་རྒྱུ་སྐར་བཀྲ། །སྡུག་བསྔལ་བསིལ་བོའི་གདུང་པའི་དུས་ཚོད་འདིར། །མི་མེད་དབེན་པའི་བྲག་ཕུག་ཉམས་དགའ་བར། །དགྲ་གཉེན་འབྲེལ་འདྲེས་མེད་པའི་གུ་ཡངས་གྱིས། །ལྷགས་སྐྱོབས་ལྟོ་འགྲང་ཙམ་གྱི་ཆོག་ཤེས་ངང༌། །རྒྱལ་ཁམས་སྒྲིམ་པ་སྐྱིད་པའི་ཡང་རྩེ་བཞིན། །དགའ་གདུང་ཆེ་ན་སྲིད་ཞེན་འཆིང་པ་དམ། །བསྡད་ཅིང་འཁུ་ཚེ་སྣང་བ་དགྲ་རུ་སྡང༌། །གང་ཡང་མེད་པའི་བསེ་རུ་ལྟ་བུ་ཁྱེད། །ད་ལྟ་རི་དྭགས་རྙི་ལས་གྲོལ་བཞིན་ཡོད། །དེ་གའི་ངང་ནས་ཕྱི་ཡི་ཀུན་ཏུ་སྤྱོད། །འདུལ་ཁྲིམས་གསེར་གྱི་རྒྱན་བཟང་ཡལ་མ་དོར། །ནང་གི་ཐེག་མཆོག་ལྟ་སྒོམ་ལ་དྲིལ་བ། །ཞབས་ཏོག་གསུམ་ལས་རབ་མཆོག་སྒྲུབ་པ་བཞིན། །བདག་ཅག་ནང་གི་མྱོང་བའི་གདེང་མེད་ཀྱང༌། །ཕྱི་ཡི་གོ་ཚོད་མི་ཚེ་རིལ་པོ་རུ། །ཁ་བཤད་བྱས་པ་ཆོས་བཞིན་སྤྱོད་ནུས་ཞིག །འབྱུང་ན་སྙམ་པའི་ལྷག་བསམ་ཁོ་ནའི་ཕྱིར། །ཞེན་མེད་རང་གྲོལ་རྡོ་ཐོག་བྱ་འཕུར་ལྟར། །སྒྲུབ་པའི་སྲོག་མཁར་བཙུགས་ནུས་གང་བྱུང་ན། །ཡི་རང་སེམས་ཀྱི་དེ་ལ་ཡིད་གདུང་བས། །མི་ཚེ་ཚད་བཙུགས་ཉམས་ལེན་མཐར་འཁྱོལ་མཛད། །བརྒྱུད་པ་བཟང་པོའི་ཞལ་ལུང་བདུད་རྩིའི་བཅུད། །དད་པས་ཉེ་བར་ལེན་པའི་སྙིང་དབུས་སུ། །ཡོད་པའི་སྨིན་གྲོལ་གདམས་པའི་དགའ་སྟོན་སྐྱེས། །རིམ་བཞིན་འབུལ་བའི་རྟེན་འབྲེལ་སྨོན་ལམ་ཞུ། །ཕལ་གཏམ་སྙིང་པོ་སེམས་ལ་ངེས་པའི་དོན། །ཚད་ལྡན་བླ་མའི་ཞལ་ལུང་འདི་ཡིན་པས། །འདི་བཞིན་བརྩོན་ན་འདི་ཕྱི་དོན་དགུ་སྒྲུབ། །སྙིང་མིག་བསྟན་ཀྱང་ཤ་དུམ་རྩ་རྒྱུས་ལགས། །དེ་སྐད་སྣང་བ་སྒྱུ་མའི་འཁྲི་ཤིང་གི །སེམས་ཀྱི་སྤྲེལ་རྒན་ཐང་ཆད་གཉིད་ཡུར་བཞིན། །འཆི་ཁར་རྒྱལ་ཁམས་འགྲིམ་པའི་ཞར་བྱུང་དུ། །བརྩེ་སེམས་ལྷག་བསམ་དཀར་བས་ཕུལ་བ་དགེ །ཟོལ་སྦྱོར་ངག་གི་ཁྱེད་ལ་བསྟོད་པ་མིན། །འཁྱོགས་པོའི་ངག་གི་མཚང་འབྲུ་དགོས་དོན་མེད། །དེ་ཕྱིར་ཕན་པའི་བསླབ་བྱ་ཉག་གཅིག་ཕྱིར། །གཏམ་འདི་ཅེས་ཀྱང་བདེན་པར་བཟུང་འོས་ཉིད། །ཅེས་འབྲུག་སྒོམ་ཕྱག་རྫོགས་ཆུ་བོ་གཅིག་འདྲེས་ཀྱི་དགེ་སློང་པྲཛྙཱས་བསྐུལ་ངོར་བཀྲ་ཤིས་དཔལ་འབྱོར་གྱིས་འཛམ་གླིང་ས་ཡི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་དུ་བྱང་ཆུབ་ཤིང་དྲུང་ནས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ བླ་མ་ལ་ཕྱག་འཚལ་ལོ། དལ་འབྱོར་རྟེན་རྙེད་སངས་རྒྱས་བསྟན་དང་མཇལ། །མཚན་ལྡན་བླ་མ་བསྟེན་པ་ད་རེས་ཙམ། །དེ་ཕྱིར་འཇིག་རྟེན་ཕྱི་མ་ཐག་རིང་ཞིང༌། །སྡུག་བསྔལ་ཆེ་བ་ནམ་འོང་ཆ་མེད་པས། །ད་ལྟ་རང་དབང་ཡོད་དུས་ཆོས་ལ་བརྩོན། །ཆོས་ཀྱི་རྩ་བ་ངེས་འབྱུང་དད་མོས་བསྐྱེད། །ཆོས་ཀྱི་མཐར་ཐུག་བསྐྱེད་རྫོགས་ཅི་ནུས་བརྩོན། །སངས་རྒྱས་དངོས་བྱོན་གུ་རུར་གསོལ་བ་འདེབས། །ཡིད་ཆེས་ངང་ནས་བློ་གཏད་དེ་ལ་ཞུས། །སྐྱིད་སྡུག་གང་བྱུང་བླ་མའི་ཕྲིན་ལས་ལྟོས། །འགལ་རྐྱེན་གང་བྱུང་སྔོན་གྱི་ལས་སུ་སྒོམ། །དེ་འདྲའི་སྡིག་སྒྲིབ་སྦྱངས་བར་བློ་སྦྱོངས་མཛོད། །རང་སེམས་སྟོང་པ་རྩལ་དུ་ཅིར་ཡང་ཤར། །དྲན་ཤེས་ལྡན་པས་ཤར་གྲོལ་ལྷུག་པར་སྐྱོངས། །འདི་དང་ཕྱི་མར་བར་དོའི་འཕྲང་གསུམ་ལས། བརྒལ་བའི་ལམ་ཁྱེར་ད་ལྟ་ཚགས་སུ་ཚུད། །དེ་སྐད་ངག་དབང་ཆོས་དཔལ་རྒྱ་མཚོ་ཡིས། །བསྐུལ་ངོར་མངྒ་ལ་ཡི་མིང་ཅན་དེའི། །གདམས་པས་སེམས་རྒྱུད་ཆོས་དང་འདྲེས་ནས་ཀྱང༌། །རྣམ་གྲོལ་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག ༈ ཀྱེ་ཧོ། སྙིང་དམར་པོ་འདྲ་བའི་གཞོན་ནུ་ཁྱེད། །དུས་ད་ལྟ་ལང་ཚོའི་མེ་ཏོག་རྒྱས། །སེམས་སྣང་བ་མཐོན་པོ་ལྟར་ཡོད་ཀྱང༌། །དགྲ་འཆི་བདག་བདུད་ཀྱི་ཞགས་པ་དེས། །རང་དབང་མེད་བར་དོར་འཁྲིད་པའི་ཚེ། །ཟུག་ཆེན་པོས་ལུས་སེམས་སོ་སོར་གྱེས། །མདངས་མཛེས་པ་སད་ཁྱེར་ལོ་འདབ་འདྲ། །ལུས་རོ་རུ་གྱུར་ནས་དྲི་མ་ཁ། །སེམས་གཅིག་པུར་བར་དོར་འགྲིམ་པའི་དུས། །ཁ་ཧ་སྒྲ་དང་བཅས་དབུགས་ཀྱང་ངར། །མགོའི་པགས་པ་དཔྲལ་བར་སྐྱ་སྐེམ་སྡུད། །མིག་རིག་རིག་ལྟ་ཞིང་ཉེ་དུ་ངུ༌། །རང་གཅིག་པུའི་སེམས་ཀྱིས་ཉམས་མྱོང་ལ། །ཕྱི་རིག་པ་འབྱུང་ལྔའི་ཐིམ་རིམ་ཤར། །ངོ་ཤེས་ན་རིགས་ཀྱི་ཡུམ་ལྔ་ཡིན། །དེ་གུ་རུ་པདྨའི་གཟུངས་མ་ལྔ། །མ་མཁའ་འགྲོའི་བུ་གཅིག་བསུ་བ་ཡིན། །ཞིང་པདྨ་འོད་དུ་ཁྲིད་པར་སྨོན། །ནང་ཕྲ་བའི་སྣང་མཆེད་ཐོབ་གསུམ་ཉམས། །སེམས་སྣང་བ་ཐིམ་པའི་དཀར་ལམ་འདི། །སྐྱབས་སྤྲུལ་སྐུ་པདྨ་འབྱུང་གནས་ཡིན། །ཡང་མཆེད་པ་ཉེར་ཐོབ་ཐིམ་པའི་ཉམས། །ཉམས་དམར་ལམ་བླ་མ་ལོངས་སྤྱོད་རྫོགས། །ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན། །དེ་ཉེར་ཐོབ་འོད་གསལ་ལ་ཐིམ་ཚེ། །སྲོད་མུན་པ་ལྟར་གནག་ཆོས་ཀྱི་སྐུ། །གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཡིན། །ངོ་མ་ཤེས་དུག་གསུམ་རྣམ་རྟོག་ལགས། །སླར་གཞི་དབྱིངས་སྐུ་གསུམ་དབྱེར་མེད་པ། །མ་ལྟ་བུའི་འོད་གསལ་ཤར་བ་ན། །གསོན་དུས་སུ་གོམས་པའི་བུའི་འོད་གསལ། །དེ་དབྱེར་མེད་གཅིག་གྲོགས་གཅིག་བྱས་ནས། །དཔལ་གདོད་མའི་གཞི་ལ་གྲོལ་ཐུབ་པའི། །གནད་གསེང་ལམ་ཁྱད་འཕགས་དེར་ཡོད་ཀྱང༌། །དུས་ད་ལྟ་བེམ་རིག་མ་བྲལ་གོང༌། །གནད་རིག་སྟོང་ལྟ་བའི་གདེང་གཅེས་པའི། །དོན་མེད་པའི་རྩེད་མོར་མ་ཡེངས་པར། །རང་རིག་པ་ཆོས་སྐུར་གདེང་ཐོབ་མཛོད། །སེམས་རིག་སྟོང་གཉུག་མའི་ཡེ་ཤེས་འདི། །དུས་ད་ལྟ་ཡོད་ཀྱང་ད་ལྟ་མེད། །དྲན་ཤེས་བཞིན་རྒྱང་སོ་ཚུགས་ཀྱིས་དང༌། །ནང་ཏིང་འཛིན་ཉམས་མྱོང་གོམས་འདྲིས་འོང༌། །དོན་སྐྱེ་མེད་གཤིས་ལ་གདེང་ཐོབ་ན། །གདངས་འགགས་མེད་འཁོར་འདས་ཐམས་ཅད་ཀྱང༌། །སྣང་ཙམ་ལས་དོན་ལ་མ་གྲུབ་པས། །དཔེ་བར་སྣང་འཇའ་ཚོན་ལྟར་ལགས་ཀྱང༌། །ལས་དང་པོ་ནམ་མཁའི་ལྟ་བ་དེ། །རྩལ་མ་རྫོགས་ནུས་པ་མངོན་གྱུར་མེད། །རྩལ་སྣ་ཚོགས་སྣང་བ་ཨ་འཐས་སུ། །ཞེན་ཆེ་བས་མེད་ལ་ཡོད་པར་བཟུང༌། །དེའི་དབང་གི་སྣང་བས་རིག་པ་སྒྲིམས། །མཚང་ཆེན་པོའི་ནོངས་པ་ངོ་ཤེས་པས། །གཞི་ཆོས་ཉིད་དོན་ལ་གདེང་ཐོབ་མཛོད། །ལས་འཁྲུལ་པ་སྦུབས་ནས་བཤིགས་ཐུབ་ན། །དབྱིངས་ཆོས་ཉིད་ནམ་མཁའ་ལྟ་བུ་དེ། །ཕྱི་འཁྲུལ་པས་སྒུལ་བསྐྱོད་མི་ཐུབ་པས། །མི་རྒན་པོས་བྱིས་པའི་རྩེད་མོ་ལ། །བཟང་ངན་གྱི་རྩིས་གདབ་མེད་འདྲ་འབྱུང༌། །གདེང་ཐོབ་ན་ཡུལ་རྐྱེན་བཟང་དང་ངན། །རེ་དོགས་མེད་གུ་ཡངས་བློ་བདེར་འགྱུར། །ནང་དུག་ལྔའི་རྟོག་པའི་འཇུར་མདུད་ཞིག །བློ་རེ་དོགས་སྤོས་རྒྱའི་རི་མོ་ཡལ། །སྟེང་ནམ་མཁའི་ངོས་སུ་མདུང་བསྐོར་བཞིན། །བློ་བདེ་བོ་བྱུང་ན་བར་དོར་གྲོལ། །དེར་རིག་ཐོག་བཙན་ས་མ་ཟིན་ན། །དབྱིངས་སྒྲོན་དྲུག་སྣང་ཆ་ཅིར་ཡང་བཀྲ། །ནང་རིག་རྩལ་གཤིས་ཐོག་མཉམ་བཞག་ན། །ཆོས་ཉིད་ཀྱི་བར་དོར་གྲོལ་ངེས་ཀྱང༌། །དུས་ད་ལྟ་ཐོད་རྒལ་རྩལ་སྣང་ལ། །གོམས་འདྲིས་པའི་ལམ་གྱི་གདེང་ལྡན་ལས། །ཡུན་རིང་པོའི་སྣང་ཆ་མི་ཤར་བས། །གྲོལ་ངེས་པའི་གདེང་ཐོབ་དཀའ་ཞེས་གསུངས། །གནད་བར་དོ་གཉིས་དེ་མ་གྲོལ་ན། །ལམ་སྲིད་པ་བར་དོ་རླུང་སེམས་ཀྱི། །ལུས་བྱ་སྤུ་རླུང་གིས་ཁྱེར་བ་འདྲ། །ལས་ངེས་མེད་བག་ཆགས་སྣང་བ་འཁྲུལ། །དགྲ་འཇིགས་སྐྲག་དུ་མས་སྐྱི་གཡའ་བུང༌། །དུས་དེ་སྐབས་བླ་མ་ལྷག་པའི་ལྷ། །ཞིང་རང་བཞིན་སྤྲུལ་སྐུ་རྗེས་དྲན་པའི། །ཡིད་དད་པས་གསོལ་བཏབ་སྨོན་ལམ་གྱིས། །སྐྱེ་ངེས་པར་རྡོ་རྗེའི་ལུང་གིས་བསྔགས། །དོན་སྐྱེ་འཆི་བར་དོ་གང་ལ་ཡང༌། །ནང་རིག་སྟོང་མྱོང་བས་མ་ཟིན་ནས། །འཇིགས་དོགས་པ་མེད་པར་གྲོལ་ངེས་པའི། །གནད་ཤེས་པས་ཉམས་ལེན་གདེང་ཐོབ་མཛོད། །སེམས་མ་བཅོས་རང་ངོ་སྐྱོང་བའི་ཚེ། །སུན་བྱུང་ན་འཆི་བའི་འཇིགས་སྐྲག་དྲན། །སྒོ་གསུམ་པོ་གཡེང་བས་ཁྱེར་ཤོར་ན། །སྡུག་འཁོར་བ་སྙིང་པོ་མེད་པར་སོམས། །ལས་མ་དག་འཁྲུལ་པར་ཨ་འཐས་ན། །ཚེ་ཐོག་མ་མེད་ནས་ད་ལྟའི་བར། །གཡེང་དྲགས་པའི་ཉེས་པ་ཡང་ཡང་སོམས། །ཐབས་དུ་མས་རང་སེམས་འདུལ་ཐུབ་ན། །ཆོས་ཀུན་གྱི་སྙིང་པོ་དེ་ག་ཡིན། །གནད་སེམས་འདུལ་བརྟུལ་ཞུགས་མ་ཤེས་ན། །ཕྱིའི་ཤོམ་ར་ཆེ་ཡང་སྟོང་པ་ལགས། །ཚུལ་དེ་སྐད་ལྷོ་འབྲུག་སྤ་གྲོའི་གནས། །བྲག་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ། །དུས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཡི། །ཚོགས་མཆོད་པ་འབུལ་སྐབས་སྤྲུལ་པའི་སྐུ། །མཚན་ངག་དབང་ཆོས་དཔལ་རྒྱ་མཚོ་ཡིས། །རྗེ་ཀུན་མཁྱེན་འཇིགས་མེད་གླིང་པ་ཡི། །གསུང་སྐུ་གསུམ་ཞིང་སྦྱོང་མཚུངས་པ་ཡི། །གླུ་བྲིས་ཞེས་བསྐུལ་བ་གནང་བ་བཞིན། །གྲོགས་མེས་པོ་རྒན་པོ་མངྒ་ལས། །གླུ་གང་དྲན་བྲིས་པ་ཁྱོད་ཀྱི་ཐུགས། །ཆོས་ཡང་དག་གནད་དུ་འབྱོར་བ་ཡིས། །བསྟན་འགྲོ་བའི་དོན་ཆེན་བསྒྲུབ་ནུས་པར། །ཕ་རྗེ་བཙུན་པདྨས་བྱིན་གྱིས་རློབས། །སརྦ་མངྒ་ལཾ། དགེའོ། ༈ །ཕ་བླ་མར་རྩེ་གཅིག་གསོལ་བ་འདེབས། །ང་བྱ་རྒྱལ་ཁྱུང་གི་གཤོག་རླབས་ཀྱིས། །ཁྱེད་བྱེའུ་ཆུང་ཉམས་ལ་མ་ཕན་ན། །ལས་དང་པོ་པ་ལ་གལ་ཆེ་བའི། །གནད་མན་ངག་སྙིང་པོ་འདི་ལྟར་ཞུ། །དགྲ་འཁོར་བའི་རྩ་བ་ངར་འཛིན་ཡིན། །ང་གར་ཡོད་ཚོལ་ན་སྟོང་པ་ཉིད། །དོན་སྟོང་ཉིད་བདག་ཏུ་ཞེན་ཆེས་པས། །སྐྱོན་འཁྲུལ་པ་ཐམས་ཅད་འདི་ལས་བྱུང༌། །ཁོ་འཁྲུལ་པ་སྐྱེ་འགག་གནས་བྲལ་དུ། །ངོ་ཤེས་པའི་ཆོས་ཉིད་ལྟ་བ་དང༌། །གཞན་ཕན་པའི་མཚམས་སྦྱོར་གཙང་མ་ཡིས། །རྒྱུ་སྙིང་རྗེ་ལྷག་བསམ་ཅི་ནུས་བསྐྱེད། །དགྲ་འཁོར་བས་ཕུང་ཕུང་བརླག་བརླག་གིས། །ནོངས་ཤེས་པས་འདི་ལས་ཐར་པའི་ཕྱིར། །ཆོས་ཡང་དག་སྒྲུབ་པའི་བསམ་སྦྱོར་གྱིས། །དུས་ཉིན་མཚན་འདའ་བའི་དད་བརྩོན་བསྐྱེད། །ཆོས་ཀུན་གྱི་རྩ་བ་རང་གི་སེམས། །སྐྱེ་འགག་དང་གནས་བྲལ་གཉུག་མའི་གཤིས། །དུས་རྒྱུན་དུ་མ་ཡེངས་རང་ངོ་ལྟོས། །བློ་བྲལ་གྱི་ཆོས་ཉིད་མཐོང་གོམ་འགྱུར། །ཁྱེད་དད་བརྩེ་ལྡན་པའི་སྙིང་གྲོགས་དང༌། །ང་རྣལ་འབྱོར་གཟུགས་བརྙན་རྒད་པོ་གཉིས། །ཚེ་སྔོན་གྱི་འབྲེལ་པ་བཙན་དྲགས་པས། །སྐྱེ་འཆི་དང་བར་དོར་འདུ་འབྲལ་མེད། །བློ་བདེ་བའི་ངང་ནས་ཐུགས་ཡིད་བསྲེས། །དཔལ་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །མངྒ་ལས་གདམས་པའོ། །དགེའོ། ༈ ནམ་མཁའ་ལྟ་བུའི་རྡོ་རྗེ་འཆང་ཆེན་དང་པཎ་གྲུབ། །ཏེ་ལོ་ནཱ་རོ་བཀའ་བབ་བཞི་བརྒྱུད་ཀྱི་བླ་མ། །གསང་སྔགས་བླ་མེད་རྒྱུད་སྡེའི་བསྐྱེད་རྫོགས་ཀྱི་སྙིང་པོའི། །འགྲོ་བ་ཐམས་ཅད་ཟུང་འཇུག་གོ་འཕང་ལ་སྦྱོར་མཛོད། །ཉི་མ་ལྟ་བུའི་དགྱེས་མཛད་སྤྲུལ་པ་ཡི་ལོ་ཙཱས། །མཁའ་འགྲོའི་གསང་མཛོད་བྱང་ཕྱོགས་གངས་ཅན་དུ་དྲངས་ནས། །ཀ་ཆེན་བཞི་སོགས་རྣལ་འབྱོར་གྲུབ་པ་ཡི་ཕྲིན་ལས། །སྙིགས་དུས་མུན་པ་སེལ་བའི་སྒྲོན་མེ་རུ་མཛོད་ཅིག །ཟླ་བ་ལྟ་བུ་དབང་ཕྱུག་མི་ལ་ཡི་རས་པས། །ཚེ་གཅིག་རྫོགས་སངས་རྒྱས་པའི་སྙན་བརྒྱུད་ཀྱི་གདམས་པ། །ལས་ངན་དམུ་རྒོད་སྙིགས་མའི་ཡིད་ཅན་གྱི་རྒྱུད་ལ། །དད་མོས་བརྩོན་འགྲུས་དུས་མཐའི་མེ་བཞིན་དུ་སྦོར་མཛོད། །བདུད་རྩིའི་སྤྲིན་ཆེན་ལྟ་བུ་སྙི་སྒོམ་པ་ཆེན་པོ། །ལས་ཅན་ས་ཐོབ་ལྔ་བརྒྱའི་འཁོར་ཚོགས་དང་བཅས་ཏེ། །བཀའ་ཕྱག་ཆུ་བོ་གཅིག་འདྲེས་སེང་གེ་ཡི་ང་རོས། །འབྲེལ་ཚད་དོན་དང་ལྡན་པའི་ངོ་མཚར་དེ་སྟོན་མཛོད། །གློག་ཕྲེང་ལྟ་བུ་བདེ་གཤེགས་ཁམས་པ་ཡི་མི་གསུམ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་སྙིང་པོ། །སྒྲུབ་བརྒྱུད་བསྟན་པའི་ཆུ་མགོ་མཁས་གྲུབ་ཀྱི་སྐྱེས་བུས། །ས་འདི་ཁྱབ་པར་མཛོད་ཅིག་ངེས་དོན་གྱི་འཕགས་མཆོག །བདུད་རྩིའི་སྦྲང་ཆར་ལྟ་བུ་ཀརྨ་པ་ཆེན་པོ། །སངས་རྒྱས་ཕྲེང་བ་རིམ་བྱོན་ངོ་མཚར་གྱི་མཛད་པས། །དུས་ངན་སྙིགས་མའི་ཚ་གདུང་བཅིལ་བ་དང་ཆབས་ཅིག །སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་དཔུང་གཉེན་དུ་བྱོན་མཛོད། །དབྱར་གྱི་དགའ་སྟོན་ལྟ་བུ་དེ་སྲས་ཀྱི་མཁས་གྲུབ། །པད་རག་ཅོད་པན་འཛིན་མཛད་རྒྱལ་བའི་སྲས་ཆེན་པོའི། །མཁས་དང་གྲུབ་པ་བཟང་པོའི་ཕྲིན་ལས་ཀྱི་མེ་ཏོག །གཅིག་ལས་གཅིག་མཚར་བྱོན་པའི་སྐལ་བཟང་དེ་རྨད་བྱུང༌། །ཨེ་མ་སྒྲུབ་བརྒྱུད་གསེར་རིའི་ཕྲེང་བ་ཡི་ལུགས་བཟང༌། །འཛིན་པའི་སྐལ་པ་བཟང་ངོ་དུས་ངན་གྱི་ཐ་མར། །ངེས་དོན་སེང་གེའི་ང་རོ་སྒྲོག་པ་ལ་དད་པས། །རྒད་པོའི་གླུ་ཆུང་འདི་ཡང་ཤུགས་འབྱུང་དུ་ཐལ་ལགས། །དེ་ཕྱིར་འདི་ཐོས་ཀུན་གྱིས་ཡིད་ཆེས་ཀྱི་དད་པས། །བཀའ་བརྒྱུད་བསྟན་པའི་ཞབས་ཏོག་དལ་མེད་དུ་བརྩོན་པའི། །གསལ་འདེབས་གྱུར་ནས་བསྟན་པ་ཇི་སྲིད་ཀྱི་བར་དུ། །བཤད་སྒྲུབ་དགའ་སྟོན་འཕེལ་བའི་རྟེན་འབྲེལ་ཞིག་ཞུའོ། ༈ འཛམ་གླིང་དག་པའི་ནམ་མཁའ་ལ། །རྩོད་མེད་ཉི་ཟླ་ལྟར་གྲགས་ཤིང༌། །གྲུབ་ཐོབ་རྒྱུ་སྐར་ལྟར་བཀྲ་བའི། །བཀའ་བརྒྱུད་རྣལ་འབྱོར་དབང་ཕྱུག་རྣམས། །བཀའ་བབ་བཞི་ཡི་མན་ངག་དང༌། །བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱིས། །སྐུ་བཞིའི་རྒྱལ་སར་དབུགས་དབྱུང་བའི། །ངོ་མཚར་གདམས་ངག་སྙིང་པོའི་བཅུད། །ཞེན་ལོག་སྒོམ་གྱི་རྐང་པ་ཡིས། །འཇིག་རྟེན་ཆོས་བརྒྱད་དགྲ་ལྟར་སྤང༌། །འཁོར་བའི་རྒྱུ་འབྲས་ངེས་འབྱུང་གྱིས། །གཡའ་གངས་བྲག་རིའི་སུལ་དུ་བཞུགས། །མོས་གུས་སྒོམ་གྱི་མགོ་བོ་ཡིན། །བླ་མ་སངས་རྒྱས་དངོས་སུ་བལྟ། །དེས་གསུང་ཚད་མར་འཛིན་པ་ཡིས། །ཆོས་དང་རང་རྒྱུད་གཅིག་ཏུ་བསྲེ། །ཡེངས་མེད་སྒོམ་གྱི་དངོས་གཞི་ཡིས། །ཐབས་ལམ་ནཱ་རོ་ཆོས་དྲུག་དང༌། །གྲོལ་ལམ་ཕྱག་རྒྱ་ཆེན་པོ་ཡིས། །སྐུ་བཞིའི་རྒྱལ་ས་ཚེ་གཅིག་ཟིན། །དེ་སྐད་སངས་རྒྱས་ཀརྨ་པས། །རྗེས་སུ་བཟུང་བའི་མུ་ཏོ་བ། །བཀྲ་ཤིས་དཔལ་འབྱོར་འབོད་པ་ཡིས། །གོང་མའི་གསུང་བཞིན་སྨྲས་པ་དགེ ༈ ཨ་ཧོ། ཁྱབ་བརྡལ་སྲིད་ཞི་ཀུན་ཁྱབ་ཆོས་སྐུ་ཡི་དབྱིངས་སུ། །འོད་གསལ་མཁྱེན་བརྩེའི་ཡོན་ཏན་ལྷུན་གྲུབ་ཀྱི་ལོངས་སྐུ། །གང་འདུལ་སྤྲུལ་པས་འགྲོ་བ་འདུལ་མཛད་ཀྱི་བླ་མ། །སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་ཏུ་མཆོད་དོ། །མ་རྟོགས་འཁོར་འདས་སྣང་བ་ཉམས་དགའ་ཡི་ལྟད་མོ། །རྟོགས་ན་ཆོས་ཉིད་ཐིག་ལེ་ཉག་གཅིག་གི་རང་བཞིན། །རང་སེམས་གཉུག་མའི་ཆོས་ཉིད་མ་བཅོས་པར་རྟོགས་པའི། །མན་ངག་གནད་དུ་དྲིལ་བ་མདོ་སྔགས་ཀྱི་སྲོག་ཏིག །འཁོར་བ་སྡུག་བསྔལ་ཤེས་པའི་ངེས་འབྱུང་གིས་གཞི་བཟུང༌། །བླ་མ་མཆོག་གསུམ་སྐྱབས་བསྟེན་མོས་གུས་དང་བཅས་པས། །རྒྱུ་འབྲས་ཡིད་ཆེས་བསགས་སྦྱང་བརྩོན་པ་ཡི་གོ་ཆས། །དལ་རྟེན་དོན་དང་ལྡན་པའི་ཉམས་ལེན་ལ་དྲིལ་མཛོད། །ཀུན་རྫོབ་ཆོས་ཀུན་བདེན་མེད་སྒྱུ་མ་ཡི་དཔེ་བརྒྱད། །དོན་དམ་མཐའ་བརྒྱད་སྤྲོས་བྲལ་ཆོས་ཉིད་དང་རོ་གཅིག །ཆོས་དབྱིངས་ཅིར་ཡང་མ་ཡིན་ཅིར་ཡང་ནི་འཆར་བཞིན། །གནས་ཚུལ་རྟོགས་པ་གཞི་ཡི་དབུ་མ་ཉིད་གཏན་ཕེབས། །གནས་ལུགས་ཡེ་ཤེས་ངང་ན་ནམ་མཁའ་ལྟར་དག་ཀྱང༌། །སྣང་ཚུལ་རྟེན་འབྱུང་བསླུ་མེད་ཚོགས་གཉིས་ཀྱི་སྤྱོད་པ། །སྟོང་དང་སྙིང་རྗེ་དབྱེར་མེད་ལྟ་སྒོམ་གྱིས་ཟིན་པས། །བགྲོད་པ་ལམ་གྱི་དབུ་མ་ཟུང་འཇུག་ལ་དྲིལ་མཛོད། །ཟག་མེད་ཆོས་ཁམས་རྒྱ་མཚོ་ཆོས་ཉིད་དང་རོ་གཅིག །ཟབ་རྒྱས་སྤང་དང་རྟོགས་པ་མཐའ་ཡས་པའི་ངང་ཚུལ། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་འཆར་བ། །མཐར་ཐུག་འབྲས་བུའི་དབུ་མའི་གྲོལ་ས་ལ་ཕེབས་ཤོག །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་ཡི་ཡེ་ཤེས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུ་ཡི་འོད་ཟེར། །འོད་གསལ་གཉུག་མ་གཤིས་ཀྱི་བཞུགས་ཚུལ་དང་མཇལ་བ། །གནས་ལུགས་གཞི་ཡི་ཕྱག་ཆེན་ལྟ་བ་ཡིས་གཏན་ཕེབས། །འགྱུ་འཕྲོ་རང་སར་མི་གཡོ་ཞི་གནས་ཀྱི་ཏིང་འཛིན། །ལྷག་མཐོང་འོད་གསལ་ཡེ་ཤེས་ཟུང་འཇུག་གི་སྒོམ་པ། །གཟུང་འཛིན་འཁྲུལ་པ་བཤིག་པའི་རྣལ་འབྱོར་བཞིའི་ངང་ནས། །ལམ་མཆོག་ཡོངས་རྫོགས་ཕྱག་ཆེན་སྒོམ་པ་ལ་དྲིལ་མཛོད། །འོད་གསལ་འཁོར་འདས་ཀུན་ཁྱབ་ཡེ་ཤེས་ཀྱི་ཀློང་ན། །རྣམ་དག་བླ་མེད་སྤང་རྟོགས་བཞུགས་ཚུལ་དང་མཇལ་བའི། །ཡོན་ཏན་ལྷུན་གྱིས་གྲུབ་པའི་རང་བཞིན་ལ་སྤྱོད་པས། །འབྲས་བུ་རྨད་བྱུང་ཕྱག་རྒྱ་ཆེན་པོ་ལ་སྦྱོར་མཛོད། །ངོ་བོ་ཀ་ནས་དག་པའི་སྟོང་ཉིད་ཀྱི་གཤིས་སུ། །རང་བཞིན་ལྷུན་གྱིས་གྲུབ་པ་འོད་གསལ་དང་མཉམ་ཉིད། །ཟུང་འཇུག་འཁོར་འདས་ཀུན་ཁྱབ་གཞི་གྲོལ་གྱི་བཞུགས་ཚུལ། །གཟུང་འཛིན་འཁྲུལ་པ་བྲལ་བའི་ཡེ་ཤེས་ཀྱི་ངོ་སྤྲོད། །མ་བཅོས་ཅོག་བཞག་རྣམ་བཞིའི་ཡེ་ཤེས་ཀྱི་གསང་མཛོད། །སྒོ་ཡུལ་རླུང་དང་རིག་པའི་གསང་ལམ་གྱི་གནད་ཀྱིས། །སྣང་བཞི་ཕ་མཐར་སོན་པའི་ས་ལམ་ཀུན་གཞིར་རྫོགས། །ཟག་པ་རང་ཟད་དབྱིངས་སུ་རང་གྲོལ་ལ་ཕེབས་ཤོག །ཀུན་འབྱུང་འཁྲུལ་པ་ལུགས་ལྡོག་ནང་དབྱིངས་སུ་ཟད་པས། །ཟབ་གསལ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་སེམས་ནས། །ཡེ་གྲོལ་ཁྱད་པར་དྲུག་ལྡན་རྫོགས་ཆེན་གྱི་ཁྱད་ཆོས། །མཐོང་བའི་ཆོས་ལ་མངོན་པའི་རྟེན་འབྲེལ་ཞིག་ཞུའོ། །དེ་སྐད་ཟབ་མོའི་མཐར་ཐུག་རྡོ་རྗེ་ཡི་ཐོལ་གླུ། །རིག་འཛིན་གྲུབ་པའི་གསུང་གི་རྗེས་འབྲང་དུ་བླངས་པས། །ཁྱེད་ཐུགས་དགྱེས་པར་གྱུར་ནས་མཁའ་ཁྱབ་ཀྱི་འགྲོ་བ། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་བསླབ་གྲོལ་ཡོན་ཏན་དཔལ་གྱིས་འབྱོར་བའི་བླ་མ་ཀརྨ་འཇམ་དབྱངས་བློ་གྲོས་ནས་གསུང་བསྐུལ་ངོར་མདོ་སྨད་ཀྱི་སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པས་འགྲོ་ཀུན་འོད་གསལ་གདོད་མའི་དབྱིངས་སུ་གྲོལ་བའི་རྒྱུར་གྱུར་ཅིག ༈ སྔོན་དུས་གྲུབ་ཆེན་སངས་རྒྱས་མཉན་པ་ཞེས། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མཁའ་དང་མཉམ། །དེང་དུས་མཉན་པ་སྤྲུལ་པའི་སྐུ་མཆོག་ཉིད། །ཐ་སྙད་ཚིག་ལ་མགོ་བོ་རྟག་པར་འཁོར། །ཆོ་ག་དབྱངས་དང་རོལ་མོ་གཙོ་བོར་བྱེད། །ཕྱག་རྒྱ་ཆེན་པོ་གར་ཡོད་མི་མཁྱེན་པར། །བདག་ནི་བསམ་བློ་གཏོང་བཞིན་གད་མོ་ཤོར། །ཧ་ཅང་ཀུ་རེ་ལགས་ཏེ་སྒོམ་པའི་སྔོན། །ཐོས་པ་དམན་ན་ལག་རྡུམ་བྲག་འཛེགས་འདྲ། །ཕྱག་ཆེན་སྒོམ་པས་དུད་འགྲོར་སྐྱེས་ཞེས་ཐོས། །ཐོས་བསམ་སྒོམ་གསུམ་སྤེལ་མར་བྱེད་པ་ནི། །ལྷོ་བྲག་མར་པའི་རྣམ་ཐར་ཡིན་ཞེས་ཐོས། །ཁྱེད་རྣམས་ན་ཚོད་གཞོན་པའི་གནས་སྐབས་ན། །ཐོས་བསམ་གཙོ་བོར་མཛད་པ་མཁས་པའི་ལུགས། །སྐུ་ན་བགྲེས་ནས་སྒོམ་པ་གཙོར་སྟོན་པའི། །ཐོས་དོན་རྒྱུད་ལ་འཇུག་པ་གྲུབ་པའི་སྲོལ། །ཀུན་གྱི་གྲོགས་སུ་ཚུལ་ཁྲིམས་རིན་པོ་ཆེ། །མིག་གི་འབྲས་བུ་བཞིན་དུ་མ་བསྲུངས་ན། །རྒྱལ་ཚབ་བྱམས་པའི་སྤྲུལ་པར་ཡོངས་གྲགས་པས། །མཚན་གྱི་སྙན་པ་དེ་ཡང་སྟོང་སྒྲ་ཡིན། །སྐུ་ཕྲེང་སྔ་མའི་གཅུང་དུ་སྐྱེས་པའི་ཕྱིར། །མི་ཤེས་མུ་ཅོར་སྨྲ་བའི་མི་རྒན་དེས། །ཀུ་རེ་དོན་དམ་ཚུལ་དུ་ཞུས་པ་ནི། །གནས་ཚུལ་ཡང་ཡང་གཏོང་ཞེས་གསུང་པའི་ཕྱིར། །ཅི་དྲན་མེད་པར་གང་དྲན་ཐད་ཀར་ཞུས། །ཁོ་བོ་མཁས་གྲུབ་ཆེན་པོ་མ་ཡིན་ཏེ། །ན་ཚོད་མཐོ་བས་མ་མཐོང་བྱ་བ་མེད། །བསྟོད་སྨད་གཉིས་ཀ་མ་ཐོས་མེད་པའི་ཕྱིར། །འབྲས་དཀར་ཁ་བཞིན་ཅི་ཐོན་གང་ཐོན་ཞུས། །གསན་འོས་འདུག་ན་ཐུགས་ལ་བཞག་པར་ཞུ། །ཐུགས་ལ་ཕོག་ན་སྙིང་ནས་བཟོད་པར་གསོལ། །རྡོ་རྗེ་བེར་ཅན་བདག་ལ་བསྐུལ་མ་འོང༌། །ཀུན་དགའ་གཞོན་ནུ་ཁོ་བོའི་གྲོགས་སུ་གཏོང༌། །བམ་རོ་ཕོ་མོ་གཉིད་ལས་དཀྲོགས་སམ་སྙམ། །དེ་སྐད་འབྲེལ་བ་མེད་པའི་གཏམ་ངན་འདི། །ཆུ་ཁམས་འཁོར་ལོའི་སྣ་ཡི་དགུང་གསར་གྱི། །ཀ་ཏྲི་ལགས་པས་བཞད་མོ་གནང་པར་ཞུ། །རིང་མིན་དགྱེས་མཇལ་སྐུ་ཚེ་ཞབས་པད་བརྟན། །སངས་རྒྱས་བསྟན་ལ་བྱ་བ་མཛད་པར་ཤོག །དེ་སྐད་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ། །བཀྲ་ཤིས་ལྗོངས་ཀྱི་རི་བོའི་མགུལ་པ་ནས། །ཟ་ཉལ་སྤྲད་ཅིང་ཉི་མས་དྲོ་བ་ཡི། །ངང་ནས་ཕུལ་བས་དག་ལེགས་དཔལ་རྒྱས་ཤོག ༈ ཀྱཻ་ཧོ། སྲིད་ཞིའི་དགེ་ལེགས་འབྱུང་གནས་དཀོན་མཆོག་གསུམ། ངེས་པའི་དོན་དུ་རང་སེམས་བདེ་གཤེགས་སྙིང༌། །ཡིད་ཆེས་དད་པས་རྩེ་གཅིག་དྲན་བྱས་ན། །མདོ་རྒྱུད་མན་ངག་སྙིང་པོ་འདུས་ཞེས་གསུངས། །སྐྱིད་ན་བླ་མ་དཀོན་མཆོག་ཐུགས་རྗེའི་མཐུར། །ཤེས་པས་དད་མོས་དྲག་པོའི་དེ་ལ་ཕུལ། །ཞེན་མེད་སྒྱུ་མ་ལྟ་བུའི་མཆོད་སྦྱིན་དང༌། །ཁེངས་སེམས་མེད་པར་ལམ་དུ་ཁྱེར་བ་གནད། །སྡུག་བསྔལ་བྱུང་ན་སེམས་ཁུན་མ་མཛད་པར། །སྔོན་བསགས་ལས་ངན་སྦྱངས་བའི་ཕྱག་ཆར་སོམས། །སྡུག་བསྔལ་ཅན་ལ་སྙིང་རྗེའི་དེ་དག་གིས། །སྡུག་བསྔལ་རྒྱུ་འབྲས་སེལ་བའི་འགྲོ་དོན་མཛོད། །མདོར་ན་འཁོར་འདས་སེམས་ཀྱི་ཆོ་འཕྲུལ་ཏེ། །སེམས་ཉིད་ཀ་དག་ཀུན་བཟང་ཆོས་སྐུའི་ཀློང༌། །མཉམ་རྗེས་གཉིས་མེད་ཐིག་ལེ་ཉག་གཅིག་ཏུ། །ལ་ཟླ་གནད་བརྒྱ་གཅིག་འདུས་གོ་བཞིན་ཕུལ། །ཅེས་བཀའ་རྙིང་བསྟན་པའི་གསལ་བྱེད་སྤྲུལ་སྐུ་ཆོས་ཀྱི་ཉི་མས་གསུང་བསྐུལ་བཞིན་རྒན་པོ་མངྒ་ལས་གང་ཤེས་ཕུལ་བས་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ས་ཟིན་པའི་རྒྱུར་གྱུར་ཅིག ༈ བླ་མ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །སྤྱིར་རྡོ་རྗེ་ཐེག་པའི་དབང་བསྐུར་མཚན་ཉིད་པ་ལ་རྒྱུ་མཚན་དུ་མ་དགོས་པ་ཁྱེད་ནས་ཀྱང་ཤེས་པ་ལྟར་ཡིན་ཀྱང་དེང་སང་བསྟན་པ་ནུབ་ཉེའི་སྐབས་འདིར་ཞབས་ཏོག་ཏུ་དམིགས་པའི་ཆོས་འཆད་ཉན་བྱས་ན་གལ་ཆེ་སྙམ་པས། །རྩ་གསུམ་གླིང་པའི་ཆོས་སྐོར་འདི་དབང་ལུང་གི་རྒྱུན་ཆད་ལ་ཉེ་བས། །ཁྱེད་རང་རྒྱུན་ཡོད་པ་དེ་སྤེལ་ཕྱིར་གུ་རུ་རིན་པོ་ཆེ་ལ་གསོལ་བ་ཡང་ཡང་ཐོབ་ཟབ་ཆོས་འདི་འཆད་ཉན་སྒོམ་སྒྲུབ་དར་རྒྱས་འབྱུང་བའི་སྨོན་ལམ་ཡང་ཡང་ཐོབ། བསམ་པ་དེ་ལྟ་བུས་བསྟན་པ་ལ་ཞབས་ཏོག་ཞུས་པ་ལ་མཁའ་འགྲོ་ཆོས་སྐྱོང་ལ་གསང་སྒྲོག་སོགས་ཀྱི་ཉེས་པ་མི་འབྱུང་ཞིང༌། །རང་རྒྱུད་གྲོལ་ཞིང་གཞན་རྒྱུད་སྨིན་པའི་གནང་བ་ཞུ་བ་དང་བྱིན་རླབས་དངོས་གྲུབ་སྩོལ་བའི་གསོལ་འདེབས། སྨོན་ལམ་ཞུས། རང་རིག་དང་གུ་རུ་གཉིས་མེད་དུ་ཤེས་པས་མ་གཡེང་བར་རིག་ཐོག་ཏུ་བཞག་ཅི་ཐུབ་དང་དགེ་བསྐུལ་དང་དུས་ཀྱི་རྒུད་པ་ཞི་ཞིང་རྒྱལ་བསྟན་དར་རྒྱས་འབྱུང་བའི་སྨོན་ལམ་གྱིས་ཞེས་རྒན་པོ་མངྒ་ལས་ཤེས་ཚོད་ཀྱི་ཞལ་གདམས་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་ལ་སྤེལ་བའོ། ༈ མི་མཇེད་ཞིང་གི་སྟོན་པ་ཤཱཀྱའི་ཏོག །སྙིགས་འགྲོའི་སྐྱབས་གཅིག་ཨོ་རྒྱན་རྡོ་རྗེ་འཆང༌། །དབྱེར་མེད་དྲིན་ཅན་བླ་མར་གུས་བཏུད་ནས། །ཇི་ལྟར་བཀའ་བསྩལ་ཚིགས་སུ་བཅད་འདི་ཕུལ། །དལ་བའི་རྟེན་ལ་བསླབ་གསུམ་རྒྱན་མཛེས་ཤིང༌། །ཁྱད་པར་རྒྱལ་གསུང་མཐར་ཐུག་རྒྱུད་ཀྱི་རྒྱལ། །འཆད་ཉན་ཐོས་བསམ་སྒོམ་བརྩོན་ངེས་གསང་ནི། །བསྟན་པའི་རྒྱན་མཆོག་མཛད་ལ་སྙིང་ནས་སྤྲོ། །ཐར་ལམ་རྩ་བ་སྲིད་ལས་ངེས་འབྱུང་དང༌། །ཚད་མའི་སྟོན་དང་བསྟན་ལ་དད་པའི་སེམས། །གཞན་ཕན་བྱམས་དང་སྙིང་རྗེའི་སེམས་བཟང་པོ། །མེད་དུ་མི་རུང་ལམ་གྱི་གནད་དུ་གོ །རྒྱུ་འབྲས་ཐེག་པའི་ལམ་གྱི་ལྟ་སྒོམ་སྤྱོད། །ཟབ་ཅིང་རྒྱ་ཆེ་ངོ་མཚར་མཐའ་ཀླས་ཀྱང༌། །བྱ་སླ་ཚེགས་ཆུང་མཐར་ཐུག་ངེས་པའི་ལམ། །ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཆེན་པོར་གྲགས། །གང་དེའི་ལམ་གནད་གཉུག་མ་རྡོ་རྗེའི་སེམས། །སངས་རྒྱས་འཕགས་པའི་མཉམ་བཞག་ཡེ་ཤེས་ཏེ། །རྒྱུད་ལ་སྐྱེ་ཕྱིར་བླ་མར་མོས་གུས་གྱིས། །རང་བབས་ལྷོད་པའི་ངང་ནས་སྐྱོང་བ་གནད། །གདོད་ནས་སེམས་ཉིད་འདུ་འབྲལ་མེད་བཞུགས་ཀྱང༌། །གསེར་དང་བྱེ་མ་འདྲེས་བཞིན་འཁྲུལ་སྣང་གིས། །ཀུན་རྟོག་དྲྭ་བར་ཆུད་ཀྱང་མེད་སྣང་ཙམ། །སྐྱེ་འགག་གཉིས་མེད་རྟོག་བཏགས་ཙམ་དུ་ཟད། །ལྷན་སྐྱེས་ཡེ་ཤེས་འདུ་འབྲལ་མེད་པའི་དོན། །ཟབ་ཞི་སྤྲོས་བྲལ་རྒྱལ་བ་དགྱེས་པའི་ལམ། །ཡིད་དཔྱོད་ཙམ་མིན་གོ་མྱོང་རྟོགས་གསུམ་གྱིས། །ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་བར་བརྩོན། །རང་བབས་གཉུག་མའི་རང་ངོ་ཤེས་ཙམ་གྱིས། །དྲན་པ་བསྐྱངས་ནས་ཡིད་ཆེས་ངེས་པའི་གདིང༌། །རྙེད་ཚེ་མི་བསྒོམ་སྒོམ་པ་ཆེན་པོ་ཡིས། །མ་བཅོས་གནས་ལུགས་ངོས་བཟུང་བྲལ་བར་སྐྱོངས། །བསྐྱེད་རྫོགས་གདམས་པའི་རྣམ་བཞག་ཆེས་མང་ཡང༌། །གནད་བརྒྱ་གཅིག་འདུས་ཆེས་ཆེར་བསྔགས་པའི་ལམ། །བོགས་འབྱིན་བླ་མའི་རྣལ་འབྱོར་ཉམས་ལེན་པ། །མཐའ་དག་ཆོས་ཀྱི་སྙིང་པོར་བསྔགས་བཞིན་མཛོད། །བླ་མ་སངས་རྒྱས་འདི་ཕྱིའི་བློ་གཏད་བཅོལ། །གཞི་གནས་ཡེ་ཤེས་བླ་མ་སྐུ་གསུམ་ཞལ། །དྲན་ཤེས་གནད་བརྒྱས་ཡང་ཡང་སྒོམ་མཛོད་དང༌། །སྐྱེ་འཆི་བར་དོའི་ལམ་ཁྱེར་ཚང་ཞེས་གསུངས། །རང་རྒྱུད་རྟོགས་པའི་དྲི་ཡང་མི་བྲོ་མོད། །སྙིང་ནས་མཛའ་བའི་དགེ་བའི་བཤེས་མཆོག་གིས། །བཀའ་ཡིས་བསྐུལ་བཞིན་གོང་མའི་གསུང་བཟང་ནི། །སྙིང་པོ་གོ་ཚོད་གདམས་པའི་ཚུལ་དུ་ཞུས། །ཚེ་རབས་ཀུན་ཏུ་ཡང་དག་ལམ་བཟང་གི །ཡོན་ཏན་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ནས། །བསྟན་འགྲོའི་དཔལ་འབྱོར་རྒྱས་དང་འགྲོ་བ་ཀུན། །ཕྱམ་གཅིག་གདོད་མའི་གཞི་ཀློང་གྲོལ་གྱུར་ཅིག །ཅེས་པའང་སྔ་འགྱུར་བསྟན་པའི་མཛེས་རྒྱན་དགེ་མང་མཁན་པོ་ཕྲིན་ལས་དབང་རྒྱལ་ནས་རྟེན་བཅས་གསུང་བསྐུལ་བཞིན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་ནས་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ། ༈ རྨད་བྱུང་དམ་པའི་ངང་ཚུལ་རྒྱུ་སྐར་གྱིས། །ཐུགས་མཁར་མཛེས་པས་སྙིགས་མའི་སྨག་དུས་ཀྱང༌། །ཀུན་ཕན་བདུད་རྩིའི་ཟིལ་འཇོ་སྙིང་གི་གྲོགས། །ཕན་བདེའི་ཕྲིན་ལས་ཀུན་ཏུ་ཁྱབ་དེའི་དྲུང༌། །རིང་པོའི་གནས་ཀྱིས་བསྐལ་ཡང་བརྩེ་བའི་སེམས། །མཚོ་ལ་ཟླ་བ་བཞིན་དུ་མཛའ་བ་དེའི། །ཁྱེད་དང་བསྐྱེད་མའི་མངོན་རྟོགས་རེ་ཁཱ་རྣམས། །ཡིད་ཀྱི་མེ་ལོང་ངོགས་ན་ཡང་ཡང་གསལ། །བདག་རྒྱུད་འཕགས་པའི་ནོར་གྱིས་ཕོངས་ན་ཡང༌། །རྣམ་འདྲེན་མཁས་གྲུབ་རྒྱ་མཚོའི་བཀའ་དྲིན་དབྱིག །དད་པས་ཚངས་པའི་རྒྱན་དུ་བཀོད་པ་དེའི། །འདུ་འཛིའི་བླུན་དད་མང་པོས་བཀུར་བས་བྲེལ། །རྒྱལ་བསྟན་ལུང་རྟོགས་ཤིན་ཏུ་རྒུད་པ་ལ། །ཞབས་ཏོག་རློམས་པའི་ཆོས་རྔ་བརྡུང་ཟོལ་ཡང༌། །རང་གཞན་ཆོས་མཐུན་བསམ་སྦྱོར་ཉག་ཕྲ་བས། །ལྷ་དང་མཁའ་འགྲོས་གཟིགས་ན་ཁྲེལ་སྙམ་ནོངས། །སྙིང་པོ་སྔོན་ལས་ངན་པའི་འཕེན་པ་དང༌། །མཁས་གྲུབ་སྐྱེས་ཆེན་ཤིན་ཏུ་ཉུང་བ་དེས། །ཀུན་ལ་དབུ་བསྐོར་ཆོས་ཀྱིས་བྱེད་བཞིན་དུ། །རྒན་ལུས་ཤ་བརྒྱགས་ཤེད་མེད་འདར་ངང་ལགས། །དག་སྣང་སྤྱན་རས་ཡངས་པའི་གཟིགས་པ་དེའི། །རང་གི་ངང་ཚུལ་འཆལ་གཏམ་བཀའ་འབུམ་རྣམས། །ཕྲ་མོ་ཙམ་ཡང་མ་ཉམས་བསགས་ཕེབས་པ། །དགོས་འབྲས་ཆུང་ཡང་བཀའ་བཞིན་ངེས་སྒྲུབ་ཞུ། །དགྱེས་པའི་ཞལ་བཟང་དགའ་སྤྲོའི་འཛུམ་མདངས་ཅན། །འདྲེན་བྱེད་ཚལ་དུ་རིངས་པར་འཕོ་བ་དང༌། །སྐུ་ཚེ་མཛད་པ་དཔྱིད་སོས་དགའ་སྟོན་བཞིན། །ཡང་ཡང་དར་བས་དོན་གཉིས་མྱུར་འགྲུབ་ཤོག །དེ་སྐད་ཀ་ཐ་མན་གྲུའི་ཡུལ་གྱི་དབུས། །ཆོས་སྐུའི་མཆོད་སྡོང་ཆེན་པོར་འདབས་འབྲེལ་བའི། །ཞེ་ཆེན་གཉིས་པར་གྲགས་པའི་ལྡུམ་ཁང་ནས། །ཅོལ་ཆུང་རྒན་པོའི་བཅོས་གཏམ་གུས་པས་ཕུལ། །ཆོས་དོན་རྟགས་ཀྱི་བདུད་རྩི་མི་ཤེས་ཀྱང༌། །ཡབ་མེས་མཁས་གྲུབ་རྒྱ་མཚོའི་བྱིན་རླབས་ཕབ། །སེལ་མེད་ལྔ་བཅུ་ལྷག་བཏབ་འདུས་པ་མདོའི། །སྒྲུབ་པའི་མྱོང་གྲོལ་ཆོས་སྨན་སྐྱེས་སུ་ཕུལ། ༈ བླ་མ་ཨོ་རྒྱན་དབྱེར་མེད་གསོལ་བ་བཏབ་ན། །བྱིན་རླབས་དངོས་གྲུབ་ཆར་བཞིན་འབྱུང་བར་ངེས་སོ། །འཁོར་བ་སྡུག་བསྔལ་ཤེས་པའི་ངེས་འབྱུང་སྐྱེས་ན། །ཐར་ལམ་ཕན་ཡོན་སྤྲོ་བས་སྒྲུབ་འདོད་འབྱུང་ངེས། །ལམ་གྱི་དང་པོ་རྒྱུ་འབྲས་ཡིད་ཆེས་བསྐྱེད་ན། །རྣམ་གྲོལ་སྒྲུབ་པའི་རྨང་རྡོ་ལེགས་པར་ཚུགས་ངེས། །གཞན་ཕན་སེམས་ཀྱིས་རྩིས་ཟིན་དགེ་རྩ་གང་བྱས། །བྱང་ཆུབ་སེམས་དཔའི་ལམ་གྱི་སྙིང་པོར་འགྱུར་ངེས། །དཀོན་མཆོག་ཡིད་ཆེས་དད་མོས་རི་ལྟར་བརྟན་ན། །ནང་པ་སངས་རྒྱས་ཆོས་ཀྱི་རྩ་བ་ངེས་ལགས། །དགེ་རྩ་བསགས་སྦྱངས་སྙིང་པོ་གནད་དུ་དྲིལ་བས། །དལ་འབྱོར་མི་ལུས་དོན་མེད་མ་ཤོར་མཛོད་ཅིག །དབེན་པའི་གནས་སུ་དྲན་དང་ཤེས་བཞིན་ལྡན་པས། །རང་སེམས་ལྐོག་འདུལ་ཆོས་ཀྱི་རྩ་བ་ལགས་སོ། །སེམས་ཀྱི་ཕུག་བཅད་མ་གྲུབ་སྟོང་པའི་ངོ་བོ། །སྟོང་པའི་རང་མདངས་གསལ་ལ་འགགས་མེད་པ། །གསལ་སྟོང་ཟུང་འཇུག་ཡེ་ནས་བཞུགས་ཏེ་ཡོད་པ། །རང་བབ་དྲན་པས་ངེས་ཤེས་བརྟན་པོ་བསྐྱེད་མཛོད། །སྣོད་བཅུད་ལྷ་དང་བླ་མར་ཤེས་པའི་དག་སྣང༌། །ཕན་ཡོན་ཚད་མེད་གསང་སྔགས་བཟླས་པའི་རྣལ་འབྱོར། །མ་ཡེངས་རང་བབ་སོ་མའི་ལམ་ཁྱེར་ལྡན་ན། །བསྐྱེད་རྫོགས་ལམ་གྱི་མན་ངག་སྙིང་པོ་ལགས་སོ། །འཇིག་རྟེན་ཚེ་འདིའི་བྱ་བཞག་རྨི་ལམ་སོ་ཚིས། །སྙིགས་མའི་སེམས་ཅན་བྱ་སྤྱོད་ཐར་ལམ་སྲོག་གཅོད། །ཡིད་ཆེས་དད་པ་བླ་མ་དཀོན་མཆོག་གསོལ་འདེབས། །ཕྱི་མའི་རྒྱགས་ཕྱེ་སྒྲུབ་ལ་སྙིང་པོར་དྲིལ་མཛོད། །མི་བརྟན་གཡོ་བ་བྱིས་པའི་བསམ་སྤྱོད་འདི་ཀོས། །སྔར་བསླུས་འཁོར་བའི་གཏིང་རྡོ་སྒྲུབ་པའི་མཚང་གཟིགས། །ད་ནི་འཁྲུལ་པ་རང་གྲོལ་སྐྱེ་འགག་གནས་བྲལ། །ཆོས་ཉིད་གཤིས་ལ་བག་ཡངས་ལྷོད་པོར་བཞུགས་མཛོད། །སྐྱབས་གནས་ཀུན་འདུས་གུ་རུ་ཡིད་བཞིན་ནོར་བུ། །འདི་ཕྱིའི་བློ་གཏད་ནམ་ཡང་བསླུ་བ་མེད་པས། །སྙིང་པོ་བཛྲ་གུ་རུའི་གསོལ་བ་འདེབས་བཞིན། །འདི་དག་ཉམས་བླངས་བདེ་ནས་བདེ་བར་འགྲོ་ངེས། །དེ་སྐད་རིང་ནས་བསྐུལ་བ་དོན་ལྡན་ཕྱིར། །བླ་མའི་མན་ངག་ཉམས་ལེན་གནད་དུ་དྲིལ་ནས། །ཚིགས་སུ་བཅད་དེ་ཕུལ་བ་ཉམས་ལེན་མཛོད་ཅིག །འདི་ཕྱིར་དགེ་བའི་སྐྱབས་སྲུང་ཡང་ཡང་ཞུའོ། །ཞེས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་མིང་གིས་ཕུལ་བ་དགེ་ལེགས་འཕེལ། ༈ ཨ་ཧོ། ཀུན་རྫོབ་ཕྱི་ཡི་བླ་མའི་གཟུགས་བརྙན་ངས། །དད་མོས་བློ་ལྡན་པདྨ་འགྱུར་མེད་ལ། །སངས་རྒྱས་དངོས་བྱོན་བླ་མ་བི་ཛ་ཡས། །ཡབ་སྲས་བརྒྱུད་པའི་གདམ་ངག་ཐོབ་བཞིན་བཤད། །དང་པོ་ངེས་འབྱུང་བླ་མས་སྲིད་ལས་སྒྲོལ། །བར་དུ་སྙིང་རྗེའི་བླ་མས་གཞན་ཕན་སྒྲུབ། །མཐར་ཐུག་གཟུགས་སྐུའི་བླ་མས་བསྐྱེད་རིམ་སྟོན། །ཁྱད་པར་བདེ་སྟོང་བླ་མས་བོགས་འབྱིན་གྱིས། །ཀུན་གྱི་སྐྱེལ་སོ་རང་རིག་བླ་མ་མཆོག །ཡིད་དཔྱོད་བློ་འདས་ཀློང་དུ་མཇལ་ལ་ལྟོས། །དང་པོའི་ལས་ཅན་ཀུན་རྫོབ་བླ་མ་ལ། །བརྟེན་ནས་ངེས་འབྱུང་སྙིང་རྗེ་དག་སྣང་བསྐྱེད། །བསགས་སྦྱང་རྟེན་ལ་བླ་མ་ལས་ལྷག་མེད། །རྟག་ཏུ་བརྩོན་པས་གནད་དུ་གང་འགྲོ་བྱ། །བརྟན་པ་ཐོབ་ནས་དོན་དམ་བླ་མ་གཅེས། །འདི་ཉིད་གཅིག་པུ་ལམ་གྱི་སྐྱེལ་སོ་ཡིན། །བདེན་གཉིས་བླ་མ་འགལ་འདུ་མ་འཛིན་པ། །ཟུང་འཇུག་ཤེས་པས་རང་ཉམས་གང་ཕན་སྤྱོད། །རང་སེམས་གདོད་ནས་བླ་མ་ཆོས་སྐུ་སྟེ། །དེ་ངོ་ཤེས་ན་བླ་མ་ཕྱི་རུ་མེད། །འཁོར་འདས་སྣང་སྲིད་བླ་མའི་རོལ་པ་ལ། །དག་པ་རབ་འབྱམས་མོས་གུས་རྒྱུན་དུ་གྱིས། །བཟང་ངན་རྐྱེན་ཀུན་བླ་མའི་ཕྲིན་ལས་ལ། །ཡིད་ཆེས་བསྐྱེད་པས་ལམ་ཁྱེར་གནད་ལ་འབད། །ཐམས་ཅད་གྲོགས་ཤར་གུ་ཡངས་བློ་བདེ་བའི། །ངང་ནས་མཉམ་རྗེས་ཡེ་ཤེས་བླ་མར་སྒོམ། །ལམ་གནད་སྙིང་པོ་གནད་དོན་ཀུན་ཚང་འདི། །གང་བཤད་ནེ་ཙོའི་མ་ཎི་ཞུས་པ་ལགས། །རང་སེམས་ཉམས་སུ་མྱོང་བ་མེད་པ་ལས། །ཚིག་དོན་གཉིས་ཀ་ནོར་འཁྲུལ་གཏན་ནས་མེད། །མི་ཆོས་མཁས་པའི་གྲགས་སྙན་མེད་ན་ཡང༌། །དོན་བརྒྱུད་རྟོགས་པ་གསེར་རིའི་ཕྲེང་བ་ཅན། །རྒྱུན་མི་འཆད་པ་ཞེ་ཆེན་པར་གྲགས་པའི། །དད་སློབ་ཐ་ཤལ་མངྒ་ལ་དེས་གདམས། །དགེ་བས་ཡེ་ཤེས་དོན་གྱི་བླ་མ་མཇལ། །འཁྲུལ་པ་གཞིར་སྟོང་ཡེ་ཤེས་ནང་ནས་ཤར། །འབྲེལ་ཚད་དོན་ལྡན་བླ་མ་སྐུ་བཞིའི་ཕུལ། །ཚེ་འདི་མངོན་སུམ་མཇལ་བའི་རྒྱུར་གྱུར་ཅིག །ཅེས་པའང་དད་བརྩོན་བློ་གྲོས་ལྡན་པ་ཀ་མ་ལ་ཨཀྵ་རས་བསྐུལ་བ་བཞིན་མངྒ་ལ་ཤྲཱི་བྷུ་ཏིས་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་ནས་བྲིས་པའོ། །དགེའོ། །མངྒ་ལཾ། ༈ བླ་མ་ལ་ཕྱག་འཚལ་ལོ། ད་ལྟ་གསོན་པོའི་སྐབས་ན་ལུས་དང་ངག་ཡིད་གསུམ་མཉམ་དུ་ཡོད་པས་ལུས་ཞེས་པ་མགོ་ལ་མིག །རྣ་བ། སྣ། ལྕེ། རྐང་ལག་ཤ་ཁྲག་འདི་ཡིན། སེམས་ཞེས་པ་མིག་གིས་གཟུགས་མཐོང་ན་འདི་ཡག་པོ་འདུག །འདི་ཡག་པོ་མི་འདུག །རྣ་བས་སྒྲ་ཐོས་ན་སྙན། མི་སྙན། སྣ་ཡིས་དྲི་ཞིམ་མི་ཞིམ། ལྕེ་ཡིས་རོ་མངར་མི་མངར། ལུས་ཀྱི་རེག་བྱ་འཇམ་མི་འཇམ་ཤེས་མཁན་དེ་སེམས་ཡིན། སེམས་ལུས་ན་ཡོད་ན་མིག་གིས་མཐོང༌། མཛེས་མི་མཛེས་དྲན། རྣ་བས་སྒྲ་ཐོས། སྣས་དྲི་ཚོར། ལྕེ་ཡིས་རོ་མྱོང༌། ལུས་ཀྱི་རེག་བྱ་འཇམ་རྩུབ་ཤེས་ཀྱི་རེད། མི་ཤི་ནས་སེམས་བར་དོར་འགྲོ་ཚར་དུས་ལུས་རོ་རུ་གྱུར་ཏེ་མིག་གིས་མི་མཐོང༌། རྣ་བས་མི་ཐོས་པ་དེ་རེད། ངག་ཀྱང་ལུས་སེམས་བྲལ་ཚར་ནས་ཡོད་མ་རེད། ལུས་ངག་གཉིས་གཡོག་ཏུ་བཀོལ་ཏེ་སེམས་ཀྱིས་འཁོར་བ་འཁྱམས་རྒྱུ་དང༌། མྱང་འདས་ཐོབ་རྒྱུ་གཉིས་ཀ་བྱེད་ཀྱི་རེད། སེམས་དེ་ལའང་སེམས་ཉིད་དང༌། སེམས་གཉིས་ཡོད་རེད། སེམས་ཉིད་དེ་རྒྱ་མཚོ་ལྟ་བུ་རེད། སེམས་ཞེས་པ་དེ་རྦ་རླབས་ལྟ་བུ་རེད། སེམས་ཉིད་དེ་སྒོམ་མ་བརྒྱབ་ན་ཤེས་ཀྱི་མ་རེད། སེམས་དེ་གཟུགས་མཐོང༌། སྒྲ་ཐོས་མཁན་དེ་རེད། སེམས་དེས་རྣམ་རྟོག་མང་པོ་དྲན་པ་ལ་འགྱུ་བ་ཟེར། རྣམ་རྟོག་མ་དྲན་ན་གནས་པ་ཟེར། རྣམ་རྟོག་དྲན་མ་དྲན་ཤེས་མཁན་དེ་རིག་པ་ཟེར། གནས་འགྱུ་གཉིས་ཀ་གང་ཡིན་རིག་པས་བལྟས་ན་གཟུགས་དབྱིབས་ཁ་དོག་གང་ཡང་ཡོད་མ་རེད་པས་སྟོང་པ་རེད། ཐམས་ཅད་ཤེས་སྡོད་མཁན་དེ་གསལ་བ་རེད། གསལ་སྟོང་གཉིས་སོ་སོ་མེད་པས་གསལ་བཞིན་དུ་སྟོང༌། སྟོང་བཞིན་དུ་གསལ་བ་རེད། དང་པོ་ཡི་གེ་ལ་བརྟེན་ནས་གནས་འགྱུ་རིག་གསུམ་དང༌། གསལ་སྟོང་དབྱེར་མེད་གོམས། གོམས་པ་དེ་རང་གི་སེམས་ཀྱིས་ཉམས་སུ་མྱོང་དགོས་རེད། ཉམས་མྱོང་དེ་སྐྱེས་ན་གོ་བ་དེ་རྒྱ་ཆུང་ངུ་རེད་འགྲོ་རེད། ཉམས་མྱོང་དེ་དེ་ལ་གོམས་བཞིན་རྒྱ་ཇེ་ཆེ་རེད་འོང་རེད། ལས་དང་པོ་པའི་དུས་སུ་གནས་འགྱུ་རིག་གསུམ་གྱི་གནས་པ་ལ་དགའ། འགྱུ་བ་སྒོམ་གྱི་སྐྱོན་དུ་མཐོང་འོང་ཡང༌། འགྱུ་བ་རྣམ་རྟོག་མགོ་ཡན་དུ་མ་བཏང་ན་སྐྱོན་མ་རེད། རྣམ་རྟོག་གཅིག་རྗེས་གཉིས་མཐུད་དུ་ཤོར་ན་མགོ་ཡན་རེད། རྣམ་རྟོག་དང་པོ་དེ་ངོས་ཟིན་ནས་རྣམ་རྟོག་དེ་ཡལ་འགྲོ་བས་འཁྲུལ་པ་མ་རེད། གནས་འགྱུ་རིག་གསུམ་གཅིག་ཏུ་འདྲེས་ཏེ་གསལ་སྟོང་ངོ་ཤེས་ན་སེམས་ཀྱི་ངོ་བོ་དེ་མཐོང་གི་རེད། སེམས་ཀྱི་ངོ་བོ་མཐོང་དུས་སེམས་སྟོང་གསལ་དངོས་རེད། གནས་འགྱུ་རིག་གསུམ་སྟོང་གསལ་དང༌། སེམས་ཀྱི་ངོ་བོ་སྟོང་གསལ་དེ་རྒྱ་ཆེ་ཆུང་དང༌། འཛིན་པ་ཡོད་མེད་ཀྱི་ཁྱད་ཡོད་རེད། སེམས་ཀྱི་ངོ་བོ་ལ་གནས་འགྱུ་རིག་གསུམ་ཕྱི་ཤུན་ལྟ་བུ་རེད། ཤུན་པ་དེ་མེད་སོང་ན་འབྲས་ཤུན་པ་མེད་པ་ལྟ་བུ་རེད། གནས་འགྱུ་གཉིས་མེད་གསལ་སྟོང་ཟུང་འཇུག་དེ་ཉམས་སུ་མྱོང་ན་ཕྱག་ཆེན་པས་རྩེ་གཅིག །རྫོགས་ཆེན་པས་སེམས་རིག་ཤན་འབྱེད་གསུང་སྙམ་ཞུ། གོ་བདེའི་ཚུལ་དུ་ཕུལ་བས་དགོངས་བརྒྱུད་ཡེ་ཤེས་ཀྱི་བྱིན་རླབས་ཐུགས་ལ་འཕོ་བར་ཤོག་ཅིག །ནང་ལུགས་ཅི་དྲན་ཞུས་པ་ལགས། ༈ རྗེ་མཚན་ལྡན་བླ་མ་རྡོ་རྗེ་འཆང༌། །ཡིད་དྲན་པས་གདུང་སེལ་རིན་པོ་ཆེ། །སྙིང་དད་པའི་སྣང་ངོར་ལྷམ་མེར་བཞུགས། །ངག་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས། །ཁྱེད་བློ་གྲོས་མཐའ་ཡས་ཚུར་གསོན་དང༌། །ཕྱི་ཆོས་སྒོར་འདྲེན་པའི་བླ་མ་དེས། །ཆོས་གདམས་ངག་བསྟན་པར་ཐོས་བསམ་བྱས། །ལམ་ཐར་པའི་འཇུག་སྒོ་ཤེས་ཟིན་པས། །རྗེ་དེ་ཡི་བཀའ་དྲིན་དྲན་པའི་ངག །དབྱངས་གསོལ་བ་འདེབས་པས་བསྐུལ་བྱས་ན། །རྒྱུད་ཆོས་དང་འདྲེས་པའི་བྱིན་རླབས་འགྱུར། །ལས་བརྩོན་འགྲུས་དྲག་པོ་ལྷོད་མེད་མཛོད། །སྒོ་གསུམ་པོ་དགེ་ལ་ཡང་ཡང་བསྐུལ། །སེམས་སྲིད་ལས་ངེས་པར་འབྱུང་བ་དང༌། །ལས་རྒྱུ་འབྲས་ཡིད་ཆེས་དྲན་ཤེས་བསྟེན། །ཚེ་མི་རྟག་བསམ་པས་བསྐུལ་མ་ཐོབ། །གཞན་ཕན་འདོད་ལྷག་བསམ་དམ་བཅའ་ཟུངས། །ཁྱད་པར་དུ་རང་སེམས་གཉུག་མའི་གཤིས། །བབ་མ་བཅོས་ལྷུག་པའི་རང་ངོ་སྐྱོང༌། །དོན་ཡེངས་མེད་ངང་གིས་སྒོམ་ཤེས་ན། །གནད་གཉུག་མའི་དེ་ཉིད་མཐོང་སྟེ་འོང༌། །དེ་དོན་དམ་ནང་གི་བླ་མ་ཡིན། །དུས་རྟག་ཏུ་འབྲལ་མེད་ངང་ལ་བཞུགས། །དཔལ་སངས་རྒྱས་ཆོས་སྐུའི་ངོ་བོ་ཉིད། །དགྲ་སྐྱེ་འཆི་བར་དོའི་འཇིགས་པ་སྐྱོབ། །གནད་དེ་དག་ཨུ་རྒྱན་སྤྲུལ་སྐུར་དྲིས། །ཉམས་ཕན་པའི་གདམས་ངག་ཚང་སྟེ་ཡོད། །དུས་དེང་སང་རྒྱལ་ཁབ་ཕན་ཚུན་དུ། །འགྲོ་བསམ་ཀྱང་ལམ་གྱི་དཀའ་ངལ་ཡོད། །ནོར་པེ་ཤག་མེད་ན་སླེབ་མི་ནུས། །བློ་ཙབ་ཙུབ་སྤྲོས་པ་མ་མང་མཛོད། །ད་ན་ཚོད་ཐལ་བའི་མི་རྒན་ཀྱང༌། །ཁོ་འཆི་བདག་མུན་པས་མ་གཏུག་ན། །གནས་དེ་རུ་འོང་འདོད་རེ་བ་ཡོད། །ཞལ་མངོན་སུམ་མཇལ་བའི་དུས་སྐབས་མཆིས། །ང་དངོས་སུ་ཕྲད་ཀྱང་དེ་ལས་ལྷག །གྲོགས་ཁྱེད་ལ་ཞུ་བྱ་ཅང་མ་མཆིས། །ཚུལ་དེ་སྐད་ཁ་བཞི་ལྷོ་ཡི་ལྗོངས། །གནས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་གཤམ། །ཁྱིམ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་ནས། །མིང་བཀྲ་ཤིས་དཔལ་འབྱོར་འབོད་དེས་ཕུལ། ༈ ཀ་དག་ཁྱབ་བརྡལ་ཆེན་པོའི་ཆོས་དབྱིངས་ཀྱི་ཁྱབ་བརྡལ། །སངས་རྒྱས་སེམས་ཅན་ཞེས་པའི་གྲོལ་འཁྲུལ་གཉིས་མེད་ཀྱང༌། །ལྷུན་གྲུབ་རིག་རྩལ་དངུལ་ཆུའི་གྱ་གྱུ་བཞིན་གཡོ་བས། །མེད་པ་གསལ་སྣང་འཁྲུལ་པའི་རྫུན་ཕུག་དེ་རྡིབ་དགོས། །རྩོལ་བཅས་ལམ་གྱི་གཉེན་པོ་ཐག་རིང་གི་མགྲོན་པོ། །མ་བསྒྲུབས་ཆོས་ཀྱི་གཤིས་ལུགས་རང་ངོ་ཙམ་ཟིན་པ། །ཡེངས་མེད་དྲན་པས་སྐྱོངས་དང་རྒྱུན་རིང་གང་མི་དགོས། །དཔལ་ལྡན་བླ་མ་སྐུ་བཞིའི་ཁྱབ་བདག་ཞེས་གྲགས་པ། །རྒྱང་རིང་མ་ཚོལ་བཟོ་མེད་རྒྱ་ཡན་གྱི་ཤེས་པ། །མྱོང་བས་ཟིན་ཚེ་བྱིན་རླབས་སྤྲིན་ཕྲེང་བཞིན་འདུ་བས། །ཆོས་སྐུའི་རྒྱལ་ས་ཟིན་ལ་སོམས་ཉི་ཡང་མི་འཚལ། །དེ་སྐད་ཉམས་མྱོང་ཏིལ་གྱི་འབྲུ་ལས་ཀྱང་ཕྲ་མོད། །ཁ་ཕོ་འབྲུག་ལྟར་སྒྲོག་པ་མངྒ་ལའི་མིང་གིས། །གློག་འོད་འཕྲུལ་གྱི་སྒྲོན་མར་མ་བཅོས་པར་བྲིས་པས། །དགའ་སྤྲོ་གླུ་གར་དང་བཅས་མྱུར་མཇལ་དུ་སྨོན་ནོ། །བོད་ཟླ་༧ཚེས་༡༧ཉིན་ལྷ་བྲིས་དཀོན་མཆོག་ལ་གནང་བའོ། ༈ ཀ་བ་མེད་པའི་བྲག་ཕུག་རང་ཤོང་ནང༌། །ཁ་ཏོན་བརྩོན་ཞིང་རྩེ་གཅིག་ཏིང་འཛིན་བསྒོམ། །ག་དར་སེམས་ལ་བྱེད་པའི་རྣལ་འབྱོར་རྣམས། །ང་བདག་འཛིན་པ་ལྷོད་པས་ཞེ་རེ་སྐྱིད། །ཅ་ཅོའི་ཚིག་རྗེས་འབྲང་བའི་ཆགས་སྡང་བྲལ། །ཆ་ལུགས་ལྟོ་འགྲང་ལྷག་སྐྱོབ་ཙམ་ལ་བསྟེན། །ཇ་ཆང་མེད་ཀྱང་རྩྭ་ཆུ་ལོ་མ་ཟ། །ཉ་གང་ཟླ་བ་མཁའ་ལ་འཆར་བ་བཞིན། །ཏ་ཐཱ་ག་ཏའི་ལམ་སྲོལ་སྙིང་པོའི་བཅུད། །ཐ་དད་མི་གནས་དགོངས་པ་གཅིག་ཏུ་དྲིལ། །ད་ལྟའི་ཤེས་པ་ཐ་མལ་སངས་རྒྱས་སུ། །ན་ཚོད་དར་བའི་ལང་ཚོ་རྒྱས་བཞིན་གནས། །པ་རེ་པི་རི་རྙེད་འཚོལ་ཟ་འདོད་བྲལ། །ཕ་མཐའ་ཡས་པའི་གདམས་ངག་གནད་དུ་བརྡེག །བ་མཆོག་འཇོ་བཞིན་སེམས་ལ་ཡར་སྐྱེད་བཏོན། །མ་རབས་ཆོས་བརྒྱད་བྲལ་བའི་རྣལ་འབྱོར་སྐྱིད། །ཙཱ་གངས་ལ་སོགས་གྲུབ་པའི་གནས་མཆོག་ཏུ། །ཚ་གྲང་གཏུམ་མོ་ལ་སོགས་ཆོས་དྲུག་བསྒོམ། །ཛ་ལན་དྷ་རར་ཐོར་ཅོག་མེད་ན་ཡང༌། །ཝ་ལེར་ལྷན་སྐྱེས་ཡེ་ཤེས་སེམས་ལ་འཆར། །ཞྭ་ལྷྭམ་མཛེས་པའི་ངུར་སྨྲིག་འཛིན་བཞིན་དུ། །ཟྭ་ལྟར་རྩུབ་པའི་སྒྲིབ་པ་འཇོམས་པའི་ཕྱིར། །འ་འུར་ཙམ་མིན་སྒྲུབ་པའི་སྲོག་མཁར་ཚུགས། །ཡ་མཚན་ལྟད་མོ་སེམས་ལ་འཆར་བར་འགྱུར། །ར་བ་གངས་རིས་མཛེས་པའི་བོད་ཡུལ་གྱི། །ལ་ཀླུང་བཤད་སྒྲུབ་བྱ་བ་འཇའ་ལྟར་ཡལ། །ཤ་ཟ་ཆང་འཐུང་ཆོས་མེད་རྒྱལ་ཁམས་སུ། །ས་མཐར་འཁྱམས་པའི་མི་ལ་ཡོན་ཏན་མེད། །ཧ་ཧ་ཁྱེད་ཐུགས་གད་མོ་སློང་བའི་ཕྱིར། །ཨ་མཚར་ཚིག་འདི་མ་བཅོས་དྲང་པོར་སྨྲས། །ཨ་ལ་ལ་ཧོ་བསོད་ནམས་སྟོབས་རྒྱལ་ཁྱེད། །ཧ་ཧོ་ཐུགས་ལ་ཚིམ་པའི་རྒྱུར་གྱུར་ཅིག ༈ བླ་མ་ལ་ཕྱག་འཚལ་ལོ། ཕ་རན་སེར་ལོ་གསུམ་མཚམས་ལ་བཞུགས་མཁན་རྣམས་ལ་གསོལ་བ། ཕྱིའི་རྒྱལ་ཁབ་ན་གནས་པ་རྣམས་ཚེ་འདིའི་བདེ་སྐྱིད་ཕུན་སུམ་ཚོགས་ཀྱང་ཆོས་བྱེད་པ་དེ་ད་ལྟ་བར་མིང་མ་གྲགས་པ་རེད། ད་སྐབས་བོད་ཀྱི་བསྟན་པ་ཉམས་པའི་ཚེ་བོད་ཆོས་ལུགས་ཁག་བཞིའི་བླ་མ་ཆེ་ཕྲ་དུ་མ་རྒྱ་གར་དུ་ཕེབས། རང་རང་གི་བསྟན་པ་གསོ་སྐབས་སངས་རྒྱས་བསྟན་པའི་གནས་ཚད་མ་རྫོགས་པས་སྐྱེས་བུ་དམ་པ་དུ་མ་ཕྱི་རྒྱལ་དུ་ཕེབས་བཞུགས་གནང་བས་ཕྱི་རྒྱལ་གྱི་མི་ལ་དམ་ཆོས་བྱེད་དགོས་ཀྱི་བསམ་བློ་སྐྱེས་པ་བྱུང་བའི་བྱེ་བྲག་རང་གི་བླ་མ་བཀའ་འགྱུར་རིན་པོ་ཆེའི་སློབ་མ་ཐམས་ཅད་ཀྱིས་རང་ལ་རྩ་བའི་བླ་མར་བཟུང་ནས་མི་ཚེ་གཅིག་ཏུ་ཆོས་བྱེད་འདོད་ཀྱི་མོས་པ་དང་རྩེ་སྤྲུལ་པདྨ་དབང་རྒྱལ་རིན་པོ་ཆེ་གྱིས་མཚམས་སྦྱོར་མཛད་པ་ལ་བརྟེན་ཤང་ཏཻ་ལུབ་ལ་སྒྲུབ་གྲྭ་ཞིག་ཚུགས་པ་དེའི་དགོས་དོན་སྙིང་པོ་དེ་མཚམས་སྡོད་མཁན་ཐམས་ཅད་ཐར་པའི་ལམ་སྣ་ཟིན་ངེས་ཞིག་བྱུང་ན་བཀའ་འགྱུར་རིན་པོ་ཆེའི་དགོངས་པ་རྫོགས། རང་རང་གི་བླ་མ་བསྟེན། བཀའ་ཆོས་ཟབ་མོ་མང་པོ་ཞུས་པ་དེ་དོན་དང་ལྡན་པ་རེད་པས། དེར་བཞུགས་ཐམས་ཅད་ཀྱིས་ཉམས་ལེན་གྱི་སྙིང་པོ་དད་པ་དང༌། ངེས་འབྱུང༌། སྙིང་རྗེ། སེམས་ངོ་བལྟ་བ་བཞི་ཉམས་ལེན་གི་སྙིང་པོ་མཛོད། དད་པ་ཞེས་པ་སྤྱིར་དཀོན་མཆོག་གསུམ་སྒོས་རང་གི་བླ་མ་དང༌། ཉམས་ལེན་གྱི་ཆོས་དེ་ལ་བློ་གཏད་ལིང་གིས་སྐྱུར། ཡུན་རིང་ཉམས་ལེན་བྱེད་དུས་ངས་ཆོས་འདི་ལ་ལམ་རྟགས་གང་ཡང་མི་འདུག །བླ་མས་གདམས་ངག་ཟབ་ཤོས་དེ་མ་བསྟན་པ་མིན་ནམ། སྔོན་འགྲོ་ལས་དངོས་གཞི་ཟབ། དངོས་གཞི་ལ་བསྐྱེད་རིམ་སླ་འདི་བཞག་ནས་རྫོགས་རིམ་དགའ་ཨི་འོང༌། རྫོགས་རིམ་གཏུམ་མོ་སོགས་ལས་རྫོགས་ཆེན་ཟབ་གི་རེད། རྫོགས་ཆེན་ཞེས་པ་དེ་ཆོས་ཐོས་ནས་ཉིན་ཞག་གཉིས་གསུམ་གྱིས་སྣང་བ་མཐོ་ཏིང་ངེ་འགྲོ་བའི་རེ་བ་བྱེད། དེ་མ་བྱུང་ན་གདམས་ངག་ལ་ཐེ་ཚོམས་ཟ། བརྩོན་འགྲུས་ལྷོད། ངེས་འབྱུང་ཉམས་རྟོགས་ཕྲ་མོ་རེ་སྐྱེ་ན་དེ་ལ་ང་རྒྱལ་བྱེད། རྙིང་མའི་ཆོས་འདི་འདྲ་ས་སྐྱ་བཀའ་བརྒྱུད། དགེ་ལུགས་ཀྱི་ཆོས་གཅིག་ལ་ཡོད་པ་མ་རེད་བསམ་པའི་ལོག་ལྟ་དང༌། ང་ཉམས་རྟོགས་ཁྱད་པར་ཅན་སྐྱེས་སྙམ་པའི་རློམས་སེམས་མ་བྱེད། མི་སུ་ཡིན་ཀྱང་སེམས་འདི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པས་དེའི་དབང་དུ་མ་གཏོང༌། ལོ་བཅུ་གཉིས་ཙམ་དུ་ཉིན་མཚན་བར་མེད་བརྩོན་འགྲུས་བྱས་ཀྱང་རྨི་ལམ་བཟང་པོ་ཞིག་མ་བྱུང་ཡང་སེམས་མ་ཞུམ། ང་རང་ལས་སྒྲིབ་ཆེ་བ་མ་གཏོགས་བླ་མ་དང་ཆོས་ཀྱིས་བསླུ་མི་འོང་བསམ་པའི་བློ་གདིང་བསྐྱེད་དགོས། ཞག་གཅིག་གིས་འཁོར་འདས་ཀྱི་སྤང་བླང་ཟད་སར་ཕྱིན་ཀྱང་རློམས་སེམས་མ་བྱེད་བར་ཆད་ཀྱི་བདུད་ཞུགས་འོང་བས། རྗེ་བཙུན་མི་ལ་རས་པས། དམ་ཆོས་མཐའ་རུ་བཏོན་པའི་ཚེ། །མཐོ་དམན་མེད་པ་ན་རེ་སྐྱོངས། །གྲུབ་རྟགས་མྱུར་དུ་མ་རེ་བར། །ཉམས་ཡུན་ཤི་དང་མཉམ་པར་གྱིས། །ཞེས་གསུངས་པ་དེ་མན་ངག་ཆེན་པོ་ཡིན། ངེས་འབྱུང་ཞེས་པ་སྒྲུབ་ཁང་འདིར་བསྡད་ནས་ཚིག་བདུན་གསོལ་འདེབས་ཚར་གཅིག་བཏོན་ན། མ་ཎི་ཕྲེང་བསྐོར་གཅིག་བཏོན་པ་རང་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཐབས་ཁོ་ན་ཡིན། སྒྲུབ་ཁང་འདིར་བསྡད་ནས་ཆུ་ཚོད་སྐར་མ་གཅིག་ཀྱང་སོས་དལ་དང༌། རྩེད་མོས་འཕྲོག་བརླག་མ་གཏོང༌། ཆོས་བྱས་པ་དེ་ལ་ངོས་ལྐོག་དང༌། མིག་ལམ་དུ་མཛེས་པ་ཁོ་ན་མ་བྱེད། རང་སེམས་གྱོང་པོ་འདི་འདུལ་ཅི་ཐུབ་དགོས། རང་རྒྱུད་ལ་དད་པ། བརྩོན་འགྲུས། ངེས་འབྱུང་རྣམས་ཡར་རྒྱས་གང་ཐུབ་དགོས་པ་ཡིན། ཆོས་བྱས་པ་དེ་ཡང་རང་དོན་ཁོ་ན་མ་བསམ། མ་ཎི་ཚར་གཅིག་ཡིན་ན་ཕན་ཡོན་བསམ་གྱི་མི་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན། སྤྱིར་སེམས་ཅན་ཐམས་ཅད། སྒོས་རང་ལ་སེམས་མི་དགའ་བའི་དགྲ་བོ་ལ་སྙིང་རྗེ་ཡང་ཡང་བྱ། དང་པོ་སྙིང་རྗེ་སྐྱེ་དཀའ་ཡང་དགྲ་འདི་ལ་སྡང་སེམས་བྱས་ན་སངས་རྒྱས་མི་ཐོབ། ད་ལྟའི་དགྲ་འདི་སྐྱེ་བ་སྔ་མའི་ཕ་མ་ཡིན། དགྲ་གཉེན་ངེས་པ་མེད། དགྲ་ལ་སྡང་སེམས་དང༌། གཉེན་ལ་བྱམས་སེམས་བྱེད་པ་འདི་འཁྲུལ་སྣང་ཡིན། རྨི་ལམ་དང་འདྲ་སྙིང་པོ་མེད་བསམ་ནས་བློ་སྦྱངས་ན་དགྲ་ལ་སྡང་སེམས་མི་དགོས་པ་འགྱུར། འདི་ཤིན་ཏུ་གལ་ཆེ་འཇིག་རྟེན་ཚེ་འདིའི་ཟས་གོས་ནོར་བུད་མེད་ཐོབ་གོ་ས་སྙན་གྲགས་ཆེན་པོ་ཐོབ་དགོས་འདུག །ཐོབ་པའི་ཐབས་ཤེས་ཇི་ལྟར་བྱེད། ངས་འགྲན་ཟླ་མི་འདི་ལ་པེ་ཤག་འདི་ཙམ་འདུག །གྲོགས་པོ་འདི་ཙམ་འདུག །ང་དེ་ལས་ལྷག་པ་གཅིག་དགོས། ང་ད་སྔ་ཁང་པ་དང་ས་ཆ་འདི་ལྟ་བུར་བསྡད། ད་དེ་ལས་ལྷག་ཙམ་དགོས་སོགས་བསམ་མནོ་མང་པོ་མ་གཏོང༌། ད་ལྟ་ལས་ཀ་མང་ལ་ཕྱིས་སྡུག་བསྔལ་ཆེ་བ་ཡིན། ད་རེས་མི་ལུས་ཐོབ། བླ་མ་དང་མཇལ། ཆོས་ཐོས་པ་འདི་ལྷའི་དབང་པོ་བརྒྱ་བྱིན་དུ་སྐྱེས་པ་ལས་སྐལ་པ་བཟང་ཆོས་བརྟན་པོ་ཞིག་འགྲུབ་ན་ཚེ་རབས་ཐམས་ཅད་དུ་སྐྱིད་པོ་ཡོང༌། ལྟོ་གོས་ཐབས་མ་ཆགས་ཙམ་གྱིས་ཆོག་བསམ། མདོར་ན་འཁོར་བའི་བྱ་བ་ཐམས་ཅད་ཆེ་བཞག་ཆུང་སྐྱུར་གང་ཐུབ་གྱིས། སྒྲུབ་ཁང་འདིར་བསྡད་ཚད་སྐྱབས་འགྲོའི་སྡོམ་པ་མ་ཐོབ་པར་མ་སྡོད། ཁྱིམ་པ་ཡིན་ཡང་སྒྲུབ་ཁང་ལོ་གསུམ་སྡོད་རིང་ཕོ་མོ་མཉམ་དུ་མ་སྡོད། སྒྲུབ་ཁང་དུ་སྡོད་རིང་གོས་གཟན་ཤམ་གྱོན་དང་དགོས་པ་དང་ཕན་ཡོན་ཚད་མེད་ཡོད། སྐྱབས་སྡོམ་ཐོབ་ནས་གཟན་ཤམ་གྱོན་ཆོག་པ་སངས་རྒྱས་ཀྱིས་གསུང་ཡོད་ཞུ། སྙིང་རྗེ་ནི། སྤྱིར་རང་རེ་རྣམས་ཆོས་སྒོར་ཞུགས་ནས་ཆོས་བྱེད་པ་དེ་ཐེག་པ་ཆེན་པོ་ཡིན། ཐེག་པ་ཆེན་པོའི་ཉམས་ལེན་ནི་སྙིང་རྗེ་ཁོ་ན་ཡིན། སྙིང་རྗེ་ཡང་དག་པ་ཞིག་མེད་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་གཏན་ནས་མེད། འཁོར་བའི་སེམས་ཅན་ཐམས་ཅད་རང་དོན་གཅེས་པར་བཟུང༌། གཞན་དོན་བློས་བཏང་ནས་འཁྲུལ་པ་ཡིན། ད་རང་ལ་ཟས་གོས་ལོངས་སྤྱོད་བདེ་སྐྱིད་དཔལ་འབྱོར་ཇི་ཙམ་ཐོབ་ཀྱང་སེམས་མི་ཚིམ། གཞན་ལ་དེ་དག་ཅུང་ཟད་སྤྲད་ཀྱང་ཆེན་པོ་ཡིན་བསམ་པ་དེ་ཕར་བཞག་ནས། རང་གཅེས་པར་འཛིན་པའི་ཚབ་ཏུ་གཞན་ཚུར་ཞོག །གཞན་བློས་བཏང་བ་བཞིན་རང་གི་དོན་གཅེས་འཛིན་དེ་སྐྱུར། ལུས་ངག་ཡིད་གསུམ་གྱི་དགེ་བ་ཅི་བྱས་ཀྱང་ཐོག་མ་ཉིད་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཐབས་ཡིན་བསམ་པའི་རྣམ་རྟོག་ཞིག་ཐོག་མར་དྲན་དགོས། ཆོས་བྱེད་པ་ལ་ཀུན་སློང་གཙོ་ཆེ་བ་ཡིན། ཀུན་སློང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་བསམ་ནས་ཕྱག་གཅིག་འཚལ་བ་དང༌། ཡིག་བརྒྱ་ཚར་གཅིག་བཏོན་པའི་དགེ་བ་དེ་རང་སངས་རྒྱས་མ་ཐོབ་བར་དང༌། འཁོར་བའི་སེམས་ཅན་མ་ཟད་བར་དུ་ཟད་པ་མེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན། བསམ་མནོ་མ་བཏང་ན་ཕྱག་འབུམ་དང༌། ཡིག་བརྒྱ་འབུམ་བཏོན་ན་འབྲས་བུ་གཅིག་སྨིན་ནས་ཟད་འགྲོ། ཁོང་ཁྲོ་གཅིག་སྐྱེས་ན་དགེ་བ་འཕྲོག་བརླག་ཏུ་འགྲོ་བའི་གནད་གོ་དགོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་བསམ་ན་སེམས་ཅན་རྒྱ་ཆེ་བ་ལྟར་དགེ་བ་ཡང་རྒྱ་ཆེན་པོ་ཡོད། སེམས་ཅན་སྡུག་བསྔལ་མེད་པ་གཅིག་ཀྱང་མེད་པས་སེམས་ཅན་གྱི་སྡུག་བསྔལ་དེ་ཆེ་ཆུང་གང་ཡིན་ཀྱང་རང་ལ་བྱུང་ན་ཅི་འདྲ་འདུག་སྡུག་བསྔལ་དེ་མེད་པའི་ཐབས་གང་འདྲ་བསམ་མནོ་མི་འཆར་བའི་ཐབས་མེད་པ་བཞིན་སེམས་ཅན་གྱི་སྡུག་བསྔལ་མྱོང་བ་དྲན་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཡང་ཡང་སྐྱེ་བ་ལ་འབད། སྙིང་རྗེ་སྐྱེས་ན་གཞན་ཕན་ངང་གིས་འབྱུང་བས་བདག་ཅག་གི་སྟོན་པ་འདི་བྱང་ཆུབ་སེམས་དཔའི་སྐབས་སྙིང་རྗེ་ཤིན་ཏུ་ཆེ་བས་རང་རེའི་དོན་དུ་སྨོན་ལམ་ལྔ་བརྒྱ་བཏབ་མཛད་པ་ཡིན། རང་རེ་རྣམས་བྱང་ཆུབ་སེམས་དཔའ་དེའི་རྗེས་འཇུག་ཡིན་པས་ཉམས་ལེན་གྱི་རྩ་བ་སྙིང་རྗེ་དགོས། སྙིང་རྗེ་ལེགས་པོ་ཞིག་སྐྱེས་ན་ཕན་ཡོན་ཚད་མེད་པ་ཀུན་བཟང་བླ་མའི་ཞལ་ལུང་དང༌། སྤྱོད་འཇུག་ཏུ་རྒྱས་པ་ཡོད་པས་ལྟོས། སེམས་ངོ་ལྟ་ཞེས་པ་དེ་ད་ལྟ་རང་རེའི་རྣམ་རྟོག་མི་དྲན་དགུ་དྲན་འདི་སྟོང་པ་ཡིན་ལུགས་ཤེས་དགོས། ད་ལྟ་སེམས་ཞེས་པ་འདིས་རང་གཡོག་བཀོལ་ཏེ་འཁོར་བར་འཁྱམས་པ་རེད། ད་རང་གི་སེམས་ཕར་གཡོག་བཀོལ་ཐུབ་པ་ཞིག་དགོས་རེད། གཡོག་བཀོལ་ཐབས་ལ་སེམས་སྟོང་པར་ཤེས་ན་ལས་སླ་པོ་རེད། སེམས་སྟོང་པ་རེད་བླ་མས་གསུང་སྙམ་པ་དང༌། དཔེ་ཆ་ནང་སྟོང་པ་རེད་གསུང་སྙམ་པས་དེ་གོ་བ་རེད་པས་དེའི་འཁྲུལ་སྣང་སྟོང་པ་ལ་མི་ཕན། ཁ་ནང་དུ་བསྐོར། སེམས་ལྷོད་ཀྱིས་ཀློད། བསམ་མནོ་ཐོངས་དང་རྣམ་རྟོག་གཅིག་མ་རེད། རྣམ་རྟོག་མང་པོ་རེད། དཔེར་ན་ངའི་ཨ་མ་བསམ་ན་རྣམ་རྟོག་གཅིག་རེད། དེས་རྐྱེན་གྱིས་ངའི་ཨ་མས་བྱམས་པོ་བྱས་པ་སོགས་རྣམ་འགྱུར་དྲན་གྱི་རེད། ཨ་མ་ཤི་མེད་ན་ཨ་མ་རྩར་འགྲོ་བསམ་པ་དང༌། ཤིན་སེམས་སྐྱོ་གི་རེད། དེ་ཆགས་སེམས་རེད། ངའི་དགྲ་བོ་དེས་སྔར་གནོད་པ་འདི་ལྟ་བུ་བྱས། ད་དུང་ཡང་བྱེད་ངེས། ད་ཁོ་མེད་ཐབས་ཤིག་དགོས་བསམ་ན་སྡང་སེམས་རེད། ཆགས་སྡང་དེ་གང་ལས་བྱུང་བསམས་ན་ང་ཞེས་པ་ཞིག་ཡོད་པར་འཁྲུལ་པ་ལས་བྱུང་བ་རེད། ང་དེ་ལུས་ལ་འདུག་གམ། སེམས་ལ་འདུག །ལུས་ཤ་ཁྲག་རུས་པ་པགས་པ་རྣམས་སོ་སོར་ཕྱེ་ན་ལུས་ཞེས་པ་གཏན་ནས་མེད་པས་ང་གང་དུ་གནས། སེམས་ཁོ་རང་དངོས་མེད་ཡིན་པས་ང་གང་ལ་གནས། དོན་ལ་ང་ཞེས་པའང་རྣམ་རྟོག་ཡིན། རྣམ་རྟོག་ལ་གནས་ས་གནས་མཁན་མི་འདུག་ཀྱང་རྣམ་རྟོག་སྔོན་མ་ཨ་མ་བསམ་པ་དེའི་ནུས་པས། ཨ་མས་ང་བྱམས་པོ་བྱས་བསམ་པ་དེ་དྲན། དེས་ཨ་མ་དང་འཕྲད་དགོས་བསམ་པ་དེ་ཤར་བ་རེད། ཞིབ་ཏུ་ལྟོས་དང་ཨ་མས་བྱམས་པོ་བྱས་བསམ་དུས། སྔོན་མ་ངའི་ཨ་མ་བསམ་མཁན་དེ་བསྡད་ཡོད་མ་རེད། དེ་འདས་པ་རེད། ཡང་ང་ཨ་མ་རྩར་འགྲོ་དགོས་བསམ་དུས་དེ་མ་འོངས་པ་རེད། དེ་སྐབས་ཨ་མས་བྱམས་པོ་བྱས་བསམ་པ་ད་ལྟའི་རྣམ་རྟོག་དེ་ཡོད་མ་རེད། ཨ་མ་རྩར་འགྲོ་དགོས་བསམ་པའི་མ་འོངས་པའི་རྣམ་རྟོག་དེས་ད་ལྟའི་རྣམ་རྟོག་གནས་འགྱུར་སོང་རེད། དེས་ན་དུས་གསུམ་གྱི་རྣམ་རྟོག་དེ་གཅིག་ཏུ་བསྡད་གི་མ་རེད། བརྡ་སྤྲོད་བྱེད་ཙམ་དུ་དུས་གསུམ་བཏགས་པ་རེད། འདས་པ་ནི་མི་ཤི་བ་ལྟ་བུ་རེད། མ་འོངས་པ་ནི་གཏན་ནས་མེད་པ་ཞིག་དེ་གཉིས་ལ་མ་ལྟོས་པའི་ད་ལྟའི་རྣམ་རྟོག་གཅིག་ཡོད་མ་རེད། ངས་ཨ་མ་མ་དྲན་གོང་ད་ལྟའི་རྣམ་རྟོག་དེ་མ་འོངས་པ་རེད། ཨ་མ་དྲན་དུས་ད་ལྟ་རེད། ཨ་མས་ང་བྱམས་པོ་བྱས་བསམ་དུས་འདས་པ་རེད། རྣམ་རྟོག་གཅིག་དུས་གསུམ་དུ་འགྱུར་འགྲོ་བ་དེ་མི་རྟག་པའི་རྟགས་རེད། མི་རྟག་པ་དེ་སྟོང་པ་རེད། སྟོང་པ་ཡིན་པ་དེ་དུས་གསུམ་དུ་འགྱུར་ཆོག་རེད། དཔེར་ན་མེ་ལོང་གི་ངོས་དེ་སྟོང་པ་ཡིན་པའི་དབང་གིས་གཟུགས་བརྙན་ཤར་ཆོག་རེད། སྐྱེས་བུའི་བཞིན་མེ་ལོང་དུ་ཤར་དུས་སྐྱེས་བུ་དངོས་འདྲ་བ་ཞིག་གི་གཟུགས་བརྙན་ཡོད་ཀྱང་ཤར་བཞིན་པའི་སྐབས་དེར་སྐྱེས་བུའི་གདོང་མེ་ལོང་གི་ཕྱི་ནང་གང་ནའང་ཡོད་མ་རེད་ཀྱང་མེ་ལོང་དྭངས་པ་དང༌། སྐྱེས་བུའི་གདོང་འཕྲད་པའི་རྒྱུ་རྐྱེན་གྱིས་གདོང་ཤར་བ་རེད། གདོང་གི་གཟུགས་བརྙན་དང་གདོང་དངོས་གཉིས་གཅིག་མ་རེད་སྟེ་གཟུགས་བརྙན་ནི་བེམ་པོ་རེད། གཟུགས་བརྙན་ཡལ་ན་གདོང་དངོས་ཡལ་གི་མ་རེད། གདོང་ལ་མེས་རེག་ན་ཚིག་གི་རེད། གཟུགས་བརྙན་མེས་ཚིག་བྱ་ཡོད་མ་རེད། སོ་སོ་མ་རེད་སྟེ་སྐྱེས་བུའི་གདོང་མེད་ན་གཟུགས་བརྙན་ཀྱང་ཤར་མ་རེད། སྐྱེས་བུའི་བཞིན་འཛུམ་ཁྲོ་གང་བྱས་ཀྱང་གཟུགས་བརྙན་ཀྱང་དེ་བཞིན་བྱེད་གི་རེད། རྒྱུ་མཚན་དེ་དག་གིས་རྣམ་རྟོག་དང་གཟུགས་བརྙན་གཉིས་མ་བརྟགས། མ་དཔྱད་ན་ཡོད་པ་ལྟར་སྣང་གི་རེད། བརྟགས་ན་སྣང་བཞིན་པའི་དུས་ནས་ཀྱང་མེད་ལུགས་དེ་ལྟར་རེད། དེར་མ་ཟད་འཁོར་བའི་འཁྲུལ་སྣང་ཐམས་ཅད་མ་བརྟགས་ན་ཡོད་ཡོད་འདྲ་བ། བརྟགས་དཔྱད་བྱས་ན་མེད་པ་འདི་མ་བརྟགས་ཉམས་དགའ་ཟེར་བ་དེ་རེད། དེའི་གོ་བ་ཚུགས་ཐུབ་པ་ཞིག་སྐྱེས་ན་མྱོང་བ་གསུངས། དེ་ལ་ཡང་ཡང་གོམས་ན་ཆགས་སྡང་གི་རྟོག་པ་གང་སྐྱེས་ཀྱང་སེམས་བསྒུལ་བསྐྱོད་མི་ཐུབ་པ་བྱུང་ན་རྟོགས་པ་གསུངས། དེ་ལྟར་ཡང་ཡང་བརྟགས་ཤིང་དཔྱད་པས་རྣམ་རྟོག་དེ་མེད་བཞིན་སྣང༌། སྣང་ཡང་དུམ་དུམ་ཞིག་ཡིན་པ་ཤེས་དུས་གསུམ་གྱི་རྣམ་རྟོག་དེ་མིང་ཙམ་ལས་མེད་ལུགས་ཤེས་ན་ངས་ཨ་མ་བསམ། ཨ་མའི་བྱམས་པའི་རྣམ་འགྱུར་བསམ་དུས་ད་ལྟ་ང་ཨ་མ་རྩར་སོང་ན་ཨ་མ་ལ་ཕན་པ་ཅི་ཡོད། ཨ་མ་མོ་རང་ལྟོ་གོས་མོ་རང་གིས་བསྒྲུབས་པས་མ་ཚད་ང་ཡང་ལྟོ་གོས་ཀྱིས་གསོས་པ་རེད། ངས་ལྟོ་གོས་ཞིག་བསྒྲུབས་ན་ཚོང་སོགས་ལས་ཀ་ཞིག་དགོས། ལས་ཀ་དེའི་དོན་དུ་ཆགས་སྡང་དང་རྣམ་གཡེང་མང་པོས་ང་ཡང་ཆོས་ལ་བར་ཆད་འོང་གི་རེད། དེ་བས་ད་རེས་ཆོས་ཅི་ནུས་ཞིག་བྱས་ནས་དགེ་རྩ་ཨ་མ་ལ་བསྔོས་ན་ཨ་མ་སྐྱེ་འཆི་བར་དོའི་སྡུག་བསྔལ་ལ་ཕན་གི་རེད། འཇིག་རྟེན་ལུགས་ཀྱི་ཨ་མ་ལ་ཞེན་ཆགས་དེ་བཞག་ན་དགའ་འདུག་ཨ་མ་ལ་ལྟོ་གོས་ཀྱིས་ཕན་བཏགས་མཁན་ཕྲུ་གུ་གཞན་ཡང་ཡོད་ཆོས་ཀྱིས་ཕན་བཏགས་མཁན་མི་ཡོང་འདུག་བསམ་དང་ཨ་མ་དྲན་ནས་ཚུགས་ཐབས་མེད་པའི་རྣམ་རྟོག་གི་ཤུགས་དེ་བཤིག་ཐུབ། དེའི་མཚོན་ཏེ་དགྲ་ལ་སྡང་སེམས་ཀྱང་ཞོག །དང་པོ་ཆགས་སྡང་བཤིག་པ་ཅུང་ཟད་དཀའ་ཡང༌། ཡང་ཡང་བཤིག་ན་ལས་སླ་རུ་འགྲོ། ཆགས་སྡང་བཤིག་ཐུབ་ན་ལས་མི་བསགས་ཆགས་སྡང་བཤིག་ཤུལ་དེ་མ་བཅོས་པ་ལྟོས་དང་སེམས་ཀྱི་ངོ་བོ་དེ་ཡིན། རྣམ་རྟོག་མང་པོ་མ་སྐྱེས་ན་སེམས་མ་ཡེང་པ་ལྟོས། རྣམ་རྟོག་མང་པོ་སྐྱེས་ན་སྔ་མ་ལྟར་བརྟགས་ཤིང་དཔྱོད། དེ་འདྲ་ཡང་ཡང་གོམས་པ་ལ་རང་སེམས་རང་གིས་རྒྱུས་ལོན་ཏེ་ངོ་ཤེས་འོང་སེམས་རྣམ་རྟོག་མི་འཕྲོ་བའམ། འཕྲོས་ཀྱང་རྣམ་རྟོག་ལ་ཤུགས་མེད་ན་སྔར་ལྟར་བརྟགས་དཔྱད་མི་དགོས། སེམས་བཅོས་མེད་ཙམ་དུ་སྐྱོངས་དང་ཆོག །ཆགས་སྡང་གི་རྣམ་རྟོག་བཟློག་མི་ཐུབ་པ་བྱུང་ན་དཔྱད་པ་ཡང་ཡང་གྱིས། རྣམ་རྟོག་སྐྱེས་ཚེ་རྣམ་རྟོག་འདི་སྒོམ་ལ་ཡོད་མི་རུང༌། ད་རྣམ་རྟོག་མང་པོ་སྐྱེ་གི་རེད་བསམ་པའི་དོགས་པ་མ་བྱེད་པར་དགེ་སྡིག་གི་རྟོག་པ་དེའི་ངོ་བོ་ལ་ཅེ་རེ་ལྟོས་དང་རྣམ་རྟོག་ལ་ཤུགས་མེད་པ་ལྷོད་དེ་འགྲོ། དེའི་ངང་ཚུགས་མ་ཤོར་བ་སེམས་ལྷོད་ནས་ལྟོས་དང་རྣམ་རྟོག་རང་ཡལ་དུ་སོང་ནས་རྣམ་རྟོག་གཅིག་རྗེས་གཉིས་མཐུད་མི་བྱེད་པ་བྱུང་ན་རིམ་པས་རྟོག་ཚོགས་གྲོལ་ཐུབ་ཡོང༌། སེམས་ངོ་ལྟ་དུས་སྔར་དང་མི་འདྲ་བའི་རྟོགས་པ་མཐོ་ཏིང་ངེ་བ་དང༌། གསར་པ་ཞིག་མཐོང་བའི་རེ་བ་མ་བྱེད། སྒོམ་མི་ཤེས་པའི་དོགས་པ་ཡང་མ་བྱེད། རང་སེམས་མ་བཅོས་པ་འདི་ཀ་སེམས་ངོ་ཡིན་བསམ་སྟེ་དེ་མ་ཡེངས་ཙམ་དུ་མཉམ་བཞག་རྗེས་ཐོབ་ཐམས་ཅད་སྐྱོང་ཅི་ཐུབ་གྱིས་ཞུ། ལོ་ཟླ་ཁ་ཤས་ཀྱིས་རྟོགས་པ་སྐྱེ་འོང་མ་བསམ། ཡོན་ཏན་སྐྱེས་རུང༌། མ་སྐྱེས་རུང་འདི་ཕྱི་བར་དོའི་ཉམས་ལེན་འདི་ལ་ཉིན་མཚན་བར་མེད་དུ་བརྩོན་འགྲུས་བྱེད་བསམ་སྙིང་རུས་གྱིས། ཆོས་རྒྱ་ཆེན་པོ་ཐོབ་པ་ལས་ཀྱང་གནད་ཉམས་སུ་ལེན་པ་གལ་ཆེ་བར་ཤེས་པར་གྱིས། སྤྱིར་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ལ་ལྟོས། དེ་དང་མཐུན་པ་ཞིག་ཨི་འབྱུང་མི་འབྱུང་བལྟ། དེ་དང་མི་མཐུན་པའི་རྐྱེན་ཡོད་ན་བཅོས། ཅུང་ཟད་མཐུན་པ་བྱུང་ན་ཡར་རྒྱས་ཨི་འབྱུང་ལྟོས། ཆོས་ཡང་དག་ཞིག་འགྲུབ་པའི་རེ་བ་གྱིས། མཆེད་གྲོགས་ནང་མི་མཐུན་པ་མ་བྱེད། མདོར་ན་ལུས་ངག་ཡིད་གསུམ་ཆོས་ལ་བཀོལ་གང་ཐུབ་ཀྱིས་དང་ཕྲན་ལན་གཅིག་སླེབ་ངེས་བྱེད་འོང་ཞུ། ཆོས་མཐུན་གྱི་བསམ་པ་འགྲུབ་པའི་སྐྱབས་འཇུག་སྨོན་ལམ་ནི་རྟག་པར་མ་བརྗེད་པར་ཡོད་ཞུ། ༈ མཁྱེན་གཉིས་ཡེ་ཤེས་གཏེར་མཛོད་འཇམ་དཔལ་དབྱངས། །ཁྱེད་ཀྱི་ཐུགས་དབུས་འབྲལ་བ་མེད་བཞུགས་ནས། །བསྟན་འགྲོའི་དོན་ཆེན་མཛད་པས་མཁའ་ཁྱབ་འགྲོ། །སྲིད་ཞིར་མི་གནས་བྱང་ཆུབ་ཆེར་འགོད་ཤོག །དལ་བའི་རྟེན་རྙེད་ཐར་པའི་རྒྱལ་མཚན་བཀླུབས། །སྡོམ་གསུམ་ཡོན་ཏན་ཡར་ཟླ་ལྟར་རྫོགས་ནས། །ངེས་གསང་བསྟན་ལ་བྱ་བ་ཆེར་མཛད་པ། །པདྨ་དབང་གི་རྒྱལ་པོ་ལྟ་བུར་མཛོད། །ངེས་འབྱུང་བཟང་པོས་ཐུགས་རྒྱུད་ཞི་ཞིང་དུལ། །གཞན་ཕན་ཐུགས་ཀྱིས་བསྟན་ལ་གང་ཕན་བརྩོན། །ཁྱད་པར་སྙིང་པོ་བསྟན་པའི་ལྟ་སྒོམ་སྤྱོད། །ཚུལ་བཞིན་ཉམས་བླང་དོན་བརྒྱུད་ཐོབ་པར་མཛོད། །ཕྱི་ཚུལ་ཀུན་དང་མཐུན་པའི་མཛད་སྤྱོད་གཙང༌། །ནང་དུ་རང་ལུགས་ཆོས་ལ་ཐོས་བསམ་སྒོམ། །གཅིག་ཏུ་དྲིལ་བ་རིག་འཛིན་གོང་མ་བཞིན། །དོན་གཉིས་མཐའ་རུ་ཕྱིན་པ་ཤིན་ཏུ་གཅེས། །དེ་ལྟར་རང་ལ་མེད་ཀྱང་སྡོན་བྱོན་གྱི། །དམ་པའི་གསུང་བཞིན་སྙིང་པོར་གདམས་པ་འདི། །ཞབས་པད་བརྟན་ཞིང་ཕྱི་ནང་བར་ཆད་ཞི། །བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པའང་གཟིམ་འགག་མཆོག་སྤྲུལ་རིན་པོ་ཆེའི་བཀའ་བཞིན་རྒན་པོ་མངྒ་ལས་ཕུལ་བ་དགེ་ལེགས་འཕེལ། ༈ རྟེན་དལ་འབྱོར་ཐོབ་པ་དོན་ཡོད་ཕྱིར། །གནས་དབེན་པར་ཞུགས་པ་དགའ་སྤྲོ་ཆེ། །སེམས་མ་བཅོས་རང་ངོ་སྐྱོང་བ་ལ། །དངོས་མཚན་མ་མེད་པའི་སྟོང་པ་དེ། །དོན་ཆོས་སྐུ་སྤྲོས་པ་བྲལ་བ་ཡིན། །སྟོང་རྐྱང་པ་མིན་པའི་འོད་གསལ་དེ། །མདངས་རང་བཞིན་གསལ་བ་ལོངས་སྐུ་ཡིན། །སྟོང་གསལ་བ་ཐ་དད་མེད་པ་དེ། །རྩལ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་ཡིན། །སྟོང་གསལ་བ་ཟུང་འཇུག་གང་ཡིན་ཀྱང༌། །བློས་འཛིན་པ་མེད་ན་རིག་པ་ཡིན། །ཕ་བླ་མའི་ཐུགས་དང་རང་གི་སེམས། །དོན་གདོད་ནས་དབྱེར་མེད་ཤེས་པའི་ངང༌། །ཡིད་མོས་གུས་གདུང་བས་གསོལ་འདེབས་བཞིན། །དུས་ཀུན་ཏུ་ཉམས་ལེན་སྙིང་པོ་མཛོད། །དེའི་ངང་ནས་ངེས་འབྱུང་རྒྱུ་འབྲས་ཞིབ། །དགེ་བསགས་སྦྱང་འགྲོ་བའི་དོན་དུ་བསྔོས། །སྙིང་རྗེ་བའི་སེམས་ཅན་ཡིད་ལ་བཅང༌། །བློ་བག་ཕེབས་ངང་དུ་བཞུགས་པར་ཞུ། །ཚུལ་དེ་སྐད་རྒན་བུའི་ལྷག་བསམ་གྱིས། །ཚིག་ཐོས་པ་གདམས་ངག་ཚུལ་དུ་ཕུལ། །ཚེ་སྒྲུབ་པ་མཐའ་རུ་ཕྱིན་པ་དང༌། །ཉམས་རྟོགས་པའི་རྒྱལ་ས་ཟིན་པར་སྨོན། །ཞེས་པ་འདིའང་མངྒ་ལས་སོ། ༈ རྗེ་སྐྱབས་གསུམ་དབྱེར་མེད་རིན་པོ་ཆེ། །ཕ་དྲིན་ཆེན་བླ་མ་སྙིང་ནས་དྲན། །ཁྱེད་ཡུན་རིང་འདྲིས་པའི་ཆོས་ཀྱི་གྲོགས། །རྗེ་མདའ་སྟོང་སྤྲུལ་སྐུས་གླུ་ལོངས་གསུང༌། །མདའ་ལྟོང་དམར་འབེན་ལ་མ་ཕོག་ན། །རྣོ་མདེའུ་ལེགས་ཀྱང་སྟོང་སྐད་ཡིན། །རྩལ་ཤུགས་ལྡན་མདའ་མོ་རྣོ་ལགས་ཀྱང༌། །གཞུ་མེད་ན་མདའ་མོ་འཕྱེ་བོ་ཡིན། །གཞུ་མཆོག་དཀར་རྒྱུད་དང་ལྡན་ལགས་ཀྱང༌། །མི་རྩལ་ལྡན་མཐེབ་མཛུབ་གྲོགས་པོ་དགོས། །རྐྱེན་དེ་དག་ལྷན་ཅིག་མ་ཚོགས་ན། །མདའ་སྐད་གྲགས་ཆེ་ཡང་ཕན་པ་མེད། །དཔེ་དེ་བཞིན་མདའ་མོ་ལྟོང་དམར་དེ། །ཁྱེད་སྤྲུལ་སྐུ་ཚུལ་ཁྲིམས་ལྡན་པ་ཡིན། །མདེལ་རྣོན་པོ་མཚོན་ཆ་ངར་མ་དེ། །ཐུགས་སྐྱེས་སྦྱངས་ཤེས་རབ་རྣོ་བ་ཡིན། །གཞུ་མཆོག་དཀར་རྒྱུད་དང་ལྡན་པ་དེ། །ཆོས་ཐོས་བསམ་ཡང་དག་མཛད་པ་ཡིན། །མི་མཐེབ་མཛུབ་རྩལ་དང་ལྡན་པ་དེ། །གྲོགས་མཚུངས་མེད་དགེ་བའི་བཤེས་གཉེན་ཡིན། །ཁྱེད་དེ་དག་ཐམས་ཅད་ཚོགས་པས་ན། །འབེན་གནད་ལ་ཕིགས་ན་མདའ་མཁན་ཡིན། །འབེན་བདག་འཛིན་འགོང་པོ་ཕུང་རྒན་འདི། །ད་གར་ཡོད་ཚོལ་ལ་མདའ་ཞིག་རྒྱོབ། །ཁོ་སྟོང་ཉིད་མདའ་མོས་གནད་ཕིགས་ན། །དགྲ་དུག་གསུམ་མཁར་རྫོང་ཞིག་སྟེ་འོང༌། །བྱམས་སྙིང་རྗེའི་ཕ་ནོར་ཐོབ་སྟེ་འོང༌། །ཉམས་རྟོགས་པའི་རྒྱལ་ས་ཟིན་ཏེ་འོང༌། །མཚན་སྤྲུལ་སྐུར་གྲགས་པ་དོན་དང་ལྡན། །སྐུ་ཤ་རྒྱས་གསུས་ཁྱིམ་ནོར་བུས་གང༌། །མིའི་མཐོང་ངོར་ལྷ་གཡག་ལྟར་འགྱིང་ཀྱང༌། །དགྲ་རྣམ་གཡེང་བུ་མོ་བསླུ་ཁྲིད་མཁས། །དཀོར་ནག་པོའི་བཟའ་བཏུང་དུག་དང་འདྲ། །མདའ་གས་ཆག་བྱུང་ན་རྣོ་ཤུགས་མེད། །རྩལ་རྒོད་སྒྲོ་བྱི་ན་དབྱུག་པ་ཡིན། །མདེལ་འཁོར་བའི་འདམ་དུ་ཟུག་ཉེན་ཆེ། །གནད་དེ་བས་སྡོམ་གསུམ་མ་ཉམས་པས། །ཆོས་ཐོས་བསམ་སྒོམ་པས་སྐུ་ཚེ་འདའ། །ཉམས་རྟོགས་པའི་ལྟ་དགོངས་གདིང་ཐོབ་ཕྱིར། །ལས་བཤད་དང་སྒྲུབ་པ་སྤེལ་མ་མཛོད། །གནས་དབེན་པའི་རི་སུལ་ཕ་གཞིས་བཅོལ། །ཚེ་ཡོད་པ་སྟོང་ཟད་མ་བཅོས་ཞུ། །མི་རང་ལ་མེད་པའི་གླུ་སྙན་འདི། །ཁ་སོ་ཕྲེང་མེད་ཀྱང་ཞུ་འདོད་བྱུང༌། །ངག་སྙན་པོ་མེད་ཀྱང་ལག་པས་བྲིས། །འདྲིས་ཆེ་བས་ཅི་དྲན་ཞུས་པ་ཡིན། །ཐུགས་དབུས་སུ་སྦོས་ཤིག་སྤྲུལ་སྐུ་ལགས། །ངག་སྨྲས་པ་དོན་ལྡན་མཛད་ནས་ཀྱང༌། །དཔལ་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག ༈ ཀྱཻ་གྲོགས་སྔོན་ནས་སྦྱངས་བའི་རིགས་སད་པས། །དང་པོ་འཇིག་རྟེན་མ་ཞེན་ཆོས་ལ་མོས། །འབྲི་ཀློག་བརྡ་དག་རྩིས་ལ་མ་ཞེན་པར། །མཚན་ལྡན་བླ་མའི་སྙིང་པོའི་གདམས་ངག་གིས། །གནད་ལ་སྐོམ་པས་ཆུ་གདུང་བཞིན་དུ་གྱུར། །འདིར་སྣང་བྱ་བ་བཏང་ནས་སྦས་ཚུལ་མཛད། །ཐོས་བསམ་སྒོམ་པའི་ཡོན་ཏན་ནོར་བུས་ཕྱུག །ཆོས་ཀྱི་གྲགས་པ་ཆོས་ཀྱི་དབང་པོ་དངོས། །ཚེ་རབས་ལས་ཀྱི་བླ་མའི་ཞབས་ལ་བསྙེགས། །མི་ཕྱེད་དད་པས་སྒོ་གསུམ་ངལ་དུབ་ལ། །མ་ལྟོས་མཉེས་པ་གསུམ་གྱིས་བརྟག་ཏུ་བསྟེན། །ཟབ་ལམ་བདུད་རྩི་འཚོ་བ་མ་ཆད་པར། །ཕ་ཡི་བུ་བཞིན་བསྐྱངས་ནས་རྗེས་སུ་བཟུང༌། །དྲི་མེད་བློ་གྲོས་རྒྱ་མཚོའི་འཇིངས་ཟབ་པས། །མདོ་སྔགས་སྤྱི་དང་ཁྱད་པར་ལྟ་བའི་གནད། །ཁོང་དུ་ཆུད་ནས་ཡིད་དཔྱོད་ལས་འདས་པའི། །ཡེ་ཤེས་བརྡ་སྟོན་ཙམ་གྱིས་ཉམས་སུ་མྱངས། །སྟོང་ལྟར་མ་ཞེན་ཟབ་གསལ་ཡེ་ཤེས་རྟོགས། །ཆད་མཐར་མ་ལྷུང་འབྲས་བུ་ལྷུན་རྫོགས་མཐོང༌། །ཐ་སྙད་ཙམ་མིན་ངེས་དོན་དགོངས་པའི་སྲོག །རང་བྱན་ཚུད་པས་ཐོས་བསམ་སྒོམ་མཐར་ཕྱིན། །ཕྱི་ཚུལ་ཀུན་སྤང་དམ་ཆོས་འབའ་ཞིག་ཚོལ། །ནང་དུ་རྟོགས་པས་རྒྱུད་གྲོལ་བྱང་སེམས་འབྱོངས། །གཞན་ཕན་ཤིང་རྟས་རྟག་ཏུ་ཆོས་སྨྲ་བ། །ཁྱོད་འདྲའི་སྐྱེས་བུ་དེང་སང་ཉིན་སྐར་ཙམ། །བོད་ཁམས་མཐའ་མིའི་རྒྱལ་བསྟན་ཉམས་ཉེས་ཚེ། །རྒྱ་མཚོར་དོན་མང་གྲུབ་པའི་དེད་དཔོན་བཞིན། །ཆོས་འབྱོར་སྤྲིན་བཞིན་འཁྲིགས་པའི་ལྷོ་ལྗོངས་སུ། །བྱོན་ནས་རང་གི་ལེགས་པས་ས་སྟེང་བརྒྱན། །ཁྱོད་ཀྱི་ཡོན་ཏན་སྣང་བས་ཡིད་བསྒུལ་ནས། །རྒྱལ་བློན་འབངས་བཅས་དབུལ་པོས་ནོར་རྙེད་བཞིན། །དགའ་གུས་དད་པས་གཞུང་ལུགས་རབ་འབྱམས་ཀྱིས། །སེངྒེའི་སྒྲ་ཡིས་ཁྱབ་ཅིང་སྤེལ་བར་མཛོད། །ཡིད་བཞིན་ནོར་བུ་བྱི་དོར་བྱས་པ་ལྟར། །སྒོམ་པའི་འོད་སྣང་ཐུགས་ནས་གསལ་བའི་ཕྱིར། །དབེན་པར་སྒྲུབ་པའི་སྲོག་མཁར་ཚུགས་པ་ཡིས། །མང་ཐོས་ནགས་སུ་གྱི་ནའི་ངང་ཚུལ་སྟོན། །མདོར་ན་རང་དོན་རྟོགས་པས་རྒྱུད་གྲོལ་ཞིང༌། །ཐུགས་རྗེས་གཞན་སྒྲོལ་ཆོས་ཀྱི་བཤེས་གཉེན་རྗེས། །རང་ཚུལ་གསུང་མཆིད་ཆེད་དུ་བསྩལ་བ་དེའི། །བདག་བློ་དགའ་མགུ་རང་པས་ཁྱོད་ལ་འདུན། །རྒྱལ་བསྟན་འོད་སྟོང་དྲྭ་བ་མ་ཉམས་པས། །ཆོས་འདོད་མང་ཡང་ཆོས་བཞིན་སྤྱོད་པ་དཀོན། །དངུལ་ཆུ་སར་ལྷུང་ལྟ་བུའི་ཁྱོད་ཚུལ་འདིས། །བདག་ཡིད་རབ་དགའི་ས་བཞིན་དད་སྤྲོ་བརྟས། །བདག་ནི་མཚན་ལྡན་བླ་མ་མ་ཡིན་ཀྱང༌། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཕ་འབབ་དེ། །ཁྱོད་ལ་གཏད་པས་དོན་དང་ལྡན་སྙམ་ནས། །གུ་ཡངས་བློ་བདེའི་གཏམ་འདི་གསོང་པོར་སྨྲས། །སྐུ་ན་སྨིན་ཡང་དམ་ཆོས་འཆད་ཉན་ལ། །སྐྱོ་ངལ་མེད་པ་དམ་པའི་རང་གཤིས་ཕྱིར། །སྐུ་ཚེའི་རྒྱལ་མཚན་མི་ནུབ་རྟག་བརྟན་ཕྱིར། །ཤིས་པའི་བདེན་ཚིག་མི་བརྗེད་རྟག་པར་སྨོན། །དེ་སྐད་མདོ་སྨད་ཆོས་ཀྱི་དགའ་ཚལ་ནས། །མཁས་གྲུབ་དུ་མའི་གཅེས་ཕྲུག་མངྒ་ལས། །དྲང་པོར་བརྗོད་པའི་གླིང་བུས་ཁྱོད་དགྱེས་ནས། །ཚེ་རབས་ཀུན་ཏུ་མི་འབྲལ་འགྲོགས་པར་སྨོན། །བླ་མ་ནོར་བུ་དབང་ཕྱུག་ལ་གདམས་པའོ། ༈ ཀྭ་ཡེ་དངོས་གྲུབ་དགེ་སློང་གཟུགས་ཅན་ཁྱོད། །ཁ་སྙན་བོད་པའི་ཆོས་ལུགས་བྱེད་བཞིན་དུ། །ག་ལེར་པེ་ཤག་ཐོབ་པའི་རེ་བ་རེད། །ང་ཡིས་བསམ་དོན་འགྲུབ་པའི་སྨོན་ལམ་ཞུ། །ཅ་ཅོ་མ་མང་ཨ་ཁུ་སྐལ་བཟང་ལགས། །ཆ་ལུགས་གཟན་ཤམ་འདི་ལ་མ་སྨད་ཅིག །ཇ་ཆང་མང་པོ་མི་དགོས་སྐྱིད་པོ་འདུག །ཉ་མ་གསོ་རྒྱུ་མེད་པས་གུ་ཡངས་ལགས། །ཏ་ལའི་ལོ་མ་བཞིན་དུ་གམ་གཙང་ཞིང༌། །ཐ་མལ་སྤྱོད་པས་ཁྱིམ་དུ་མ་བཞུགས་པར། །ད་ལྟ་ངོ་མཚར་ལྡན་པའི་ཚུལ་འདུག་པ། །ན་ཚོད་གཞོན་པས་བག་ཡོད་མཐའ་འཁྱོལ་ཞུ། །པ་སངས་ལྟ་བུའི་ཐུགས་སེམས་དཀར་བའམ། །ཕ་རོལ་ཉམས་ལ་སད་བྱེད་གང་ཡིན་ཀྱང༌། །བ་གླང་ལྟ་བུའི་ངོ་ཚ་མེད་པ་ཡི། །མ་རབས་སྤྱོད་པ་བྱེད་སྙམ་བདག་ལ་མེད། །ཙ་མ་ར་བཞིན་ཁེངས་སེམས་ཆེ་བ་དང༌། །ཚ་དབལ་མཆེད་པའི་འདོད་པས་གདུང་གྱུར་ན། །ཛ་ཡའི་བཀའ་ལ་དགོངས་ནས་བག་ཡོད་མཛོད། །ཝ་ཆུ་ཐང་ལ་ལྷུང་བ་སྲིད་དོགས་ཡོད། །ཞྭ་མོའི་ཏོག་ལྟར་བླ་མ་དཀོན་མཆོག་མཆོད། །ཟ་འདོད་མ་ཡིན་ཕྱི་མར་བསམ་མནོ་ཐོང༌། །འ་འུར་མ་བྱེད་སེམས་ཀྱི་དམ་བཅའ་ཟུང༌། །ཡ་མཚན་བན་རྒན་ལ་མོ་བརྒྱབ་སྙམ་ཞུ། །ར་རི་བྲལ་བའི་ཡེ་ཤེས་སྤྱན་ལྡན་རྣམས། །ལ་མོ་མ་རྒྱབ་བར་དུ་གསོལ་འདེབས་མཛོད། །ཤ་ཁྲག་འོད་དུ་དེངས་པའི་ཉམས་ལེན་གྱིས། །ས་མཐར་ཕྱིན་ཀྱང་དད་བརྩོན་མཛད་པ་བདེན། །ཧ་ཧ་རྩེད་མོའི་ནང་དུ་དོན་དམ་འདུག །ཨ་ཧོ་ཆོས་ཀྱི་གྲོགས་པོར་ནང་ཞུས་ཡིན། །ཨ་མདོའི་ཡུལ་གྱི་སྔགས་རྒན་ཁྱེད་གསུངས་བདེན། །ཧ་ལ་འཁོར་བའི་མཚོ་ལས་ཐར་གྱུར་ཅིག །མངྒ་ལས་སོ། ༈ རྗེ་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང༌། །ཕ་བཀའ་བརྒྱུད་གྲུབ་པའི་ཁྱུ་མཆོག་གིས། །གྲོགས་སྐལ་ལྡན་ཁྱོད་ལ་བྱིན་བརླབ་ནས། །ཐུགས་དགོངས་བརྒྱུད་ཡེ་ཤེས་འཕོ་བར་ཤོག །ཡབ་གྲུབ་བརྙེས་དམ་པའི་རིགས་སུ་འཁྲུངས། །སྐུ་ཆུང་ངུའི་དུས་ནས་ཆོས་བློ་ལྡན། །རྗེ་གོང་མར་དད་མོས་མི་འགྱུར་བས། །དོན་སྒྲུབ་ལ་བརྩོན་དེ་བདག་ཀྱང་རང༌། །ཚེ་མི་རྟག་ཤིང་ཁའི་བྱིའུ་འདྲ། །དུས་མི་རྟག་གློག་ཞགས་ལྟར་གྱུར་ནས། །ལོ་རེ་རེ་བཞིན་དུ་ཞག་བརྒྱ་རེ། །མཚམས་བཞུགས་ན་ཤིན་ཏུ་ལེགས་སྙམ་མཆིས། །གནས་འདུ་འཛི་མེད་པའི་ས་ཕྱོགས་སུ། །གནད་ཉམས་ལེན་ཞག་བརྒྱ་མཛད་པ་དང༌། །ཁྱིམ་འདུ་འཛིའི་ནང་གནས་ལོ་གཅིག་ལ། །ཆོས་དགེ་སྦྱོར་བྱས་པ་ཨེ་མཚུངས་གཟིགས། །བདག་ཤི་ཉེ་འདུ་འཛིའི་གཡེང་བཞིན་དུ། །མི་གཞན་ལ་དགེ་བསྐུལ་ངོ་གནོང་ཡང༌། །ཡིད་བློ་སྙིང་གཏད་པའི་ཆོས་གྲོགས་ལ། །སེམས་ལྷག་བསམ་དཀར་པོའི་ཞུས་པ་ལགས། །ཁྱེད་གྲུབ་ཐོབ་ཀྱི་གདུང་བརྒྱུད་ཡིན་དང་གཅིག །ཐུགས་ཆོས་ལ་མོས་བརྩོན་ཆེ་དང་གཉིས། །བདག་བླ་མའི་ཟོལ་གྱིས་བསྐུལ་བའི་མཐུས། །དགྲ་ཆོས་བརྒྱད་མཆིལ་མའི་ཐལ་བཞིན་བོར། །སེམས་འཁྲུལ་རྟོག་སངས་པའི་ཡེ་ཤེས་རྒྱས། །དཔལ་ཨོ་རྒྱན་ཌཱ་ཀིའི་ཚོགས་གྲལ་དུ། །ངོ་ཤེས་བཞིན་འཕྲད་པའི་རྟེན་འབྲེལ་ཞུ། །མི་རྒན་པོའི་གླུ་ལ་ཆོ་མེད་ཀྱང༌། །ཉམས་དགའ་བའི་ཆོས་མཛད་དགྱེས་ཉམས་ནས། །འབུའི་སུག་རྗེས་ལྟ་བུའི་ཨ་ཀྵ་ར། །རྫས་བདུད་རྩི་ཆོས་སྨན་བཅས་ཏེ་ཕུལ། ༈ སྒྲུབ་བརྩོན་ཕྲིན་ལས་བློ་གྲོས་ལགས། རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་ཕྲ་བའི་རྩ་ཐིག་རླུང་གསུམ་ཞེས་མཚོན་བྱེད་ཙམ་དུ་མིང་བཏགས་པ་ལས། དོན་དུ་རང་རིག་ཡེ་ཤེས་ལ་བདེ་གསལ་མི་རྟོགས་པའི་ཡེ་ཤེས་གསུམ་ལྡན་དེ་ལ་ངོས་འཛིན་དགོས་པ་འདྲ། ལུས་ལ་སྒོམ་པ་སོགས་ཀྱི་སྐབས་དྷཱུ་ཏི་མཚན་ཉིད་བཞི་ལྡན་དང༌། ཨ་ཧཾ་སྒོམ་ཡང་འགལ་བ་མེད་དེ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཉིད་སྟོང་པ་ཡང་གདུལ་བྱ་འདུལ་ཕྱིར་ལོངས་སྐུ་ཞི་ཁྲོ་སྒོམ་པ་དང་འདྲ། དགའ་བཞི་འདི་ལ་ཟག་བཅས་ཟག་མེད་སོགས་ཀྱི་དབྱེ་བ་མང་པོ་གསུངས་ཀྱང་དོན་དུ་འབར་འཛག་སྒོམ་པའི་སྐབས་ཐིག་ལེ་འཁོར་ལོ་བཞིའི་གནས་བཞིར་སོན་པའི་སྐབས་བདེ་ཉམས་སྐྱེས་པ་ལ་བདེ་བའི་རང་ངོ་བལྟས་པས་རང་རིག་གི་ལྟ་བས་རྒྱས་ཐེབས་ཏེ་བདེ་ཉམས་འཆར་མི་འཆར་ལ། ཆགས་ཞེན་མེད་པ་རང་རིག་གི་ལྟ་བ་ཇེ་གསལ་གྱི་གྲོགས་སུ་འགྲོ་བ་ལ་གོ་ན་རུང་སྙམ་དང༌། སྟོང་བཞི་དངོས་དེ་དབུ་མར་ཞུགས་གནས་ཐིམ་གསུམ་དངོས་སུ་བྱེད་པའི་སྐབས་བློས་བཅོས་པ་མ་ཡིན་པའི་སྟོང་ཉམས་ཞིག་རང་སེམས་ལ་དང་པོར་སྐྱེས་པ་སྟོང་པ། དེ་རྒྱ་ཇེ་ཆེར་སོང་བ་ལ་སྟོང་པ་གཞན་གསུམ་སྐྱེ་རྒྱུ་ཡིན་སྙམ་གོ །དོན་སྙིང་དབུ་མ་ཞེས་པ་དེ་ཕྱག་རྫོགས་ཀྱི་ལྟ་བ་ངོ་སྤྲད་པའི་སྟོང་ཆ་ནས་གཞལ་ན་མཐའ་གང་དུ་མ་ལྷུང་བ་དེ་དོན་གྱི་དབུ་མ་ཡིན་ལ། དེ་རྟོགས་པའི་ཐབས་སུ་ལུས་དབུས་དབུ་མ། ཡར་མར་གྱི་སྣར་ཨ་ཧཾ་བསྒོམས་ནས་འབར་ཞུ་བདེ་བས་དྲངས་པའི་མི་རྟོག་པའི་ཉམས་ཀྱིས་བོགས་འདོན་པར་བྱེད་པ་སྟེ། སྤྱི་བོ་ནས་ཁམས་ཞུ་བ་དེ་སྐུ་རྡོ་རྗེ། དེ་འཁོར་ལོ་བཞི་བརྒྱུད་པས་བདེ་བ་སྐྱེས་པ་དེ་གསུང་རྡོ་རྗེ། བདེ་བས་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་དྲངས་པ་དེ་ཐུགས་རྡོ་རྗེ་གསུངས་པ་ལ། སྐུ་རྡོ་རྗེའི་བུམ་དབང༌། གསུང་རྡོ་རྗེའི་གསང་དབང༌། ཐུགས་རྡོ་རྗེའི་ཤེར་དབང༌། ཡེ་ཤེས་རྡོ་རྗེའི་དབང་བཞི་པ་བསྐུར་ཞིང༌། ཞུ་བའི་ལམ་རང་ལུས། བདེ་བའི་ལམ་གཞན་ལུས། མི་རྟོག་པའི་ལམ་གྲོལ་ལམ། མཐར་ཐུག་ཕྱག་ཆེན་སོགས་ཀྱི་རྣམ་བཞག་མཛད་ལ། དོན་དུ་རང་གནས་རིག་པའི་བཞུགས་ཚུལ་དེ་ལེགས་པར་མཐོང་ན་དེའི་ལྟ་བའི་རླབས་ཀྱིས་འབར་འཛག་སོགས་ལ་ཁྱབ་པ་བྱུང་ན་ལམ་མྱུར་ཞིང༌། དོན་གྱི་ཡེ་ཤེས་ཀྱི་རྩལ་འདྲེན་པ་ལ་དཔེའི་འབར་འཛག་གི་ཐབས་ཟབ་པའི་ཁྱད་ཆོས་ཐོན་པ་ལས། རང་རིག་གི་ཉམས་མྱོང་ཚད་ལྡན་མ་སྐྱེས་པའི་སྟེང་དབུ་མ་རྩ་སྦུབས་ཞིག །ཁམས་དཀར་དམར་རགས་པ་འཛག་བདེ་ལ་སྔགས་ལམ་དུ་ཞེན་པས་ས་ཆོད་ཆུང་བ་ཞིག་མིན་ནམ་སྙམ་འདུག་པ་རྣམས་རང་གི་གང་ཐོས་ཐད་ཀར་ཞུས་པ་སྟེ་དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་སྒྲུབ་བརྩོན་ཟབ་ལམ་ནོར་འཁྲུལ་མེད་པ་ལ་ཐུགས་གཞོལ་བ་སྙིང་ནས་དགའ་སྤྲོ་ཆེ་ཞིང༌། སྐལ་བ་བཟང་པོར་གྱུར་པས་རྗེས་སུ་ཡི་རང་དང་བཅས་རྒན་བུས་འབྲུག་སྐྱེར་ཆུའི་ལྡུམ་ཁང་ནས་ཟླ་༤ཚེས་༢༡ལ་གུས་ཕུལ། ༈ ཀུན་ཁྱབ་ཆོས་སྐུའི་བླ་མ་བདེ་གཤེགས་སྙིང༌། །འདུ་འབྲལ་མེད་པ་རང་གི་སེམས་ལ་ཡོད། །ཐོས་བསམ་སྒོམ་པས་གསོལ་བ་ཡང་ཡང་ཐོབ། །གཞི་འབྲས་དབྱེར་མེད་ངང་ནས་མཇལ་བར་ངེས། །ཀུན་རྫོབ་ཆོས་སྒོ་འདྲེན་པའི་བླ་མ་ཡང༌། །མོས་གུས་ཅན་ལ་འབྲལ་མེད་སྤྱི་བོར་བཞུགས། །ཐོད་པ་བོར་ཆོག་བརྩོན་འགྲུས་མ་ལྷོད་པས། །ཐེ་ཚོམ་སྤོངས་ལ་གསོལ་བ་ཡང་ཡང་ཐོབ། །འཆི་བའི་དགྲ་ཆེན་ནམ་འོང་ཆ་མེད་ཡིན། །དེ་ལས་སྐྱོབ་པའི་བླ་མ་སྙིང་དབུས་བཞུགས། །ཡེངས་མེད་ངང་ནས་གསོལ་བ་རྒྱུན་པར་ཐོབ། །རང་ངོ་ཤེས་པས་གྲོལ་བར་ངེས་པ་ཡིན། །བར་དོ་འོད་གསལ་ཆོས་ཉིད་བླ་མ་དེ། །རང་ངོ་ཤེས་ན་སྣང་མུན་མཚམས་སུ་བཞུགས། །དགོངས་པ་འཕོ་འགྱུར་མེད་པས་གསོལ་བ་ཐོབ། །གཞི་ལམ་མ་བུ་འཛོམ་པ་སོམས་ཉི་བྲལ། །སྐྱེ་འཆི་བར་དོ་བློ་ཡིས་བཏགས་པ་ཙམ། །ངེས་པའི་དོན་ལ་བླ་མ་སྐུ་གསུམ་ཡིན། །རང་ངོ་ཤེས་ན་རང་སེམས་ཆོས་ཉིད་དང༌། །འབྲལ་བ་མེད་པས་ཉམས་ལེན་གསོལ་བ་ཐོབ། །རྣམ་རྟོག་ཚབ་ཚུབ་ལྷོད་ཀྱིས་བཞག་ན་ཡལ། །བཅས་བཅོས་མང་ན་ལྷག་པར་གུ་དོག་བྱེད། །བག་ཡངས་ངང་ནས་བློ་བདེའི་མལ་ན་སྡོད། །སྐྱིད་པའི་ཉི་མ་སེམས་ལ་ཤར་བར་ངེས། །དེ་སྐད་ཆོས་དབྱིངས་དད་ལྡན་མས་བསྐུལ་ངོར། །རྒན་པོ་མངྒ་ལ་ཡིས་བརྩེ་བས་གདམས། །དགེ་བས་སེམས་རྒྱུད་ཆོས་ལ་འབྱོར་ནས་ཀྱང༌། །ཚེ་དང་སྒྲུབ་པ་མཉམ་པའི་སྨོན་ལམ་ཞུ། ༈ ཆོས་ཉིད་ཟབ་མོ་ཡོན་ཏན་རྒྱ་མཚོའི་ཁམས། །ཆོས་ཅན་སྐུ་སྔར་ཤར་བའི་འཁོར་ལོའི་མགོན། །ཆོས་མཆོག་བསྟན་པའི་རྒྱལ་མཚན་འཛིན་པའི་བཤེས། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །དགོངས་བརྒྱུད་འཕོ་བའི་རྟོགས་པས་རང་རྒྱུད་གྲོལ། །ཐུགས་རྗེའི་ཤིང་རྟས་གཞན་རྒྱུད་སྲིད་ལས་སྒྲོལ། །མཐོང་ཐོས་དྲན་རེག་གདོད་མའི་རྒྱལ་ས་རུ། །འདྲེན་པའི་སྟོབས་ནུས་རྩལ་དུ་རྫོགས་པར་མཛོད། །ཅེས་པའང་དད་ལྡན་དགེ་བ་དྷརྨ་དྷཱ་ཏུ་བྷ་དྲས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་འབྲེལ་ཚད་དོན་ལྡན་དུ་གྱུར་ཅིག ༈ ཚིག་བདུན་བླ་སྒྲུབ་ཐོན་ལ་གུ་རུར་གསོལ་བ་ཐོབ། །རང་སེམས་མ་ཡེངས་སྐྱོང་བ་དགེ་སྦྱོར་སྙིང་པོ་ཡིན། །ངེས་འབྱུང་འཆི་བ་མི་རྟག་གཞན་ཕན་སྙིང་རྗེ་སྒོམས། །གདམས་ངག་ཕུལ་བ་མ་བརྗེད་ཉམས་ལེན་གནད་དུ་དྲིལ། །མྱུར་དུ་འཕྲད་སྨོན་དང་བཅས་དིལ་མཁྱེན་རྒན་བུས་ཕུལ། །ཆོས་དབྱིངས་ཆོས་བཞིན་སྤྱོད་པས་རྒྱུད་དུལ་ཤོག ༈ རང་རིག་སྟོང་གསལ་འདིའི་རྩལ་བདེ་གསལ་མི་རྟོག་པའི་ཡེ་ཤེས་གསུམ་རང་སྣང་དུ་ངོ་ཤེས་ན་སྐུ་གསུམ་གྱི་ཡེ་ཤེས་ཡིན་ཀྱང༌། རང་སྣང་དུ་མ་རྟོགས་པས་བདེ་གསལ་མི་རྟོག་པའི་རྒྱུན་ཇེ་རགས་ལ་སོང་སྟེ་དུག་གསུམ་ཁུ་རྡུལ་རླུང་གསུམ། རྡུལ་མུན་སྙིང་སྟོབས་སོགས་མིང་གི་རྣམ་གྲངས་རྒྱུད་སྡེ་སོ་སོ་ནས་མང་པོ་གསུངས་ཀྱང་ཆོས་དབྱིངས་ཤིན་ཏུ་ཟབ་པའི་དབྱིངས་སུ་བློས་བཅོས་པ་མ་ཡིན་པའི་ཡེ་ཤེས་གསུམ་ལྡན་གྱི་མཁྱེན་ཆ་འགག་པ་མེད་པ་རྡོ་རྗེ་གསུམ་མམ། གཉུག་མའི་སྒོ་གསུམ་སྟེ་མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་གང་བསྒོམས་ཀྱང་འདི་མངོན་དུ་བྱེད་པའི་གནད་ལ་སོང་ན་ལམ་མཚན་ཉིད་པ་ཞིག་ཏུ་འགྱུར་བའི་གནད་ཤེས་པས། རྩ་རླུང་ཐིག་ལེའི་སྟོང་ར་འབར་འཛག་སོགས་སྐབས་སུ་གང་བབ་ཁྲིད་གཞུང་ལྟར་གསལ་བ་ཐམས་ཅད་རང་རིག་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་ལྷན་སྐྱེས་ཡེ་ཤེས་གཅིག་གི་ཆོ་འཕྲུལ་དུ་གོ་བས་ཐོག་མཐའ་ཀུན་ལ་དེའི་ངང་ལས་མ་གཡོས་པ་བྱུང་ན་རླུང་རིག་སེམས་གསུམ་བྱེད་པ་གཅིག་ཏུ་འགྱུར་ཞེས་མཚན་བརྗོད་པར་དཀའ་བའི་རིགས་ཀྱི་བདག་པོའི་ཞལ་ལས་ཐོས་པ་ལགས་སོ། །བདེ་ཆེན་གར་དབང་བཞད་པ་སྤྱན་རས་གཟིགས། འོད་གསལ་ཡེ་ཤེས་རབ་བྱུང་འཇམ་དཔལ་དབྱངས། །རྣམ་པར་མི་རྟོག་ཡེ་ཤེས་གསང་བའི་བདག །གཅིག་འདུས་མཉྫུ་ཤྲཱི་ཁྲོས་པའི་གར། །མི་ཤིགས་རྡོ་རྗེའི་ཁྲོ་ཆུ་ཞུན་མའི་སྐུ། །མཐར་བྱེད་མཐུ་སྟོབས་རྩལ་འབར་དུག་གི་གདོང༌། །རྟོགས་ན་རང་བྱུང་གཉུག་མའི་ཐིག་ལེར་བཞུགས། །རང་བྱུང་རང་ངོ་ཤེས་པས་ཉམས་ལེན་མཛོད། །བཀྲ་ཤིས་མི་ཟད་འབྱུང་བའི་རྡོ་རྗེའི་གནས། །བཤད་སྒྲུབ་འདུས་པས་རྗེས་སུ་བསྐྱངས་བའི་ལྗོངས། །འཇམ་དཔལ་གྲུབ་པའི་ཞིང་གི་མཛེས་རྒྱན་དུ། །གྱུར་ནས་འགྲོ་འདུལ་ཕྲིན་ལས་མཐར་ཁྱབ་ཤོག ༈ ཨ་ཧོ། རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་མཉྫུ་ཤྲཱི་བཛྲའི། །ཕྲིན་ལས་བདུད་བཞི་མཐར་བྱེད་རིགས་གསུམ་ཀུན་འདུས་གཟུགས། །དཔལ་ཆེན་ཁྲོ་ཆུ་དུག་གི་གདོང་པ་རབ་གནག་པས། །བློ་གྲོས་རྡོ་རྗེའི་ཡེ་ཤེས་སྣང་བ་ཆེས་བྱིན་རློབས། །སྟོང་ཆེན་དུག་གི་ཐིག་ལེའི་སྲིད་ཞི་ཀུན་ཟ་བྱེད། །རྡོ་རྗེའི་བདེ་བའི་གར་ལྡན་གནམ་ལྕགས་ཀྱི་ཁྲོ་ཆུའི། །ནག་ཕྱོགས་རྩ་སྦུར་བསྲེགས་པའི་ཁྲོ་རྒྱལ་གྱི་དཔལ་ལ། །སྨོན་ཅིང་འདུན་པའི་སྒྲུབ་བརྩོན་རྣལ་འབྱོར་པ་ཨ་ཧོ། །སྟོབས་ཆེན་དབྱིངས་འདིས་མ་འཁྱུད་འཁོར་འདས་ཆོས་མེད་ཀྱང༌། །རང་བཞིན་མཚན་མར་མི་གནས་རྣམ་ཀུན་གྱི་མཆོག་ལྡན། །རྒྱལ་བས་ཆོས་ཕུང་བརྒྱད་ཁྲིའི་འཕྲོ་གཞི་འདིའི་དོན་ཀུན། །ཆོས་ཉིད་སོ་སོ་རིག་པའི་སྤྱོད་ཡུལ་དུ་གྲགས་སོ། །སྟོང་ཉིད་དེའི་གཟུགས་རིག་ལྡན་མཚན་རྫོགས་ཀྱི་དཔལ་མོའི། །ཆུ་སྐྱེས་ཀ་ཀཱ་མུ་ཁའི་བྱེད་ལས་ཀྱི་རོལ་པས། །ལས་རླུང་གྱ་གྱུའི་མེ་ལྕེ་དྷཱུ་ཏིའི་ཀློང་བཅིལ་བའི། །བདེ་མཆོག་ཟླ་བ་འདྲེན་པའི་ཁ་ལོ་པ་རྨད་བྱུང༌། །ཕྱང་ཆད་དགག་བྱ་བཅད་པའི་སྟོང་རྐྱང་དུ་མ་འཕྱན། །མཆོག་ཏུ་མི་འགྱུར་བདེ་ཆེན་འོད་གསལ་གྱི་ཉིན་བྱེད། །ཀུན་ཤེས་ཀུན་རིག་མཁྱེན་གཉིས་ལང་ཚོའི་རྩལ་རྫོགས་པའི། །སྒྱུ་འཕྲུལ་དུས་ཀྱི་དགྲ་ཆེན་ཡཱ་མ་རི་རྨད་བྱུང༌། །དེ་ནི་རྒྱལ་ཀུན་ཐུགས་སིམ་ཡེ་ཤེས་ཀྱི་སེམས་དཔའ། །རྣམ་འགྱུར་མཐར་བྱེད་ཁྲག་འཐུང་མ་ལུས་པའི་རྗེ་བཙན། །སྲས་བཅས་རྒྱལ་བའི་རྣམ་ཐར་ཁྱོད་གཅིག་ལ་རྫོགས་པའི། །ཐབས་ཀྱི་དཔའ་ཆེན་སྒྱུ་འཕྲུལ་དགྱེས་དགུ་ཡིས་རྩེན་སྙམ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ནམ་མཁའ་ཡི་གཟུགས་ཅན། །རྣམ་བཅས་རྡོ་རྗེ་ཁམས་དྲུག་ཕུང་པོ་ལ་ཆགས་ཚེ། །བཅུ་གཉིས་འཕོ་བའི་དབུས་གནས་སྤྲུལ་པ་ཡི་འཁོར་ལོར། །གཤེད་རིགས་འདུལ་བྱེད་ལས་ཀྱི་གཤིན་རྗེ་ཡི་གཟུགས་བསྟན། །ཉི་ཟླའི་བགྲོད་པ་གཟུང་འཛིན་རྒྱུ་བ་རུ་ཕྱོགས་ཀུན། །དུས་མེའི་ཞལ་དུ་རྔུབས་པས་གཉིས་མེད་ཀྱི་མཁའ་ལ། །མུན་པ་ཆེན་པོ་འཇམ་དཔལ་ཁམས་གསུམ་ཀུན་ཟ་བྱེད། །རྗེས་ཆགས་དགའ་བཞིས་མྱོས་པའི་མ་དཱ་ན་རོལ་མཛོད། །ཡེ་ཤེས་མཆོག་འདི་བཞུགས་ཚུལ་ཕྱོགས་ཙམ་ཡང་མ་མཐོང༌། །ལྷ་སྔགས་ནུས་པའི་གདེང་ཚད་མེ་སྟག་ཙམ་མེད་བཞིན། །གཡོན་ཅན་གྲོགས་ལ་ཆགས་ཙམ་སྔགས་སྤྱོད་དུ་ཁས་ལེན། །ཆང་འཐུང་འཕྱོར་གོས་གྱོན་པས་ས་སྟེང་ཕལ་གང་འདྲ། །ཆོས་ཀུན་ཨེ་ཀློང་ཟ་བྱེད་ཁམས་གསུམ་གྱི་དུས་དགྲ། །རྟོགས་ན་མཚན་རྟོག་འཇོམས་པའི་ཡེ་ཤེས་ཀྱི་ཕོ་ཉ། །ཨེ་རྫོང་ཟིན་པའི་རྣལ་འབྱོར་ངོ་མཚར་ཅན་ཡོད་ན། །ཨེ་མ་རབ་དགའི་དོ་ཧ་ལྷང་ལྷང་ལྷང་སྒྲོགས་མཛོད། །དེ་སྐད་རང་ཉིད་ཡེ་ཤེས་མཐོང་གོམས་ཀྱིས་དབེན་ཀྱང༌། །དམ་པའི་ཞལ་ལུང་བདུད་རྩིའི་ཉིང་ཁུ་ལ་རོལ་པས། །ཆ་ཙམ་གོ་བ་འོན་པའི་རོལ་མོ་ཞིག་འཁྲོལ་ནས། །བཀྲ་ཤིས་གནས་ཆེན་མཁས་གྲུབ་མཆོག་རྣམས་མདུན་ཆས་སོང༌། །དམ་པས་ཐུགས་ཀྱིས་མི་ཁྲེལ་ནང་ལུགས་ཀྱི་དམ་གཙང༌། །འགྱུར་མེད་དད་གདུང་མོས་པའི་ཅ་ཅོ་རུ་དགོངས་ངེས། །དཔྱོད་ལྡན་གླེ་མིང་བློ་གྲོས་ཀླད་དམར་གྱིས་བྱས་ཀྱང༌། །སོ་མེད་རྒད་པོ་ཁྱོད་ལ་སྐྲག་རྒྱུ་རང་མེད་དོ། །དེ་སྐད་གང་དྲན་མ་བརྟགས་བྱུང་རྒྱལ་གྱི་འཁྱལ་གཏམས། །མི་རྒན་གཙོས་པའི་སུག་པ་སྲིན་བུ་ཡི་རི་མོ། །ལྷོ་ལྗོངས་འབྲུག་ལྟར་གྲགས་པའི་སྨན་ཤིང་གི་དབུས་ནས། །ཡུད་ཀྱིས་ཕུལ་བས་དགྱེས་པའི་གད་མོའི་རྒྱུར་གྱུར་ཅིག ༈ སྲིད་ཞིའི་དགེ་ལེགས་འབྱུང་གནས་རིན་ཆེན་གསུམ། །སྐྱབས་ཀྱི་སྙིང་པོར་བཟུང་བར་ཐོག་མར་གཅེས། །ཚེ་འདི་དོན་གཉེར་འཇིག་རྟེན་ཆོས་བརྒྱད་དང༌། །འཁོར་བར་ངེས་འབྱུང་འཆི་བ་མི་རྟག་བསྒོམ། །ཐར་ལམ་རྩ་བ་མཚན་ལྡན་བླ་མ་བསྟེན། །སྡོམ་གསུམ་སྤང་བླང་གཞུང་བཞིན་བག་ཡོད་མཛོད། །དུས་ཀུན་བླ་མའི་རྣལ་འབྱོར་ཉམས་ལེན་དང༌། །གཞན་ཕན་བྱང་ཆུབ་སེམས་ལ་བློ་སྦྱོང་གཅེས། །སྔ་འགྱུར་བསྟན་པའི་སྙིང་པོ་སྒྱུ་འཕྲུལ་གྱི། །འཆད་ཉན་རྒྱུད་དོན་ཉམས་ལེན་ཅི་ནུས་མཛོད། །དགེ་བ་ཅི་བྱས་མཁའ་ཁྱབ་སེམས་ཅན་དོན། །བསྔོ་བས་རྒྱས་འདེབས་སྨོན་ལམ་ཡང་ཡང་མཛོད། །ཅེས་པའང་ཤཱཀྱའི་དགེ་སློང་ཐུབ་བསྟན་འཇམ་དཔལ་ནས་བསྐུལ་ངོར་མངྒ་ལས་བྲིས་པ་དགེ་བར་གྱུར་ཅིག ༈ འཇིགས་མེད་གླིང་པས་གནས་ལུགས་རྡོ་རྗེའི་ཚིག་རྐང་ལས། ཐོལ་གྱིས་ཤར་བའི་རྣམ་རྟོག་དེ༔ ཧྲིག་གེ་རིག་པ་ལྷག་མཐོང་ཡིན༔ ཞེས་པ་དེ་རྫོགས་ཆེན་གྱི་ཞི་ལྷག་གཉིས་རེད་ཅེས་བླ་མ་ཚོས་གསུང་གི་གདའ་བ། ཡུལ་རྐྱེན་ཞིག་གིས་དགེ་སྡིག་གང་ཡིན་གྱི་རྣམ་རྟོག་གློ་བུར་བ་ཆུ་ལས་ཉ་འཕར་བ་ལྟར་སྐྱེས་ན། སྔོན་བསུ་རྗེས་དཔྱོད་གང་ཡང་མི་བྱ་བར་ད་ལྟའི་རྟོག་པ་ཀེ་རེ་བ་དེ་ལ་བལྟས་པས་ཞི་གནས་དང༌། ངོ་བོ་ངོས་བཟུང་གང་ཡང་མེད་ཅིང༌། རང་ངོ་རང་གིས་རིག་ཙམ་གསལ་ལ་གོ་མ་འགག་པ་སོ་སོ་རང་རིག་པས་ཉམས་སུ་མྱོང་བ་དེ་ལྷག་མཐོང་ཞེས་བཏགས་ཀྱང་དོན་ལ་དེ་གཉིས་སོ་སོ་མ་ཡིན་ཐ་མི་དད་པ་དེ་རིག་པ་ཨི་མི་ཡིན་སྙམ། ཁྲིད་གཞུང་ཁ་ཤས་ལས། ཞི་ལྷག་དེ་གཉིས་ལ་ཞི་གནས་མཉམ་བཞག་དང་རྗེས་ཐོབ་ལྷག་མཐོང་ཀྱི་བརྡར་ཡང་བཏགས་སྙམ་ལགས་པས་དེའི་ཐུགས་ཕན་གསོ་སྲིད་སྙམ། གླེ་བན་ལ་མི་རྒན་གྱིས་ཕྲིན་བརྫངས་བྲིས་པ་ལགས། ༈ ཕ་བླ་མ་བཀའ་དྲིན་ཅན་ལ་འདུད། །བུ་སེམས་ཀྱིས་སེམས་ལ་བལྟ་བའི་ཚེ། །ཅིར་ཡང་མ་གྲུབ་ས་ལེ་བ། །རང་བཞིན་མེད་པའི་སྟོང་པ་ཉིད། །སྟོང་ཡང་འཛིན་མེད་ཀུན་ལ་ཁྱབ། །རང་བཞིན་འོད་གསལ་ལྷུན་གྱིས་གྲུབ། །གསལ་སྟོང་བློ་ཡིས་མ་བཅོས་པ། །རིས་མེད་ཀུན་ཁྱབ་ཟང་ཐལ་ལོ། །ཀུན་ལ་ཁྱབ་ཅིང་ཀུན་ལ་སྣང༌། །འཛིན་མེད་གཉུག་མ་ཁྱབ་བརྡལ་དབྱིངས། །རང་ངོ་ཤེས་པ་ཙམ་དུ་སྐྱོངས། །འདི་ལ་ངེས་པའི་གདིང་ཐོབ་ན། །སྐྱེ་འཆི་འཁྲུལ་བ་དབྱིངས་སུ་དག །ཆོས་ཉིད་གདེང་ཆེན་མངོན་གྱུར་ནས། །གདོད་མའི་བཙན་ས་ཟིན་པར་འགྱུར། །དེ་སྐད་རྒན་བུའི་གང་དྲན་ཕུལ། །རིམ་གྱིས་བཀའ་མཆིད་གནང་བར་ཞུ། །རིག་སྟོང་བླ་མ་འབྲལ་མེད་ཀྱི། །སྨོན་ལམ་གསོལ་བ་ཡང་ཡང་ཞུ། ༈ སེམས་ཀྱིས་སེམས་ལ་བལྟ་བའི་ཚེ། །མཐོང་རྒྱུ་མེད་ཀྱང་ས་ལེ་བ། །མ་བཅོས་གུ་ཡངས་ལྷོད་དེའི་ངང༌། །རང་བབ་མ་ཡེངས་ཙམ་དུ་ཞོག །དེ་ལས་རྣམ་རྟོག་ཅི་བྱུང་ཡང༌། །མ་དགག་མ་སེམས་རང་ངོ་ལྟོས། །ཤར་བས་གཤིས་ལ་མ་སྒྲིབ་པར། །བྱུང་ན་ཤར་ཡང་དེ་གར་ཀློད། །འདས་པའི་རྗེས་སུ་མ་འབྲང་ཞིང༌། །མ་འོངས་རྟོག་པས་མདུན་མ་བསུ། །ཐད་ཀར་ཕྱི་སྣོད་བྲལ་བ་འདི། །བཞི་ཆ་གསུམ་བྲལ་ཞེས་སུ་གྲགས། །རྣམ་རྟོག་ངོ་ཤེས་ངང་བསྐྱངས་ན། །སྐྱེ་འགག་གནས་པ་མེད་བཞིན་སྣང༌། །སྣང་ཡང་གཤིས་ལ་ཕན་གནོད་མེད། །ཆོས་ཉིད་རང་བབ་རྗེན་པའོ། །རིག་སྟོང་ཟང་ཀ་རྒྱ་ཡན་འདི། །མཉམ་རྗེས་ཀུན་ཏུ་ལམ་ཁྱེར་ན། །འཁྲུལ་པ་རང་གྲོལ་རྟོགས་པའི་གདེངས། །མྱུར་དུ་ངེས་པར་ཐོབ་པར་བྱེད། །གྲོགས་སུ་བླ་མ་རང་གི་སེམས། །དབྱེར་མེད་ཐུགས་ཡིད་བསྲེས་པའི་ངང༌། །མཉམ་པར་བཞག་ཅིང་དད་མོས་བསྐྱེད། །ངེས་དོན་ཆོས་སྐུའི་རང་ཞལ་བལྟ། །ཁྱད་པར་མི་རྟག་ངེས་འབྱུང་དང༌། །གཙང་མའི་ཚུལ་ཁྲིམས་མིག་བཞིན་བསྲུང༌། །ཟབ་དོན་སྙིང་པོའི་རྣལ་འབྱོར་ལ། །རྩེ་གཅིག་བརྩོན་པ་ཡལ་མ་དོར། །ཐོས་བསམ་སྒོམ་གསུམ་སྤེལ་མ་ཡིས། །གཅིག་གྲོགས་ཅིག་གྱུར་མཐར་ཐུག་གི །གཏན་ལ་ཕེབས་ཡུལ་འདི་ཡིན་པས། །སྙིང་པོའི་དོན་འདིར་སྙིང་རུས་བསྐྱེད། །དེ་སྐད་མན་ངག་བདུད་རྩིའི་སྙིང༌། །དགྱེས་པའི་མཆོད་སྤྲིན་དམ་པ་འདིས། །ངེས་གསང་རྟོགས་པ་ནམ་མཁའ་ལྟར། །ཁྱེད་ལ་འཁྲུངས་པའི་རྒྱུར་གྱུར་ཅིག །མངྒལཏྟ། ༈ རིག་སྟོང་དབྱིངས་ཀྱི་གཤིན་རྗེ་ཁྲོ་བོའི་ཆུ། །འཁྲུལ་སྣང་སྲོག་རྩ་གཅོད་པ་དུག་གི་གདོང༌། །རང་བྱུང་གསང་བ་ཆེན་པོའི་དཀྱིལ་འཁོར་དུ། །བཞུགས་པའི་ཞལ་བཟང་ཡུད་ཙམ་མཇལ་འདི་རྨད། །ཀུན་ཉོན་གཉིས་སྣང་འཁྲུལ་པའི་དགྲ་དང་བགེགས། །རེག་པ་ཙམ་གྱིས་ཟ་བའི་ཡེ་ཤེས་ཞལ། །དུས་ཀྱི་དགྲ་ཆེན་འཇམ་དཔལ་ཡ་མ་རི། །བློ་འདས་དབྱིངས་ནས་དགྱེས་པའི་གད་རྒྱངས་སྒྲོགས། །སྲིད་པའི་སྲོག་རྩ་གཅོད་བྱེད་ཤན་པ་ཆེ། །གཏིང་རིང་གཞོན་ནུ་བུམ་སྐུའི་ལྕགས་མཁར་དུ། །རོལ་པའི་ཞིང་ཁམས་ཆེན་པོར་དེར་ཕྱིན་ན། །ཟང་ཐལ་ཆོས་སྐུའི་འཇམ་དཔལ་མངོན་སུམ་མཇལ། །སྣང་སྤྱོད་ཡེ་ཤེས་འཁོར་ལོ་འཆར་བའི་འཕྲུལ། །རིམ་པ་བཞི་ཡི་ལམ་གྱིས་བསྐོར་ཤེས་ན། །མྱུར་བདེའི་དཔའ་བོ་གཞོན་ནུའི་གོ་འཕང་ལ། །ཕྱིན་པའི་གསེང་ལམ་ངོ་མཚར་རྨད་དུ་བྱུང༌། །རྒྱལ་ཀུན་ཐུགས་དབུས་ཡེ་ཤེས་སེམས་དཔའ་སྟེ། །རྒྱུད་ལྔའི་འགྲོ་ལ་ཀུན་ཁྱབ་བདེ་གཤེགས་སྙིང༌། །གཉིས་མེད་ཆོས་ཉིད་ཤེས་རབ་ཕ་རོལ་ཕྱིན། །གཞོན་ནུ་ཟུར་ཕུད་ལྔ་འཛིན་ལྷ་དེས་སྲུངས། །དེ་སྐད་གང་ཤར་ཚིགས་སུ་བཅད་པའི་ཕྲེང༌། །སྤྲང་འཁྱམས་སོར་མོའི་དལ་གྱིས་བསྟར་བ་ཡང༌། །ཕྲིན་ལས་བློ་གྲོས་མགུལ་པའི་རྒྱན་གྱུར་ནས། །རིགས་གསུམ་ཁྲོ་འདུས་ཆེན་པོ་མངོན་གྱུར་ཤོག །བོད་ཟླ་བཞི་པའི་ཚེས་ཉེར་གཅིག་ལ། ཚིགས་བཅད་ཀྱིས་ཞུས་པ་བཞིན་ངེས་པ་དོན་གྱི་འཇམ་དཔལ་ཤེས་རབ་རང་བྱུང་གི་སྒྲོན་མ་དབྱིངས་རིག་གི་སྣང་བ་སྟེ་དེ་ལ་གོམས་པས་ཟག་བཅས་འཁོར་བའི་འཁྲུལ་སྣང་གི་མུན་པ་སེལ་ནུས་ན་ཉིད་རང་གི་རྩ་བའི་བླ་མའི་ཡེ་ཤེས་ཡིན། རང་རིག་ཀ་དག་གི་རིག་གདངས་ཀྱང་ཡིན། །མིང་གང་ལྟར་བཏགས་ནས་ངོས་བཟུང་ཡང་དོན་ཡེ་ཤེས་གཅིག་ལས་མ་འདས་པས་རིག་རྩལ་མོས་གུས་སུ་ཤར་བས་གསོལ་འདེབས་ཀྱང་མཛོད། དབྱིངས་རིག་གི་སྣང་བ་ལྷག་པའི་ལྷ་རུ་ཤེས་པའི་རང་ངོ་ཡུལ་དང་ཡུལ་ཅན་གཉིས་མེད་དུ་སྦྱངས་ན་རིམ་གྱིས་སྣང་བའི་འཕེལ་ཆེ་ཞིང༌། རེ་དོགས་ཟད་པའི་རིག་པ་གསལ་སྟོང་རྩལ་རྫོགས་པས་ཉམས་ལེན་ལ་གདེང་ཐོབ་པ་འབྱུང་སྙམ་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་ཐོས་པ་ལགས་སོ། ༈ ཨ་ཧོ། མཁྱེན་བརྩེ་ཕྱི་ན་མི་བཞུགས་སྙིང་དབུས་ཀྱི་ཐིག་ལེར། །དངོས་མཚན་སྤྲོས་པས་མི་ཕྱེད་ཀ་དག་གི་གཤིས་ལུགས། །ཡེ་གཞི་སངས་རྒྱས་ཀུན་གྱི་དགོངས་ཀློང་གི་ཞེ་ཕུག །མ་བཅོས་ལྟ་བས་གཏན་འབེབས་མོས་གུས་ཀྱིས་སྐུལ་མཛོད། །གཟུགས་སྐུ་ཕྱི་ན་མི་བཞུགས་ལྷུན་གྲུབ་ཀྱི་ཡེ་གདངས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པས། །རང་ངོ་རང་གིས་ཤེས་པའི་སྒོམ་པ་ཡིས་སྐྱོངས་དང༌། །སྐྱེ་འཆི་འཕོ་འཇིགས་མཚན་མའི་སེམས་ཁྲེལ་ཡང་མི་དགོས། །བླ་མ་ཕྱི་ན་མི་བཞུགས་ཐུགས་རྗེ་ཡི་ཡེ་སྤྲུལ། །བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་བརྡལ་དུ་བཞུགས་པས། །ཚོགས་དྲུག་བླ་མར་ཤེས་པའི་མོས་གུས་ཀྱི་ངང་ནས། །གང་ཤར་རང་གྲོལ་སྤྱོད་པ་ལ་ཟླ་རུ་མཛོད་ཅིག །གདམས་ངག་ཕྱི་ན་མི་བཞུགས་རང་བྱུང་གི་ཤེས་རབ། །རྩོལ་མེད་ཆོས་ཕུང་བརྒྱད་ཁྲིའི་བརྡ་སྟོན་དུ་ཤར་བས། །ཡུལ་སྣང་དཔེ་རུ་ཤེས་པའི་གནད་གསང་ལ་དགོངས་དང༌། །ཐ་སྙད་ཚིག་རྗེས་འབྲང་བའི་དཔྱད་པ་ཡང་མི་དགོས། །བླ་སློབ་ཕྱི་རུ་མི་བཞུགས་ཆོས་ཉིད་ཀྱི་རང་རྩལ། །སྟོན་འཁོར་དགོངས་པ་དབྱེར་མེད་ཐིག་ལེ་གཅིག་བཟླུམ་པས། །གསོལ་འདེབས་གང་ལེགས་མང་པོའི་སྤྲོས་པ་དེ་སྐྱུར་ལ། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་མཉམ་བཞག་གི་གདེངས་ཆོས། །འཁོར་འདས་ཕྱི་ན་མེད་དོ་ཆོས་ཉིད་གཅིག་ཁོ་ན། །མ་བརྟགས་ཉམས་དགའི་ཀུན་བརྟགས་སྤྲིན་རིས་ཀྱིས་ཟློས་གར། །བཟང་ངན་སྤང་བླང་བྲལ་བའི་མཉམ་བཞག་གི་གཤིས་སུ། །གདོད་ནས་འཕོ་འགྱུར་མེད་པའི་དགོངས་པ་ལ་གདིང་ཆོས། །དེ་སྐད་ཐེག་མཆོག་རྒྱལ་པོའི་གསང་ལམ་ལ་སྙེགས་པའི། །རྣལ་འབྱོར་འཇམ་དབྱངས་རྡོ་རྗེའི་གསུང་བསྐུལ་ལ་བརྟེན་ནས། །ཁ་ལ་རྫོགས་ཆེན་ཁྱེར་པའི་མངྒ་ལའི་གཱིརྟི། །བདེ་ཆེན་ཆོས་གླིང་ཉལ་བའི་སྲིན་རྗེས་སུ་གུས་ཕུལ། ༈ འཁོར་འདས་འཁྲུལ་གྲོལ་བྱེད་པོ་རང་གི་སེམས། །སེམས་ནི་སྐྱེ་འགག་གནས་བྲལ་སྟོང་པའི་གཤིས། །གཤིས་ལུགས་མ་བཅོས་ཡེངས་མེད་དྲན་པས་སྐྱོངས། །ངེས་དོན་ལྟ་སྒོམ་སྤྱོད་ཀུན་དེ་ལ་འདུས། །ཞེས་དད་ལྡན་ཡེ་ཟླའི་ངོར་མངྒ་ལས་གདམས་པའོ། ༈ རང་རིག་ནམ་མཁའ་མདུང་སྐོར་ལ། །རྐྱེན་ངན་སེར་བུའི་ཕན་གནོད་བྲལ། །གུ་ཡངས་བློ་བདེའི་ཉི་མ་ལ། །རེ་དོགས་བར་ཆད་མིང་ཡང་མེད། །ཧ་ཧ། ཤར་པ་བླ་མ་ངག་དབང་ཤེས་རབ་ལ་གནང་བའོ། ༈ བླ་མ་མ་བརྗེད་རྟག་ཏུ་གསོལ་བ་ཐོབ། །རང་སེམས་མ་ཡེངས་རང་ངོ་རང་གིས་ལྟོས། །འཆི་བ་མ་བརྗེད་ཆོས་ལ་བསྐུལ་མ་ཐོབ། །སེམས་ཅན་མ་བརྗེད་སྙིང་རྗེ་བསྔོ་སྨོན་གྱིས། །ཅེས་དད་ཅན་ཀུན་བཟང་ངོར་མངྒ་ལས་སོ། ༈ སྣོད་བཅུད་མི་རྟག་སྒྱུ་མ་རྨི་ལམ་འདྲ། །ཚེ་འདིའི་བྱ་བ་ལའང་སྙིང་པོ་མེད། །འཆི་བ་དྲན་པས་རྟག་ཏུ་དམ་ཆོས་སྒྲུབས། །རང་སེམས་བླ་མར་ཤེས་པའི་གསོལ་འདེབས་བགྱི།། །།
[edit]

@#/_/pha bka' drin can la gsol ba 'debs/_/rje khyed kyi gsang gsum yon tan dang*/_/drin 'khor thabs bral ba dran bzhin pas/_/dus rtag par mi brjed gsol ba 'debs/_/las snyigs ma lnga bdo'i skabs 'di ru/_/chos byed mkhan nyin mo'i skar ma 'dra/_/don sgrub pa'i rgyal mtshan btsugs mkhan dkon/_/ming snyan po chos pas rgyal khams gang*/_/sems nges 'byung bsam pas dben gnas su/_/rtse gcig tu sgrub pa'i snying rus can/_/bu chos kyi rgyal mtshan ming don mtshungs/_/zab mkha' 'gro'i snying bcud nges don la/_/blo gtad nas dben par khu sim mir/_/pha grub thob gong ma bzhin bzhugs pa'i/_/las byas pa don ldan mdzad pa la/_/rgan bdag kyang dga' bas thal mo sbyar/_/las rten 'brel bzang po'i mchod rdzas su/_/rje mi la ras pa'i sku li ma/_/gsung rnam thar chos kyi glegs bam dang*/_/thugs rdo rje btsun mo sgom thag tshul/_/ras dkar po'i bla gos bcas phul bas/_/tshe 'dir snang zhen pa rbad kyi chod/_/chos bdud rtsi'i bcud len snying la sim/_/gnas dben pa'i ri sul kheng pa yis/_/las skal ldan bu yi tshogs rnams kun/_/nyams rtogs pa'i pha phog lag rtser thob/_/lam rdo rje'i rnal 'byor mtha' ru son/_/dpal rdo rje 'chang dang dbyer med pa'i/_/'bras mthong ba'i chos la mngon gyur shog__/ces pa'ang chos bzhin spyod pa'i seng brag mchog gi sprul pa'i sku ngag dbang chos kyi rgyal mtshan mchog gi zhal snga nas sgrub sde gsar 'dzugs kyi skabs rten 'byung dge ba'i kha smon tsam du nges don sgrub brgyud kyi shing rta la mos pa'i g.yar dam brtan pa karma sgrub brgyud chos kyi nyi ma bkra shis dpal du 'byor bas ngo mtshar chos sku'i mchod rten dang 'dabs sbyor ba'i zhe chen bstan gnyis dar rgyas gling gi gtsug lag khang nas lha rdzas nang mdzod bcas phul bas rtogs pa don brgyud kyi rgyal thabs la mnga' dbang 'byor ba'i rten 'brel du gyur cig__!__nyams len gnad dril gdams pa bdud rtsi'i nying khu bzhugs/__bla ma la phyag 'tshal lo/_de yang slob dpon chen po dbyig gnyen gyis/_tshul gnas thos dang bsam ldan pas/_sgom pa la ni rab tu sbyor/_zhes gsungs pa 'di bzhin sangs rgyas gnyis pa 'phags mchog klu sgrub gtso bor gyur pa'i 'phags bod mkhas grub kun gyi sangs rgyas kyi bstan pa'i bab dang mthun pa'i rnam thar ngo mtshar rmad du byung ba ste/_bdag cag kyang de'i rjes su slob dgos pas na/_thog mar bslab pa kun gyi rten sa gzhi lta bu so byang sngags kyi sdom pa bzhes dgos pas/_bla ma mtshan nyid dang ldan pa gcig gam so so las brgyud pa khungs ldan sel med pa tshad ldan du nod/_sdom pa thob nas srung dgos/_srung ba la srung bya shes dgos phyir/_gsar rnying gi sdom gsum bstan bcos gang rung ngam/_khyad par mnga' ris paN chen rin po che'i sdom gsum rnam nges tshig nyung don rgyas mdo sngags kyi lam gnad thams cad tshang pa yin pas de la thos bsam legs par ma mdzad na sdom pa gsum de thob pa tsam gyis mi chog bslab pa sangs rgyas kyis gsung pa rnams ma nyams par srung sdom rnam par dag dgos/_ma srung na sdom pa thob kyang nyes dmigs las mi 'ong*/_bsrungs na thams cad mkhyen pa'i lam rim de yin/_so byang gi sdom pa cho ga las blang bas thob/_sngags sdom rang gi sems kyis bla ma lha dang dbang gi don rnams kyi rgyu mtshan ngo shes nas bka' gter gang rung gi dbang gi sta gon dngos gzhi dbang bzhi yongs rdzogs zhig tshad ldan du thog mar thob pa de nas ngos bzung na legs/_deng dus rgyal bstan rin po che shin tu nyag phra ba'i skabs so thar dge slong dge tshul gang rung gi sdom pa zhu zhing pham lhag gi gtso bor gyur pa'i 'dul khrims yang dag zhig srung ba cis kyang gal che/_byang sems ni thams cad mkhyen pa'i lam gyi rtsa ba yin pas thugs rgyud byang chub sems ldan gyi bshes gnyen las len pa gal che zhing*/_rten khyad par can dang sangs rgyas byang sems yid yul du byas nas blang kyang rung gsung*/_stong nyid snying rje rgyud la skye ba'i rgyu ma nor ba blo sbyong don bdun sogs bdag pas gzhan gces 'byong thabs kyi khrid rnams la nyams len dang*/_spyod 'jug gi gzhung la thos bsam mdzad na theg pa chen po'i lam gyi gnad dang man ngag kun 'dus yin/_bka' brgyud phyogs la mnyam med dwags po'i thar rgyan theg chen gyi lam rim khyad par can yin/_gsang sngags kha rkyang gi lam gyi rim pa snga 'gyur rnying ma la sgyu 'phrul gsang snying*/_gsar ma la bde gsang kye rdor brtag gnyis rnam bshad rgyud ma nyams par bzhugs/_mdo sngags spyi dril gyi gzhung rnying phyogs gu ru pad+ma'i lam rim chen po/_kun mkhyen klong chen gsung sems nyid ngal gso la mdo sngags zung 'jug gi lam dang don khrid khyad par can bzhugs/_yid bzhin mdzod la lta ba'i zab gnad khyad par can yod/_'jigs med gling pa'i yon tan mdzod dbang dam tshig bskyed rdzogs rdzogs chen rnams rgyas par yod/_gsar phyogs rje rin po che'i lam rim sogs yin pas de dag thugs la gang 'thad ci rigs dang*/_rig pa'i gnas ji ltar rigs pa mkhyen pa gal che/_bka' gter grub mtha' ris med kyi chos skor ji tsam gsan rgya che na bstan par phan pa'i phrin las che bas brgyud pa dang chos tshad ldan thog mar brtags pa gal che/_mang du thos pa rgya chen po ma byung kyang rang gi nyams len gyi chos gang yin de thos bsam mtha' chod pa gal che/_mang du thos pa'i snying po rgyal ba'i dgongs pa mthar thug gi lta sgom spyod pa'i gnad la nges shes 'drong dgos/_mdo lugs kyi lta ba thams cad kyi rtse mo dbu ma yin/_dbu ma thal 'gyur gyi dgongs pa sher phyin dang mthun/_bden 'dzin gyi mdud pa bshig pa la zab/_dbu ma gzhan stong gi dgongs pa 'khor lo tha ma dang mthun/_sngags kyi lta ba dang mthun che/_snang stong gi phyogs dang zung 'jug gis dgongs pa gtso bor bton pa yin pas/_de gnyis dgongs pa 'gal med du dril ba zab don mthar thug yin/_lta ba de'i don rgyud la sbyor ba sgom pa yin/_sgom pa gsang sngags kyi lam nyid zab pas sngags lam gyi snying po bskyed rdzogs gnyis/_bskyed rdzogs kyi sgom pa'i mthar thug phyag rdzogs yin/_bskyed rim ni rang gi rtsa ba'i yi dam gang yin de'i bsnyen sgrub gzhung tshad ldan yang yang bya ba yin/_bskyed rim smin khrid du nyams len mthar phyin pa dkon kyang rang gi rtsa ba'i yi dam gyi bsnyen sgrub gzhung mthun la mos sgom ci nus dang*/_bsnyen pa kha gso sgrub mchod ma chags pa sogs ci nus su mdzad cing gzhan bka' gter gyi lhag pa'i lha du ma'i bsnyen 'brel mdzad na legs pa'i yan lag tu 'gyur/_rdzogs rim gtum mo sogs gnad du gang 'khyol dang*/_khyad par sgrub brgyud shing rta chen po brgyad ka'i mthar thug gi nyams bzhes dbang bzhi pa'i ye shes te/_de la gsar rnying yongs grags su phyag rgya chen po/_rnying mar rdzogs pa chen por gsungs/_don gyi gnad gcig pas phyag chen gzhi lam 'bras bu'i rnam bzhag dwags po bkra shis rnam rgyal gyi zla ba'i 'od zer legs bshad khyad par 'phags/_rdzogs chen gyi gzhung rgya che'i nang kun mkhyen klong chen pa'i mdzod bdun dang*/_zab lam bla ma yang tig gi don khrid skor gsum/_mkha' 'gro snying tig gi zab don rgya mtsho'i sprin phung*/_zhus lan gser phreng*/_'jigs med gling pa'i ye shes bla ma sogs zab/_nyams len dngos la bla ma nyams myong dang ldan pa'i dmar khrid skyong bas nyams myong rdo rus 'phrod pa gal che/_spyir sngon 'gro'i bsags sbyang*/_bskyed rdzogs/_dngos gzhi sems ngo'i nyams len phyogs gcig la mi zhen pa gnad du gang zag rgyud tshod dang bstun pa spel mar skyong mdzad dgos gsungs/_mdor na chos ji ltar mdzad bzhin nang gi bdag 'dzin dang nyon mongs chung zhing dad dang nges 'byung snying rje brtson 'grus rnams che bar byung na gnad du 'gro ba'i rtags yin gsungs/_nges 'byung med na nang pa sangs rgyas pa'i chos yang dag zhig tu gtan nas mi 'gro bas chos kyi rtsa ba rul nas 'gro bas 'khor ba'i rgyu 'bras la skyo ba bskyed/_dad pa med na dkar po'i chos kyi snang ba'i sgo 'gags pas kun la dag snang dang mos gus bya/_snying rje med na theg chen gyi lam gsha' ma zhig tu 'gyur thabs med/_chos kun gyi srog lta bu yin pas nyams len gyi snying po 'di la bya/_spyod lam tha mal du ma shor na mnyam rjes kyi nyams len thams cad de la tshang bas rtag tu chos kyi snang ba dang ma bral bar bslab/_rang rig so ma ma bcos pa bskyangs na rig stong dgongs pa'i rtsal myur du rdzogs par 'gyur bas nyin mtshan kun tu yengs med kyi dran pa'i rgyun bskyang*/_dus kun mi rtag pas bskul ma 'debs pa 'di shin tu zab pas nam 'chi nges med kyi blo dung nge bya/_snang ba bzang ngan gang la'ang zhen 'khris kyi ched 'dzin mi bya bar sgyu ma lta bu'i blo sbyang*/_bdag cag bla ma'i rigs la 'brel thob mang bas dus kun gzungs sngags khyad par can rnams dang*/_smon lam rnam lnga'am bzang spyod tsam re ma chags pa gal che/_mdo sngags kyi nyes ltung bshags pa ltung bshags/_bla ma rdor 'dzin/_rdor sems sgom bzlas rnams rgyun du gal che/_gang ltar yang dge sbyor gang mdzad dam pa gsum gyis rtsis zin pa gces par go lags/_bdag ni ltar snang bla ma'i gzugs brnyan las/_/sems dang chos gnyis 'dres pa'i nyams len med/_/'on kyang dam pa'i man ngag mang thos pas/_/gang dran tho rengs langs dus bris te phul/_/rnam dkar dge bas khyed nyid zhabs brtan cing*/_/gsan bsam sgom pa'i yon tan mthar phyin pas/_/bstan dang 'gro la phan pa'i thugs bskyed dang*/_/phrin las yar ngo'i zla ltar rgyas gyur cig__/ces pa'ang shrI seng ge brag gi mchog sprul rin po che ngag dbang 'gyur med chos kyi rgyal mtshan nas gsung bskul bzhin shar mdo khams kyi mi 'khyams mang+ga la'i ming gis lhag bsam gyis bris te phul ba don dang ldan par gyur cig__!_na mo gu ru tsin+ta ma Ni ye/_da lan pad+ma tshe snying gi sgrub po rnams la gsol ba/_khyed rnams kyis dang po kun slong la mtho srid rtse nas dma' dmyal khams yan chod du 'jigs skrag zhig la 'chi ba las che ba gcig kyang yod ma red/_'khor ba'i sdug bsngal che shos de las sems can skyob pa'i phyir tshe sgrub pa'i thabs nyams su len pa yin/_mchog gi tshe sgrub ni bi ma mi tra dang*/_gu ru rin po che lta bu skye 'chi med pa'i sangs rgyas su 'gyur ba yin pas des na kun slong dang po byang chub kyi sems bskyed pa 'di tshe sgrub kyi zab shos yin pas gal che/_gnyis pa kun mkhyen 'jigs gling gi ri chos su gsungs pa bzhin/_'khor ba'i bya ba lto 'bol ba/_sdod sa legs pa/_sbyin bdag mang ba/_mtshams pa zhes snyan grags che ba/_thams cad kyis dad pa dang phyag 'tshal ba'i yul du gyur pa'i re ba de yid la ma dran/_rje btsun mi la ras pas zas gos sogs 'dod yon sgrub pa nyams len gyi mthun rkyen du gyur na rung*/_sgrub pa nyams len sgrub tshugs rnams zas gos gsog 'jog gi rgyur gyur na mi rung gsungs pa de yang yang dran dgos/_de ma dran na dus snyigs ma la sgom chen gcan gzan lta bu zer ba de red/_sgo drung du tho brtsegs/_mi dang ngo mi 'phrad pa'i mtshams de gzugs po rkyang pa khang pa'i nang gab pas mi 'ong*/_lo chen rin chen bzang pos phyi mtshams mi dang mi 'phrad pa/_nang mtshams yi ge bri rgyu/_lha bri rgyu/_tshems po rgyab rgyu sogs mi byed pa/_gsang mtshams tha mal gyi rnam rtog bsam mno mang po mi btang ba'i dam bca' mdzad nas lo bcu gnyis bzhugs pas sku lus ma spang par mkha' spyod gshegs pa red pas de lta bu dgos red/_gsum pa ri khrod du mtshams thun ring bzhin chos la brtson 'grus je che/_tshe 'di'i bya ba la zhen pa je chung*/_lha dang bla ma la dad pa je che byung na chos gnad du song ba red/_de ma yin par 'jig rten mang pos phyag mchod kyi yul du bzung bzhin mo 'debs rgyu/_gto mdos srung bzlog byang chog sogs grong chog gi bya ba je mang*/_a na re bzhin bsog 'jog je che tshong bskur sogs nor gsog pa la je dga' re byung na bdud kyis bslus te bar chad zhugs pa red/_bar chad zhes pa de rgyal 'gong ser mo rmi lam du rmis pa sogs zer gyi ma red/_rang rgyud chos dang thag je ring song ba de bar chad red/_mchog gi tshe sgrub zhes pa de rang gi lus ngag yid gsum dang bla ma tshe dpag med pa'i sku gsung thugs ye nas dbyer med yin pa la yin par shes pas lus lha bsgom/_ngag sngags bzla/_sems ting nge 'dzin dang ma bral ba zhig gis bla ma tshe dpag med pa'i yon tan yang yang dran pa'i dad pas gsol 'debs/_sgo gsum lha sngags chos skur shes pa'i gsal 'debs yang yang*/_da nga bla mas rjes su bzung*/_gdams ngag zab mo bstan/_chos byed ming khur/_mtshams dam po bsdams pa 'di'i steng nas nyams rtogs kyi gdeng thob pa/_'khor bar zhe log pa/_chos brgyad la re dogs med pa zhig dgos red snyam pas rang gis rang la nang khrims bsdam/_nges 'byung gi gsal 'debs/_'chi ba mi rtag pas bskul ma btab ste/_zla ba snga ma las phyi ma brtson 'grus che ba/_'khor ba'i bya ba la ma zhen pa/_nges 'byung dang 'chi ba dran pa/_dran pa dang shes bzhin gyis rnam rtog mgo yan du ma shor bar/_rang gi sems spang ba'i pha rol na sgrub rgyu'i lha med/_lha spang ba'i pha rol na sems med/_lha snang dang sems snang dbyer med kyi ngang nas sems kyi phug rig na ngo bo brjod du med pa/_'di zhes nges bzung med pa/_lhod de 'bol le shig ge ba de ngo shes pa byung na sgom gyi 'go zin pa red/_de la brtan pa thob na tshe 'di la zhen pa je chung*/_bla ma la mos gus/_sems can la snying rje/_nyams len la spro ba je che byung na lha bsgrubs pas grub pa'i rtags red/_gdams ngag gnad du song zer ba de red/_deng sang ri khrod zhig tu sngon 'gro 'bum lnga grangs shig bsags tshar na ngas chos bsgrubs tshar/_/sgrub rgan yin snyam pa 'dug pas de 'dra ma byed/_lo shas mtshams la bsdad na sha brgyags/_grod khog che/_chang 'thung*/_/thun bzhi'i dam bca' med/_sbyin bdag la dge bskul yin zer nas lha khang re bzhengs/_rang rnam g.yeng che ru 'gro/_byed rgyu mang du 'gro/_de dag gi grogs dgos zer bas bud med bzhag_/rang las mtha' log pa mi shes par nga sngags pa yin/_dge tshul slong las nga bzang bsam pa'i nga rgyal byed/_lha khang*/_mchod rdzas sogs mang po tshol ngang g.yo sgyus bsgrubs nas ngas 'di byas yod ces chos de mi mang la mig sngar ston rgyu/_snyan grags 'ong re ngom rgyu zhig la re ba ma byed pa gal che/_gdams ngag thams cad thob dgos snang*/_thob tshad shes dgos snang*/_shes tshad kha la khyer nas mi la bshad dgos snang ma shor bar/_sho lo ka gcig go na de rang gi sems la sbyar nas nges 'byung dad brtson dang nyams len gyi gsal 'debs su gyur nas chos nas gsung pa de rang sems dang 'dres pa zhig dgos snyam pas snying la rdo rus gtugs pa gal che/_da lta lo gcig 'di'i ring bskyed rim gyi tshe sgrub gtso bor yin/_de yang phyi nang gsang ba kun 'dril 'di bskyed rim gyi tshe sgrub nyams su len bde zhing zab pa zhig yin/_spyir chos dngos gzhi nyams su blangs nas sngon 'gro'i skyabs sems/_nges 'byung skyo shas/_dad brtson rnams 'dres mi rung ba ma red/_sngon 'gro de'ang skyabs sems/_maNaDal/_yig brgya/_badz+ra gu ru grangs mang po 'gro ba las sngon 'gro'i khrid yig rnams nas gsung pa'i 'khor bar zhen log gi nges 'byung*/_tshe 'di blos btang gi dad pa/_gzhan phan don gnyer gyi sems bskyed/_'chi ba mi rtag pa dran pa'i blo sna thung seng ba zhig byung na sngon 'gro red pas thugs la de ltar bzhag pa gal che zhes gdams ngag gnad kyi snying po yin pas yi ge'i khrod du ma bzhag pa rang rgyud la sbyar ba gal che zhes mang+ga la shrI b+hU tis bris pa dge legs 'phel/__!__kwa ye yid 'ong dben pa'i gnas su/_/kha ton spang klog las la brtson pa'i/_/ga bur 'byung gnas lta bu'i mchog sprul/_/nga yi chos mthun grogs po'i drung du/_/ca co'i gtam mang thos 'dzin gzan yang*/_/cha byad mi 'dra'i yul bgrod 'dir son/_/ja chang log 'tsho spang ba khyed la/_/nya zla ltar dang ngag 'di phul lags/_/ta la'i nags rgyas lho byang rgyal khab/_/tha mal spyod spang thos bsam sgom pas/_/da lta sku gzhon sha brgyags sprul sku/_/na tshod yon tan yar rgyas spro lags/_/pa ra mi ta mdo yi lta grub/_/pha ma gnyis med gsang sngags zab lam/_/ba mchog 'jo bzhin bshad sgrub spel ma/_/ma la ya rlung bzhin du gdung sel/_/tsA gangs 'grim pa'i bka' brgyud gong ma/_/tsha grang dka' thub spyad pas grub brnyes/_/dza lan+d+ha ra bzhin du khyed kyang*/_/wa ler dam pa'i yon tan rdzogs nges/_/zhwa gos lham sogs nges don bstan min/_/za 'dod rnyed tshol phrin las ma lags/_/'a 'ur gcam skyungs nang gi yon tan/_/ya mtshan byung na dam pa'i skyes bu/_/ra rib bral ba 'phags pa'i ye shes/_/la 'ur mngon byed phyag rgya chen po/_/shA ba ri bzhin dgongs pa mngon gyur/_/sa lam rdzogs pa'i rnam thar skyongs mdzod/_/ha ha dgyes pa'i gad mo dang bcas/_/a mtshar ku re'i ngag 'di gzigs dang*/_/a la la ho ya rabs lugs bzang*/_/ha lam mtshon srid lhag bsam bskul 'debs/_/mtshar mtshar yid la gang dran kun rtog_/dum dum khrigs kyi tshigs bcad 'di yang*/_/nang lugs gus pas phul ba lags na/_/gzigs mo gnang zhig mchog sprul dam pa/__!__bu snying dang 'dra ba'i chos kyi seng*/_/khyed dben pa'i gnas su bzhugs pa la/_/lam dang po gces pa'i gdams ngag de/_/srid las nges 'byung bskyed pa yin/_/sdug 'khor ba'i mtsho las sgrol ba la/_/skyabs bla ma dkon mchog blo gtad zhus/_/lam thams cad mkhyen pa'i go 'phang de/_/ma sems can sgrol 'dod gzhan phan yin/_/dpal yon tan can gyi gzhi ma de/_/spyod tshul khrims rnam par dag pa yin/_/grogs dran dang shes bzhin gnyis po de/_/dus rtag par 'bral med grogs po yin/_/lus lha sgom gsang sngags ngag gis bzla/_/yid ting 'dzin rdo rje theg pa'i srog_/khyad par du rang sems gnyug ma'i gshis/_/sgom dmigs gtad med kyang ma yengs pa/_/sems gnyug ma stong gsal gnyis su med/_/ngo shes na gdod nas rang la bzhugs/_/khong 'khor 'das kun gyi byed po yin/_/'khrul rnam rtog sems kyi rang rtsal de/_/phug bcad na skye 'gag gnas gsum med/_/de gshis lugs don dam bden pa yin/_/med bzhin du yod pa ltar snang ba/_/de kun rdzob bden zhes gnyis dbye yang*/_/snang stong pa'i cha nas gdags pa las/_/don sha pho'i rwa ltar gnyis su med/_/de myong bas rtogs pa sems ngo yin/_/gdangs bla ma lhag pa'i lhar shar bas/_/rang 'du 'bral med par bzhugs pas na/_/de thugs dam nyams len gtso bo mdzod/_/khyed yang yang sems la gsal ba'i tshe/_/mi rgan po'i glu de kha nas thal/_/thugs dgyes snyam ngang nas bris te phul/_/chos mtha' ru phyin pa'i smon lam zhu/_/bod 9_dbyug zla'i tshes 18_la phul ba dge_/phur pa'i tshe 'gugs phul 'ong zhu/_bde gling du son 'phral phul/_bkra shis bde legs zhu/__!__kye ho/_snying sdug chos kyi mched po phrin las kun khyab/_/thag ring mdo khams smad du bde bar phebs pa'i/_/gnas tshul thos 'dzin son las dga' skyo'i kun rtog_/snying la ston sprin bzhin byung glu 'di thal lo/_/sngon zhig 'jam mgon chos rje nyi ma'i spyan sngar/_/zab rgyas bdud rtsi dad pa'i pad mos 'thung ba'i/_/skal pa rab tu gyur pa don la smin nas/_/bde ba'i gtan srid zin la dga' 'o skyid do/_/rkyen ngan bar chad lam gyi grogs su shar nas/_/gu yangs blo bde'i mal na lhod kyis klod de/_/sgo gsum bya spyod bstan 'gror gang phan byung ba/_/'dzum zhal dngos su mjal las lhag par byung ngo*/_/rgyal ba'i phrin las dus las yol ba med pas/_/gangs can bod kyi phyi ma'i gdul bya 'di dag_/sangs rgyas gnyis pa'i thugs rje'i phyag gis bzung ba'i/_/skal pa bzang snyam nges shes snying la shar byung*/_/srid gsum gces dgu'i mi mtshon rgyal bstan rin chen/_/bshad sgrub bdud rtsi'i snang bas skal bzang dbugs dbyung*/_/skya rengs gsar du 'char ba'i dus ston thos tshe/_/sum rtsen tshal du son pa'i dga' bas mi mtshon/_/ma shi mi tshe ring po'i khor yug 'di la/_/'pho 'gyur dus kyi 'gyur ba ston sprin lta bu'i/_/chos kun sgyu mar bstan pa'i brda chos 'dis kyang*/_/chos sku'i gtan srid 'dzin pa'i bskul ma byung snyam/_/'khrul snang 'khor ba'i chos la snying po med pa/_/mthong ba'i chos la mngon kyang dad dung 'khrul zhen/_/chos med dred po'i snying 'di pha lam yin snyam/_/gad mo khong nas mi shor ka med byung 'dra/_/snang yul rjes su 'brang ba'i re dogs 'di yang*/_/gtad med chos sku'i dbyings su thal gyis btang bas/_/skyid sdug zad pa'i mi rgan gu yangs ngang nas/_/mi smra ma Ni 'don pa khe sangs yin 'dra/_/bdag la 'di 'dra'i nyams rtogs gting na med kyang*/_/kha bshad tshig la byang nas so med kha nas/_/ci thon brag cha lta bu'i gtam 'di byung bas/_/ma bcos sor mo'i rta la brgyugs nas song lags/_/nam zhig kun mkhyen bla ma'i drung du tshogs nas/_/theg mchog lta sgom spyod pa'i bgro gleng byed de/_/thugs yid gcig tu 'dres pa'i rten 'byung khams su/_/nyams chung tam bu ra zhig bsgrengs bas dge snyam/_/de skad dgyes mdzad lo tsAs lha bas lhag par/_/rdo rje'i mgur las bsngags kyang deng gi dus 'dir/_/rgyal khab kun la dpal 'byor skyo shas 'dra mod/_/sangs rgyas rabs bdun ye shes chos sku'i rten mchog_/mngon sum bzhugs pas 'brel tshad don ldan dpal yon/_/bsod nams mig gi rgyan gyis spa ba de nas/_/mdo shor rab gsal zla bas bcos glu phul lo/__!__nga yi bla ma de pad+ma bi dza/_/de yi thugs sras ni pad+ma dri med/_/rje de'i dgongs brgyud dbyings khyod la 'phos pa'i/_/lag rjes byung ba 'di dga'o skyid do/_/mi rgan ring po nga'i bla ma mched grogs/_/phal cher dag pa'i zhing chas nas med kyang*/_/pha yis bsags pa yi smin grol gces mdzod/_ma nyams ma god par bdag la yod pas/_/rtogs pa'i gdeng tshad kyis 'khor 'das gzhir zad/_/pha rjes bu ngan nga ma slebs 'dug kyang*/_/kun mthun kun las kyang khyad par 'phags pa'i/_/che ba phra mo 'dra mthong gi 'dug go_/rdo rje slob dpon gyi mtshan nyid med kyang*/_/sngon gyi las 'phro yis bka' gter mang po'i/_/smin grol bdud rtsi yi mchod sprin phul zhing*/_/bu gcig pha bzhin du bdag la gdung ba'i/_/chos kyi rgya mtsho yi mtshan 'chang khyod kyang*/_/dam pa'i rigs can du nor 'khrul med pas/_/mun pa'i gling gyur gyi mtha' 'khob grong du/_/nges don sangs rgyas kyi phrin las spel bar/_/smon lam thugs bskyed kyi dus bab yin 'dra/_/pha gcig bla ma de rdzogs pa'i sangs rgyas/_/rang re'i bla ma 'dra gang na'ang med 'dug_/nges shes bzang po ni gser gyi zhun ma/_/shi yang 'gyod med du je gsal byung lags/_/de yi gdams ngag ni mkha' 'gro'i gsang mdzod/_/cha shas re re yi zab rgyas bsams na/_/lus srog btang yang ni khug par dka' ba/_/snying gi bum pa ru khengs nas gda'o/_/de yi nyams len gyi gdeng chen med kyang*/_/gser gling nor bu yi sa steng gang bzhin/_/byin gyis brlabs pa yi nus pa'i mthu des/_/sems can bdag nyid kyang sangs rgyas la nye 'dug_/pha bzang bu mchog khyod gnyug ma yi gtan srid/_/mngon sum zin pa yi lag rjes 'dug pas/_/'brel tshad don ldan gyi phrin las bcas te/_/snying grogs gam du rang phebs pa dga' yod/_/phebs pa'i dus tshod kyang sprel lo sprel zla/_/ma byas lhu na grub kyi nyin 'byung ngang nas/_/thag ring mgron po gnyis lhan du tshogs pa/_/rmad du byung ba 'di ngo mtshar yin snyam/_/a la la ho de rten 'brel chos nyid/_/rmad byung lhag bsam ni byang chub sems mthu/_/dus ngan skye 'gro la sman pa'i phrin las/_/cha shas 'di tsam yang bla ma'i thugs rje/_/yul la ming chags spa gro yi skyid lung*/_/gnas la byin chags pa stag tshang seng phug_/gtsug lag rmad du byung ba skyer chu'i mtha' 'dul/_/dad dam gtsang ma rdo rje yi mched grogs/_/lhan cig dga' 'dzom 'di snang ba skyid pa/_/skyid do bsam pa yang 'khrul snang rnam rtog_/sems nyid stong pa la skyid sdug ci yod/_/stong pa'i ngo bo la cer gyis bltas na/_/skyid sdug gnyis ka yang sems kyi cho 'phrul/_/skye 'gag gnas bral gyi rig stong rjen pa/_/sdug bsngal byung na yang skyid kyi sna 'dren/_/rang cag chags sdang dang 'du 'dzi'i 'ching thag_/pha yul med pa de skyid po 'dug go_/re dogs so tshis kyi mgu 'khang mi 'dug_/skyid sdug gang byung yang thad kar lam khyer/_/bstan 'gror gang phan pa ngang gis 'grub pa/_/bla ma'i thugs rje'i mthus kun la phan snyam/_/ma 'grub byung na yang blo pham ci yod/_/'dus byas thams cad kun 'di ga'i rang bzhin/_/mi rtag gsal 'debs kyi mthong chos 'dug pas/_/cam gyis bskyur na yang go rgyu 'dug snyam/_/re med dogs med kyi lta ba'i ngang nas/_/zhen med rang grol gyi snang rkyen 'di ga_/rang byung rang shar gyi 'ja' tshon lta bu'i/_/chu zla'i rol rtsed 'di kun rdzob bden pa/_/rang bzhin ma grub pa'i zang thal sgyu ma/_/snang srid 'khor 'das kun rgyas btab byas pas/_/don dam gnas lugs de mngon sum rtogs pa'i/_/snang sems ro gcig gi lta gdeng med kyang*/_/rkyen ngan thub tsam zhig yin no snyam lags/_/de skad gang shar gyi ngag gi gling bu/_/na so rgan khog kyang sems rtsa spro bas/_/las can mchog khyed nyid dgyes phyir phul bas/_/sku tshe phrin las kun mthar phyin shog cig__/ces pa'ang spa gro skyer chu'i gtsug lag khang du sprel zla'i tshes bcu'i dus mchod skabs drung pa rin po che chos kyi rgya mtsho la phul ba'o/__!__rab 'byams rgyal ba'i ye shes dwangs ma hrIH_o Di yA na'i sin+d+hU'i dwangs mtsho'i dbus/_/'dab stong pad+ma'i ge sar 'phos pa'i mod/_/rang byung rdo rje slob dpon grub des skyongs/_/bgrod dka' shin tu rgyang ring rgya mtsho'i mthar/_/gnas kyang dad brtse'i 'dab stong bdag phyogs pa'i/_/nyi gzhon steng 'thung bzhin gyur blo gros kyi/_/sbrang rtsis phyug pa'i slob ma gang de la/_/ri brag gangs nags chu klung tshang tshing 'khrigs/_/sa 'dzin grong dang lo 'bras me tog bkra/_/sprin dkar bla gos 'chang ba'i rgyal khab kyi/_/rA dza ko Ti ma hA su kha'i tshal/_/d+harma dwI par gnas pa'i rgan po des/_/spring yig lha yi rnga 'di dal gyis sgrogs/_/dam chos bdud rtsi thob pa da res tsam/_/thos pa rgya che'i lung rigs sgrogs pa las/_/dkon pa'i mchog de sems rgyud dam chos dang*/_/'dres pa'i nyams myong skye ba nyin skar tsam/_/khyad par deng dus rtsod pa rgyas pa'i mthus/_/bstan pa cung zad gnas pa'ang gzugs brnyan tsam/_/skyon ni sems can rang gi kun spyod kyis/_/byas phyir bag yod dran shes bsten pa gces/_/mi tshe'i yun ni lug mjug las kyang thung*/_/chos kyi bya spyod rin chen gser las dkon/_/las nyon sdig pa rtsed mo'i zhor la'ang bsags/_/rang sems skyo shas bskyed pa gnad du che/_/nyams su len tshul mang yang snying po'i tig_/rang sems gshis kyi gnas lugs ngo shes na/_/bya sla chod che chos kyi srog yin kyang*/_/sems kyi las su song bas brtson nus dkon/_/thog med sgrib pa'i bag chags yun ring kyang*/_/rang ngo shes na sems rtsal rnam rtog tsam/_/rnam rtog skye 'gag gnas med chos nyid las/_/byung zhing de gar thim pa'i mtshangs 'di ltos/_/dang po skyong dka' goms na rtogs pa'i gdangs/_/shar dang chos nyid grol ba dus mnyam pas/_/rgan pos byis pa'i bya spyod bltas 'drar 'gyur/_/gu yangs skyong bde lhod de sdod pa 'byung*/_/khyad par snyigs ma'i skyabs gcig o rgyan rje/_/dbyer med bla ma sangs rgyas dngos mthong ba'i/_/mos gus 'phul brdeg byas pas sa nu bzhin/_/dgongs rgyud byin rlabs 'byung ba dngos po'i gshis/_/skyid sdug gang byung zhen med sgyu ma ltar/_/rtsal sbyang kun kyang nges 'byung skyo shas dang*/_/snying rje'i gsal 'debs bde sdug gtong len gyis/_/thams cad chos kyi stegs su 'gro la bslab/_/nam zhig bzang ngan snang rkyen gang shar yang*/_/nyams len chos kyi gsal 'debs shugs 'byung du/_/byung nas rtogs pa bogs 'byin gyur pa'i tshe/_/sems dang chos su 'dres zhes ngos bzung 'dra/_/ris med chos kyi dga' tshal mig gis mjal/_/rnam 'dren kun las zab gsang bdud rtsi thob/_/gang shes gdams pa'i tshig phreng bstar 'dis kyang*/_/khyod blo thar par 'jug pa'i rgyur gyur cig/__!__rgan po rab gsal zla ba mkha' dbyings su thon tshe/_/rgyal sras chos kyi rgya mtsho sa gzhi ru bzhugs nas/_/snang rkyen sgyu ma'i bkod pa thag ring zhig 'dra yang*/_/thugs dbyings dgongs pa ro gcig so so ru mi 'dug_/rab gsal zla ba'i 'od phreng steng mkha' las spros pa/_/sa gzhi chos kyi rgya mtshor rig pa'i mod nyid nas/_/gzhan phan phrin las snyigs ma'i gdung sel du gyur pas/_/don la mi 'bral mthun pa'i rten 'byung gi rang rtags/_/pha gcig pad+ma dri med ye shes kyi myu gu/_/chos kyi rgya mtsho'i rdzing la bsam bzhin du 'dzum pa/_/rab gsal zla ba bden tshig bdud rtsi yis bran pas/_/dgyes zhal yang yang mi mjal 'bral thabs zhig yod dam/_/ma dros chos kyi rgya mtsho'i phyogs bzhi yi chu klung*/_/re zhig shar lho nub byang sa gzhi'i khyon 'gro yang*/_/bstan 'gro'i phan bde'i phrin las rgya mtsho cher gcig pas/_/rgyal sras rab gsal zla ba'i dbyings gcig la 'jug 'gro/_/bu gcig spyan gyi zur nas chab phreng cung g.yos pas/_/pha rgan yid kyi zla ba skyo lhang lhang byung yang*/_/tshe rabs mi 'bral mthun pa'i smon lam gyi 'bras bu/_/yid ches brnyed pas ma bcos gnyug ma'i klong ngal gsos/_/bdag cag 'dren mchog nyi zla rgyu skar gyi phreng ba'i/_/mdzad pa'i mjug skyong skal bzang yang rtse ru 'dug pas/_/ris med bstan 'gro phan bde zad mi shes bsgrubs nas/_/pha gcig bla ma mjal ba'i dgyes ston du 'bul snyam/_/dus ngan rgud pa'i sprin rum bskal mun las nag kyang*/_/sangs rgyas phrin las smon lam shugs drag gi 'thor rlung*/_/bskul tshe bden don rab gsal zla ba de 'char dus/_/chos kyi rgya mtsho 'phel rgyas dga' spro'i gter brdol nges/_/yid skyo'i rtog pa gzhi med rtsa bral gyi klong nas/_/rang rig gdod ma'i sangs rgyas 'dzum mul mul mjal byung*/_/dga' spro'i rig rtsal khye'u chung dgod bro zhig byung bas/_/ro mnyam chos sku'i klong na skyid sdug kun grol song*/_/thag ring mi 'dug rang gnas gnyug ma yi ye shes/_/nye ru mi 'dug mthong bya mthong byed dang bral bas/_/smra bsam brjod pa bral bar phyam brdal du song nas/_/gtad med gu yangs ngang nas ci bya yang mi 'dug_/bya byed yod rgyu byas na nam mkha' ni ji srid/_/phyogs dus bstan 'gro'i don la zad pa'i dus med pas/_/'jam dpal kun tu bzang po pad 'byung gi phrin las/_/bdag cag khur du len la brod pa cher skyes 'dug_/snang spyod gtad med yal ba'i rnal 'byor pa bdag cag_/gang byas rgyan du shar ba'i blo bde yi ngang nas/_/snyigs dus mi zad mun pa'i klong rum du skyes kyang*/_/skyid glu 'brug ltar mi sgrogs ka med du byung lags/_/glu mkhan mgrin pa mi bde snyan gtser du 'dra yang*/_/tshig don zol med gser zhun ri mo ru song bas/_/yid la dga' ster mdza' mo'i glu 'bum las lhag pa'i/_/khyed thugs spro bas tshems phreng 'dzum byed du 'os snyam/_/'brel med smyon pa'i glu 'di mkhas pa la mi mdza'/_/grub pa'i do ha min pas su zhig gis yid rton/_/yin lugs shes kyang kun rtog rlung shugs kyis bskul bas/_/sor phreng srin bu'i lam 'di gnam gru'i nang bris song*/_/mkha' la bltas pas rnam dag lta ba de mtshon 'dug_/mu mtha' bral ba'i chos dbyings kun gsal gyi lam la/_/phyogs med kun shong dka' ngal bral ba yi dbyings ris/_/kun khyab yangs pa'i dbyings su ta la la chas 'gro/_/bar snang bltas pas ma bcos sgom nyams de dran byung*/_/'ja' sprin nyi zla'i rgyu ba nyin mtshan med 'char yang*/_/mkha' dbyings 'phel 'grib bral ba'i brda ston zhig byung bas/_/rang rig gnyug ma'i mnyam bzhag gu yangs la blo bde/_/sa gzhi ri gling rgya mtsho mu med kyi bkod pa/_/gzhan phan byang sems spyod pa'i brda ston du 'dug ste/_/gang shar thad kar khyer bas kun phan gyi phrin las/_/nam mkha' ji srid lhun gyis grub pa ru smon no/_/nam mkha' rgya mtsho sa gzhi nyi zla dang bcas pa/_/'byung bzhi'i rang bzhin gcig gi bkod pa ru bkra bas/_/gzhi 'bras lam gsum dbyer med chos dbyings kyi rgya mtshor/_/sim pa'i blo bde'i ngang nas 'dir nyal spyod 'dod do/_/de skad lam glu chal ma chol chung ma 'di yang*/_/bar snang sprin gyis chal ma chol byed pa'i bar nas/_/lcags dkar 'dab ma'i rdzu 'phrul chal ma chol bsgyur bzhin/_/mi rgan sug rjes chal ma chol byung du phul bas/_/dgyes zhal dbu skra dkar pos 'dzum mul du byed cing*/_/rgan po gom 'gros khyol le'i nya re dang nyo re/_/myur du mjal ba'i 'dun smon rtse gcig dang bcas te/_/nyin byed zer la rgyu ba'i mang+ga las gus phul/__!__rab 'byams rgyal ba'i spyi gzugs mtsho skyes rdo rje/_/dbyer med brgyud gsum bla mas khyed la byin rlobs/_/sngon las bzang pos 'brel ba'i dkon mchog bstan 'dzin/_/yid skyo ma byed gu yangs ngang nas sdod cig_/bla slob kun gyi mi rtag kha la bshad bzhin/_/da res 'dus mtha' bral ba'i mi rtag chung ngu'i/_/mtha' bzhi'i mi rtag dran pa'i bskul 'debs yin pas/_/don de yid la dran pas nyams len gyis shog_/bla ma mi 'bral rang rig gnyug ma'i ye shes/_/phyi yi bla mas gsal 'debs sngar nas zin pas/_/ngo shes brtan po'i thugs yid gcig tu bsres dang*/_/gzugs sku'i bla ma rgan po myur du mjal yong*/_/yi dam mi 'bral rdo rje phung po'i grong khyer/_/gdod nas gdan gsum 'khor lor gsal 'debs zin pas/_/smin grol dga' ston spyod bzhin bsnyen sgrub gyis dang*/_/rgyud lung man ngag thob pas spro ba skye 'ong*/_/mkha' 'gro mi 'bral bde stong thig ler bzhugs pa'i/_/man ngag gnad gsang mang po sems la yod pas/_/gsal 'debs 'bar 'dzag rdo rje'i bzlas par brtson dang*/_/lhan skyes rnam thar gsum gyi dga' ston ster 'ong*/_/chos skyong mi 'bral chos bzhin spyod la bskyangs nas/_/yid ches dad pas phud gtor gser skyems mdzod dang*/_/chos bzhin spyod la pha dang bu bzhin mdza' bas/_/chos mthun bsam pa 'grub pa'i sdong grogs yod nges/_/bla ma dkyil 'khor dam tshig rdo rje'i srad bu'i/_/byang chub bar du 'grogs pa'i rdo rje'i lung la/_/nges pa brtan po'i gsol ba yang yang thob dang*/_/zhun mar 'od dang sdong bu 'bral thabs i yod/_/rkyen ngan grogs su blta ba chos pa'i khyad chos/_/'gal rkyen lam du lhong ba nyams len gsal 'debs/_/da res dngos grub chen po'i sna 'dren yin pas/_/ngag dben sgom la gu yangs blo bde mdzod cig_/mdo rgyud bka' dang bstan bcos pad+ma'i dga' tshal/_/thob tshad bsam dang sgom pas yang yang ltos dang*/_/dad dang shes rab brtson 'grus khyed la yod pas/_/rgan bu 'phrad tshe sgro 'dogs yod tshad bcad chog_/rtsol bcas rtsol med rdzogs rim nor bu'i bang mdzod/_/rang gi khams dang bstun la nyams len gyis dang*/_/pha gcig bla mas gnang ba chud zos ma byed/_/nyams rtogs dpyid sos sprin bzhin sems la 'char 'ong*/_/rgan bu'i brtse gdung mdud pa lhod po med pas/_/zhal ras 'dzum gyis gang ba myur du ston nges/_/yid skyo bsang ba'i glu 'di gcam bu ma yin/_/gdung sems zhu gtug glu bzhin ngal 'tsho'i sman yin/_/ngo rkang gang ring gzugs sgur goms 'gros khyol ler/_/dkor nag chu ltar 'thung nas rgyal khams mi la/_/mgo bskor 'du 'dzi'i ded cing kun tu rgyu des/_/skyer chu'i gtsug lag 'gram nas 'phral du phul lags/__!__drang por brjod pa'i gtam rgan po'i gling bu zhes bya ba bzhugs/_rgyu skar dbus na snang byed thig le bzhin/_/skyon bral yon tan rdzogs pa bdag gi bshes/_/rdzogs pa'i sangs rgyas pad+ma bi dza yas/_/brjod pa 'di yang don dang ldan par mdzod/_/bdag ni mkhas pa ma yin grub pa ci/_/tha na btsun tshugs tsam yang mi ldan bzhin/_/las kyi drwa bas 'thums pa'i skal ngan zhig_/snyigs dus mkhyen brtse'i dbang po'i sprul skur grags/_/phyi nas nad mug mtshon gyis sprin rum 'khrigs/_/nang bcud phal cher dug lnga'i thog ser rgod/_/rgyal bstan rlung gseb mar me ltar gyur pas/_/sems shes yod na mi skyo 'di ci zhig_/de lta na yang rgyal dang de sras kyi/_/phrin las shing rta dus las yol med pas/_/bsam bzhin byon pa'i ris med skyes chen 'gas/_/rgyal bstan nyams pa gso ba'i go cha bgos/_/de tshe lus kyi zungs zad goms 'gros 'khyol/_/blang dor mig 'grib kha yi so phreng zhig_/mgo skyes zla 'od smra can las ngan bdag_/sa chu snyigs dus g.yag rgan ltar nyal yang*/_/sngon bsags bzang pos mkhas grub bla ma mjal/_/pha ma bzang pos dam pa'i chos la bskul/_/spun grogs bzang po'i legs smon cha shas kyis/_/gtam de khu byug gling bu las snyan gyur/_/sngon byon skyes bus lus srog blos btang ba'i/_/'bad pa brgya yis bsags pa'i lung rtogs dbyig_/nor bu'i rdul tsam rnyed kyang tshangs chen gyi/_/'byor pas mi khug chos 'byor sdud snyam skyes/_/bden pa'i las de gang+ga'i rgyun las ring*/_bsags pa rgya che chos mdzod gces bsrung na/_/tshe rabs kun tu 'byor las rgud med pa'i/_/ngo mtshar dran nas khog 'dzum 'gram ba 'dar/_/'thug po'i mig lpags dpral ba'i dbyings su brjes/_/'khyog po'i sor mos dad brtson mkhar ba bzung*/_/thos bsam cha shas bsags pa'i gos hrul gyon/_/thub bstan kun dga'i do rar ci nus bgrod/_/de tshe bka' bstan pad dkar dar la bab/_/zab rgyas sbrang rtsi'i zil phod ches cher phyug_/'phags chen rkang drug dgyes pa'i gar mthong bas/_/yid mug sems kyi ngal 'tsho'i sman du gyur/_/lo rgas smra ba mang ba mtshan nyid phyir/_/rang nyid 'khrul bzhin shes mdog kha da 'di/_/kha chu zag bzhin ldab ldib ku co'i ngag_/snyan dang thugs la gzan yang shor te thal/_/kye lags drang srong chen po lha yi lhas/_/rgyal sras rin chen kun spangs dben par snyegs/_/rnam gsum thar pa'i rgyal mtshan mchod gzigs la/_/ngur smrig bzhes na bstan 'dzin skyes bu lags/_/sa bcu'i rgyun mthar son pa'i blo ldan yang*/_/ring 'phur lhag skyob bsten pa'i tshul gzigs la/_/thar lam rtsa ba 'di las gzhan med phyir/_/mtshan ldan bla ma bsten na bstan 'dzin lags/_tha snyad shes bya'i mtha' rgya ma chod na/_/zab don thos bsam 'dren byed mi ldan pas/_/log pa'i grub mtha' 'dzin pa'i skyon gzigs la/_/thos pa phyogs med tshol na bstan 'dzin lags/_/'o ma'i snying po mar bcud lus zungs gsos/_/phyogs med thos pa bsam pas gtan phab ste/_/bstan pa 'gal med nyams len gnad dril nas/_/yang dag lam bzang tshol na bstan 'dzin lags/_/chos rab rnam 'byed blo gros gnyis 'thung la/_/bcu phrag rig pa'i drwa bas legs brgyan na/_/mkhas pa'i yon tan phyi ru gsal nus phyir/_/bslab bya mtha' dag mkhyen brtson bstan 'dzin lags/_/rtog ge'i rig pa skam po'i g.yam rgyugs dang*/_/zog blun sgom pa'i yid brtan mi 'cha' bar/_/yab mes mkhas grub gsung la blo gtad pas/_/rang rgyud 'dul na nges pa'i bstan 'dzin lags/_/nga rgyal srog mkhar btsugs pas gzhan skyon rtogs/_/shes tshad kha la khyer nas khyad gsod byed/_/rtsod bral chos la rgol pa'i ca co yis/_/chos spang las ngan ma bsags bstan 'dzin lags/_/mkhas pa kun bsten mkhas pa'i legs bshad tshol/_/grub pa kun bsten grub pa'i dgongs nyams len/_/rang lugs gong ma'i lta sgom spyod pa la/_/blo rtsed gtod pa ngo mtshar bstan 'dzin lags/_/sngon byon 'phags pa bzhugs pa'i legs bshad kyi/_/rin thang shes pas der blta de don bsgom/_/de rjes snyogs pa'i rnam thar gtsang ma yis/_/rang lugs 'dzin par nus na bstan 'dzin lags/_/'chad rtsod rtsom pa'i ga dar ma shes kyang*/_/rang gi nyams len chos la sgro 'dogs chod/_/yid ches nges pas rtse gcig brtson byas na/_/don gnyis sgrub par nus na bstan 'dzin lags/_/shes tshad khar khyer khyad bsad gzhan sems dkrugs/_/dran tshad lag len yid brtan pher ba med/_/zlos gar 'khrab 'dra'i lta spyod ma mdzad par/_/blo rtse gcig la dril na bstan 'dzin lags/_/dran tshad bslab dgos shes rgyu gcig kyang med/_/mthong tshad grogs dgos sdom gsum cha ma chol/_/chas gos kun spyod ngo tsha khrel yod brlag_/rang tshugs chos bzhin bzung na bstan 'dzin lags/_/bsags pa'i nor la snying med rgyal khams gzigs/_/sngon byon gong mas rgyal srid chos phyir btang*/_/chos ldan bod kyi lung rtogs gan mdzod de/_/spyod pa skal bzang dgos na bstan 'dzin lags/_/chos la so nams zhib tig las ka med/_/g.yo sgyu zhi drag mi dgos brtson bzhin phyug_/'brel pa tsam gyis ngan song skye sgo bkag_/nor 'di'i rin thang shes na bstan 'dzin lags/_/sngon dus dpal 'byor blos btang chos mdzod bsags/_/deng sang chos rten btsong nas nor la brkam/_/rgyal khams pre ta bzhin du gyur gzigs nas/_/chos spel bsnyen bkur mdzad na bstan 'dzin lags/_/sangs rgyas las kyang dkon pa'i gsang sngags chos/_/bka' gter ring lugs 'khor bsgyur rgyal khab mtshungs/_/ma nyams bzhugs 'di da res tsam lags pas/_/smin grol bdud rtsi bzhes na bstan 'dzin lags/_/gsang sngags 'jug sgo smin byed dbang bskur te/_/bum chu bdud rtsi 'thung tsam dbang ma lags/_/sbyang gzhi sbyang bya sbyong byed ngo 'phros dgos/_/rgyud don thos bsam mdzad na bstan 'dzin lags/_/dbang bskur slob dpon mtshan ldan de'i brgyud pa/_/sel med dam gtsang brtags shing dpyad pa las/_/khyi dang glo ba 'phrad bzhin ma mdzad pa/_/nor bu 'ching bu ma nor bstan 'dzin lags/_/dbang thob tsam gyis grol ba shin tu dkon/_/kha tshang don 'dril brgyud pa'i phyag bzhes ldan/_/rtsa ba gsum gyi bskyed bzlas bsnyen dang sgrub/_/tshad du 'khyol ba mdzad na bstan 'dzin lags/_/gsang sngags dbang bzhi thob nas lam bzhi bsgom/_/ji ltar nus pa'i drod tshad ma rnyed ba/_/seng ge'i 'o ma srang mdor bor dang mtshungs/_/rtsol bcas rtsol med lam sbyong bstan 'dzin lags/_/gtad med byis pas rgyal po'i srid kyi byus/_/mi shes bzhin du rtsol med gnyug ma'i lam/_/zhu mkhan mang yang sgom mkhan nyin skar tsam/_/chos kyi snying po blangs na bstan 'dzin lags/_/mkho dgu'i longs spyod rnyed bzhin dgos rgyu mang*/_/chog shes med pa'i sems la dpe blangs nas/_/zab rgyas gdams ngag chog shes med pa yis/_/gal chung chos la mi mdzad bstan 'dzin lags/_/dbyar skyes myu gu me tog dkar dmar 'dzum/_/dri zhim bung ba lding 'dir yud tsam la/_/dpe mdzod rgyal bstan bshad sgrub rgyas dus 'dir/_/le lo'i phyi bshol ma mdzad bstan 'dzin lags/_/rkang 'thung ldem bag khong seng khu byug gi_/mgrin pa'i gling bu thos na gdung sel bzhin/_/dam chos rin chen 'chad nyan lha yi rnga*/_/sgrogs dus ci nus gsan na bstan 'dzin lags/_/zhing pa rgan po'i lo tog 'bru gcig tsam/_/ri ru mi bor snod du bsags pa bzhin/_/smin grol tshong 'dus rdzas bzhin grim dus 'dir/_/dam chos dpal 'byor bsags na bstan 'dzin lags/_/skyi ser rlung gis ba mo mgron bos tshe/_/rtswa skya me tog lang tsho yal ba la/_/gzigs nas 'chi bdag nam 'ong cha med phyir/_/rgyab brten sngon nas tshol na bstan 'dzin lags/_/thag ring phyi ma'i shul lam mi dran bas/_/'di snang sgyu mas bslus pa'i tshul shes nas/_/gtan 'dun dam pa'i chos bzhin spyod pa yis/_/rang blo chos la gzhol na bstan 'dzin lags/_/ltar snang dbyangs rol tsam la mi zhen par/_/rdo rje theg pa'i zab don bskyed rim gnad/_/srog sdom gzer bzhi'i 'phrul 'khor la brten nas/_/lha sngags chos sku'i lam brtson bstan 'dzin lags/_/ras dkar bla gos sgom thag thor cog gis/_/nges don rnal 'byor zob tu ma grub pa/_/ye shes rtsa rlung thig le'i rnal 'byor gyis/_/lhan skyes ye shes bskyed na rnal 'byor lags/_/lus phra'i grogs la glo snying mi gtod par/_/'pho med rgyu 'bras dga' bzhi'i 'gro ldog la/_/zhu bde mi rtog sku gsum ye shes su/_/rtogs pas thabs lam bsten na bstan 'dzin lags/_/mos gus pho nyas dgongs brgyud mgron bos te/_/blo 'das ye shes chen po nam mkha'i dkyil/_/mtha' dbus med par ngal 'tsho thob pa yis/_/gu yangs blo bde byung na bstan 'dzin lags/_/ye shes zer gyis 'khrul pa'i mun pa bcom/_/sku gsum snang bas zag pa dbyings zad de/_/rdo rje lu gu rgyud kyis dbyings rig gzir/_/chos zad blo bder gzims na bstan 'dzin lags/_/rang don yid byed 'gong po spun dgu 'di/_/byang chub sems kyi sngags rgyas gzir mnan mthus/_/gzhan phan rgyal thabs skyong la ngal med na/_/bstan gdams zab rgyas shing rta'i bstan 'dzin lags/_/sbyang bya gnas skabs bzhi yi tshang tshing nags/_/sbyong byed dkyil 'khor bdag pos rdo rje bzhis/_/sbyangs 'bras dbang bzhi'i ye shes mthar son na/_/gsang chen lam 'bras mkhas grub bstan 'dzin lags/_/nges 'byung dka' thub spu sdug rab sgeg cing*/_/thabs grol lam gyi zlos gar cir yang rtse/_/chos brgyad rngon pas ma rmas ri khrod dang*/_/bas mtha' nyul na bka' brgyud bstan 'dzin lags/_/thabs mchog rdo rje'i chos drug rtsa ba brtan/_/sdong po phyag chen nyams rtogs kho lag yangs/_/me tog mkha' spyod dga' ma'i bag ma khug_/'khyug med 'bras grub shangs pa'i bstan 'dzin lags/_/zhi bsil dam chos ston zla'i 'dzum dkar sgeg_/bdag 'dzin rgyal bsen dmigs med dbyings su bsad/_/snying rje'i ri dwags gzugs kyis byang chub mkhar/_/mdzes na zhi byed yum gyi bstan 'dzin lags/_/mang+ga las so/__!__re zhig mi rgan nyams chung rgya gar 'gro_/dkon mchog bstan 'dzin pha ran ser sdod kyang*/_/bla slob mi 'bral nges shes dad pa yis/_/gsol ba thob dang myur du mjal bar nges/_/skabs su rgyal khams skyid sdug ltad mo ltos/_/tshe 'di'i 'khrul par brtson 'grus me ltar 'bar/_/phyi mar phan pa'i ma Ni tshar gcig med/_/'khor ba'i las la snying po 'dug gam soms/_/skabs su rang gi sems la zhu dag gyis/_/nyon mongs skyes na rang shar rang grol skyongs*/_/bab kyis gnas na gnyug ma'i rang ngo ltos/_/ma bcos sems kyi bla ma mjal la sdod/_/skabs su skyid snang shar na zhen pa spongs/_/bde skyid phud de rtsa ba'i bla ma mchod/_/bde la ma zhen rang shar rang grol ngang*/_/lto gos mthun rkyen 'bad rtsol med par 'byung*/_/skabs su sdug bsngal na tsha byung na yang*/_/las sgrib sbyong byed snying rje'i gsal 'debs gyis/_/skyid sdug ro snyom chos nyid gcig tu ltos/_/re dogs bral ba'i gu yangs blo bde gyis/_/bla ma ma brjed sems kyi dkyil du sgoms/_/gdams ngag ma brjed dgos dus dran par gyis/_/'chi ba ma brjed dge ba'i skul ma 'ong*/_/brtson 'grus ma lhod nyin mtshan kun tu skyed/_/'bral ba 'di yang myur du 'phrad pa'i rtags/_/'phrad nas dga' yang tha mar 'bral bar nges/_/sgyu ma'i ltad mo sgyu ma'i sems kyis ltos/_/sgyu mar shes pas don snying nyams len gyis/_/chos bzhin spyod na da lta kha mkhos med/_/phyi ma bde nas bde ba'i rgyal thabs 'gro/_/blo 'das gshis la btsan sa zin pa yin/_/smon lam yang yang zhu 'ong rigs kyi bu/_/de skad mi rgan smra mang 'gro ba'i tshe/_/sems kyi gdung sel gdams ngag bdud rtsi skyes/_/kha phru mang po'i zil pa khrom mer 'thung*/_/nyams rtogs sha rgyas btsan sa zin par shog__!__kuna~X bza~Xng dgongs pa mngon gyur bla ma'i gdan sa/_/smin grol chosa~X 'khora~X bskor ba'i glinga~X mchog dam par/_/kha ton 'bri klog brtson pa dkon bstan gang nas/_/brtse ba'i yig 'phrin 'byor pas glo ba dga' byung*/_/shin tu zhi ba'i nags de sbas yul lta bu/_/nyams chung bsam gtan skyil bur yib ste sdod dang*/_/bdag dang nye bar gnas pas blo sems dga' byung*/_/gnas tshul yang yang btang shog sngar 'dris grogs po/_/bsam 'grub ke'u tshang gi mdun du bkod pa'i/_/nyams dga' sa mtshams mchod rten ljon shing ra bar/_/phyi mtshams bsdams pas khu sim bag yangs gyur pas/_/so bkod lkog nyal phag bzhin 'gying nas yod do/_/snang grags rig pa lha sngags chos skur shar ba'i/_/rdo rje'i rnal 'byor gding chen bdag la med kyang*/_/pha mes rig 'dzin brgyud par dad mos gdung bas/_/gsol 'debs gling bu dal med sgrogs nas yod lags/_/rab gsal zla ba lho ljongs nam mkhar mtho yang*/_/dad brtson slob ma'i ku mud rdor gling bzhugs pa/_/las smon bdud rtsi'i zer thag chad pa med pas/_/rab dga'i dri bsung 'thul la soms nyi mi dgos/_/de skad a k+Sha ra 'di khyed mdun chas tshe/_/spro dang dad pa'i zil dngar khrol po'i ngang nas/_/bag yangs gnas su ri dwags ji bzhin lhod chags phyir/_/spro bas nyams dga'i rkang bro brdung nas 'khrab shog__/ha ha/__!__tshig mtha' ma ded don mtha' sems la dod/_/don gnad go na bdag 'dzin ngo rgol gyis/_/bdag med rtogs na chos kyi snying yin pa'i/_/don de go na snying thig mthar thug lags/_/spyod pa chos dang bstun la rang sems thul/_/sos dal ma sdod thos bsam sgom la brtson/_/mi tshe thung la ring snang ma shar bar/_/'chi la bag zon gyis shig shes ldan lags/__!__a ho/_yar la bltas pas seng chen 'gying 'dra ba'i brag ri/_/seng ge bsam 'grub stag tshang ke'u tshang mjal byung*/_/sangs rgyas gnyis pa pad 'byung yab yum gyi bod yul/_/thugs rjes skyong ba'i rnam thar lhang lhang du dran byung*/_/bla ma mtshan ldan slob ma rgod ldan du 'dzoms tshe/_/rdo rje phur pa'i dkyil 'khor nam mkha' dang mnyam par/_/sprul nas dbang gis sku bzhi'i rgyal thabs la sbyor ba'i/_/ngo mtshar mdzad pa dran nas dga' skyo gnyis 'dres byung*/_/gangs can phyi ma'i gdul bya dus ngan las skyob phyir/_/'khyol ba'i khro rgyal rdo rje gro bo lod bzhengs nas/_/gzhi bdag dbang bsdus gter gyi gnyer byang sogs sprad pa/_/pha gcig bka' drin can gyi thugs rje de dran byung*/_/gsang sngags chu bo bzhi 'dus nam snying gi rnam 'phrul/_/klong chen ye shes rdo rje sbas tshul du byon nas/_/bla phur sbrags ma'i zab gter skal bzang gi btsas su/_/mngon sum snang bar mdzad pa'i ya mtshan la soms dang*/_/ri bo lhun chags rtsi shing nags tshal gyi gos klub/_/rtse mo gnam snyegs kha ba'i la thod kyis brjid chag_/sprin dkar na bun mgul chings lhab lhub kyis g.yogs tshad/_/tshe 'di blos btang bya bral rnal 'byor tsho skyid pa/_/sprin rum dus kyi mun pa ltar gnag gi ngogs su/_/glog dmar zhags pas nam mkha' bcings ba ltar byas tshe/_/thug chems dbyar rnga drag po glo bur du sgrogs tshe/_/drag sngags bka' bab rlangs chen dpal seng kyang dran byung*/_/'jam mnyen sman ljongs me tog 'dzum 'dzum du rgod cing*/_/dar dir bung ba rgyags pas glu dbyangs kyis bskul bzhin/_/sna tshogs kha dog bkra ba'i phye ma leb 'phur tshe/_/blo ldan skal bzang thos bsam brtson pa de 'dra snyam/_/ljon shing mgo lcog ldem pa'i zlos gar gyi rtse na/_/khu byug byi'u chung sad pa'i mgrin pa'i rnga brdung zhing*/_/grib bsil lang tsho byed tshe ma bcos pa'i rnal 'byor/_/theg mchog rdzogs chen gu yangs gtad med de dran byung*/_/bdag gi bla ma yab mes brgyud pa dang bcas kun/_/rang snang ris med dgongs klong chos zad du 'khyol kyang*/_/snying po'i sgrub pa mdzad pa'i rnam thar de dran nas/_/da ni mi rgan gcig tu dge sbyor la brtson snyam/_/chu klung rgyun mi 'chad par lhung lhung du 'bab pas/_/lo 'bras snye ma rgyas pa'i bcud len du gyur 'dis/_/tshad med snying rje'i phur pas mkha' khyab kyi sems can/_/rnam mkhyen sku bzhi'i ngal 'tsho sbyin 'dod zhig skyes byung*/_/nags tshal sprin ltar stug pa'i tshang tshing gi dbus nas/_/stag gzig ngar skad bsgrags de rgyu ba yang mthong tshe/_/mtshan ma rdzas kyi phur bus mi srun pa'i gdul bya/_/thugs rje'i shugs kyis sgrol ba'i mngon spyod zhig rtsom snyam/_/mthon po'i ri ngogs na bun yas mar su 'gro tshe/_/bde chen byang sems phur bu'i thabs mchog gi lam nas/_/zhu bde mi rtog ye shes sku gsum la sbyor ba'i/_/gsang chen rdo rje theg pa'i nye lam kyang dran byung*/_/mkha' dbyings dwangs par nyi zla'i 'dzum zer gyi thig le/_/ljon shing lu gu rgyud kyi khong seng nas mthong tshe/_/rig pa ye shes phur bus snang bzhi'i lam bgrod nas/_/chos kun zad sar 'khyol ba'i myur lam de dran byung*/_/yul snang dpe char shar ba'i rnal 'byor pa min kyang*/_/yab mes gong ma'i gsung gi bdud rtsi'i bcud myang bas/_/thol byung mgrin glu'i rgyud mang len 'dod zhig byung bas/_/bu khyod spro ba bskyed phyir a mtshar du bris so/_/rang sems sgyu ma'i ltad mos 'jig rten pa bslu yang*/_/rnal 'byor rig stong rjen pa'i srab skyogs dang ldan na/_/dkar dmar yul kun chos kyi gsal 'debs su song nas/_/bogs 'byin 'gyur ba'i nges shes skye ba 'dra 'dug go_/ma bcos rig stong rjen pa'i lta stangs gcig kho nas/_/thog med 'khrul pa'i grong khyer thal ba bzhin brlags nas/_/sku gsum rang ngor rdzogs pa'i ltad mo la yengs te/_/rig 'dzin 'dus pa'i tshogs gral 'grim smon du bris so/_/de skad dge bcud g.yang 'khyil sman shing gi tshal nas/_/mi rgan log 'tsho'i chang gis ra bzi ltar gyur tshe/_/snying sdug grogs po yang yang yid ngo ru bkod de/_/phul 'dis bla slob myur du mjal smon kyang zhu'o/__!__snying rje pad+ma dkar pos 'dab stong gi 'dzum gyis/_/tshogs gnyis sbrang rtsi'i zil mngar ngoms med du bsags pas/_/mi mjed gdul bya'i rkang drug nges legs kyi lang tsho/_/rgyas mdzad mtshungs med ston pa bka' drin can mkhyen no/_/mig dbang mig shel med na ji bzhin du mi mthong*/_/sems dbang dran shes mig gis legs mthong gi bu des/_/rang tshul brjod pa'i yi ge mdun sa ru 'byor bas/_/mi rgan mgrin pa btegs nas glu chung 'di thal lo/_/dug gsum nyon mongs rtog pa'i bya byed la bsam nas/_/ri rab rgya mtsho 'di yang chung ngu ltar byed kyang*/_/byed mkhan nyon mongs zhes pa'i skad grags can kho rang*/_/glo bur rnam par rtog pa'i phreng ba zhig lags so/_/phreng ba rgyun thag chad na sa gzhi la 'thor yong*/_/dpe de sems la skye 'gag gnas gsum gyis dpyod cig_/dang po skye ba med de skye ba'i yul gang yin/_/yul med sems kyi rtog pa chu bur dang 'dra bas/_/stong pas stong pa skye bas dngos 'gal du song bas/_/stong pa'i rang tshugs ma shor chos kyi sku yin snyam/_/chos sku rig stong rjen pa ka dag gi gshis la/_/dmigs gtad mtshan ma'i 'du 'god ye grol du song bas/_/lta ba klong chen rab 'byams skyo grogs la phebs dang*/_/'dzin bral nam mkha'i rnal 'byor lhod lhod du bzhugs chog_/skye med sems la gnas pa tshugs thub zhig sus rnyed/_/bar snang ser bu gnas pa'i thabs mkhas zhig yod dam/_/gnas med nam mkha'i dbyings de phyam gdal du bzhugs pa/_/sgom pa mkhyen brtse'i nyi zla skyo grogs la phebs dang*/_/yengs 'khrul bral ba'i 'od zer 'phel 'grib kyang med snyam/_/'gro mkhan sems nyid gtad med gang du 'gro sus shes/_/'gro yul ma dmigs chos nyid nam mkha' yi khor yug_/'gro ltar snang yang 'gro med chos nyid kyi mthar thug_/rtag tu 'grogs bzhin ngo mi shes pa de ngo mtshar/_/sgom med yengs med 'khrul pas ma bslad pa'i ye shes/_/rgan po nyi ma lde bzhin lhod lhod du sbyangs nas/_/spyod pa rgyal ba'i myu gu skyo grogs la phebs dang*/_/stong nyid snying rje rang bzhin shugs 'byung du mdza' nges/_/nyon mongs dgra ru 'dzin na 'ching byed kyi thag pa/_/nyon mongs stong par shes na sems nyid kyi gsal byed/_/bden med sgyu ma'i yul 'di mig 'phrul ltar 'dug pas/_/gtad med ye shes zhig gis chos nyid du sbyang mdzad/_/rig pa'i gtan srid zin pa'i rnal 'byor gyi snang ngor/_/'khor 'das spang blang byed pa'i spu ris des ci byed/_/cir snang ye shes chen po'i 'khrul 'khor la zhon nas/_/skye 'chi bar do sku gsum 'char ba zhig zhu'o/_/de skad spang ljongs steng mdzes rab dkar gur dbus su/_/bag phebs sbrang char sil ma khrom khrom du bab tshe/_/chos kyi grogs khyod yid yul bkod pa yi ngang nas/_/kha po'i 'brug 'di thal byung ma bcos par phul lags/__!__bu sngon nas sbyangs ba mi dman pas/_/las 'phro dam pa'i chos la dad/_/thos bsam sgom spyod tshul khrims ldan/_/yig 'phrin 'byor bas brtse sems skyes/_/bla ma mi rtag ma yin te/_/nges don bla ma chos sku yin/_/chos sku rig stong gnyug ma'i zhal/_/rgyun chad med pa mjal ste brod/_/rtsal snang brda yi bla ma'i sku/_/mi rgan gcer nyal 'brug tu yin/_/gzugs brnyan yul gyis bskal na yang*/_/brtse gdung nyi dang pad+ma bzhin/_/gcig grogs gcig gis byed pa yi/_/glu zhig len snying 'dod pa byung*/_/bla mas gnang ba'i dbang bskur de/_/khyod kyi rdo rje bzhi la gnas/_/sku bzhi'i bla ma gnas bzhir bzhugs/_/dbang bzhi longs shig dkon bstan lags/_/bla mas gnang ba'i gdams zab de/_/dpe dang yid kyi ngo khar gsal/_/khro med slob dpon yang yang mjal/_/don gnas rang gi sems dang bsres/_/snang ba brda yi bla ma de/_/khyod kyi tshogs drug yul du bzhugs/_/chags sdang zhig pas ma yengs ltos/_/brda dang dpe char shar nas 'ong*/_/sgra grags thams cad bla ma'i gsung*/_/grags stong rdo rje'i bzlas pa ste/_/bla ma'i gsung du nges shes skyed/_/badz+ra gu ru dbyangs su longs/_/dran rtog bla ma'i thabs mkhas te/_/'gyu ba rang grol chos skur ltos/_/chos nyid btsan sa zin pa'i phyir/_/rig stong rjen pa gtan la phob/_/yid skyo bla ma'i zhal gdams te/_/'khor ba'i sdug bsngal mtshon pa yin/_/nges 'byung dung nge mi bskyed par/_/dam pa'i chos la 'jug thabs med/_/dga' spro bla ma'i gsol ras te/_/sa lam nyams rtogs dpa' gding bskyed/_/bla ma'i rnam thar dran bzhin pas/_/yang dag lam la brtson 'grus bskyed/_/sdug bsngal bla ma'i pha 'bab ste/_/sa lam nyams rtogs dpa' gding bskyed/_/las ngan sgrib sbyang phyags ma yin/_/dka' spyad khur du bzod pa yis/_/sdug bsngal can la snying rje bsgom/_/khams gsum sems can pha mar ltos/_/byang chub sems kyi blo sbyong gyis/_/gdon bgegs bla ma'i phrin las te/_/chos brgyad bshig pa'i mtshon cha yin/_/'dre ru ma blta lha ru bsgom/_/lan chags sbyangs ba'i chos grogs lags/_/snang ba bzang ngan sgyu ma ste/_/de la gnyer kha su yis byed/_/'ja' tshon gos su gyon 'dod blo/_/byis pa chung yang skye mi srid/_/bzang ngan byed po sems nyid de/_/sems kyi chos nyid gtan phebs na/_/nam mkha' spar mos su yis bzung*/_/gtad med rjen pa chos sku ste/_/sna tshogs snang ba'i sprin gyis sgrib/_/shar grol rlung gi nang chen btang*/_/mtha' grol nam mkha' rjen par mthong*/_/mtha' dbus bral ba'i thang chen la/_/'dir snang byis pas rtse gar 'khrab/_/ye grol rgan po khong rgod shor/_/blo 'das nyi ma bde zhing sdod/_/tshul de skad ljon bzang skyed tshal du/_/zas log 'tsho'i lto ba 'grang ba'i mis/_/glu zon gtam 'brug ltar ldir ba zhig_/kha so med bdag gi nang nas thal/_/sa sbrul bod zla'i tshes la'o/__!__kyai ho/_snang srid dbang du sdud [↓]sa pad 'byung yin kyang*/_/sgrub gnas brag phug ma gtogs ho trel mi 'dug_/de la bsam shes yod na brag phug yin pa/_/sgo gsum lhod de 'byung ba ri khrod lags so/_/lhod lhod mi med dben par lus lhod sos dal/_/ngag lhod chags sdang gsar 'gyur za zi'i sgra med/_/sems lhod rtse gcig nyams la ltad mo ltos shig_/dro 'jam nyi zla'i 'od zer snang bzhi'i sna 'dren/_/ljon shing lo 'dab me tog rgyan la ltos dang*/_/nges 'byung gsal 'debs khu byug byi'u'i gling bu/_/ltad mo ri khrod che yang lta mkhan mi 'dug_/tshong 'dus lus brel las ka tshar dus med pa/_/ngag brel chags sdang rnam rtog chu yi gnyer ma/_/sems brel dus gsum rnam rtog gong 'phel ngang nas/_/'chi bdag thog tu bab tshe khyi bzhin shi rgyu/_/dben par lus kyi las kyi mnyam bzhag lhod po/_/ngag las yi ge drug pa chu rgyun bzhin bzla/_/sems las stong nyid snying rje'i ngang nas/_/rgyal khams gces phrug byas na skyid do dga' 'o/_/'jigs pa'i mthar thug gshin rje'i pho nya byung kyang*/_/dben par byar med gnas la 'dzum dang bcas te/_/pad dkar 'chang dngos dgyes pa'i gru 'dzin ri la/_/bag phebs lam ston \u0fab 'ong chos byed ma bu/_/lus sems dben pa'i ri la gnas pa yin kyang*/_/bsam blo tshe 'di'i mdun ma kho na shor na/_/sprel rgan bya byed mang po nags su gnas kyang*/_/gcan gzan ngar skad thos na skyag pa shor 'ong*/_/phyag rdzogs dbu ma'i lta ba gdeng khel med kyang*/_/byams dang snying rje tshad med rnam bzhi bsgoms nas/_/rang skyon rang gis mthong ba'i me long ltos la/_/chags sdang dri ma bkrus na nyams len de yin/_/sdom gsum gnang bkag mang po ma shes na yang*/_/chang dang bud med ma bsten sha khrag ma dga'/_/lto 'brang tsam bsten ngur smrig rgyal mtshan ma bor/_/rang cag ston pa mchog de'i rjes brtse'i gnang sbyin/_/sangs rgyas stong gi na bza' thar pa'i rgyal mtshan/_/hrul po yin kyang dkar phyogs lha yi srung bas/_/phyi rgyal chas la ma dga' sprang hrul gyis shig_/de skad gdams pa rang la sne gcig med kyang*/_/yab mes bka' drin can gyi zhal lung bdud rtsis/_/thos 'dzin ut+pal chags pa'i tshig gi phreng ba/_/'on pa'i rol mo ma bu dga' phyir bris lags/_/pha rgan rig 'dzin rdo rje brtse 'dris dbang gis/_/yid la brjed med shar bas dge bsdo'i bden tshig_/rtag tu bgyis kyang dus tshigs steng du sleb dus/_/po tA la ru ru skye ba'i smon lam zhu'o/_/de skad mkhas btsun kun tu bzang po'i sras mo/_/g.yu sgron 'jigs med kun tu bzang po zung la/_/myur 'phrod smon lam dang bcas tshig phreng 'di'ang*/_/mdo shor rab gsal zla ba'i ming gis bris lags/__!__bla ma la phyag 'tshal lo/_/rang re mtshan ldan gyi bla mas rjes su zin/_zab mo'i gdams ngag mang po thob pa'i skabs 'dir dben par sgrub la brtson pa 'di shin tu'ang skal pa bzang po yin/_'di'i skabs su dge sbyor gang byas thams cad sems can thams cad kyi don du yin snyam pa'i sbyor ba sems bskyed dam pa dang*/_dngos gzhi sngon 'gro bsags sbyang*/_yi dam gyi sgom bzlas sogs gang byas kyang rang rang gi sgom don las sems ma yengs par dge ba gang byas la mchog 'dzin dang rloms sems med pa dngos gzhi dmigs med dam pa dang*/_dge rtsa de dag bstan pa dang sems can gyi don du bsngo smon rgyal ba sras dang bcas pas ji ltar mdzad pa bzhin du bsngo bar bgyi'o snyam pas bzang po spyod pa dang*/_byams smon/_phyogs bcu dus bzhi sogs kyis rdo rje'i gsung gi smon lam gdab pa mjug bsngo ba dam pa ste de gsum gyis rtsis zin par bya/_dge sbyor gyi gtso bo sems ngo skyong ba gal che/_sems zhes bya 'di'i gnas lugs ni stong pa nyid/_'khor 'das cir yang ma 'gags pa 'char ba zhig yin/_stong pa de ma 'gags bzhin du sems la rnam rtog gang skyes ngos zin rnam rtog gi rjes su ma 'brangs na skad cig gnyis pa nas rnam rtog rang grol du 'gro/_grol zhes pa rnam rtog med du mi 'gro ste/_rnam rtog gi byas rjes mi bsags pa zhig gal che/_dge sdig gi rtog pa 'phro bas skyon mi byed/_rnam rtog gi phreng ba mang pos chags sdang gi las bsags te 'khrul pa yin/_rnam rtog rang ngo bltas na stong nyid/_rnam rtog skye ba'i dus na'ang stong pa las ma 'das/_stong pas rnam rtog skye ba la go ma bkag_/rnam rtog gis stong pa la 'pho 'gyur ma song bar sems kyi rang ngo bskyangs bas 'thus/_sems la snang ba gang shar yang zhen rtog gis ma bslad pa/_bde yang 'dzin pa med pa/_sdug kyang rang sems gu ma dogs pa/_snang zos zos bde ba'i ngang tha mal du ma yengs par rang gi sems dang bla ma'i thugs dbyer med shes pas mos gus dung nge bskyed la gsol 'debs smon lam bya/_'gro 'dug za nyal gang gi skabs su yang rang sems rang ngo mthong ba'i dran shes so ma dang ma bral ba'i ngang nas lam khyer bya dgos so/_/snyigs ma'i sems can bya spyod sdig pa/_/nad mtshon mu ge'i skal pa ldang bas/_/rang gzhan su la bsams kyang skyo ba/_/don dang ldan na lha chos lags so/_/lha chos snying po rtse gcig sgrub pa/_/grub thob gong ma'i rnam thar rjes slob/_/nyams dga' dben pa'i gnas su phebs la/_/rnam g.yeng 'du 'dzi'i spros pa skyungs shig_/lhun mtho brag ri'i khang bzang nyams dga'/_/bya dang ri dwags 'grogs pa bde ba/_/rtsa dang lo ma dka' thub zas bzang*/_/snying rus dka' spyad dang du blang mdzod/_/chags sdang rnam g.yeng de na med cing*/_/rtsod dang 'khon pa kun nas zhi ba/_/rang nyid gcig pu cha med yul du/_/rgyus med gnas pa ting 'dzin grogs lags/_/mthon po thams cad sems kyi sdug bsngal/_/'byor ldan thams cad bsog 'jog brel zin/_/yon tan can rnams g.yo sgyu'i skor mgo_/sdug bsngal med pa bya btang gu yangs/_/yod na des chog lto 'grang lhags skyob/_/med na dka' thub brtson 'grus gsal 'debs/_/gu yangs blo bde gtad med rang grol/_/chos nyid don gyi rgyal sa zin mdzod/_/tshe 'di'i snang ba rmi lam sgyu ma/_/'grub dus med pa chu yi gnyer ma/_/chams kyis skyur la lhod kyis zhog dang*/_/bde ba'i gtan srid ngang gis zin 'ong*/_/rang sems gnyug ma chos sku'i rgyal sa/_/bya sla khyer bde'i ngang nas zin dang*/_/skye 'chi bar do'i 'phrang las sgrol ba/_/'di bde phyi ma skyid pa min nam/_/e ma ya gi zangs mdog dpal rir/_/rig 'dzin grub pa skar tshogs ltar bzhugs/_/thams cad lam 'di'i grub pa brnyes pa'i/_/che ba soms la nyams len mdzod cig_/gangs dkar shel ri dgung las mtho ba/_/mdzes 'dzum nyi zla'i rna cha gsol zhing*/_/na bun stod chings g.yo ba'i gsham der/_/g.ya' spangs brag gi khang bzang gur dang*/_/rlung dang ser bu gtum mo'i gsal 'debs/_/phu chu snyan pa'i sgra sgrogs khams dwangs/_/ting 'dzin ngang gis skye ba'i brda rtags/_/sman shing me tog 'bras bus 'dzum ston/_/bza' rgyu mi dgos rtsa dang lo ma/_/grogs mo mi dgos bya dang ri dwags/_/gling kha mi dgos ma byas lhun grub/_/nyi zla'i snang zer bkra ngor bzhugs shig_/gcig pur rang sems ltad mo ltos dang*/_/sgom bzhin sgom bzhin nges shes skye 'ong*/_/nyams rtogs ri mo 'ja' las bkra yang*/_/re dogs med pa chams kyi skyur cig_/rdzogs pa chen po nam mkha'i mdung skor/_/bzang ngan gang shar re med dogs med/_/chos nyid lta ba rgya yan cog bzhag_/kun shong yangs pa'i ngang du phebs shog_/bdag la 'di 'dra'i nyams rtogs med kyang*/_/rna ba skal ba bzang po'i pha phog_/ji ltar thob bzhin khyed la springs kyi/_/de ltar rtse gcig sgrub la gzhol mdzod/__!__oM swa sti shrI bi dza yan+tu/_/rab 'byams zhing na pad dkar 'dzin pa'i lha'i/_/ngo mtshar rnam thar nor bu'i sprin bres pa/_/sras bcas rgyal bas bstod dbyangs 'brug sgra'i dpal/_/snyan sgrog mgon po mchog de rgyal gyur cig_/thugs bskyed mdzad pas mkha' mnyam zhing brdal yang*/_/gangs can gdul bya dbugs 'byin phyag yangs kyis/_/'khyud pa'i bden don nyi ma ltar gsal bas/_/phan bde'i ut+pal ci dgar bzhad par mdzad/_/gnam sa'i dbang phyug mes po srong btsan dang*/_/rgyal bstan yongs la dbang bsgyur lnga pa che/_/deng dus bstan 'dzin rgya mtsho'i mkhyen brtse'i dbyig_/gangs can bstan 'gro'i dpal du lham mer gsal/_/snyigs ma'i dus kyi mun pas sa sros kyang*/_/'phags pa'i ye shes nyin byed ches gsal bas/_/phan bde'i 'dab stong ge sar rgod pa 'dis/_/bstan 'gror phan bde'i sbrang rtsi ci dgar 'jo/_/ngo mtshar dpal la khyad par gdul bya yi/_/rkang drug dga' spro'i 'phur lding g.yo ba'i tshe/_/dkar phyogs dpal mgon lha yi che dgu yis/_/shis pa'i me tog char du bsnyil la gzigs/_/shAkya seng ge'i phrin las shing rta'i 'gros/_/'jig rten dbang phyug la bstsal mngon sum zhes/_/snyan par grags pa don gyi rin thang ches/_/mtha' 'khob gling kun chos snang skya rengs kyis/_/thar grol nyin byed mkha' mthar brdal dang bcas/_/chol gsum bod la dgyes zhal 'od stong gis/_/yid kyi gdung ba sel dang lhan cig par/_/rnam mang phan bde'i dge mtshan rgyas la phyogs/_/dman la ches brtses skyong ba'i slob tha yang*/_/snyan pa'i gtam 'di gzhan gsos mgrin glu bzhin/_/gyur nas lhag bsam 'khri shing dud pa'i rtser/_/dga' spro'i tshig gi me 'bras cig char bzhad/_/thub dbang mig mi 'dzum dang pad 'byung sogs/_/sras bcas rgyal bas rje btsun bla ma yi/_/gsang gsum 'chi med rdo rje'i lhun por brtan/_/phrin las pad tshal nyin bzhin rgyas gyur cig_/phyogs bcu'i rgyal bas dbang bskur lung bstan cing*/_/spyan ras gzigs kyi thugs bskyed mthu btsan pas/_/mkhan slob chos rgyal mes dbon bka' srol bzhin/_/phyogs las rnam rgyal chab srid rgyas gyur cig__/ces bstan 'gro'i dpal mgon phyogs mthar khyab cing bod ljongs rang dbang btsan po thob pa la rtag tu smon lam gyi g.yar dam 'chang ba dil mkhyen bkra shis dpal 'byor don thams cad grub pa'i sdes dga' spro rtse gcig pas smon pa bzhin 'grub par gyur cig__!__dmigs med thugs rje'i gter chen bla ma rje'i/_/byin rlabs bdud rtsi snying la sim pa las/_/srid las nges 'byung blo rgyud chos la 'khor/_/thar pa'i lam sna zin par byin gyis rlobs/_/byang chub sems kyi mnga' bdag bla ma rjes/_/theg mchog chos kyi dga' ston bstsal ba las/_/chos spyod lam gol lam log mi lhung bar/_/theg chen rgyal sras spyod la 'jug nus mdzod/_/dkyil 'khor rgya mtsho'i khyab bdag bla ma rjes/_/smin grol chos kyi dbang bskur byin rlabs mthus/_/'khrul snang mun pas ma bslad snang grags rig_/rdo rje'i gsang ba gsum du rtogs nus shog_/bde chen rdo rje'i gar mkhan bla ma rje'i/_/phung khams skye mched gdan gsum ngo sprad pas/_/'pho med bde stong dkyil 'khor gsum gyi ngang*/_/khams gsum dag pa rdo rje gsum 'char mdzod/_/gdod ma'i mgon po dpal ldan bla ma rjes/_/dgongs brgyud ye shes 'phos pa'i skad cig gis/_/ye grol chos sku'i dgongs klong 'ub chub ste/_/thig le chen po'i dbyings su grol bar shog_/nges don 'pho 'gyur med pa'i bla ma rjes/_/snying dbus gzhon nu bum skur rtag bzhugs pas/_/ngo shes rtsal rdzogs brtan pa thob nas kyang*/_/thugs yid gcig tu 'dres par byin gyis rlobs/_/zhes pa'ang theg mchog snying po'i bstan pa dang de 'dzin la gus pa'i dad brtson can sprul sku 'jigs med o rgyan bstan 'dzin nas rten bcas bskul ngor 'jigs med mkhyen brtse'i 'od zer gyis dus tshes dge bar bris pa don dang ldan par gyur cig__!__rje sku bzhi'i bdag nyid rdo rje 'chang*/_/pha bka' brgyud grub pa'i khyu mchog gis/_/grogs skal ldan khyed la byin brlabs nas/_/thugs dgongs brgyud ye shes 'pho bar shog_/yab grub brnyes dam pa'i rigs su 'khrungs/_/sku chung ngu'i dus nas chos blo ldan/_/rje gong mar dad mos mi 'gyur bas/_/don sgrub la brtson de bdag yi rang*/_/tshe mi rtag shing kha'i bye'u 'dra/_/dus mi rtag glog zhags ltar myur bas/_/lo re re bzhin du zhag brgya re/_/mtshams bzhugs na shin tu legs snyam mchis/_/gnas 'du 'dzi med pa'i sa phyogs su/_/gnad nyams len zhag brgya mdzad pa dang*/_/khyim 'du 'dzi'i nang gnas lo gcig las/_/chos dge sbyor byas pa e mtshungs gzigs/_/bdag shi nye 'du 'dzi'i g.yeng bzhin du/_/mi gzhan la dge bskul ngo gnong yang*/_/yid blo snying gtod pa'i chos grogs la/_/sems lhag bsam dkar pos zhus pa lags/_/khyed grub thob kyi gdung brgyud yin dang gcig_/thugs chos la mos brtson che dang gnyis/_/bdag bla ma'i zol gyis bskul ba'i mthus/_/dgra chos brgyad mchil ma'i thal bzhin bor/_/sems 'khrul rtog sangs pa'i ye shes rgyas/_/dpal o rgyan DA ki'i tshogs gral du/_/ngo shes bzhin 'phrad pa'i rten 'brel zhu/_/mi rgan po'i glu la cho med kyang*/_/nyams dga' ba'i chos mdzad dgyes snyam nas/_/'bu'i sug rjes lta bu'i a k+Sha ra/_/rdzas bdud rtsi chos sman bcas ste phul/__/sras mo phrin las chos sgron la gdams pa'o/__!__chos nyid dbyings kyi btsun mo kun bzang mo/_/'phags bzhi skyed pa'i yum chen sher phyin ma/_/bdag cag bod 'bangs skyob phyir a ma'i tshul/_/ye shes mtsho rgyal dpal mos khyod srungs shig_/grub pa'i rigs kyi myu gu'i dal rten thob/_/mdo sngags bstan sgor zhugs shing smin grol mnos/_/da res gtan gyi 'dun ma ma 'phyugs na/_/nges par 'khor ba'i rgya mtsho'i pha rol 'gro/_/gsang sngags nye lam rang sems ngo bo ltos/_/gsal stong phyogs ris med pa'i chos nyid 'di/_/rang dang 'bral med rtag par 'char nas yod/_/ngo shes ngang nas ma yengs dran pas zungs/_/snang srid 'khor 'das chos rnams ma lus kun/_/'khrul pas btags las don la thams cad kun/_/stong nyid smra bsam brjod pa bral la 'bab/_/bde sdug sgyu ma smig rgyu'i rjes ma gcod/_/bzang ngan gang byung shar grol mnyam pa nyid/_/sems can thams cad 'di las ma g.yos kyang*/_/gnas lugs ma shes 'khrul pa'i rjes 'brang la/_/snying rje'i chos nyid rtogs pa'i smon lam thob/_/gnas lugs rig stong rjen pa ma bcos pa/_/nges pa don gyi pad+ma 'byung gnas yin/_/gsol ba btab na nam yang 'du 'bral med/_/mos gus gdung bas skyid sdug de la bcol/_/ring min dgyes pa'i zhal bzang mjal nges dang*/_/de bar dge sbyor gnad du smin pa yi/_/smon lam zab mo gzhan phan sems bskyed kyis/_/rgyas thob skyabs srung 'dor med ngang nas phul/__!__chos dbyings shes rab dpal mo'i phyag rgya ni/_/dad brtse mos gus 'dab stong kha dog bkra/_/bde skyid chos bzang sbrang rtsi'i zil mngar des/_/ak+Sha ra 'byor bdag yid bung ba spro/_/'dir gnas rgan po gzugs khams bde lags kyang*/_/na tshod smin pas gnyid la yur bzhin du/_/dkor dang 'du 'dzi'i char sprin 'khrigs pa nas/_/dge sbyor glog 'od phran bu 'khyug bzhin mchis/_/brtson 'grus byas drags khams kyi ma lcogs pas/_/yang yang gnyid yur de kas yin lags kyang*/_/khang sbug nang du yib pa ma mdzad par/_/khang stong nam mkha' mthong rgya che ba'i sar/_/rig pa mig gtad mig gi mkha' dkyil ltos/_/bag gseng gnang na nang nas grung cha 'ong*/_/sems zhes da lta 'khrul pa'i rnam rtog 'di/_/de las bzang ba'i rig pa mthong snyam gyis/_/mthong 'dod re dogs gtan nas ma mdzad par/_/da lta'i sems nyid ma bcos ma yengs par/_/ngo shes tsam la goms par mdzod cig dang*/_/mos gus bsag sbyang thabs kyi man ngag gis/_/rang rig nyams myong rim gyis rtsal rdzogs nas/_/sems rig shan 'byed gnyug ma'i srid zin na/_/chos nyid lta ba rim gyis gsal bar 'gyur/_/nang gi rig pa da lta ma gsal yang*/_/phyi yi sems ni ma yengs tsam byung na/_/des chog sems phug de ni rig pa ste/_/chu dang 'khyags rom lta bu'i dpe yis gsungs/_/chu nyid 'khyams rom gcig tu ma yin te/_/'khyags rom sra mkhregs lag pas bzung du yod/_/'khyags rom zhu na chu ru gcig tu 'gyur/_/so so ma yin don la chu 'khyags gcig_/de bzhin sems ni rig pa min te 'khrul/_/sems nyid rtogs na rig pa las gzhan med/_/sems dang rig pa don la tha dad kyang*/_/spang blang rtsol sgrub byas pas shan mi 'byed/_/nam zhig rig pa gding thob gyur pa na/_/sems ni byis pa 'dra ste col re chung*/_/rig pa rgan po bsam mno zin pa 'dra/_/rig pa sems rjes mi 'brang zil gyis gnon/_/gu yangs blo bde'i ngang na skyid nyal mdzod/_/gu ru yab yum zhes pa'i skad grags can/_/sems nyid rig stong 'di las logs su med/_/de gar thag chod 'du 'bral med pa la/_/mos gus gsol 'debs rgyun mi 'chad pa mdzod/_/dad pa can la pad 'byung sgo nyal yod/_/gsungs pa de yin rgan po bdag gis kyang*/_/khyed thugs rdzogs chen lta sgom spyod pa yis/_/smin cing grol ba'i smon lam yang yang zhu/_/de skad mtha' 'dul gtsug lag skyer chu nas/_/drag po dpal chen 'dus pa'i lha sngags kyis/_/dam sri rgyal 'gong brlag pa'i ham pa can/_/sngags rgan ral pa can des bsrings ba lags/_/ring po'i dus kyi 'gyur bas ma bkag na/_/dgyes brtse'i zhal bzang ut+pal gsung zhim can/_/'dren byed dbang po'i dga' ston stob bzhin du/_/smin grol mgrin rnga 'khrol la rengs bzhin phul/_zla 8_tshes 9_la'o/__!__snying brtse dam pa lags/_rje mi la rin po ches/_bu ras chung gi lta ba bya rgyal rgod po dang 'dra/_res 'ga' mtho ste res 'ga' dma'/_da mtho dman bar nas bsam blo thong*/_gsungs pa ltar/_dge sbyor thob dus dga' ba dang*/_/las ka mang dus sems skyo ba/_/gnyis ka sems kyi cho 'phrul ste/_/stong pa'i ngo bo gcig lags pas/_/re dogs mang pos blo mi bde/_/dge sbyor 'grub dus bsngo smon gyis/_/ma 'grub na yang bag kyis klod/_/sems 'di spre'u 'dra bas na/_/skyag lang shor na sbugs su dogs/_/skyid sdug med pa bdag 'dra ni/_/dga' yang bsam na'ang mtho rgyu med/_/'chi ba'i 'jigs skrag bsam nas sdod/_/sdug kyang sems khong chud rgyu med/_/'khor ba'i mtshan nyid bsam nas sdod/_/dga' sdug 'ja' tshon rjes brgyugs na/_/'gyur med byis pa'i rtsed mo 'dra/_/de skad ci dran ma nges pa/_/mi rgan skyid med sdug skad des/_/glog 'od la brten bris nas phul/_/dgongs pa ma tshoms rtsed mo yin/_/sems la gang shar bris te bskur/_/dga' spro'i ngang nas lan phul lo/_/mdo med rgad po 'khyams po des/_/sor mo'i zlos gar tsam lags so/__!__rang rig bla ma mtsho rgyal de/_/rang sems gnyug ma'i klong na bzhugs/_/rang ngo shes pas gsol btab na/_/rang grol rnal 'byor mar 'gyur nges/_/ring min dgyes mjal zhu spro bcas dil mkhyen rgan bu'i skyabs smon bcas phul/__!__kwa ye snying gi grogs khyed byi'u chung 'di la ltos/_/kha rog ma sdod sgo gsum bskul ma thob/_/ga bur ltar sim gzhan phan byang sems rtag tu sgoms/_/nga cag chos mthun snying nas brtse ba'i bslab bya yin/_/ca co'i bstod smad brag cha'i rjes su sems ma rgyug_/cha byad gtsang sbra ldan pas spyod lam chos dang bstun/_/ja chang sha la sred na khyi bzhin nyes pa spyod/_/nya stong brgyad dang yar mar tshes bcur bskang bshags 'bad/_/ta la'i 'dab rgyas shing dbus mdzes pa'i khang pa der/_/tha mal skye bo med pa chos pa kho na ste/_/da lta'i dus 'dir bag phebs snang shas skyid po'i ngang*/_/na tshod gzhon yang khyod tshul zhi dul ngang du sdod/_/pa ra pi ra'i las ka mang pos rang nyid 'ching*/_/pha rol 'jig rten phyi ma bsams nas chos la bskul/_/ba thag bran pa'i srin bu'i rang nyid 'ching nas shi/_/ma rgan sems can 'khrul pa mnar kun de mtshungs la/_/tsab tsub ma byed snying rje'i bde sdug gtong len gyis/_/tsha ngar ldan pa'i bdag 'dzin nyon mongs mgo bo non/_/dza ti'i dri yis rlung nad 'joms bzhin rang gi sems/_/wa ler ltos la dran shes ldan pas byi dor gyis/_/zha l+h+wam gos ni ma 'khyags tsam gyi chog shes kyis/_/za ma lto 'brang sha chang phag bzhin longs ma spyod/_/'a 'ur mngon tshan chen po'i las la blo ma gtod/_/ya mtshan ltad mo sems la ltos dang nges par yod/_/rwa co lta bu'i rgyud 'di chos kyis ci nus thul/_/la 'ur grub rtags ma re sgom yun shi dang snyoms/_/sha za 'bod sgrogs pha rgan pad+ma'i mdun tshogs nas/_/sa lam myur du bgrod pa'i smon lam ma brjed mdzod/_/ha ri'i ljon bzang 'khrigs pa phun tshogs chos gling nas/_/a mtshar tsam du rgad pos glog 'od lam 'phrin phul/__!__dad dang mos gus ldan zhing*/_/yang dag chosa~X la brtson pas/_/'di bde phyi mar skyida~X pa/_/brtse ldan ma la gdams pa/_/dal 'byor mi lus thob cing*/_/sangs rgyas bstan dang mjal te/_/mtshan ldan bla mas rjes 'dzin/_/da lta tsam las dkon pa/_/rtag tu chos la brtson cig_/spyir gyis snod bcud mi rtag_/sgos su skye rgu'i tshe srog_/nam yal nges pa med pas/_/ma yengs bskul ma thob cig_/srid pa 'khor ba'i gnas ris/_/sdug bsngal ma gtogs med pas/_/dge sdig blang dor ma nor/_/blo gtad chos la dril zhig_/chos kyi snying po skyabs 'gro/_/mchog gsum rin chen thams cad/_/ma hA gu ru mchog gis/_/sku gsung thugs la rdzogs pas/_/yid ches blo gtad chol zhig_/sgo gsum dge ba gang byas/_/pha ma sems can don snyam/_/gzhan phan bsam pa bzang pos/_/rang don gces 'dzin spongs shig_/rang sems skye med stong pa/_/brtags na gzhi rtsa ma grub/_/ma dpyad cir yang 'char ba/_/yengs med dran pas skyongs shig_/lus lha ngag sngags sems nyid/_/chos sku shes pa'i ngang nas/_/snod bcud lha dang gzhal yas/_/dag pa rab 'byams mos mdzod/_/sems nyid stong pa snang mtha'/_/rang gsal thugs rje chen po/_/snang stong dbyer med bla ma/_/pad+ma 'byung gnas shes mdzod/_/pha gcig bu la brtse bzhin/_/gu ru yab yum bka' drin/_/nam yang 'khor thabs med pa'i/_/ngo shes gsol 'debs mdzod cig_/don dam ye shes bla ma/_/nam yang 'bral ba med par/_/rang ngo rang gi shes pas/_/yid ches skyed par mdzod cig_/bdag cag dad dam gtsang mas/_/tshe dang sgrub pa mthar phyin/_/ring po'i dus kyis mi 'gyang*/_/dgyes bzhin 'phrad par nges so/_/rtag tu 'du 'bral med pa'i/_/smon lam shis pa'i tshig gis/_/yang yang brgyan par byas te/_/snron zla'i 5_tshes 27_la phul lo/__!__rten dal 'byor thob pa don yod phyir/_/gnas dben par bzhugs pa dga' spro che/_/sems ma bcos rang ngo skyong ba la/_/dngos mtshan ma med pa'i stong pa de'i/_/don chos sku spros pa bral ba yi/_/stong rkyang pa min pa'i 'od gsal de'i/_/mdangs rang bzhin gsal ba longs sku yin/_/stong gsal ba tha dad med pa de/_/rtsal thugs rje kun khyab sprul sku yin/_/stong gsal ba zung 'jug gang yin kyang*/_/blos 'dzin pa med na rig pa yin/_/pha bla ma'i thugs dang rang gi sems/_/don gdod nas dbyer med shes pa'i ngang*/_/yid mos gus gdung bas gsol 'debs bzhin/_/dus kun tu nyams len snying po mdzod/_/de'i ngang nas nges 'byung rgyu 'bras zhib/_/dge bsags sbyangs 'gro ba'i don du bsngo/_/snying rje ba'i sems can yid la bcang*/_/blo bag phebs ngang du bzhugs par zhu/_/tshul de skad rgan bu'i lhag bsam gyis/_/tshig thos pa gdams ngag tshul du phul/_/tshe sgrub pa mtha' ru phyin pa dang*/_/nyams rtogs pa'i rgyal sa zin par smon/__!__kye ho las can snying gi bu/_/khyod sa thag ring bas mi skyo ste/_/sems thugs 'o ma gcig tu 'dres/_/sems snang stong 'du 'bral med pa'i dbyings/_/thugs yid bsres la mnyam par zhog_/gangs ri mthon po mthong tsa na/_/nang gi lta ba'i mtshan dpe yin/_/lta ba bla ma'i thugs yin pas/_/'du 'bral med pa sems kyi gshis/_nags tshal yid 'ong mthong tsa na/_/nyams dang rtogs pa'i mtshan dpe yin/_/nyams rtogs re dogs med pa yi/_/thams cad bla ma'i rol pa yin/_/me tog gling kha mthong na yang*/_/rang grol spyod pa'i mtshan dpe yin/_/spyod pa chos mthun ma lus pa/_/dpal ldan bla ma'i rnam thar yin/_/'khrul rtog ji ltar tshabs che yang*/_/blo yis bcos pa'i rnam rtog yin/_/rtog pa skye 'gag gnas med pa'i/_/ngang la lhod na stong par 'gro/_/stong nyid rjen pa bla ma ste/_/bla mas sgrib pa ga la byed/_/sgrib pa 'dug snyam dogs pa dang*/_/sgrib med 'byung ba'i re ba gnyis/_/rig stong blo 'das ye shes la/_/gegs su che bas re dogs skyungs/_/chos nyid rjen pa'i rang ngo ltos/_/bla mar mos gus dung nge dang*/_/gnyis med ngang nas gsol ba thob/_/myur du 'phrad pa the tshom med/_/zhal yang yang mjal nges rdzun ma yin/_/gsung yang yang thos pa'i smon lam yod/_/tshul de skad lho mon shing lo'i tshal/_/dred bzhin du nyal ba'i rgad po des/_/kha bde bo'i glu chung tse re re/_/khyod blo bde'i ched du phul ba lags/__/mang+ga las so/__!__kwa ye brtse ba'i me tog mdangs bkra shing*/_/kha mngar sbrang rtsis lcid pa'i ku mA ra/_/ga bur dri yis tshad pa 'joms bzhin du/_/nga yi gdung sel tshig gi phreng 'di spel/_/ca co byi'u gzhon nu'i gling bu bzhin/_/cha shas yid la dran pas gdung sel bdag_/ja srub gsol zhib mang po za bzhin du/_/nya zla yar ngo tshes ltar dge bar gyur/_/ta thA ga ta'i bstan pa'i lhag ma tsam/_/tha shal las 'phags dngul chu sar lhung bzhin/_/da lta nyung ngu mjal mod dad skyo'i ngang*/_/na tshod rgas pa'i mi bzhin gyur nas 'dug_/pa sangs ltar dkar dge ba'i sems ldan kyang*/_/pha rol nag po'i 'byung po stobs che bas/_/ba glang gcan gzan sder mos bzung ba'i bod/_/ma rgan 'gro rnams mthong bas skyo ba 'phel/_/tsA gangs mchims phu yer pa shel brag sogs/_/tsha ngar me yis bsregs pa'i nags tshal bzhin/_/dza ya'i sku gsung thugs rten zhig ral dang*/_/wa ltar zhum pa'i chos pa dag kyang mthong*/_/zhwa gos thams cad ma hA tsi na'i lugs/_/za ma dkon zhing lus la gzi brjid phra/_/'a 'ur chos dad rang mos grags che yang*/_/ya mtshan bshad sgrub sa bon tsam du bas/_/ra ba gangs ri'i mdzes sdug mig gi dpyid/_/la klung sngo ljang dbyar skyes myu gu mdzes/_/sha rkyang ri dwags brtse ba'i tshal mdzes pa'i/_/sa gtsang gzugs 'phrod chu dwangs dag zhing 'dra/_/ha la lta bu'i dgras kyang byams mdog kha/_/a mtshar da lta'i snang spyod ma bcos pa/_/ha ri'i tsan+dan dri bzhin khyod thugs la/_/a ho'i dga' ston bskyed pa'i 'phrin 'di yang*/_/e ma rgya bod sa la thag ring kyang*/_/o Di'i ming bzhin sbrag tu bsrings ba la/_/u rgyan bla ma'i rjes 'jug dran rten du/_/e ma dga' ba'i gar gyis 'phral du spel/_/shing glang sa zla'i 4tshes 15la rgan bus yis/_/gzhis ka rtse yi sne len khang nas phul/__!_zhing rnga yab dpal gyi ri bo na/_/yab skyabs kun 'dus zhal mtsho skyes rje/_/ma DA ki'i rgyal mo mkhar chen bza'/_/de gnyis med drin can bla mar dran/_/dus snga dgong kha ton grub pa'i rjes/_/bar gung seng byung na lhod de sdod/_/sems gnyug ma'i rang ngo cer gyis ltos/_/chos dngos por bstan du med na yang*/_/bag phebs pa'i gu yangs blo bde yod/_/de rang ngo shes na pad 'byung yin/_/ming shoms ra ma che na yang rung*/_/rgyud gyong po 'dug snyam rnam rtog yin/_/rtsal rnam rtog skye 'gag gnas bral ba'i/_/gshis nam mkha' lta bur btsan sa zung*/_/rlung ser bu med na mar me gsal/_/de'i ngang nas blo sbyong don bdun gyi/_/gnad gang 'thad sems la goms 'dris gyis/_/byams snying rjes smon lam kun la thob/_/ngag brjod pa bzang po spyod pa zab/_/dus snyigs ma'i skye 'gro mchog dman kun/_/las 'khrul pa'i gdon gyis ma zin med/_/de'i dbang gis snod bcud sdig pas gang*/_/de rang sems 'dul na chos kun 'du/_/sems snang la ma grub ye re ba/_/mdangs gsal cha 'gag med zang thal lo/_/ngo shes tsam byung na de gas chog_/bab lhod kyis glod la ma yengs ltos/_/don 'di la bsams na bdag cag gnyis/_/gzugs pho mo tsam las khyad par med/_/gnad shes pas gshis lugs rjen par skyongs/_/rtsal bzang ngan thams cad rang grol thong*/_/'phur shes pa'i bya la nam mkha' bde/_/sprin ser bu'i 'jigs skrag dog pa med/_/'phyor shes pa'i nya la chu bo bde/_/dbugs 'tshub snyam bag zon ga la dgos/_/sgom shes pa'i rnal 'byor cir yang bde/_/yul rkyen kun bar snang 'ja' tshon ris/_/sems rtsal snang ma ded gshis la ltos/_/gshis brtan pa thob na chos sku yin/_/dpal kun tu bzang po yab yum dang*/_/khyad med par mngon par byang chub shog__/mang+ga las so/__!__kwa ye bu mo pad+ma chos skyid lags/_/kha khug sim pas spa gror mtshams bsdad kyang*/_/ga bur rlung gis khyer bzhin bar chad kyis/_/nga ni chab gsang song nas sa la brdab/_/ca co'i 'ur med sman bcos byed snyam kyang*/_/cha med kun 'gro D+hog Tor lha rje bsod nams phyin/_/ja bang pus mo skrang pa brtags dpyad byas/_/nywa sha rtsa rnams ma bcad thag chod kyang*/_/ta la'i shing ltar rengs pa'i rus pa ni/_/tha dad gas grum yod med brtag pa la/_/da lta sman khang glog spar ma brgyab na/_/na tsha'i nyes 'gal yod zer nyin bskor byas/_/pa sangs ltar dkar rus pa ma bsnad kyang*/_/pha wa sgom chen mdog 'dra'i skrangs pa 'di/_/ba zho lta bu'i brdab khrag len pa'i phyir/_/tsab tsub ngang nas slar yang sman khang phyin/_/tsha ngar mtshon chas pus mo'i khrag kun blangs/_/dza ti la sogs rlung sman byug cing zos/_/zhwa rengs gyur kyang zug rngu rim gyis zhi/_/za ma mang pos lus zungs gso dgos skad/_/'a 'ur med par zhag drug nyal dgos byung*/_/ya rabs dad sbyin kun gyis bsnyen bkur brin/_/ra rib ma 'khrul ngag bcad kha ton bzlas/_/la 'ur rang gnas sa mtshams mchod rten phyin/_/sha khrag ja tsam rgyun mi 'chad zos pas/_/sa stegs ngal gso bzhin du skyid po byung*/_/ha ha bde sdug sgyu ma'i bkod pa 'di/_/a mtshar spre'u'i gar 'dra gad mo shor/_/a re sgyu ma'i mtshangs 'di legs mthong na/_/ha lo srid pa'i rims nad sangs snyam byung*/_/i dam skyid sdug nyin zhag re rer 'gyur/_/e ma 'khor 'das snang tsam bden rdzun mnyam/_/o Di ya na'i mkha' 'gro'i cho 'phrul 'dra/_/u rgyan bla mar gsol ba 'debs bzhin bris/_/chos kun sgyu ma'i dpe ltar go ba'i phyir/_/a mtshar tshigs su bcad pa 'di dag kyang*/_/smra mang rgan po'i bcos gtam dab dib 'di/_/phul bas chos nyid mngon gyur grol bar shog_/bod zla lnga pa'i tshes la phul/__!__ka dag ston pa'i gdan sa bum thang du bzhugs kyang*/_/kha bshad rkyang par song na ngo tsha ba'i rgyu byed/_/ga le snyoms las 'phye bo'i gzhan dbang du ma btang*/_/nga yis bskul bzhin bal po'i rgyal sa ru phebs shog_/ca co'i kha bshad mkhas kyang brag cha dang mtshungs pas/_/cha lugs chos gos mnab pa'i sdom brtson mchog khyed kyis/_/ja ril bslab pa yongs rdzogs dge slong zhig zhus na/_/nya zla sprin dang bral bzhin 'di phyi gnyis phan 'ong*/_/ta ma la bzhin las nyon sgrib pa'i tshogs thams cad/_/tha mal bzhugs na nam yang dag pa'i dus med pas/_/da lta dge slong dngos po tshul bzhin du bsgrubs na/_/na tshod yol kyang blo bde rgyun mi 'chad 'byung ngo*/_/pa re pi re'i las ka rdzogs pa'i dus med pas/_/pha rol 'jig rten phyin kyang dka' ngal gyi rgyu red/_/ba mos gdung ba'i nam gzhug me tog ltar gyur tshe/_/ma la 'gyod kyang phyis pas da lta rang phebs shog_/tsab tsub med pa'i zhi bde sdom brtson gyi rgyal po/_/tsha gdung bral ba'i grib bsil ngal bso ru phyin bzhin/_/dza ya dgyes pa'i lam bzang bde ba ru phebs na/_/wa ltar zhum pa mi dgos bgres bzhin du skyid 'ong*/_/zhwa mo dmar ser rtsod pa chos lugs dngos ma yin/_/za 'dod grwa pa de yang 'jigs skyobs kyi chos red/_/'a 'ur tsam min don snying dge slong zhig gsan na/_/ya mtshan yon tan du ma'i rmang rdo ru gyur nges/_/rwa ltar rtsub pa'i bsam rgod nges 'byung gis btul dgos/_/la la tsam min mkhas grub gong ma tsho'i rnam thar/_/sha rkyang spang la rtse bzhin chos 'dul la rol dang*/_/sa lam yon tan 'bad med lhun grub du 'byung nges/_/ha ha rang nyams mi phan 'on pa yi rol mo/_/a mtshar rtse mo'i yig 'phrin srin rjes ltar bris pas/_/a ne ngag dbang mchog legs dgongs khrol du ma song*/_/ha lam dgyes glu yin snyam mang+ga las phul zhu/__!__zhing pad+ma 'od kyi pho brang du/_/mgon rgyal kun spyi gzugs pad+ma 'byung*/_/mi bdag gi snang ngor bi dza ya/_/snying rus pa'i gting nas yang yang dran/_/dus deng sang snyigs ma'i mtha' la thug_/chos sangs rgyas bstan pa nub la nye/_/bsam tsa na skyo ba gting nas skyes/_/da dam chos sgrub pa'i dus la bab/_/phyi snang ba 'di la phar ltos dang*/_/dpyad bzod pa gcig med bar snang 'ja'/_/yul smig rgyu sgyu mas ma bslu bar/_/nang rang sems rang gi bdag po gyis/_/nang sems nyid 'di la tshur ltos dang*/_/dus skad cig rer yang 'gyur zhing 'gro/_/kho'i gshis la blo gtad mi 'dug pas/_/da rang sems 'dul ba'i dus la bab/_/sems 'gyu ba dngos med stong pa nyid/_/gsal hrig ge'i rang gdangs ma 'gag pa'i/_/gshis yin lugs chos nyid rjen pa 'di/_/ye dang po'i dus nas 'bral med bzhugs/_/don ngo bor 'pho 'gyur med mod kyang*/_/rtsal ma 'gags cir yang 'char ba'i phug_/gshis skye 'gag gnas med ma shes na/_/don rang ngo bsgribs te phug nas stor/_/phug bcad na rang shar rang grol gyi/_/gshis nam mkha' lta bur gding chos dang*/_/phyi 'khor 'das lam gyi snang ba kun/_/srog ye shes gcig las gzhan du med/_/gnad 'di la dngos brgyud du ma nas/_/chos brgyad khri bzhi stong bstan lags kyang*/_/dbyings srog rtsa dmar 'byin gdams ngag de/_/dbyings rig stong ngo sprod gcig pur 'du/_/gnad snying po'i srog tig 'di shes na/_/rgyud nyon mongs 'ching ba yud kyis 'grol/_/nyams rtogs pa'i ting 'dzin ngang gis rgyas/_/lta sgom dang spyod pa gcig la tshang*/_phar spros pas theg pa rim pa dgu'i/_/lam grub mtha' thams cad 'di las 'phros/_/de'i dbang gis 'khor 'das rnam bzhag las/_/mthar 'bras bu sangs rgyas gcig la 'bab/_/tshur bsdus na gcig shes kun grol te/_/dus snyigs ma'i tshe 'thung gcig la yod/_/don chos sku'i rgyal sa zin nges pa/_/pha grub thob gong ma'i rnam thar gzigs/_/khyed snying nas dam chos bya 'dod na/_/gnad snying por dril te nyams su longs/_/phyi snang ba tshogs drug sgyu ma'i gar/_/don dpyad na ma grub chu zla 'dra/_/'di zhen med rmi lam nyo tshong ltar/_/ngo shes pas zhen pa med par zungs/_/don ma bcos rang rig so ma'i gshis/_/sku gsum gyi yon tan lhun gyis grub/_/phyi thag ring ma 'tshol rang sems kyi/_/gshis ma bcos lhod dang mjal te 'ong*/_/rtsal 'khor 'das snang ba 'khrul po che/_/phug bcad na gnyug ma'i thig ler gcig_/dpe 'phrul 'khor 'dren pa'i srang thag bzhin/_/'di gtan la phab na chos kun snying*/_/chos theg dgu'i rtse rgyal srog tig gis/_/don skye 'chi'i 'khrul pa sbubs su bshig_/gnad mkhas na mdo brgya 'gag gcig las/_/las bya byed mang pos ngal dub med/_/don dgongs brgyud thob pa'i mos gus gyis/_/blo gtad sa'i nyams len de la gyis/_/tshul de skad rang la med pa'i gtam/_/'ud min te brgyud gsum bla ma'i bka'/_/don dpang por pher bar zhus 'di yis/_/khyed blo sems chos la gzhol gyur cig_/tshul de skad mdo smad mi rgan gyis/_/kha mkhas pa'i rgyang glu ring mo 'di/_/khyed blo gros chos la bskul ba'i phyir/_/bris 'di yis sems la sman gyur cig__!__na mo gu ra we/_'khor 'das 'khrul grol thams cad kyi rtsa ba ni sems te/_sems de'i mtshan nyid la kha nang du bskor te dpyad na gnas 'gyu rig gsum las ma 'das pas de ngos zin dgos/_de'i thabs ni/_de ltar sems la rnam rtog gang yang mi 'char bar rang babs su sdod pa la gnas pa zhes bya zhing*/_gnas pa zhes ming btags pa la dpyad na ngo bo ngos bzung gang yang med pa'i stong pa ste/_de'i ngang ma yengs par bskyang ba'i mnyam bzhag de nyid kyi steng ngam ngang nas phyi rol gyi yul gzugs sgra sogs mthong thos kyi rkyen las dge sdig gi rnam rtog ma nges pa thol gyis skye ba la 'gyu ba zhes bya zhing*/_de'i rang ngo ma shes par mgo yan tu btang na rnam rtog gcig gis rnam rtog mang po'i sna 'dren pa rjes mthud byed shor na 'khrul te 'gro ba dang*/_thog ma'i rnam rtog gang shar ba'i ngo la cer gyis bltas pas rang tshugs mi thub par bar snang du 'ja' yal ba bzhin rnam rtog stong par yal te snga ma gnas pa'i nyams kyi steng du slebs 'ong bas de'i ngo bo la goms na rnam rtog rang zhi rang yal gyis 'khrul pa'i rgyun chod pa yin la de ltar skyong shes na/_'gyu ba skyon du bltas te bkag kyang mi bkag_/rnam rtog 'gyu ba la gnyen po gzhan mi dgos par rang ngo shes pa'i ngang skyong nas/_dga' sdug gi snang ba sna tshogs sems las shar zhing sems la thim pa'i gnad shes pas/_'khor 'das thams cad sems kyis bzos pa'i gnad shes nas/_sems dus gsum gyi rtog pas ma bslad par rang babs su gnas te stong gsal ma bcos pa'i ngo bo'i nyams myong skyes pa'i rang ngo la ma yengs par bltas te goms 'dris gyis dang*/_gnas kyang tha mal bying rmug tu ma song*/_'gyu yang 'khrul rtog g.yeng bas ma khyer ba'i gnad kyis gnas 'gyu gnyis la bzang ngan dgag sgrub kyi dbye bsal gang yang med par stong nyid yin pa'i don mthong ba ni rig pa ste/_de lta bu'i tha mal gyi shes pa'i yin lugs kyi ngang mnyam rjes kun tu bskyangs bas rang so zin na sgom rtse gcig gi nyams skyes pa ste/_thog mar sems kyi gnas lugs ngo shes sla ba'i ched du gnas 'gyu rig gsum zhes ming gsum du btags kyang*/_don rtogs bya sems gcig las med pas gnas 'gyu gnyis med stong gsal rjen ne ba'i yin lugs de'i rang tshugs ma shor ba'i ngang nas 'phags mchog thugs rje chen po'i gsung mchog yi ge drug ma bgrang na nges pa don gyi spyan ras gzigs mjal ba yin no zhes chos rje dpal sprul rin po ches gsungs so/_nyams len 'di'i grogs su 'khor ba la nges 'byung*/_rgyu 'bras blang dor/_mi rtag pa'i bskul ma/_skyabs 'gro/_sems bskyed/_yig brgya/_maN+Dal/_phyag 'bum phrag_/khyad par snying rje dang bla ma'i rnal 'byor gyi mos gus rnams gal che ba lags so/__!__kho re mgon po stobs rgyal pa/_/mi nga rang nga ngo ma shes na/_/mi nga la dil mgo smyon pa zer/_/sa 'di yi sa ngo ma shes na/_/sa 'di ni wA ra Na si ste/_/mgon rdzogs pa'i sangs rgyas thub pa ches/_/chos kyi 'khor lo bskor ba'i gnas/_/glu 'di yi glu ngo ma shes na/_/glu 'di la dbyangs can drug 'gyur zer/_/tshur nyon dang 'dra ma i 'dra gda'/_/sems stong nyid nam mkha' stong pa de/_/dpyad shes na stong chen ka nas dag_/ngo ma shes rtsal snang bden par bzung*/_/de'i dbang gis 'khor 'das cir yang shar/_/khos bslus nas kho rang phung la sbyar/_/rang sdug bsngal rang gis 'bad pas sgrub/_/ngo shes na ka dag chos kyi sku/_/gshis 'od gsal lhun gyis grub par bzhugs/_/don yin lugs 'pho med srid zin na/_/khe phan pa chen pos ye sangs rgyas/_/gnad man ngag rig pa'i mi yod na/_/gzhi 'pho med chos sku'i btsan sa zungs/_/dad mos gus gnyis kyis sa mkhar rtsegs/_/stong snying rjes mtshon cha'i 'phrul 'khor bskor/_/dgra dug gsum khong snying rdul du gtor/_/rtsal nyon mongs zhes bya'i g.yer po che/_/'dod chags kyi sred pa dar bas 'jam/_/zhe sdang gi me lce thog bas rno/_/gti mug gi mun pa srod las gnag_/'di ched du spang blo ma byed par/_/rang bzhin gyi dbyings su lhod cing glod/_/'dod chags na chags pa'i ngo bor ltos/_/chags med na mkha' ltar stong pa nyid/_/zhe sdang na sdang ba'i ngo bor ltos/_/sdang dngos med gsal rig tsam zhig yin/_/gti mug na rmongs pa'i ngo bor ltos/_/rmongs 'od gsal dbyings dang 'du 'bral med/_/dbyings rang ngo shes na dug gsum kyang*/_/sku gsum gyi ye shes yin par skad/_/khong grub thob rnams la grags nas gda'/_/bu khyod kyang de rjes rtogs pa yis/_/gshis skye med kyi dbyings su tal gyis song*/_/gdangs 'gags med rang shar rang grol gyis/_/'khrul 'dzin rtog khyab gdal dbyings su gtod/_/dbyings gtad med kyi ngang du phyal gyis thong*/_/blo bde po'i gu yangs mdzod cig zhu/__!__skyabs don gyi sangs rgyas pad+ma 'byung*/_/yid dad brgya'i snang ngor lham mer dran/_/khyod rgya mtsho'i pha mthar gnas pa yi/_/dad mos gus ldan pa'i slob ma dang*/_/yul 'bras ljongs gnas pa'i rgan po yis/_/sems brtse ba'i glu yis 'di ltar gdams/_/dad nges 'byung snying rje mos gus gsum/_/las dang po'i lam gyi sgo 'byed yin/_/sgo gsum gyi brtson 'grus dran shes bzhin/_/bar nyams len grogs su med thabs med/_/yang yengs med sgom med 'dzin med gsum/_/chos mthar ru 'khyol la gnad du zab/_/tshig de skad nyung yang gnad chen gyi/_/don gdams ngag yin pas thugs la zhog_/khyod tshe dang sgrub pa mnyam nas kyang*/_/sku bzhi yi go 'phang mngon gyur shog_/ces dad 'byor ldan pa kun bzang rang grol la mang+ga las gdams pa'o/__!__ba~Xkra shisa~X rmad byung dkon mchog gsum gyi 'bangs/_/lung rtogs bdud rtsi'i dpa~Xl la gces spras kyis/_/thos bsam 'byora~X ldan bstan 'gror lhag bsam 'chang*/_/mtshungs med bla ma'i zhabs la phyag 'tshal lo/_/zhabs brtan 'tsho bzhes gsol/_/zhes bsgyur kyang rung*/_/snyigs mar skyes kyang rgyal bstan rin chen gnas/_/khyad par snga 'gyur bstan pa'i sgo ru zhugs/_/mkhas grub bla ma du mas rjes zin 'di/_/stong gsum dbang bsgyur rgyal srid thob las 'phags/_/de yang sdom pa gsum gyis lus brgyan pas/_/rnam gsum thar pa'i rgyal mtshan lus la 'chang*/_/thos dang bsam pa'i dga' ston rol pa 'di/_/skal bzang kun gyi rtse mor son pa yin/_/spyir gyis chos kun mi rtag rmi lam 'dra/_/lhag par snyigs ma'i bde skyid 'ja' tshon ris/_/snying med rang gzhan kun gyis mthong 'di la/_/gzhig nas myur du dam chos sgrub la rems/_/chos kyang chos bzhin spyod pa skal bzang yang*/_/go yul 'ud gog tsam gyi chos min pa/_/sems dang chos 'dres dran shes bya ra zhog_/nges 'byung brlan gyi bdud rtsi ma myong na/_/thos pa mang yang nga rgyal tshwa chus sbos/_/chos spang rtug dris las ngan bsags pa mang*/_/yon tan 'byor bzhin dman pa'i sa bzung ste/_/snyems med zhi dul ngur pa bzhin du mdzod/_/mang du thos pa'i nor gyis phyug bzhin du/_/thos don sems la mdo sngags me btsa' rgyob/_/bdag 'dzin yul phud mi rtag 'chi ba soms/_/bag yod zhags pas rang sems glang chen chings/_/drang nges chos kyi sgo mo bsam yas pa/_/rang sems gang phan gnad kyi nyams len gyis/_/bdag rgyud 'ching grol chos dang mthun gyur na/_/dbye bsal med do bstan pa bdag med lags/_/lta ba'i 'jog mtshams mkhas grub so so'i gsung*/_/log par ma blta gnad kyi don re yod/_/legs par shan 'byed rang skal snga 'gyur gyi/_/legs gsung gnad la nges shes skyes pa dgos/_/mtshungs med mkhas dang grub pa'i rnam dpyod kyis/_/bka' dang dgongs 'grel rgyal ba dgyes pa'i lam/_/mdo sngags kun dang mi 'gal zab khyad rnams/_/yang yang gzigs dpyod nges shes che ru 'gro/_/sangs rgyas sar bzhugs lo paN mkhas grub kyis/_/mkha' 'gro'i gsang mdzod rig rtsal brtul zhugs kyis/_/blang pa'i nor bu thang mar brdal ba'i chos/_/thos bsam sgom du yod 'di skal bzang rtse/_/tshad ma gsum ldan rtsod pa bral ba yis/_/da lta'i bar bzung legs bshad 'di lta bu/_/bsregs bcad brdar ba'i 'dzam bu'i chu gser yin/_/gces pa'i pha nor _bu yis ngo shes mdzod/_/thos dang bsam pa rgya che bzang mod kyang*/_/zab don nyams len sgom pa shin tu dkon/_/rang cag snga 'gyur mkhas grub gong ma kun/_/sgrub pa snying por mdzad la spyan ltos mdzod/_/gsang sngags bskyed rdzogs man ngag nying khu ni/_/rig stong gnyug ma'i rang zhal mthong ba yi/_/'khrul snang mun pa sel ba'i ye shes de/_/brgyud gsum bla ma'i dgongs brgyud thob pa gnad/_/'khor 'das zhes pa g.yer po cher grags kyang*/_/brtags na rtog btags tsam las bden pa med/_/ye nas bzhugs pa'i chos nyid nam mkha' 'dra/_/skye 'gags gnas dang bsal bzhag spang blang med/_/med rkyang stong pa phyang chad ma yin te/_/rang ngo rang gsal nyi ma'i snying po bzhin/_/gsal stong 'dzin med gu yangs ngang gnas pa'i/_/ltad mo'i mchog 'di mthong mkhan dkon dkon 'dra/_/me long dwangs par gzugs brgya shar ba'i tshe/_/me long yon tan yin par mi shes pa/_/der 'char gzugs la zhen pa ji bzhin du/_/rang gsal ye shes rang ngo mi blta bar/_/rtsal snang dgag sgrub re dogs mang po 'dis/_/sha thang chad kyang skyon du shes mkhan dkon/_/blo rtsal byis pa'i rtse mo snang med du/_/blo 'das ye shes rgan pos bzhag nas kyang*/_/blo bral ma bcos lhug pa'i nyi ma lde/_/blo zad dgongs pa'i gnyid la yur du chug_/bshad cing spros pas mi rtogs lhod kyis klod/_/rang bab gnyug ma ma yengs rgyun bskyangs na/_/na tshod phyin bzhin bsam mno 'khor ba ltar/_/rnyed pas rang bab ngang du chams gyis zhog_/brgyud gsum bla ma gcig 'dus o rgyan rjer/_/yid ches mos pas gsol btab dbang bzhi blang*/_/thugs yid bsres la rang ngo ltos gyis dang*/_/yid ches nges pa'i gdeng rnyed gdon mi za/_/mi shes byis pas 'khrul pa'i byed spyod 'di/_/'phags pas gzigs na smyon pa chur 'jug 'dra/_/de rjes ma slob snyigs 'gror snying rje'i sems/_/yang yang bskyed pa theg chen lam gyi srog_/rgyal bstan snying po dam chos bdud rtsi'i zas/_/byin kyang mi mkho chos brgyad chu ris rjes/_/ded pa'i blun po'i mtshang 'di shes pa yis/_/gang byung des chog sprang po'i spyod pa mdzod/_/sngon byon dam pas sku srog phangs med du/_/btang nas bsgrubs pa'i dam chos nor bu'i rdul/_/gang rnyed thos bsam sgom pa'i sgrom du chug_/chog shes chos la ma mdzad blo ldan lags/_/chos kyi rnyed pa skye ba brjes gyur kyang*/_/brlag tu med pa phyir zhing 'phel bas grol/_/zad med rin chen gter gyi bum bzang de/_/rgyu mtshan shes pa'i blo yis g.yang sgrub gyis/_/srid 'byor med pa'i mi la 'dzam gling grags/_/srid byus mkhas pa'i rgyal blon btson du sdug_/mthong chos 'dir ltos lto gos gang byung gis/_/srid zhi'i mthar ma lhung ba'i lam tshol cig_/shes rab ldan pa chos kyi nor tshol na/_/byang kha'i ri dwags gling bu'i sgra thos bzhin/_/shing rta chen po'i gzhung rnams ltad mo ltos/_/'chad rtsod rtsom pa'i glu bror dga' mgur spyod/_/phyi ma'i sdug bsngal bag zon mi 'byung na/_/srid pa'i chu bo bzhi las sgrol ba'i gru/_/bya sla khyer bde'i man ngag zab mo'i gsang*/_/ston pas bde ba'i gser gling phyin par mdzod/_/sngon las da lta chos spyod bka' drin gyis/_/rnyed bkur snyan dang che ba'i dpal thob kyang*/_/sgyu mar shes pas khengs dang zhen med par/_/phug nor bsog 'jog rgyal khar ma zhen mdzod/_/na tsha sdug bsngal mi bde'i rkyen byung yang*/_/sdug bsngal can la snying rje'i gsal 'debs ngang*/_las ngan 'dzad smon bde sdug btang len gyis/_/blo sems mi bde'i zug rngu med par mdzod/_/bzang ngan rkyen rnams sgyu mar shes pa yis/_/lam khyer shes pa nyams rtogs grogs yin zhing*/_/re dogs a 'thas blang dor mang byas na/_/bar chad 'gyur zhes dam pa kun gyis gdams/_/nyams chung ngang nas kun dang mthun byas te/_/rang don dam pa'i chos dang mi 'gal zhing*/_/na tshod mtho bzhin nges 'byung dad brtson 'grus/_/ches cher 'phel ba'i thabs la brtson pa gces/_/de skad sde snod 'dzin pas nan bskul ngor/_/dam pa'i gsung las gces par btus pa ste/_/kha snyan khog med sprang po'i rgyud mang zhig_/sga shing ltar gug sor mos bris 'dis kyang*/_/khyod kyi blo gros khye'u rgyan gyur nas/_/chos bzhin spyod pas snga 'gyur bstan rgyan du/_/gyur nas don gnyis lhun gyis grub par shog_/dbyar skyes ne'u gseng rtsa dang myu gus kheb/_/ljon shing grib bsil char zim me tog 'thor/_/sgrib med ras dkar lding gur phag pa bzhin/_/nyal ba'i rgan pos kha chu tsar re bris/_/ri dwags lte bar dri zhim gla rtsi bzhin/_/so skye'i ngag gi chos gtam phra mo 'dis/_/khyed blo legs pa'i lam la bskul ba yi/_/bden tshig sras bcas rgyal bas mdzad gyur cig_/ces 'phags yul nges don dga' tshal gyi dwags po 'gro 'dul gling pa'i mchog sprul 'gyur med o rgyan bstan 'dzin nyi ma nas lha rdzas kyi rten bcas gsung bskul gnang ba bzhin spa gro stag tshang bsam 'grub ke'u tshang gi mdun rol/_/ne'u gseng dang ljon shing gis mdzes pa'i sman ljongs su mtshams rgyas bag phebs te gnas pa'i khams pa 'khyams po na tshod smin pa mang+ga la shrI b+hU tis sug bris pa dge legs rgya cher 'phel/ !_kye ho/_sga pa dkon mchog blo gros/_/'dzam gling skyes pa'i mi rnams/_/chos 'dod chos bzhin spyod pa/_/dkon lod ci 'dra ltos dang*/_/rang nyid skyes nas da bar/_/'chi bas 'joms lugs som dang*/_/rang yang de bzhin yin pas/_/mi rtag bskul ma thobs dang*/_/dge sdig bya ba spyod lam/_/ma nor ci nus mdzod cig_/chos pa sdig byed mang bas/_/rang la zhu dag gyis shig_/chos kyi 'bras bus phan pa/_/'khor ba sdug bsngal mtsho las/_/thar pa'i thabs zhig dgos pas/_/rigs drug sdug bsngal soms shig_/rang nyid nus pa'i stobs kyis/_/srid pa'i mtsho las mi brgal/_/skyabs gnas bla ma dkon mchog_/yid ches blo gtad zhus shig_/rang gis gang byas dge ba/_/mkha' mnyam sems can don du/_/phan sems bsam pa bzang pos/_/rgyas 'debs bsngo ba mdzod cig_/dge sdig rtsa ba sems yin/_/sems las 'khor 'das byung ba'i/_/snyan grags chen po can de'i/_/ngo bo ci 'dra ltos shig_/bltas pas mthong rgyu med cing*/_/btsal bas rnyed rgyu med pa'i/_/gshis ngor bab kyis dpyod dang*/_/ci yang ma grub stong pa/_/mthong thos dran rig ma 'dres/_/bzang ngan so sor gsal ba/_/gnyis med don gyi 'jog go/_/lkug pas bu ram zos bzhin/_/rang yid rang la ches pa'i/_/rang bab bcos min gshis lugs/_/kun khyab phyal le sangs se/_/gu yangs blo bde mjal 'ong*/_/de ngo shes na lta ba/_/de ngang bskyangs na sgom pa/_/de las ma 'khrul spyod pa/_/de don mthar phyin 'bras bu/_/ngo bo ye shes gcig la/_/ming 'dogs mang por byas pa'i/_/don 'di ji bzhin rtogs na/_/rdzogs pa chen po yin nges/_/'di ngo shes pa'i ngang nas/_/bla mar gsol ba btab ste/_/thugs yid gcig tu bsres na/_/bla ma'i rnal 'byor de yin/_/stong nyid rig pa'i rang snang*/_/'gro la snying rje'i ngang nas/_/yi ge drug pa bzlas na/_/spyan ras gzigs dbang de yin/_/skyid sdug ji ltar byung yang*/_/rang sems rang gis shes par/_/yengs med lta ba skyongs dang*/_/mkha' 'gro'i gcod kyang de yin/_/de dag dbye ba tsam las/_/sems nyid gcig las med pas/_/ma yengs rang ngo ltos dang*/_/gnad brgya gcig 'dus yin nges/_/mi med dben pa'i gnas na/_/dka' spyad snying rus ngang nas/_/rgyal ba gong ma rnams kyi/_/rnam thar mig ltos zhus shig_/tshe 'di'i rnam g.yeng za zi/_/don med mi 'grub bya bzhag_/cham gyis g.yas bzhag g.yon bskyur/_/byar med rang ngo ltos shig_/mi srog rtsa rtse'i zil pa/_/mi rtag bar snang rlung dmar/_/mi sems ku sha'i rtse mo/_/mi brtan gya gyu mang bas/_/rang sems rang gis ltos la/_/rang blo rang gis btsal nas/_/rang bzhin gdod ma'i chos nyid/_/rang grol btsan sa zin mdzod/_/de'i grogs nges 'byung snying rje/_/dad dang mos gus dag snang*/_/snying rus dge rtsa bsags sbyang*/_/nam yang med thabs med do/_/bdag ni rang sems ma thul/_/chos sgra rna bas go tshad/_/khyod la bshad pa yin pas/_/phan pa'i smon lam byas yod/_/phyi tshul bla ma'i gzugs kyis/_/mi mang mgo bskor gtong ba'i/_/ming snyan rgad po ring pos/_/grogs po khyed la phul lags/_/brag dkar bkra shis sdings zhes/_/gu ru pad+ma'i sbas gnas/_/zangs mdog dpal ri gnyis pa/_/ngo mtshar can gyi sa der/_/yang dag chos bzhin brtson pa'i/_/lhag bsam can la dga' bas/_/go sla nyan bde'i tshul du/_/bkra shis dpal 'byor 'bod des/_/lha ri 'bras ljongs rgyal khab/_/sgang tog grong khyer dbus nas/_/'phrul me'i 'od la bstan te/_/bris pa khyed rang thugs sems/_/yang dag chos la 'byor nas/_/mi med lung pa'i brag tu/_/tshe dang sgrub pa mnyam pa'i/_/smon lam yang yang zhu'o/_/de skad mdo smad gnas nas/_/'khyams pa'i rgan bu de yis/_/grogs po khyed la smras pas/_/don 'bras sems la zhog mdzod/__!__theg mchog yangs rtse'i dben gnas/_/theg mchog chos la spyod pa'i/_/theg mchog rdo rje'i mched po/_/theg mchog rnal 'byor bu brgyud/_/a ho kun dga' bla ma/_/mtho mtho ri yi rtse mor/_/thibs thibs na bun mgul dar/_/zim zim char gyis bran pa'i/_/dben gnas ngo mtshar can der/_/lhod lhod gnyug ma'i rnal 'byor/_/bde bde ma bcos so ma/_/yang yang cog gzhag rgyal po'i/_/ngang la ji ltar gnas snyam/_/'du 'dzi'i g.yeng ba bral der/_/gcig pur chos la brtson pa'i/_/rdo rje'i mched rnams dran tshe/_/rang tshul sems skyo byung lags/_/zin med tshe 'di'i 'dod pas/_/mi ngo kho na bsrungs nas/_/srang kha'i khyi bzhin 'khyams pa'i/_/rgan po nga 'dra'i skyo ba/_/rang byung brag gi ba gam/_/spyod lam bzhi shong skyil bu/_/gnyug ma'i rang so zin par/_/brtson pa bskyed rnams spro ba/_/yab gcig bla ma'i dgongs rdzogs/_/sgrub pa'i mchod pa 'bul bzhin/_/gu yangs skyid la zos bde/_/smon pa'i gnas su gyur lags/_/gnas la dben pa'i ri khrod/_/bya spyod chos dang mthun pa/_/byar med btsan sa snyogs nas/_/sku bzhi'i rgyal sa zin shog_/kye ma dus ngan snyigs ma/_/nad mug mtshon gyi bskal ngan/_/rtsod dang phrag dog mang pos/_/zang zing skyo ba skye byung*/_/skyes kyang de yi dbus su/_/mi 'dod bzhin du rgyug nas/_/shi khar srid byus brtson pa'i/_/dkor rgan nga 'dra'i skyo ba/_/yar la nam mkhar gzigs dang*/_/lta ba mtha' bral chen po/_/rgya chad phyogs lhung bral bar/_/gding du khel bar mdzod shog_/phu yi gangs dkar gzigs dang*/_/sgom pa ma bcos cog gzhag_/lhod kyis glod pa'i ngang nas/_/nyams rtogs char sprin sdud shog_/mda' yi chu klung gzigs dang*/_/spyod pa gang byung des chog_/rang grol kun la phan pa'i/_/rgyal ba'i sras kyi ngang tshul/_/bar gyi nags tshal gzigs dang*/_/'bras bu rang byung lhun grub/_/phyi ru 'tshol bas ci byed/_/rang byung rang la shar song*/_/a ho rdzogs pa chen po'i/_/theg mchog snying po'i rnal 'byor/_/rang bzhin skye med ngang nas/_/'gags med chos kun lhun rdzogs/_/lhod de sdod pa'i spun grogs/_/phyal le'i gshis la phebs dang*/_/yangs so che'o gnyug ma/_/gtad med rang grol shes na/_/'khor 'das rgyan du rdzogs pas/_/nyon mongs ye shes chen po/_/sdug bsngal bde ba'i sna 'dren/_/rkyen ngan dngos grub bsu ma/_/re dogs dbyings su khrol cig_/skye 'chi bar do'i snang cha/_/sku gsum dbyings kyi rgyan phyir/_/rig pa'i rang rtsal shes pas/_/nam mkhar mdung skor mdzod cig_/'khor ba ka nas dag pa'i/_/ye shes nam mkha' lta bu/_/rgyud la ye nas bzhugs pas/_/rgya chad phyi ru ma tshol/_/btsal bas rnyed rgyu med snyam/_/bsgrubs pas 'grub pa mi 'dug_/re dogs mdud pa chod la/_/skyid sdug chos skur ltos mdzod/_/klong chen rab 'byams bu brgyud/_/lta ba'i gser mig bgrad shog_/rnal 'byor lha btsun bu brgyud/_/rtogs pa'i g.yu ral bsigs shog_/'jigs med gling pa'i bu brgyud/_/phrin las sder bzhi bgrad shog_/'jam dbyangs mkhyen brtse'i bu brgyud/_/chos kyi nga ro sgrogs shog_/ye shes rdo rje'i bu brgyud/_/rang grol gangs sul zin shog_/mkha' dbyings zang thal 'bigs 'dra'i/_/theg mchog yangs rtse'i ri nas/_/'khor 'das dbyings su dag pa'i/_/btsan sa zin par mdzod shog_/mi rgan las kyi chu bos/_/rgyal khams chu bzhin 'grims nas/_/ma shi mjal rgyu 'byung srid/_/khams bde bkra shis bde legs/_de skad ci dran gang shar/_/mched grogs dam gtsang kun la/_/'on pa'i rol mo bsgrags pas/_/thugs la 'dor med zhu'o/__!__bla ma sangs rgyas rgyun du gsol ba thob/_/dge sbyor gang byas gzhan phan sems kyis spyod/_/'khor ba sdug bsngal shes pa'i nges 'byung dang*/_/rgyu 'bras yid ches spang blang ci nus spyod/_/bsags sbyang 'bad pas rang rgyud dag par bya/_/rang sems ma bcos gnyug ma'i rang bab ltos/_/dus gsum rtog pa'i rjes su ma 'brang skyongs/_/spyod lam rnam bzhi yengs med dran pa yis/_/mi tshe stong zad ma bskyal don ldan mdzod/_/de skad nyung ngur gdams pa'i dge ba yis/_/sgo gsum dam pa'i chos la 'byor gyur cig_/ces pa'ang dad ldan a ne ngag dbang bslab gsum nas bskul ngor mkhyen brtse'i 'od zer gyis bris pa dge__!__grogs dam tshig can shes rab lags/_/gnas khyad par can lha ri 'bras mo ljongs/_/chos khyad par can rdzogs chen gdams ngag sgom/_/las khyad par can sgrub la brtson pa legs/_/khyed lta ba mkha' ltar dag sems kyang*/_/las rten 'byung nus pa 'jal ba bzang*/_/stong dang rten 'byung zung 'jug gnad shes pas/_/chos bden gnyis 'gal 'du ma spyod cig_/nang sgom pa yengs 'khrul med snyam kyang*/_/sems bag chags dri ma g.yo sgyu rgod/_/dus rtag par ma bcos cog bzhag gis/_/dbyings skye med rang grol rang shar mdzod/_/las spyod pa re dogs bral snyam kyang*/_/nyams bde sdug 'phrang la 'grogs pa'i tshe/_/sems rang grol gcer bur ma lding na/_/nyams rtogs pa nam 'ong cha ma mchis/_/gnas dben pa sbas yul 'bras mo ljongs/_/dus snyigs ma'i skyabs gcig pad 'byung rje'i/_/bdag cag la bzhag pa'i sa yin pa'i/_/der lhod kyis gnas pa skal ba bzang*/_/sngon grub thob gong ma'i ri sul bzung*/_/nyams rtogs pa'i rgyal sa zin nas phebs/_/da nged cag chos kyi skal bar bab/_/pha seng ge lta bu'i rjes su snyogs/_/mi nga yang 'chi bas ma gtug na/_/gnas de ru 'ong ba'i 'dun pa yod/_/zhal yang yang mjal ba'i smon lam zhu/_/dus re zhig rgyal khams bskor te 'gro/_/tshul de skad kha lta mtho na yang*/_/don nang nas rul ba'i dkor zan de'i/_/khyed thugs dam gsal 'debs tshul du zhus/_/thugs dgyes par skyed cig stobs kyi rgyal/__/mang+ga lam/__!__dkon mchog gsum la phyag 'tshal lo/_/snying rje chen pos rtsod ldan snyigs ma'i zhing*/_/bzung nas smon lam chen po lnga brgya btab/_/pad dkar ltar bsngags mtshan thos phyir mi ldog_/ston pa thugs rje can la phyag 'tshal lo/_/skyob pa de yis rgyal tshab rjes 'jug la/_/bzhag pa dam chos 'dul ba'i sde snod de/_/'di ldan ting 'dzin shes rab yon tan sogs/_/'byung bas thog mar 'di la gces spras dgos/_/ngur smrig gos gyon rtsa bzhi chang la sogs/_/srung bya srog rtsa lta bu de yin pas/_/nga rgyal pho tshod bral ba'i zhi dul dang*/_/spyod pa bag yod kun dang mthun par gyis/_/dge 'dun sgrig lam srung bar rang gi rgyan/_/dad ldan dwangs ba 'dren cing lha mis bkur/_/tshogs bsags zhing du bsngags pa'i rang gi sems/_/dpang bzhag rang bca' rang gis bsdom par mdzod/_/dus kyi tha mar rgyal bstan nyin re bzhin du 'grib/_/ma rabs spyod par kun kyang dga' ba yi/_/skyon 'dir bsam nas spyod pa chos dang bsta[?]/_/tshong dang g.yo sgyu phra ma nor bsags sogs/_/ston pas gnang min chos spyod bcu la 'bungs/_/ston pa'i bka' drin dran cing bag yod na/_/sgo gsum rgyan du mdzes dang 'di phyi kun/_/bde skyid lha dang srung mas byin rlabs nges/_/dkon mchog gsum zhes grags pa'i gdugs dkar po/_/bstan la zhugs pa'i thog mar spyi gtsug tu/_/bzung nas de rjes slob dang 'di phyi kun/_/phan bde dge legs 'byung phyir thugs la zhog_/bslab bya'i snying po kha nas bton pa bzhin/_/sems la zhog dang bstan gnyis dar rgyas gling*/_/mtshan don mthun pa'i bkra shis dge legs 'phel//_mang+ga las so/__!__sngon dus bod du gsang sngags dar ba'i tshe/_/g.yo ru sgrags mdar ye shes mtsho rgyal 'khrungs/_/gu ru yab yum thugs rje'i bka' drin des/_/bdag cag bka' gter gdams ngag ci dgar spyod/_/bka' drin can gyi a ma drin chen red/_/gsol ba snying nas thob dang rjes su 'dzin/_/'di phyi bar do kun tu mi 'bral bar/_/yod snyam yid ches bskyed pa'i gdung shugs gnad/_/dbang dang gdams ngag thob pa'i dus nyid du/_/a mas bdag la dngos su gnang ba bsgoms/_/gangs can bod du gsang sngags chos kyi sgra/_/thos su yod pa a ma'i bka' drin yin/_/bskyed rim lha sku'i rnal 'byor sgom tshad kun/_/bla ma mkha' 'gro'i gsang gsum rol par bsgoms/_/snang srid thams cad bla ma lha'i rang bzhin/_/dag pa rab 'byams lam khyer gnad du zab/_/rlung dang gtum mo'i rnal 'byor sgom pa'i tshe/_/bde stong ye shes mkha' 'gro'i rol par bsgoms/_/lhan skyes mdzes ma shes rab pha rol phyin/_/rjes su chags pas rang dang 'du 'bral med/_/rang rig bla ma ye shes mkha' 'gro ma/_/gdod nas rang la byams brtse'i bskyangs nas bzhugs/_/rang ngo shes pa'i mos gus brtse gdung bskyed/_/ye shes bdud rtsi'i nu zho ster bar nges/_/ma dag skye 'chi bar do 'khrul snang zin/_/nges don sku gsum mkha' 'gro'i rang bzhin yin/_/rang ngo shes pa'i nyams len rgyun du skyongs/_/phyi ru khams gsum nang du lus ngag yid/_/sku gsum dpa' bo mkha' 'gro'i grong khyer la/_/lha sngags chos sku'i rol par lam khyer gces/_/da lta bdag cag gu ru'i rjes 'jug rnams/_/gsol 'debs mos gus ltem rkyang ma shor na/_/'chi tshe lag gi mkhrig ma nas bzung ste/_/mkha' spyod pad+ma 'od du khrid par nges/_/ring 'tsho'i srog gi ka ba ma 'gyel bar/_/ris med bstan 'gro'i zhabs tog gcig tu brtson/_/chos dang bla ma 'phrad pa'i rin thang 'di/_/ngo shes ngang nas thos bsam sgom par mdzod/_/gu yangs blo bde nyams dga' bag phebs gyis/_/snang ba dag na dpal ri 'di rang yin/_/ngo shes mdzod dang blo bde'i gtan tshigs 'di/_/mi rgan yid la shar nas gang dran bris/_/nam zhig rang snang rnga yab dpal gyi rir/_/pha ma gcig pa'i bu rgyud ji bzhin du/_/tshogs nas rdo rje theg pa'i lta dpyod la/_/ji bzhin spyod nas don gnyis lhun grub shog_/de skad rang byung pad+ma'i sku rjes brag_/sman shing nags tshal spang ljongs nyams dga' ba'i/_/sprel zla'i 'phel tshes dkar phyogs dus chen la/_/bris pas khyed kyang dad dam 'phel rgyas shog_/mang+ga las so/__!__rje rgyal kun spyi mes rdo rje 'chang*/_/tshul tha mal snang ngor dge ba'i bshes/_/rigs kun gyi khyab bdag bi dza ya'i/_/zhabs tshangs pa'i 'khor lo'i rgyan du mchod/_/pha de yi thugs kyi sras gcig pu/_/dpal rgyal sras dbang phyug 'jam pa'i dbyangs/_/chos lung rtogs rgyal bstan yongs kyi bdag_/mgon pad+ma ye shes rdo rje rgyal/_/dus snyigs ma nad mug mtshon 'khrugs dar/_/yul chos ldan thams cad mtha' mis bzung*/_/don sangs rgyas bstan pa yang yang 'grib/_/skyabs rdo rje 'chang de dbyings su gshegs/_/bdag bu slob tshogs kun shul du lus/_/gnas chos 'khor rten gsum zhig cing ral/_/chos bshad sgrub sde kun mtha' mis bcom/_/grogs dge 'dun 'dus tshogs btson du bcug_/yul thams cad grog stong gyang ral gyur/_/gnyen snying sdug gar song cha med 'thor/_/'bangs sbyin bdag sdug bsngal tshor bas mnar/_/'og ngan song sa steng byung 'dra'i dus/_/rje bla ma mchog gi bka' drin gyis/_/ljongs 'dir tshogs skyes bu ston 'khor rnams/_/yul sbas lung 'bras mo ljongs su sleb/_/dgra mtha' mis srog la ma rgol tsam/_/mgon ston pa bka' drin can gyi mthus/_/zas bsod nams mthun rkyen ngang gis 'byor/_/chos nyams su len pa ngo shes tsam/_/dge sdig gi blang dor ngo sprod thob/_/yud tsam zhig bde ba'i skabs shar byung*/_/khyed der tshogs rdo rje'i spun grogs rnams/_/tshe 'dir snang zhen pa ci nus skyur/_/pha bla ma'i bka' drin rjes dran pas/_gnas bde chen phug gi dben pa bsten/_/chos bzhin du spyod pa dga' spro che/_/rten mi lus thob nas chos dang 'phrad/_/mgon sangs rgyas dngos de'i rjes su zin/_/sgrub nus na tshe gcig grub pa'i sar/_/sbyor nus pa'i mthun rkyen tshogs la dgongs/_/dpal o rgyan sangs rgyas gnyis pa yis/_/byin rlabs pa'i gnas mchog bde chen phug_/brag rin chen brtsegs pa'i sgrub phug mdzes/_/nyams dga' ba'i ting 'dzin 'phel ba der/_/mkhar khang khyim yid la ma shar bar/_/rang byung ba'i brag phug lhun gyis grub/_/pha grub thob gong ma khyim 'dis 'tsho/_/bdag rnams kyang 'di bsten spro ba bsgom/_/grogs gnyen 'dun yid la ma bzung bar/_/shing me tog bkra ba'i khong seng nas/_/bya byi'u glu snyan sgrogs la gson/_/rkyen 'du 'dzi spang ba'i ngang du bzhugs/_/nor gsog 'jog yid la ma brnag pa/_/nyams rtogs pa'i bang mdzod lde'u mig mchog_/sems mos gus dad pa'i rgyang glu yis/_/skyabs bla ma'i thugs rgyud bskul ba gces/_/tshe 'dir snang bslu brid dran pa'i tshe/_/khams bod kyi rgyal khams gnas tshul gzigs/_/'di bla ma'i ngo sprod dngos yin pas/_/dgra chos brgyad gnyer kha gnas med btang*/_/nang nyon mongs dgra bo ma thul na/_/phyi snang ba'i dgra 'dre choms dus med/_/sems 'khrul snang dbang du ma shor tshe/_/phyi'i rkyen kun yang dag chos kyi grogs/_/yul bzang po rmi lam sgyu ma yin/_/de chags zhen 'ching bas sdom don med/_/rkyen nyams dga' 'ja' tshon ri mos kyang*/_/chung byis pa mgo bo 'khor la ltos/_/ngan mi kha nad gdon dgra 'dre'i gnod/_/bsam shes na las ngan sgrib pa sbyong*/_/byams snying rje bzod pa'i gsal 'debs phyir/_/lam byang chub sems kyi grogs su go_/tshul bzang ngan 'dzin pa'i 'khrul rtog la/_/phug bcad na skye 'gag gnas dang bral/_/nyams ji ltar shar yang stong pa nyid/_/don nam mkha' lta bu'i ngang du gnas/_/gshis 'pho 'gyur med pa gzod nas bzhugs/_/bzhugs yod pa bla ma'i drin gyis mthong*/_/mthong tha snyad btags kyang mthong rgyu med/_/med rkyang chad ma yin sa le ba/_/ngang mi g.yo mi smra bsam brjod bral/_/gshis skye med ngang du yo ro ro/_/rang chos nyid gcig gi bzhugs tshul 'di/_/blta shes na da lta'i shes pa nyid/_/don ma shor kha lta stong skad kyis/_/rtsal nyon mongs 'khrul gzhi gcod mi nus/_/'khrul rnam rtog rtsa ba rang gi sems/_/kho skye 'gag gnas pa med na yang*/_/las bag chags bsags pa'i g.yo 'khrul de/_/spang shin tu dka' bas bag yod mdzod/_/don gnyug ma'i gtan srid zin pa yang*/_/khong grub thob tshogs kyang kun rdzob chos/_/las rten 'brel rgyu 'bras spang blang mdzad/_/gnas de la dgongs nas de rjes slobs/_/nang gshis lugs lta ba nam mkha' 'dra/_/dus rtag par chos nyid rjen par spyod/_/phyi'i kun spyod dam chos 'dul ba bzhin/_/mgon thub pa'i rjes 'jug dang re spro/_/lus ngur smrig thar pa'i rgyal mtshan can/_/spyod sbyang yon bcu gnyis gsog 'jog bral/_/yul gang la chags med gtsang sing nge*/_/'bangs sbyin bdag dad ldan yid la 'bab/_/lha sgoms pa gsang sngags rdo rje theg_/chos kun gyi snying po rdzogs pa che'i/_/gnad nyams len 'gag la gcig tu dril/_/gshis yid byed bral ba'i rnal 'byor pa/_/tshul de ltar mdzad na kun tu dge_/bdag rang nyid nyams myong ma mchis kyang*/_/mig rna ba bsod nams 'bras bu can/_/chos bla ma'i rnam thar go mthong gyis/_/ngag glu ru blangs bas dgyes par mdzod/_/mi bdag 'dra bud med 'khor gyis bskor/_/zas zos tshad dkor nag bla gzugs can/_/chos kha ru shor nas nyams ma lon/_/las ngan pa'i sgrib pa sbyang ba'i phyir/_/khyed dben par bzhugs pa'i mched grogs kyis/_/thugs brtse bas yang yang dgongs pa dang*/_/tshe sgrub pa snyoms pas nyams rtogs skye/_/pha bla ma zhing khams gang bzhugs kyang*/_/lhan gcig tu tshogs pa'i smon lam zhu/_/tshul de skad lho 'brug rgyal po'i khab/_/shing ljon pa'i nags klung stug po ru/_/dom bzhin du nyal ba'i mi rgan des/_/'di a mtshar tshul du phul ba lags/_/gnas lha ri 'bras ljongs dben pa'i tshal/_/khyed ri dwags bzhin du gnas pa la/_/nyams rtogs pa'i rtsa ljang myu gu rol/_/don chos nyid dgongs pa rtogs gyur cig/_//__sarba mang+ga lat+ta/__!__bla ma la phyag 'tshal lo/_rnyed dka'i dal rten thob pa don yod phyir/_/sdom pa gsum gyi tshul khrims dag pa dang*/_/blang dor sgo 'byed thos pas mig sgrub cing*/_/bsam pas lta sgom spyod pa 'khrul med du/_/gtan dbab snyigs dus gnas la skyo ba yis/_/mi rtag rgyud bskul 'dod chung chog shes pas/_/snying po'i nyams len gnad du brten pa gces/_/rigs bdag gu ru blo gtad gting khel zhing*/_/skyabs 'gro sems skyed nyams len gtso bo dang*/_/bskyed rdzogs rdzogs chen gzhung ltar gcig tu dril/_/bdag 'dzin nga rgyal mgo 'phang smad la brtson/_/dran shes rgyun brten rang rgyud chos dang bstun/_/dad brtson mi lhod 'bad pas nyams blangs na/_/skye 'chi bar do'i 'khrul snang sku gsum 'char/_/mthar thug 'bras bu thob pa gdon mi za/_/de skad dam pa'i gsung bzhin gdams pa las/_/khyed thugs chos dang gcig tu 'dres par shog_/ces pa'ang dad slob bslab ldan yon tan rgya mtsho dang*/_thub bstan rig grol gnyis nas bskul ba bzhin dil mkhyen rgan bus smras pa'o/__!_bslab grol yon tan dge ba 'jam dbyangs rgyal mtshan phyag tu/_ched 'bul/_nyid bde bar gnas snyam spro ba che/_phran yang bde ngang du gnas/_khyed nas snying thig gsal sgron nyams len byed skabs/_khyab bya sangs rgyas thams cad kyi sku gsung thugs la khyab byed bla ma'i sku gsung thugs gcig gis khyab/_bla ma'i sku gsung thugs de gnas tshul dang snang tshul gnyis ka dag par song bas/_bla ma'i sku gsung thugs dang sangs rgyas thams cad la tha dad med/_rang gi lus ngag yid gsum 'di gnas tshul du sku gsung thugs dag pa yin kyang snang tshul du ma dag 'khrul bar snang yang*/_mkhris nad can gyi dung ser po gnas snang gnyis ka dag pa'i sku gsung thugs yin kyang 'khrul pa'i dbang gis ma dag pa'i sgo gsum du shar yang ma dag pa de sgo gsum gyi gnas snang gnyis ka la med/_'khrul ngor de ltar byung*/_des na dag pa bla ma'i sku gsung thugs dang ma dag pa rang gi sgo gsum gnyis gnas lugs rtogs na bzang ngan gnyis ye nas med/_bla ma'i sku gsung thugs dag pa de ye shes gcig sku gsung thugs su shar bas/_sku thugs zung 'jug_/gsung thugs zung 'jug_/mdor na sku gsung thugs gsum ka ye shes gcig yin/_ye shes gcig de ngo 'phrod na da lta'i tha mal gyi shes pa skad cig ma 'di yin/_tha mal gyi shes pa zhes pa de rang re la yod pa'i sems 'di ngo bo dang*/_rtsal gnyis ka chos nyid kyis khyab ste yod pa'i gnas lugs de shes dgos/_da lta'i sems de ma yin pa'i ye shes zhig gsar du bsgrub pa'i blo mi dgos/_da lta 'khrul sems 'di phu thag chod na ye shes yin/_ye shes de bla ma yin/_sems dang rang gnyis rtag tu 'du 'bral med pa bzhin bla ma dang rang gnyis nam yang 'du 'bral med/_rgyud sde'i bskyed rdzogs kyis sgo gsum 'khrul snang sbyangs pa las/_bla ma'i sku gsung dang rang gi sems dbyer med/_sems gzhi med rtsa bral bla ma'i thugs/_de'i rang rtsal sku gsung thugs rdo rje gsum gyi dkyil 'khor du ngo shes pa 'di bya sla bde myur gyi man ngag zhig yin/_rang sems bla ma dbyer med du shes pas mos gus kyi rgyun breng nge yod na bla ma spyi bor bsgoms pa dang zhal phyag bzhugs stangs sogs ched du dmigs pas ma bsgoms kyang chog_/sems 'di'i steng du skye 'chi bar do'i 'khrul ba de snang tsam las don la gzhi med rtsa bral du go na/_'khrul pas sems kyi gshis lugs la bzo bcos ma thub pa de go yong*/_sems kyi gshis de myong bas gdeng khel na 'khrul ba rang grol du mi 'gro ka med yong pa'i gnad don la goms 'dris gal che/_bskyed rdzogs man ngag thams cad 'khrul pa sbyong byed yin kyang sems kyi steng 'khrul rtog gi phu thag bcad pa 'di zab pa gsar rnying thams cad dgongs pa mthun/_rang la nyams myong med kyang bla ma bka' drin gyi man ngag las thos pa de phul ba yin pas khyed nas kyang gnad don 'di dag go bas nyams len gang thub gyis/_da dus snyigs mar rang re'i bla ma dang gdams ngag lta bu mjal rgyu dang thos rgyu dka' mo red pas ngo shes par mdzod la/_mi lus thob/_sangs rgyas kyi bstan sgor zhugs/_chos sgrub blo skyes/_cung zad lag tu blangs pa 'di la don 'bras zhig ma byung bar du brtson pa gal che zhes gsungs pa ltar lags/_rang yang 'chi ba ma slebs 'ong bas rim pas gang shes zhu chog_/gnas skabs 'di tsam las khyed rang nyams len gsal 'debs su chog pa yod snyam lags/_skyabs smon yang yang zhu rgyu dang ring min mjal spro bcas rgan bus kha mkhas bshad rgyangs su phul/__!__dad blo yangs pa sgrub brtson bla ma bsod nams phun tshogs dang*/_rig par smra ba ngag dbang shes rab lhan phyag tu/_ched phul/_de nas bshad sgrub las kyi bya ba la brtson bzhin pa nas 'dir yang gnas tshul dang*/_skyabs rje rgyal tshab rin po che'i rdzogs pa chen po sems nyid ngal gso'i mchan 'grel/_chur ba mgo bo tsam 'byor ba dga' spro che zhing*/_phran yang bde ngang rgya bal du 'gro ngang lags/_lha mo la chur ba chen po ri tsam 'byor ba dga' spro 'phel/_khyed rang sgrub la brtson pas bzhugs pa nged gnyis kyang dga' spro chen po yod/_gnas tshul yang yang phul 'ong*/_da lta sgrub pa phar bzhugs dus chos nyid mngon sum yin tshod la/_sgrub pa grol ba dang nga la rtogs 'bul byed skabs chos nyid zad sar ma sleb na yang rig pa tshad phebs la sleb nges mdzod shog_/bya spu bla ma bya rgod 'phur ba bzhin/_/byar med ngang nas chos sku'i btsan sa zin/_/bla slob mi 'bral tshoms bu gcig tu grol/_/kun grol 'od gsal rtse mor rtag bzhugs gsol/_chos dbyings mdzod/_gnas lugs mdzod 'bar bla'i phyag dpe 'byor ba dga' spro chen po byung*/_rmi lam lta bu'i 'khor ba'i 'khrul snang la/_/yid brtan bral ba sgyu ma'i ltad mo la/_/zhen chags med pas dam pa'i chos la brtson/_/don dang ldan pa snying po'i sgrub pa lags/_/bod zla'i 10_tshes 19_la mkhyen sprul pas phul/__!__rje pad+ma 'byung gnas yab yum dang*/_/pha bla ma rnams la skyabs su mchi/_/khyed dad can rigs bzang slob ma yis/_/bskul bzhin du gdams ngag glu ru len/_/rten dal 'byor rnyed la chos sgor zhugs/_/sems dge la bskul bas bla ma mjal/_/rang ci nus nyams len byas pa de/_/las skal pa bzang po'i bsod nams yin/_/chos kun gyi gzhi rtsa sems la thug_/sems ma bskul 'khor 'das thams cad byed/_/brtags dpyad na gzhi med stong pa yin/_/de rang ngo shes pa lta ba'i rtse/_/phyi snang srid sems kyi cho 'phrul la/_/de thams cad gzhi med rtsa bral yin/_/gnas rang rig ngo bo stong pa yi/_/de ngo shes ma yengs dran pas bzung*/_/nyams gang shar rang rig rtsal sbyang gyis/_/sgom de la blo gtad byas pa yi/_/sgo gsum po ci nus chos la bskul/_/las rgyu 'bras kun rdzob khyad ma gsod/_/dus mi rtag 'chi snyam bskul ma thong*/_/pha bla ma'i thugs dang rang gi sems/_/dbyer med kyi gdung shugs yang yang gyis/_/las dge rtsa che chung thams cad la/_/lam dam pa gsum gyi rtsis zin gyis/_/'phral skyid sdug gang byung sngon las yin/_/de re dogs med pa'i gzhi la zhog_/tshul de gas gang dran gdams pa bzhin/_/nyams snang ba'i 'di phyi'i dge ba'i grogs/_/zhing pad+ma 'od kyi pho brang du/_/skyes nges pa'i bsngo ba smon lam btab/_/dpal bkra shis snang ba kun khyab nas/_/dbyings chos sku'i rgyal sa zin par shog_/mang+ga la yi gdams pa'o/__!__kye ho/_'od gsal sems kyi rdo rje chos kyi dbyings/_/nges don bla ma rang dang 'du bral med/_/de ngo shes na de la blo thag chod/_/chig dril sems kyi 'dun ma de la gtod/_/kun khyab kun las 'das pa'i chos nyid la/_/gdeng du bcas nas bzang ngan nyams kyi rtsal/_/gang shar re dogs zhen pa'i mdud pa bshig_/blo bral gshis kyi klong du gu yang klod/_/lta ba'i rgyal po kun bzang chos kyi sku/_/gtad med 'jigs bral blo las 'das pa'i don/_/mos gus bsags sbyang stobs kyi mngon gyur nas/_/gzung 'dzin sgyu ma'i 'khrul 'khor shugs kyi 'jig_/sgom pa'i rgyal po ma yengs mi sgom ngang*/_/yid 'khrul 'das pa'i mnyam bzhag chu bo'i rgyun/_/chos nyid dran pa'i bab la sgom nus na/_/sems kyi yon tan dbyar chu bzhin du rgyas/_/spyod pa'i rgyal po zhen med rang grol gnad/_/'khrul snang nyon mongs ngang gis zhi zhing grol/_/bden gnyis zung 'jug chen po'i gnas lugs kyis/_/theg mchog lam gyi byas rjes ma 'bad 'char/_/'bras bu'i rgyal po 'bad dang rtsol bas min/_/ye nas lhun grub sku gsum ye rdzogs kyi/_/dgongs pa mngon gyur gdod ma'i btsan sa zin/_/khyad par drug ldan de nyid rtogs pa nges/_/de yi grogs su mos gus mig dang mtshungs/_/nges 'byung rkang par dad brtson lag par bcas/_/blo gros lus la yongs su rdzogs gyur na/_/ring min rtogs pa'i gdeng tshad rnyed par nges/_/kye ma bstan 'dzin nyin byed chu lhar gzhol/_/bstan pa'i zla ba lo re bzhin du sgrib/_/sdig to'i mun par mtha' ma'i rgyu skar bkra/_/sdug bsngal bsil bo'i gdung pa'i dus tshod 'dir/_/mi med dben pa'i brag phug nyams dga' bar/_/dgra gnyen 'brel 'dres med pa'i gu yangs gyis/_/lhags skyobs lto 'grang tsam gyi chog shes ngang*/_/rgyal khams sgrim pa skyid pa'i yang rtse bzhin/_/dga' gdung che na srid zhen 'ching pa dam/_/bsdad cing 'khu tshe snang ba dgra ru sdang*/_/gang yang med pa'i bse ru lta bu khyed/_/da lta ri dwags rnyi las grol bzhin yod/_/de ga'i ngang nas phyi yi kun tu spyod/_/'dul khrims gser gyi rgyan bzang yal ma dor/_/nang gi theg mchog lta sgom la dril ba/_/zhabs tog gsum las rab mchog sgrub pa bzhin/_/bdag cag nang gi myong ba'i gdeng med kyang*/_/phyi yi go tshod mi tshe ril po ru/_/kha bshad byas pa chos bzhin spyod nus zhig_/'byung na snyam pa'i lhag bsam kho na'i phyir/_/zhen med rang grol rdo thog bya 'phur ltar/_/sgrub pa'i srog mkhar btsugs nus gang byung na/_/yi rang sems kyi de la yid gdung bas/_/mi tshe tshad btsugs nyams len mthar 'khyol mdzad/_/brgyud pa bzang po'i zhal lung bdud rtsi'i bcud/_/dad pas nye bar len pa'i snying dbus su/_/yod pa'i smin grol gdams pa'i dga' ston skyes/_/rim bzhin 'bul ba'i rten 'brel smon lam zhu/_/phal gtam snying po sems la nges pa'i don/_/tshad ldan bla ma'i zhal lung 'di yin pas/_/'di bzhin brtson na 'di phyi don dgu sgrub/_/snying mig bstan kyang sha dum rtsa rgyus lags/_/de skad snang ba sgyu ma'i 'khri shing gi_/sems kyi sprel rgan thang chad gnyid yur bzhin/_/'chi khar rgyal khams 'grim pa'i zhar byung du/_/brtse sems lhag bsam dkar bas phul ba dge_/zol sbyor ngag gi khyed la bstod pa min/_/'khyogs po'i ngag gi mtshang 'bru dgos don med/_/de phyir phan pa'i bslab bya nyag gcig phyir/_/gtam 'di ces kyang bden par bzung 'os nyid/_/ces 'brug sgom phyag rdzogs chu bo gcig 'dres kyi dge slong pradz+nyAs bskul ngor bkra shis dpal 'byor gyis 'dzam gling sa yi lte ba rgya gar rdo rje gdan du byang chub shing drung nas bris pa don dang ldan par gyur cig__!__bla ma la phyag 'tshal lo/_dal 'byor rten rnyed sangs rgyas bstan dang mjal/_/mtshan ldan bla ma bsten pa da res tsam/_/de phyir 'jig rten phyi ma thag ring zhing*/_/sdug bsngal che ba nam 'ong cha med pas/_/da lta rang dbang yod dus chos la brtson/_/chos kyi rtsa ba nges 'byung dad mos bskyed/_/chos kyi mthar thug bskyed rdzogs ci nus brtson/_/sangs rgyas dngos byon gu rur gsol ba 'debs/_/yid ches ngang nas blo gtad de la zhus/_/skyid sdug gang byung bla ma'i phrin las ltos/_/'gal rkyen gang byung sngon gyi las su sgom/_/de 'dra'i sdig sgrib sbyangs bar blo sbyongs mdzod/_/rang sems stong pa rtsal du cir yang shar/_/dran shes ldan pas shar grol lhug par skyongs/_/'di dang phyi mar bar do'i 'phrang gsum las/_brgal ba'i lam khyer da lta tshags su tshud/_/de skad ngag dbang chos dpal rgya mtsho yis/_/bskul ngor mang+ga la yi ming can de'i/_/gdams pas sems rgyud chos dang 'dres nas kyang*/_/rnam grol go 'phang thob pa'i rgyur gyur cig__!__kye ho/_snying dmar po 'dra ba'i gzhon nu khyed/_/dus da lta lang tsho'i me tog rgyas/_/sems snang ba mthon po ltar yod kyang*/_/dgra 'chi bdag bdud kyi zhags pa des/_/rang dbang med bar dor 'khrid pa'i tshe/_/zug chen pos lus sems so sor gyes/_/mdangs mdzes pa sad khyer lo 'dab 'dra/_/lus ro ru gyur nas dri ma kha/_/sems gcig pur bar dor 'grim pa'i dus/_/kha ha sgra dang bcas dbugs kyang ngar/_/mgo'i pags pa dpral bar skya skem sdud/_/mig rig rig lta zhing nye du ngu*/_/rang gcig pu'i sems kyis nyams myong la/_/phyi rig pa 'byung lnga'i thim rim shar/_/ngo shes na rigs kyi yum lnga yin/_/de gu ru pad+ma'i gzungs ma lnga/_/ma mkha' 'gro'i bu gcig bsu ba yin/_/zhing pad+ma 'od du khrid par smon/_/nang phra ba'i snang mched thob gsum nyams/_/sems snang ba thim pa'i dkar lam 'di/_/skyabs sprul sku pad+ma 'byung gnas yin/_/yang mched pa nyer thob thim pa'i nyams/_/nyams dmar lam bla ma longs spyod rdzogs/_/lha jo bo thugs rje chen po yin/_/de nyer thob 'od gsal la thim tshe/_/srod mun pa ltar gnag chos kyi sku/_/gsung rdo rje snang ba mtha' yas yin/_/ngo ma shes dug gsum rnam rtog lags/_/slar gzhi dbyings sku gsum dbyer med pa/_/ma lta bu'i 'od gsal shar ba na/_/gson dus su goms pa'i bu'i 'od gsal/_/de dbyer med gcig grogs gcig byas nas/_/dpal gdod ma'i gzhi la grol thub pa'i/_/gnad gseng lam khyad 'phags der yod kyang*/_/dus da lta bem rig ma bral gong*/_/gnad rig stong lta ba'i gdeng gces pa'i/_/don med pa'i rtsed mor ma yengs par/_/rang rig pa chos skur gdeng thob mdzod/_/sems rig stong gnyug ma'i ye shes 'di/_/dus da lta yod kyang da lta med/_/dran shes bzhin rgyang so tshugs kyis dang*/_/nang ting 'dzin nyams myong goms 'dris 'ong*/_/don skye med gshis la gdeng thob na/_/gdangs 'gags med 'khor 'das thams cad kyang*/_/snang tsam las don la ma grub pas/_/dpe bar snang 'ja' tshon ltar lags kyang*/_/las dang po nam mkha'i lta ba de/_/rtsal ma rdzogs nus pa mngon gyur med/_/rtsal sna tshogs snang ba a 'thas su/_/zhen che bas med la yod par bzung*/_/de'i dbang gi snang bas rig pa sgrims/_/mtshang chen po'i nongs pa ngo shes pas/_/gzhi chos nyid don la gdeng thob mdzod/_/las 'khrul pa sbubs nas bshigs thub na/_/dbyings chos nyid nam mkha' lta bu de/_/phyi 'khrul pas sgul bskyod mi thub pas/_/mi rgan pos byis pa'i rtsed mo la/_/bzang ngan gyi rtsis gdab med 'dra 'byung*/_/gdeng thob na yul rkyen bzang dang ngan/_/re dogs med gu yangs blo bder 'gyur/_/nang dug lnga'i rtog pa'i 'jur mdud zhig_/blo re dogs spos rgya'i ri mo yal/_/steng nam mkha'i ngos su mdung bskor bzhin/_/blo bde bo byung na bar dor grol/_/der rig thog btsan sa ma zin na/_/dbyings sgron drug snang cha cir yang bkra/_/nang rig rtsal gshis thog mnyam bzhag na/_/chos nyid kyi bar dor grol nges kyang*/_/dus da lta thod rgal rtsal snang la/_/goms 'dris pa'i lam gyi gdeng ldan las/_/yun ring po'i snang cha mi shar bas/_/grol nges pa'i gdeng thob dka' zhes gsungs/_/gnad bar do gnyis de ma grol na/_/lam srid pa bar do rlung sems kyi/_/lus bya spu rlung gis khyer ba 'dra/_/las nges med bag chags snang ba 'khrul/_/dgra 'jigs skrag du mas skyi g.ya' bung*/_/dus de skabs bla ma lhag pa'i lha/_/zhing rang bzhin sprul sku rjes dran pa'i/_/yid dad pas gsol btab smon lam gyis/_/skye nges par rdo rje'i lung gis bsngags/_/don skye 'chi bar do gang la yang*/_/nang rig stong myong bas ma zin nas/_/'jigs dogs pa med par grol nges pa'i/_/gnad shes pas nyams len gdeng thob mdzod/_/sems ma bcos rang ngo skyong ba'i tshe/_/sun byung na 'chi ba'i 'jigs skrag dran/_/sgo gsum po g.yeng bas khyer shor na/_/sdug 'khor ba snying po med par soms/_/las ma dag 'khrul par a 'thas na/_/tshe thog ma med nas da lta'i bar/_/g.yeng drags pa'i nyes pa yang yang soms/_/thabs du mas rang sems 'dul thub na/_/chos kun gyi snying po de ga yin/_/gnad sems 'dul brtul zhugs ma shes na/_/phyi'i shom ra che yang stong pa lags/_/tshul de skad lho 'brug spa gro'i gnas/_/brag seng ge bsam 'grub ke'u tshang du/_/dus sprel lo sprel zla'i tshes bcu yi/_/tshogs mchod pa 'bul skabs sprul pa'i sku/_/mtshan ngag dbang chos dpal rgya mtsho yis/_/rje kun mkhyen 'jigs med gling pa yi/_/gsung sku gsum zhing sbyong mtshungs pa yi/_/glu bris zhes bskul ba gnang ba bzhin/_/grogs mes po rgan po mang+ga las/_/glu gang dran bris pa khyod kyi thugs/_/chos yang dag gnad du 'byor ba yis/_/bstan 'gro ba'i don chen bsgrub nus par/_/pha rje btsun pad+mas byin gyis rlobs/_/sarba mang+ga laM/_dge'o/__!__/pha bla mar rtse gcig gsol ba 'debs/_/nga bya rgyal khyung gi gshog rlabs kyis/_/khyed bye'u chung nyams la ma phan na/_/las dang po pa la gal che ba'i/_/gnad man ngag snying po 'di ltar zhu/_/dgra 'khor ba'i rtsa ba ngar 'dzin yin/_/nga gar yod tshol na stong pa nyid/_/don stong nyid bdag tu zhen ches pas/_/skyon 'khrul pa thams cad 'di las byung*/_/kho 'khrul pa skye 'gag gnas bral du/_/ngo shes pa'i chos nyid lta ba dang*/_/gzhan phan pa'i mtshams sbyor gtsang ma yis/_/rgyu snying rje lhag bsam ci nus bskyed/_/dgra 'khor bas phung phung brlag brlag gis/_/nongs shes pas 'di las thar pa'i phyir/_/chos yang dag sgrub pa'i bsam sbyor gyis/_/dus nyin mtshan 'da' ba'i dad brtson bskyed/_/chos kun gyi rtsa ba rang gi sems/_/skye 'gag dang gnas bral gnyug ma'i gshis/_/dus rgyun du ma yengs rang ngo ltos/_/blo bral gyi chos nyid mthong gom 'gyur/_/khyed dad brtse ldan pa'i snying grogs dang*/_/nga rnal 'byor gzugs brnyan rgad po gnyis/_/tshe sngon gyi 'brel pa btsan drags pas/_/skye 'chi dang bar dor 'du 'bral med/_/blo bde ba'i ngang nas thugs yid bsres/_/dpal don gnyis lhun grub bkra shis shog_/mang+ga las gdams pa'o/_/dge'o/__!__nam mkha' lta bu'i rdo rje 'chang chen dang paN grub/_/te lo nA ro bka' bab bzhi brgyud kyi bla ma/_/gsang sngags bla med rgyud sde'i bskyed rdzogs kyi snying po'i/_/'gro ba thams cad zung 'jug go 'phang la sbyor mdzod/_/nyi ma lta bu'i dgyes mdzad sprul pa yi lo tsAs/_/mkha' 'gro'i gsang mdzod byang phyogs gangs can du drangs nas/_/ka chen bzhi sogs rnal 'byor grub pa yi phrin las/_/snyigs dus mun pa sel ba'i sgron me ru mdzod cig_/zla ba lta bu dbang phyug mi la yi ras pas/_/tshe gcig rdzogs sangs rgyas pa'i snyan brgyud kyi gdams pa/_/las ngan dmu rgod snyigs ma'i yid can gyi rgyud la/_/dad mos brtson 'grus dus mtha'i me bzhin du sbor mdzod/_/bdud rtsi'i sprin chen lta bu snyi sgom pa chen po/_/las can sa thob lnga brgya'i 'khor tshogs dang bcas te/_/bka' phyag chu bo gcig 'dres seng ge yi nga ros/_/'brel tshad don dang ldan pa'i ngo mtshar de ston mdzod/_/glog phreng lta bu bde gshegs khams pa yi mi gsum/_/rgyal kun mkhyen brtse nus pa'i ye shes kyi snying po/_/sgrub brgyud bstan pa'i chu mgo mkhas grub kyi skyes bus/_/sa 'di khyab par mdzod cig nges don gyi 'phags mchog_/bdud rtsi'i sbrang char lta bu karma pa chen po/_/sangs rgyas phreng ba rim byon ngo mtshar gyi mdzad pas/_/dus ngan snyigs ma'i tsha gdung bcil ba dang chabs cig_/sgrub brgyud bstan pa rgyas pa'i dpung gnyen du byon mdzod/_/dbyar gyi dga' ston lta bu de sras kyi mkhas grub/_/pad rag cod pan 'dzin mdzad rgyal ba'i sras chen po'i/_/mkhas dang grub pa bzang po'i phrin las kyi me tog_/gcig las gcig mtshar byon pa'i skal bzang de rmad byung*/_/e ma sgrub brgyud gser ri'i phreng ba yi lugs bzang*/_/'dzin pa'i skal pa bzang ngo dus ngan gyi tha mar/_/nges don seng ge'i nga ro sgrog pa la dad pas/_/rgad po'i glu chung 'di yang shugs 'byung du thal lags/_/de phyir 'di thos kun gyis yid ches kyi dad pas/_/bka' brgyud bstan pa'i zhabs tog dal med du brtson pa'i/_/gsal 'debs gyur nas bstan pa ji srid kyi bar du/_/bshad sgrub dga' ston 'phel ba'i rten 'brel zhig zhu'o/__!__'dzam gling dag pa'i nam mkha' la/_/rtsod med nyi zla ltar grags shing*/_/grub thob rgyu skar ltar bkra ba'i/_/bka' brgyud rnal 'byor dbang phyug rnams/_/bka' bab bzhi yi man ngag dang*/_/byang chub sems kyi nyams len gyis/_/sku bzhi'i rgyal sar dbugs dbyung ba'i/_/ngo mtshar gdams ngag snying po'i bcud/_/zhen log sgom gyi rkang pa yis/_/'jig rten chos brgyad dgra ltar spang*/_/'khor ba'i rgyu 'bras nges 'byung gyis/_/g.ya' gangs brag ri'i sul du bzhugs/_/mos gus sgom gyi mgo bo yin/_/bla ma sangs rgyas dngos su blta/_/des gsung tshad mar 'dzin pa yis/_/chos dang rang rgyud gcig tu bsre/_/yengs med sgom gyi dngos gzhi yis/_/thabs lam nA ro chos drug dang*/_/grol lam phyag rgya chen po yis/_/sku bzhi'i rgyal sa tshe gcig zin/_/de skad sangs rgyas karma pas/_/rjes su bzung ba'i mu to ba/_/bkra shis dpal 'byor 'bod pa yis/_/gong ma'i gsung bzhin smras pa dge__!__a ho/_khyab brdal srid zhi kun khyab chos sku yi dbyings su/_/'od gsal mkhyen brtse'i yon tan lhun grub kyi longs sku/_/gang 'dul sprul pas 'gro ba 'dul mdzad kyi bla ma/_/snying dbus mi shigs thig ler ro gcig tu mchod do/_/ma rtogs 'khor 'das snang ba nyams dga' yi ltad mo/_/rtogs na chos nyid thig le nyag gcig gi rang bzhin/_/rang sems gnyug ma'i chos nyid ma bcos par rtogs pa'i/_/man ngag gnad du dril ba mdo sngags kyi srog tig_/'khor ba sdug bsngal shes pa'i nges 'byung gis gzhi bzung*/_/bla ma mchog gsum skyabs bsten mos gus dang bcas pas/_/rgyu 'bras yid ches bsags sbyang brtson pa yi go chas/_/dal rten don dang ldan pa'i nyams len la dril mdzod/_/kun rdzob chos kun bden med sgyu ma yi dpe brgyad/_/don dam mtha' brgyad spros bral chos nyid dang ro gcig_/chos dbyings cir yang ma yin cir yang ni 'char bzhin/_/gnas tshul rtogs pa gzhi yi dbu ma nyid gtan phebs/_/gnas lugs ye shes ngang na nam mkha' ltar dag kyang*/_/snang tshul rten 'byung bslu med tshogs gnyis kyi spyod pa/_/stong dang snying rje dbyer med lta sgom gyis zin pas/_/bgrod pa lam gyi dbu ma zung 'jug la dril mdzod/_/zag med chos khams rgya mtsho chos nyid dang ro gcig_/zab rgyas spang dang rtogs pa mtha' yas pa'i ngang tshul/_/rtag khyab lhun gyis grub pa'i bdag nyid du 'char ba/_/mthar thug 'bras bu'i dbu ma'i grol sa la phebs shog_/sems nyid lhan cig skyes pa chos sku yi ye shes/_/snang ba lhan cig skyes pa chos sku yi 'od zer/_/'od gsal gnyug ma gshis kyi bzhugs tshul dang mjal ba/_/gnas lugs gzhi yi phyag chen lta ba yis gtan phebs/_/'gyu 'phro rang sar mi g.yo zhi gnas kyi ting 'dzin/_/lhag mthong 'od gsal ye shes zung 'jug gi sgom pa/_/gzung 'dzin 'khrul pa bshig pa'i rnal 'byor bzhi'i ngang nas/_/lam mchog yongs rdzogs phyag chen sgom pa la dril mdzod/_/'od gsal 'khor 'das kun khyab ye shes kyi klong na/_/rnam dag bla med spang rtogs bzhugs tshul dang mjal ba'i/_/yon tan lhun gyis grub pa'i rang bzhin la spyod pas/_/'bras bu rmad byung phyag rgya chen po la sbyor mdzod/_/ngo bo ka nas dag pa'i stong nyid kyi gshis su/_/rang bzhin lhun gyis grub pa 'od gsal dang mnyam nyid/_/zung 'jug 'khor 'das kun khyab gzhi grol gyi bzhugs tshul/_/gzung 'dzin 'khrul pa bral ba'i ye shes kyi ngo sprod/_/ma bcos cog bzhag rnam bzhi'i ye shes kyi gsang mdzod/_/sgo yul rlung dang rig pa'i gsang lam gyi gnad kyis/_/snang bzhi pha mthar son pa'i sa lam kun gzhir rdzogs/_/zag pa rang zad dbyings su rang grol la phebs shog_/kun 'byung 'khrul pa lugs ldog nang dbyings su zad pas/_/zab gsal ye shes chen po'i rang bzhin du sems nas/_/ye grol khyad par drug ldan rdzogs chen gyi khyad chos/_/mthong ba'i chos la mngon pa'i rten 'brel zhig zhu'o/__/de skad zab mo'i mthar thug rdo rje yi thol glu/_/rig 'dzin grub pa'i gsung gi rjes 'brang du blangs pas/_/khyed thugs dgyes par gyur nas mkha' khyab kyi 'gro ba/_/don gnyis lhun grub bkra shis dge legs su gyur cig_/ces pa'ang bslab grol yon tan dpal gyis 'byor ba'i bla ma karma 'jam dbyangs blo gros nas gsung bskul ngor mdo smad kyi sngags btsun 'gyur med theg mchog bstan pa'i rgyal mtshan du 'bod pas bris pas 'gro kun 'od gsal gdod ma'i dbyings su grol ba'i rgyur gyur cig__!__sngon dus grub chen sangs rgyas mnyan pa zhes/_/phyag rgya chen po'i rtogs pa mkha' dang mnyam/_/deng dus mnyan pa sprul pa'i sku mchog nyid/_/tha snyad tshig la mgo bo rtag par 'khor/_/cho ga dbyangs dang rol mo gtso bor byed/_/phyag rgya chen po gar yod mi mkhyen par/_/bdag ni bsam blo gtong bzhin gad mo shor/_/ha cang ku re lags te sgom pa'i sngon/_/thos pa dman na lag rdum brag 'dzegs 'dra/_/phyag chen sgom pas dud 'gror skyes zhes thos/_/thos bsam sgom gsum spel mar byed pa ni/_/lho brag mar pa'i rnam thar yin zhes thos/_/khyed rnams na tshod gzhon pa'i gnas skabs na/_/thos bsam gtso bor mdzad pa mkhas pa'i lugs/_/sku na bgres nas sgom pa gtsor ston pa'i/_/thos don rgyud la 'jug pa grub pa'i srol/_/kun gyi grogs su tshul khrims rin po che/_/mig gi 'bras bu bzhin du ma bsrungs na/_/rgyal tshab byams pa'i sprul par yongs grags pas/_/mtshan gyi snyan pa de yang stong sgra yin/_/sku phreng snga ma'i gcung du skyes pa'i phyir/_/mi shes mu cor smra ba'i mi rgan des/_/ku re don dam tshul du zhus pa ni/_/gnas tshul yang yang gtong zhes gsung pa'i phyir/_/ci dran med par gang dran thad kar zhus/_/kho bo mkhas grub chen po ma yin te/_/na tshod mtho bas ma mthong bya ba med/_/bstod smad gnyis ka ma thos med pa'i phyir/_/'bras dkar kha bzhin ci thon gang thon zhus/_/gsan 'os 'dug na thugs la bzhag par zhu/_/thugs la phog na snying nas bzod par gsol/_/rdo rje ber can bdag la bskul ma 'ong*/_/kun dga' gzhon nu kho bo'i grogs su gtong*/_/bam ro pho mo gnyid las dkrogs sam snyam/_/de skad 'brel ba med pa'i gtam ngan 'di/_/chu khams 'khor lo'i sna yi dgung gsar gyi/_/ka tri lags pas bzhad mo gnang par zhu/_/ring min dgyes mjal sku tshe zhabs pad brtan/_/sangs rgyas bstan la bya ba mdzad par shog_/de skad cho 'phrul zla ba'i tshes brgyad la/_/bkra shis ljongs kyi ri bo'i mgul pa nas/_/za nyal sprad cing nyi mas dro ba yi/_/ngang nas phul bas dag legs dpal rgyas shog__!__kyai ho/_srid zhi'i dge legs 'byung gnas dkon mchog gsum/_nges pa'i don du rang sems bde gshegs snying*/_/yid ches dad pas rtse gcig dran byas na/_/mdo rgyud man ngag snying po 'dus zhes gsungs/_/skyid na bla ma dkon mchog thugs rje'i mthur/_/shes pas dad mos drag po'i de la phul/_/zhen med sgyu ma lta bu'i mchod sbyin dang*/_/khengs sems med par lam du khyer ba gnad/_/sdug bsngal byung na sems khun ma mdzad par/_/sngon bsags las ngan sbyangs ba'i phyag char soms/_/sdug bsngal can la snying rje'i de dag gis/_/sdug bsngal rgyu 'bras sel ba'i 'gro don mdzod/_/mdor na 'khor 'das sems kyi cho 'phrul te/_/sems nyid ka dag kun bzang chos sku'i klong*/_/mnyam rjes gnyis med thig le nyag gcig tu/_/la zla gnad brgya gcig 'dus go bzhin phul/_/ces bka' rnying bstan pa'i gsal byed sprul sku chos kyi nyi mas gsung bskul bzhin rgan po mang+ga las gang shes phul bas rtogs pa don brgyud kyi rgyal sa zin pa'i rgyur gyur cig__!__bla ma bka' drin can la phyag 'tshal lo/_/spyir rdo rje theg pa'i dbang bskur mtshan nyid pa la rgyu mtshan du ma dgos pa khyed nas kyang shes pa ltar yin kyang deng sang bstan pa nub nye'i skabs 'dir zhabs tog tu dmigs pa'i chos 'chad nyan byas na gal che snyam pas/_/rtsa gsum gling pa'i chos skor 'di dbang lung gi rgyun chad la nye bas/_/khyed rang rgyun yod pa de spel phyir gu ru rin po che la gsol ba yang yang thob zab chos 'di 'chad nyan sgom sgrub dar rgyas 'byung ba'i smon lam yang yang thob/_bsam pa de lta bus bstan pa la zhabs tog zhus pa la mkha' 'gro chos skyong la gsang sgrog sogs kyi nyes pa mi 'byung zhing*/_/rang rgyud grol zhing gzhan rgyud smin pa'i gnang ba zhu ba dang byin rlabs dngos grub stsol ba'i gsol 'debs/_smon lam zhus/_rang rig dang gu ru gnyis med du shes pas ma g.yeng bar rig thog tu bzhag ci thub dang dge bskul dang dus kyi rgud pa zhi zhing rgyal bstan dar rgyas 'byung ba'i smon lam gyis zhes rgan po mang+ga las shes tshod kyi zhal gdams sprul sku gsang sngags bstan 'dzin la spel ba'o/__!__mi mjed zhing gi ston pa shAkya'i tog_/snyigs 'gro'i skyabs gcig o rgyan rdo rje 'chang*/_/dbyer med drin can bla mar gus btud nas/_/ji ltar bka' bstsal tshigs su bcad 'di phul/_/dal ba'i rten la bslab gsum rgyan mdzes shing*/_/khyad par rgyal gsung mthar thug rgyud kyi rgyal/_/'chad nyan thos bsam sgom brtson nges gsang ni/_/bstan pa'i rgyan mchog mdzad la snying nas spro/_/thar lam rtsa ba srid las nges 'byung dang*/_/tshad ma'i ston dang bstan la dad pa'i sems/_/gzhan phan byams dang snying rje'i sems bzang po/_/med du mi rung lam gyi gnad du go_/rgyu 'bras theg pa'i lam gyi lta sgom spyod/_/zab cing rgya che ngo mtshar mtha' klas kyang*/_/bya sla tshegs chung mthar thug nges pa'i lam/_/theg dgu'i rtse rgyal rdzogs pa chen por grags/_/gang de'i lam gnad gnyug ma rdo rje'i sems/_/sangs rgyas 'phags pa'i mnyam bzhag ye shes te/_/rgyud la skye phyir bla mar mos gus gyis/_/rang babs lhod pa'i ngang nas skyong ba gnad/_/gdod nas sems nyid 'du 'bral med bzhugs kyang*/_/gser dang bye ma 'dres bzhin 'khrul snang gis/_/kun rtog drwa bar chud kyang med snang tsam/_/skye 'gag gnyis med rtog btags tsam du zad/_/lhan skyes ye shes 'du 'bral med pa'i don/_/zab zhi spros bral rgyal ba dgyes pa'i lam/_/yid dpyod tsam min go myong rtogs gsum gyis/_/ngo shes rtsal rdzogs brtan pa thob bar brtson/_/rang babs gnyug ma'i rang ngo shes tsam gyis/_/dran pa bskyangs nas yid ches nges pa'i gding*/_/rnyed tshe mi bsgom sgom pa chen po yis/_/ma bcos gnas lugs ngos bzung bral bar skyongs/_/bskyed rdzogs gdams pa'i rnam bzhag ches mang yang*/_/gnad brgya gcig 'dus ches cher bsngags pa'i lam/_/bogs 'byin bla ma'i rnal 'byor nyams len pa/_/mtha' dag chos kyi snying por bsngags bzhin mdzod/_/bla ma sangs rgyas 'di phyi'i blo gtad bcol/_/gzhi gnas ye shes bla ma sku gsum zhal/_/dran shes gnad brgyas yang yang sgom mdzod dang*/_/skye 'chi bar do'i lam khyer tshang zhes gsungs/_/rang rgyud rtogs pa'i dri yang mi bro mod/_/snying nas mdza' ba'i dge ba'i bshes mchog gis/_/bka' yis bskul bzhin gong ma'i gsung bzang ni/_/snying po go tshod gdams pa'i tshul du zhus/_/tshe rabs kun tu yang dag lam bzang gi_/yon tan mthar phyin don gnyis lhun grub nas/_/bstan 'gro'i dpal 'byor rgyas dang 'gro ba kun/_/phyam gcig gdod ma'i gzhi klong grol gyur cig_/ces pa'ang snga 'gyur bstan pa'i mdzes rgyan dge mang mkhan po phrin las dbang rgyal nas rten bcas gsung bskul bzhin 'jigs med mkhyen brtse'i 'od zer gyis spa gro skyer chu'i gtsug lag khang nas bris te phul ba dge legs 'phel/__!__rmad byung dam pa'i ngang tshul rgyu skar gyis/_/thugs mkhar mdzes pas snyigs ma'i smag dus kyang*/_/kun phan bdud rtsi'i zil 'jo snying gi grogs/_/phan bde'i phrin las kun tu khyab de'i drung*/_/ring po'i gnas kyis bskal yang brtse ba'i sems/_/mtsho la zla ba bzhin du mdza' ba de'i/_/khyed dang bskyed ma'i mngon rtogs re khA rnams/_/yid kyi me long ngogs na yang yang gsal/_/bdag rgyud 'phags pa'i nor gyis phongs na yang*/_/rnam 'dren mkhas grub rgya mtsho'i bka' drin dbyig_/dad pas tshangs pa'i rgyan du bkod pa de'i/_/'du 'dzi'i blun dad mang pos bkur bas brel/_/rgyal bstan lung rtogs shin tu rgud pa la/_/zhabs tog rloms pa'i chos rnga brdung zol yang*/_/rang gzhan chos mthun bsam sbyor nyag phra bas/_/lha dang mkha' 'gros gzigs na khrel snyam nongs/_/snying po sngon las ngan pa'i 'phen pa dang*/_/mkhas grub skyes chen shin tu nyung ba des/_/kun la dbu bskor chos kyis byed bzhin du/_/rgan lus sha brgyags shed med 'dar ngang lags/_/dag snang spyan ras yangs pa'i gzigs pa de'i/_/rang gi ngang tshul 'chal gtam bka' 'bum rnams/_/phra mo tsam yang ma nyams bsags phebs pa/_/dgos 'bras chung yang bka' bzhin nges sgrub zhu/_/dgyes pa'i zhal bzang dga' spro'i 'dzum mdangs can/_/'dren byed tshal du rings par 'pho ba dang*/_/sku tshe mdzad pa dpyid sos dga' ston bzhin/_/yang yang dar bas don gnyis myur 'grub shog_/de skad ka tha man gru'i yul gyi dbus/_/chos sku'i mchod sdong chen por 'dabs 'brel ba'i/_/zhe chen gnyis par grags pa'i ldum khang nas/_/col chung rgan po'i bcos gtam gus pas phul/_/chos don rtags kyi bdud rtsi mi shes kyang*/_/yab mes mkhas grub rgya mtsho'i byin rlabs phab/_/sel med lnga bcu lhag btab 'dus pa mdo'i/_/sgrub pa'i myong grol chos sman skyes su phul/__!__bla ma o rgyan dbyer med gsol ba btab na/_/byin rlabs dngos grub char bzhin 'byung bar nges so/_/'khor ba sdug bsngal shes pa'i nges 'byung skyes na/_/thar lam phan yon spro bas sgrub 'dod 'byung nges/_/lam gyi dang po rgyu 'bras yid ches bskyed na/_/rnam grol sgrub pa'i rmang rdo legs par tshugs nges/_/gzhan phan sems kyis rtsis zin dge rtsa gang byas/_/byang chub sems dpa'i lam gyi snying por 'gyur nges/_/dkon mchog yid ches dad mos ri ltar brtan na/_/nang pa sangs rgyas chos kyi rtsa ba nges lags/_/dge rtsa bsags sbyangs snying po gnad du dril bas/_/dal 'byor mi lus don med ma shor mdzod cig_/dben pa'i gnas su dran dang shes bzhin ldan pas/_/rang sems lkog 'dul chos kyi rtsa ba lags so/_/sems kyi phug bcad ma grub stong pa'i ngo bo/_/stong pa'i rang mdangs gsal la 'gags med pa/_/gsal stong zung 'jug ye nas bzhugs te yod pa/_/rang bab dran pas nges shes brtan po bskyed mdzod/_/snod bcud lha dang bla mar shes pa'i dag snang*/_/phan yon tshad med gsang sngags bzlas pa'i rnal 'byor/_/ma yengs rang bab so ma'i lam khyer ldan na/_/bskyed rdzogs lam gyi man ngag snying po lags so/_/'jig rten tshe 'di'i bya bzhag rmi lam so tshis/_/snyigs ma'i sems can bya spyod thar lam srog gcod/_/yid ches dad pa bla ma dkon mchog gsol 'debs/_/phyi ma'i rgyags phye sgrub la snying por dril mdzod/_/mi brtan g.yo ba byis pa'i bsam spyod 'di kos/_/sngar bslus 'khor ba'i gting rdo sgrub pa'i mtshang gzigs/_/da ni 'khrul pa rang grol skye 'gag gnas bral/_/chos nyid gshis la bag yangs lhod por bzhugs mdzod/_/skyabs gnas kun 'dus gu ru yid bzhin nor bu/_/'di phyi'i blo gtad nam yang bslu ba med pas/_/snying po badz+ra gu ru'i gsol ba 'debs bzhin/_/'di dag nyams blangs bde nas bde bar 'gro nges/_/de skad ring nas bskul ba don ldan phyir/_/bla ma'i man ngag nyams len gnad du dril nas/_/tshigs su bcad de phul ba nyams len mdzod cig_/'di phyir dge ba'i skyabs srung yang yang zhu'o/__/zhes 'jigs med mkhyen brtse'i 'od zer ming gis phul ba dge legs 'phel/__!__a ho/_kun rdzob phyi yi bla ma'i gzugs brnyan ngas/_/dad mos blo ldan pad+ma 'gyur med la/_/sangs rgyas dngos byon bla ma bi dza yas/_/yab sras brgyud pa'i gdam ngag thob bzhin bshad/_/dang po nges 'byung bla mas srid las sgrol/_/bar du snying rje'i bla mas gzhan phan sgrub/_/mthar thug gzugs sku'i bla mas bskyed rim ston/_/khyad par bde stong bla mas bogs 'byin gyis/_/kun gyi skyel so rang rig bla ma mchog_/yid dpyod blo 'das klong du mjal la ltos/_/dang po'i las can kun rdzob bla ma la/_/brten nas nges 'byung snying rje dag snang bskyed/_/bsags sbyang rten la bla ma las lhag med/_/rtag tu brtson pas gnad du gang 'gro bya/_/brtan pa thob nas don dam bla ma gces/_/'di nyid gcig pu lam gyi skyel so yin/_/bden gnyis bla ma 'gal 'du ma 'dzin pa/_/zung 'jug shes pas rang nyams gang phan spyod/_/rang sems gdod nas bla ma chos sku ste/_/de ngo shes na bla ma phyi ru med/_/'khor 'das snang srid bla ma'i rol pa la/_/dag pa rab 'byams mos gus rgyun du gyis/_/bzang ngan rkyen kun bla ma'i phrin las la/_/yid ches bskyed pas lam khyer gnad la 'bad/_/thams cad grogs shar gu yangs blo bde ba'i/_/ngang nas mnyam rjes ye shes bla mar sgom/_/lam gnad snying po gnad don kun tshang 'di/_/gang bshad ne tso'i ma Ni zhus pa lags/_/rang sems nyams su myong ba med pa las/_/tshig don gnyis ka nor 'khrul gtan nas med/_/mi chos mkhas pa'i grags snyan med na yang*/_/don brgyud rtogs pa gser ri'i phreng ba can/_/rgyun mi 'chad pa zhe chen par grags pa'i/_/dad slob tha shal mang+ga la des gdams/_/dge bas ye shes don gyi bla ma mjal/_/'khrul pa gzhir stong ye shes nang nas shar/_/'brel tshad don ldan bla ma sku bzhi'i phul/_/tshe 'di mngon sum mjal ba'i rgyur gyur cig_/ces pa'ang dad brtson blo gros ldan pa ka ma la ak+Sha ras bskul ba bzhin mang+ga la shrI b+hu tis mchod rten bya rung kha shor mdun bka' rnying bshad sgrub dar rgyas gling nas bris pa'o/_/dge'o/_/mang+ga laM/__!__bla ma la phyag 'tshal lo/_da lta gson po'i skabs na lus dang ngag yid gsum mnyam du yod pas lus zhes pa mgo la mig_/rna ba/_sna/_lce/_rkang lag sha khrag 'di yin/_sems zhes pa mig gis gzugs mthong na 'di yag po 'dug_/'di yag po mi 'dug_/rna bas sgra thos na snyan/_mi snyan/_sna yis dri zhim mi zhim/_lce yis ro mngar mi mngar/_lus kyi reg bya 'jam mi 'jam shes mkhan de sems yin/_sems lus na yod na mig gis mthong*/_mdzes mi mdzes dran/_rna bas sgra thos/_snas dri tshor/_lce yis ro myong*/_lus kyi reg bya 'jam rtsub shes kyi red/_mi shi nas sems bar dor 'gro tshar dus lus ro ru gyur te mig gis mi mthong*/_rna bas mi thos pa de red/_ngag kyang lus sems bral tshar nas yod ma red/_lus ngag gnyis g.yog tu bkol te sems kyis 'khor ba 'khyams rgyu dang*/_myang 'das thob rgyu gnyis ka byed kyi red/_sems de la'ang sems nyid dang*/_sems gnyis yod red/_sems nyid de rgya mtsho lta bu red/_sems zhes pa de rba rlabs lta bu red/_sems nyid de sgom ma brgyab na shes kyi ma red/_sems de gzugs mthong*/_sgra thos mkhan de red/_sems des rnam rtog mang po dran pa la 'gyu ba zer/_rnam rtog ma dran na gnas pa zer/_rnam rtog dran ma dran shes mkhan de rig pa zer/_gnas 'gyu gnyis ka gang yin rig pas bltas na gzugs dbyibs kha dog gang yang yod ma red pas stong pa red/_thams cad shes sdod mkhan de gsal ba red/_gsal stong gnyis so so med pas gsal bzhin du stong*/_stong bzhin du gsal ba red/_dang po yi ge la brten nas gnas 'gyu rig gsum dang*/_gsal stong dbyer med goms/_goms pa de rang gi sems kyis nyams su myong dgos red/_nyams myong de skyes na go ba de rgya chung ngu red 'gro red/_nyams myong de de la goms bzhin rgya je che red 'ong red/_las dang po pa'i dus su gnas 'gyu rig gsum gyi gnas pa la dga'/_'gyu ba sgom gyi skyon du mthong 'ong yang*/_'gyu ba rnam rtog mgo yan du ma btang na skyon ma red/_rnam rtog gcig rjes gnyis mthud du shor na mgo yan red/_rnam rtog dang po de ngos zin nas rnam rtog de yal 'gro bas 'khrul pa ma red/_gnas 'gyu rig gsum gcig tu 'dres te gsal stong ngo shes na sems kyi ngo bo de mthong gi red/_sems kyi ngo bo mthong dus sems stong gsal dngos red/_gnas 'gyu rig gsum stong gsal dang*/_sems kyi ngo bo stong gsal de rgya che chung dang*/_'dzin pa yod med kyi khyad yod red/_sems kyi ngo bo la gnas 'gyu rig gsum phyi shun lta bu red/_shun pa de med song na 'bras shun pa med pa lta bu red/_gnas 'gyu gnyis med gsal stong zung 'jug de nyams su myong na phyag chen pas rtse gcig_/rdzogs chen pas sems rig shan 'byed gsung snyam zhu/_go bde'i tshul du phul bas dgongs brgyud ye shes kyi byin rlabs thugs la 'pho bar shog cig_/nang lugs ci dran zhus pa lags/__!__rje mtshan ldan bla ma rdo rje 'chang*/_/yid dran pas gdung sel rin po che/_/snying dad pa'i snang ngor lham mer bzhugs/_/ngag gdung ba'i dbyangs kyis gsol ba 'debs/_/khyed blo gros mtha' yas tshur gson dang*/_/phyi chos sgor 'dren pa'i bla ma des/_/chos gdams ngag bstan par thos bsam byas/_/lam thar pa'i 'jug sgo shes zin pas/_/rje de yi bka' drin dran pa'i ngag_/dbyangs gsol ba 'debs pas bskul byas na/_/rgyud chos dang 'dres pa'i byin rlabs 'gyur/_/las brtson 'grus drag po lhod med mdzod/_/sgo gsum po dge la yang yang bskul/_/sems srid las nges par 'byung ba dang*/_/las rgyu 'bras yid ches dran shes bsten/_/tshe mi rtag bsam pas bskul ma thob/_/gzhan phan 'dod lhag bsam dam bca' zungs/_/khyad par du rang sems gnyug ma'i gshis/_/bab ma bcos lhug pa'i rang ngo skyong*/_/don yengs med ngang gis sgom shes na/_/gnad gnyug ma'i de nyid mthong ste 'ong*/_/de don dam nang gi bla ma yin/_/dus rtag tu 'bral med ngang la bzhugs/_/dpal sangs rgyas chos sku'i ngo bo nyid/_/dgra skye 'chi bar do'i 'jigs pa skyob/_/gnad de dag u rgyan sprul skur dris/_/nyams phan pa'i gdams ngag tshang ste yod/_/dus deng sang rgyal khab phan tshun du/_/'gro bsam kyang lam gyi dka' ngal yod/_/nor pe shag med na sleb mi nus/_/blo tsab tsub spros pa ma mang mdzod/_/da na tshod thal ba'i mi rgan kyang*/_/kho 'chi bdag mun pas ma gtug na/_/gnas de ru 'ong 'dod re ba yod/_/zhal mngon sum mjal ba'i dus skabs mchis/_/nga dngos su phrad kyang de las lhag_/grogs khyed la zhu bya cang ma mchis/_/tshul de skad kha bzhi lho yi ljongs/_/gnas spa gro skyer chu'i gtsug lag gsham/_/khyim phun tshogs bkra shis dga' 'khyil nas/_/ming bkra shis dpal 'byor 'bod des phul/__!__ka dag khyab brdal chen po'i chos dbyings kyi khyab brdal/_/sangs rgyas sems can zhes pa'i grol 'khrul gnyis med kyang*/_/lhun grub rig rtsal dngul chu'i gya gyu bzhin g.yo bas/_/med pa gsal snang 'khrul pa'i rdzun phug de rdib dgos/_/rtsol bcas lam gyi gnyen po thag ring gi mgron po/_/ma bsgrubs chos kyi gshis lugs rang ngo tsam zin pa/_/yengs med dran pas skyongs dang rgyun ring gang mi dgos/_/dpal ldan bla ma sku bzhi'i khyab bdag zhes grags pa/_/rgyang ring ma tshol bzo med rgya yan gyi shes pa/_/myong bas zin tshe byin rlabs sprin phreng bzhin 'du bas/_/chos sku'i rgyal sa zin la soms nyi yang mi 'tshal/_/de skad nyams myong til gyi 'bru las kyang phra mod/_/kha pho 'brug ltar sgrog pa mang+ga la'i ming gis/_/glog 'od 'phrul gyi sgron mar ma bcos par bris pas/_/dga' spro glu gar dang bcas myur mjal du smon no/_/bod zla 7tshes 17nyin lha bris dkon mchog la gnang ba'o/__!__ka ba med pa'i brag phug rang shong nang*/_/kha ton brtson zhing rtse gcig ting 'dzin bsgom/_/ga dar sems la byed pa'i rnal 'byor rnams/_/nga bdag 'dzin pa lhod pas zhe re skyid/_/ca co'i tshig rjes 'brang ba'i chags sdang bral/_/cha lugs lto 'grang lhag skyob tsam la bsten/_/ja chang med kyang rtswa chu lo ma za/_/nya gang zla ba mkha' la 'char ba bzhin/_/ta thA ga ta'i lam srol snying po'i bcud/_/tha dad mi gnas dgongs pa gcig tu dril/_/da lta'i shes pa tha mal sangs rgyas su/_/na tshod dar ba'i lang tsho rgyas bzhin gnas/_/pa re pi ri rnyed 'tshol za 'dod bral/_/pha mtha' yas pa'i gdams ngag gnad du brdeg_/ba mchog 'jo bzhin sems la yar skyed bton/_/ma rabs chos brgyad bral ba'i rnal 'byor skyid/_/tsA gangs la sogs grub pa'i gnas mchog tu/_/tsha grang gtum mo la sogs chos drug bsgom/_/dza lan d+ha rar thor cog med na yang*/_/wa ler lhan skyes ye shes sems la 'char/_/zhwa l+h+wam mdzes pa'i ngur smrig 'dzin bzhin du/_/zwa ltar rtsub pa'i sgrib pa 'joms pa'i phyir/_/'a 'ur tsam min sgrub pa'i srog mkhar tshugs/_/ya mtshan ltad mo sems la 'char bar 'gyur/_/ra ba gangs ris mdzes pa'i bod yul gyi/_/la klung bshad sgrub bya ba 'ja' ltar yal/_/sha za chang 'thung chos med rgyal khams su/_/sa mthar 'khyams pa'i mi la yon tan med/_/ha ha khyed thugs gad mo slong ba'i phyir/_/a mtshar tshig 'di ma bcos drang por smras/_/a la la ho bsod nams stobs rgyal khyed/_/ha ho thugs la tshim pa'i rgyur gyur cig__!__bla ma la phyag 'tshal lo/_pha ran ser lo gsum mtshams la bzhugs mkhan rnams la gsol ba/_phyi'i rgyal khab na gnas pa rnams tshe 'di'i bde skyid phun sum tshogs kyang chos byed pa de da lta bar ming ma grags pa red/_da skabs bod kyi bstan pa nyams pa'i tshe bod chos lugs khag bzhi'i bla ma che phra du ma rgya gar du phebs/_rang rang gi bstan pa gso skabs sangs rgyas bstan pa'i gnas tshad ma rdzogs pas skyes bu dam pa du ma phyi rgyal du phebs bzhugs gnang bas phyi rgyal gyi mi la dam chos byed dgos kyi bsam blo skyes pa byung ba'i bye brag rang gi bla ma bka' 'gyur rin po che'i slob ma thams cad kyis rang la rtsa ba'i bla mar bzung nas mi tshe gcig tu chos byed 'dod kyi mos pa dang rtse sprul pad+ma dbang rgyal rin po che gyis mtshams sbyor mdzad pa la brten shang tai lub la sgrub grwa zhig tshugs pa de'i dgos don snying po de mtshams sdod mkhan thams cad thar pa'i lam sna zin nges zhig byung na bka' 'gyur rin po che'i dgongs pa rdzogs/_rang rang gi bla ma bsten/_bka' chos zab mo mang po zhus pa de don dang ldan pa red pas/_der bzhugs thams cad kyis nyams len gyi snying po dad pa dang*/_nges 'byung*/_snying rje/_sems ngo blta ba bzhi nyams len gi snying po mdzod/_dad pa zhes pa spyir dkon mchog gsum sgos rang gi bla ma dang*/_nyams len gyi chos de la blo gtad ling gis skyur/_yun ring nyams len byed dus ngas chos 'di la lam rtags gang yang mi 'dug_/bla mas gdams ngag zab shos de ma bstan pa min nam/_sngon 'gro las dngos gzhi zab/_dngos gzhi la bskyed rim sla 'di bzhag nas rdzogs rim dga' i 'ong*/_rdzogs rim gtum mo sogs las rdzogs chen zab gi red/_rdzogs chen zhes pa de chos thos nas nyin zhag gnyis gsum gyis snang ba mtho ting nge 'gro ba'i re ba byed/_de ma byung na gdams ngag la the tshoms za/_brtson 'grus lhod/_nges 'byung nyams rtogs phra mo re skye na de la nga rgyal byed/_rnying ma'i chos 'di 'dra sa skya bka' brgyud/_dge lugs kyi chos gcig la yod pa ma red bsam pa'i log lta dang*/_nga nyams rtogs khyad par can skyes snyam pa'i rloms sems ma byed/_mi su yin kyang sems 'di 'pho 'gyur chen po zhig yin pas de'i dbang du ma gtong*/_lo bcu gnyis tsam du nyin mtshan bar med brtson 'grus byas kyang rmi lam bzang po zhig ma byung yang sems ma zhum/_nga rang las sgrib che ba ma gtogs bla ma dang chos kyis bslu mi 'ong bsam pa'i blo gding bskyed dgos/_zhag gcig gis 'khor 'das kyi spang blang zad sar phyin kyang rloms sems ma byed bar chad kyi bdud zhugs 'ong bas/_rje btsun mi la ras pas/_dam chos mtha' ru bton pa'i tshe/_/mtho dman med pa na re skyongs/_/grub rtags myur du ma re bar/_/nyams yun shi dang mnyam par gyis/_/zhes gsungs pa de man ngag chen po yin/_nges 'byung zhes pa sgrub khang 'dir bsdad nas tshig bdun gsol 'debs tshar gcig bton na/_ma Ni phreng bskor gcig bton pa rang gzhan sems can thams cad sangs rgyas thob pa'i thabs kho na yin/_sgrub khang 'dir bsdad nas chu tshod skar ma gcig kyang sos dal dang*/_rtsed mos 'phrog brlag ma gtong*/_chos byas pa de la ngos lkog dang*/_mig lam du mdzes pa kho na ma byed/_rang sems gyong po 'di 'dul ci thub dgos/_rang rgyud la dad pa/_brtson 'grus/_nges 'byung rnams yar rgyas gang thub dgos pa yin/_chos byas pa de yang rang don kho na ma bsam/_ma Ni tshar gcig yin na phan yon bsam gyi mi khyab pas sems can thams cad kyi don du yin/_spyir sems can thams cad/_sgos rang la sems mi dga' ba'i dgra bo la snying rje yang yang bya/_dang po snying rje skye dka' yang dgra 'di la sdang sems byas na sangs rgyas mi thob/_da lta'i dgra 'di skye ba snga ma'i pha ma yin/_dgra gnyen nges pa med/_dgra la sdang sems dang*/_gnyen la byams sems byed pa 'di 'khrul snang yin/_rmi lam dang 'dra snying po med bsam nas blo sbyangs na dgra la sdang sems mi dgos pa 'gyur/_'di shin tu gal che 'jig rten tshe 'di'i zas gos nor bud med thob go sa snyan grags chen po thob dgos 'dug_/thob pa'i thabs shes ji ltar byed/_ngas 'gran zla mi 'di la pe shag 'di tsam 'dug_/grogs po 'di tsam 'dug_/nga de las lhag pa gcig dgos/_nga da snga khang pa dang sa cha 'di lta bur bsdad/_da de las lhag tsam dgos sogs bsam mno mang po ma gtong*/_da lta las ka mang la phyis sdug bsngal che ba yin/_da res mi lus thob/_bla ma dang mjal/_chos thos pa 'di lha'i dbang po brgya byin du skyes pa las skal pa bzang chos brtan po zhig 'grub na tshe rabs thams cad du skyid po yong*/_lto gos thabs ma chags tsam gyis chog bsam/_mdor na 'khor ba'i bya ba thams cad che bzhag chung skyur gang thub gyis/_sgrub khang 'dir bsdad tshad skyabs 'gro'i sdom pa ma thob par ma sdod/_khyim pa yin yang sgrub khang lo gsum sdod ring pho mo mnyam du ma sdod/_sgrub khang du sdod ring gos gzan sham gyon dang dgos pa dang phan yon tshad med yod/_skyabs sdom thob nas gzan sham gyon chog pa sangs rgyas kyis gsung yod zhu/_snying rje ni/_spyir rang re rnams chos sgor zhugs nas chos byed pa de theg pa chen po yin/_theg pa chen po'i nyams len ni snying rje kho na yin/_snying rje yang dag pa zhig med na sangs rgyas kyi go 'phang thob thabs gtan nas med/_'khor ba'i sems can thams cad rang don gces par bzung*/_gzhan don blos btang nas 'khrul pa yin/_da rang la zas gos longs spyod bde skyid dpal 'byor ji tsam thob kyang sems mi tshim/_gzhan la de dag cung zad sprad kyang chen po yin bsam pa de phar bzhag nas/_rang gces par 'dzin pa'i tshab tu gzhan tshur zhog_/gzhan blos btang ba bzhin rang gi don gces 'dzin de skyur/_lus ngag yid gsum gyi dge ba ci byas kyang thog ma nyid du sems can thams cad sangs rgyas thob pa'i thabs yin bsam pa'i rnam rtog zhig thog mar dran dgos/_chos byed pa la kun slong gtso che ba yin/_kun slong sems can thams cad kyi don du yin bsam nas phyag gcig 'tshal ba dang*/_yig brgya tshar gcig bton pa'i dge ba de rang sangs rgyas ma thob bar dang*/_'khor ba'i sems can ma zad bar du zad pa med/_sems can thams cad kyi don du yin/_bsam mno ma btang na phyag 'bum dang*/_yig brgya 'bum bton na 'bras bu gcig smin nas zad 'gro/_khong khro gcig skyes na dge ba 'phrog brlag tu 'gro ba'i gnad go dgos sems can thams cad kyi don du yin bsam na sems can rgya che ba ltar dge ba yang rgya chen po yod/_sems can sdug bsngal med pa gcig kyang med pas sems can gyi sdug bsngal de che chung gang yin kyang rang la byung na ci 'dra 'dug sdug bsngal de med pa'i thabs gang 'dra bsam mno mi 'char ba'i thabs med pa bzhin sems can gyi sdug bsngal myong ba dran nas sdug bsngal dang bral 'dod kyi snying rje yang yang skye ba la 'bad/_snying rje skyes na gzhan phan ngang gis 'byung bas bdag cag gi ston pa 'di byang chub sems dpa'i skabs snying rje shin tu che bas rang re'i don du smon lam lnga brgya btab mdzad pa yin/_rang re rnams byang chub sems dpa' de'i rjes 'jug yin pas nyams len gyi rtsa ba snying rje dgos/_snying rje legs po zhig skyes na phan yon tshad med pa kun bzang bla ma'i zhal lung dang*/_spyod 'jug tu rgyas pa yod pas ltos/_sems ngo lta zhes pa de da lta rang re'i rnam rtog mi dran dgu dran 'di stong pa yin lugs shes dgos/_da lta sems zhes pa 'dis rang g.yog bkol te 'khor bar 'khyams pa red/_da rang gi sems phar g.yog bkol thub pa zhig dgos red/_g.yog bkol thabs la sems stong par shes na las sla po red/_sems stong pa red bla mas gsung snyam pa dang*/_dpe cha nang stong pa red gsung snyam pas de go ba red pas de'i 'khrul snang stong pa la mi phan/_kha nang du bskor/_sems lhod kyis klod/_bsam mno thongs dang rnam rtog gcig ma red/_rnam rtog mang po red/_dper na nga'i a ma bsam na rnam rtog gcig red/_des rkyen gyis nga'i a mas byams po byas pa sogs rnam 'gyur dran gyi red/_a ma shi med na a ma rtsar 'gro bsam pa dang*/_shin sems skyo gi red/_de chags sems red/_nga'i dgra bo des sngar gnod pa 'di lta bu byas/_da dung yang byed nges/_da kho med thabs shig dgos bsam na sdang sems red/_chags sdang de gang las byung bsams na nga zhes pa zhig yod par 'khrul pa las byung ba red/_nga de lus la 'dug gam/_sems la 'dug_/lus sha khrag rus pa pags pa rnams so sor phye na lus zhes pa gtan nas med pas nga gang du gnas/_sems kho rang dngos med yin pas nga gang la gnas/_don la nga zhes pa'ang rnam rtog yin/_rnam rtog la gnas sa gnas mkhan mi 'dug kyang rnam rtog sngon ma a ma bsam pa de'i nus pas/_a mas nga byams po byas bsam pa de dran/_des a ma dang 'phrad dgos bsam pa de shar ba red/_zhib tu ltos dang a mas byams po byas bsam dus/_sngon ma nga'i a ma bsam mkhan de bsdad yod ma red/_de 'das pa red/_yang nga a ma rtsar 'gro dgos bsam dus de ma 'ongs pa red/_de skabs a mas byams po byas bsam pa da lta'i rnam rtog de yod ma red/_a ma rtsar 'gro dgos bsam pa'i ma 'ongs pa'i rnam rtog des da lta'i rnam rtog gnas 'gyur song red/_des na dus gsum gyi rnam rtog de gcig tu bsdad gi ma red/_brda sprod byed tsam du dus gsum btags pa red/_'das pa ni mi shi ba lta bu red/_ma 'ongs pa ni gtan nas med pa zhig de gnyis la ma ltos pa'i da lta'i rnam rtog gcig yod ma red/_ngas a ma ma dran gong da lta'i rnam rtog de ma 'ongs pa red/_a ma dran dus da lta red/_a mas nga byams po byas bsam dus 'das pa red/_rnam rtog gcig dus gsum du 'gyur 'gro ba de mi rtag pa'i rtags red/_mi rtag pa de stong pa red/_stong pa yin pa de dus gsum du 'gyur chog red/_dper na me long gi ngos de stong pa yin pa'i dbang gis gzugs brnyan shar chog red/_skyes bu'i bzhin me long du shar dus skyes bu dngos 'dra ba zhig gi gzugs brnyan yod kyang shar bzhin pa'i skabs der skyes bu'i gdong me long gi phyi nang gang na'ang yod ma red kyang me long dwangs pa dang*/_skyes bu'i gdong 'phrad pa'i rgyu rkyen gyis gdong shar ba red/_gdong gi gzugs brnyan dang gdong dngos gnyis gcig ma red ste gzugs brnyan ni bem po red/_gzugs brnyan yal na gdong dngos yal gi ma red/_gdong la mes reg na tshig gi red/_gzugs brnyan mes tshig bya yod ma red/_so so ma red ste skyes bu'i gdong med na gzugs brnyan kyang shar ma red/_skyes bu'i bzhin 'dzum khro gang byas kyang gzugs brnyan kyang de bzhin byed gi red/_rgyu mtshan de dag gis rnam rtog dang gzugs brnyan gnyis ma brtags/_ma dpyad na yod pa ltar snang gi red/_brtags na snang bzhin pa'i dus nas kyang med lugs de ltar red/_der ma zad 'khor ba'i 'khrul snang thams cad ma brtags na yod yod 'dra ba/_brtags dpyad byas na med pa 'di ma brtags nyams dga' zer ba de red/_de'i go ba tshugs thub pa zhig skyes na myong ba gsungs/_de la yang yang goms na chags sdang gi rtog pa gang skyes kyang sems bsgul bskyod mi thub pa byung na rtogs pa gsungs/_de ltar yang yang brtags shing dpyad pas rnam rtog de med bzhin snang*/_snang yang dum dum zhig yin pa shes dus gsum gyi rnam rtog de ming tsam las med lugs shes na ngas a ma bsam/_a ma'i byams pa'i rnam 'gyur bsam dus da lta nga a ma rtsar song na a ma la phan pa ci yod/_a ma mo rang lto gos mo rang gis bsgrubs pas ma tshad nga yang lto gos kyis gsos pa red/_ngas lto gos zhig bsgrubs na tshong sogs las ka zhig dgos/_las ka de'i don du chags sdang dang rnam g.yeng mang pos nga yang chos la bar chad 'ong gi red/_de bas da res chos ci nus zhig byas nas dge rtsa a ma la bsngos na a ma skye 'chi bar do'i sdug bsngal la phan gi red/_'jig rten lugs kyi a ma la zhen chags de bzhag na dga' 'dug a ma la lto gos kyis phan btags mkhan phru gu gzhan yang yod chos kyis phan btags mkhan mi yong 'dug bsam dang a ma dran nas tshugs thabs med pa'i rnam rtog gi shugs de bshig thub/_de'i mtshon te dgra la sdang sems kyang zhog_/dang po chags sdang bshig pa cung zad dka' yang*/_yang yang bshig na las sla ru 'gro/_chags sdang bshig thub na las mi bsags chags sdang bshig shul de ma bcos pa ltos dang sems kyi ngo bo de yin/_rnam rtog mang po ma skyes na sems ma yeng pa ltos/_rnam rtog mang po skyes na snga ma ltar brtags shing dpyod/_de 'dra yang yang goms pa la rang sems rang gis rgyus lon te ngo shes 'ong sems rnam rtog mi 'phro ba'am/_'phros kyang rnam rtog la shugs med na sngar ltar brtags dpyad mi dgos/_sems bcos med tsam du skyongs dang chog_/chags sdang gi rnam rtog bzlog mi thub pa byung na dpyad pa yang yang gyis/_rnam rtog skyes tshe rnam rtog 'di sgom la yod mi rung*/_da rnam rtog mang po skye gi red bsam pa'i dogs pa ma byed par dge sdig gi rtog pa de'i ngo bo la ce re ltos dang rnam rtog la shugs med pa lhod de 'gro/_de'i ngang tshugs ma shor ba sems lhod nas ltos dang rnam rtog rang yal du song nas rnam rtog gcig rjes gnyis mthud mi byed pa byung na rim pas rtog tshogs grol thub yong*/_sems ngo lta dus sngar dang mi 'dra ba'i rtogs pa mtho ting nge ba dang*/_gsar pa zhig mthong ba'i re ba ma byed/_sgom mi shes pa'i dogs pa yang ma byed/_rang sems ma bcos pa 'di ka sems ngo yin bsam ste de ma yengs tsam du mnyam bzhag rjes thob thams cad skyong ci thub gyis zhu/_lo zla kha shas kyis rtogs pa skye 'ong ma bsam/_yon tan skyes rung*/_ma skyes rung 'di phyi bar do'i nyams len 'di la nyin mtshan bar med du brtson 'grus byed bsam snying rus gyis/_chos rgya chen po thob pa las kyang gnad nyams su len pa gal che bar shes par gyis/_spyir khrid yig kun bzang bla ma'i zhal lung la ltos/_de dang mthun pa zhig i 'byung mi 'byung blta/_de dang mi mthun pa'i rkyen yod na bcos/_cung zad mthun pa byung na yar rgyas i 'byung ltos/_chos yang dag zhig 'grub pa'i re ba gyis/_mched grogs nang mi mthun pa ma byed/_mdor na lus ngag yid gsum chos la bkol gang thub kyis dang phran lan gcig sleb nges byed 'ong zhu/_chos mthun gyi bsam pa 'grub pa'i skyabs 'jug smon lam ni rtag par ma brjed par yod zhu/__!__mkhyen gnyis ye shes gter mdzod 'jam dpal dbyangs/_/khyed kyi thugs dbus 'bral ba med bzhugs nas/_/bstan 'gro'i don chen mdzad pas mkha' khyab 'gro/_/srid zhir mi gnas byang chub cher 'god shog_/dal ba'i rten rnyed thar pa'i rgyal mtshan bklubs/_/sdom gsum yon tan yar zla ltar rdzogs nas/_/nges gsang bstan la bya ba cher mdzad pa/_/pad+ma dbang gi rgyal po lta bur mdzod/_/nges 'byung bzang pos thugs rgyud zhi zhing dul/_/gzhan phan thugs kyis bstan la gang phan brtson/_/khyad par snying po bstan pa'i lta sgom spyod/_/tshul bzhin nyams blang don brgyud thob par mdzod/_/phyi tshul kun dang mthun pa'i mdzad spyod gtsang*/_/nang du rang lugs chos la thos bsam sgom/_/gcig tu dril ba rig 'dzin gong ma bzhin/_/don gnyis mtha' ru phyin pa shin tu gces/_/de ltar rang la med kyang sdon byon gyi/_/dam pa'i gsung bzhin snying por gdams pa 'di/_/zhabs pad brtan zhing phyi nang bar chad zhi/_/bkra shis snang bas sa gsum khyab gyur cig_/ces pa'ang gzim 'gag mchog sprul rin po che'i bka' bzhin rgan po mang+ga las phul ba dge legs 'phel/__!__rten dal 'byor thob pa don yod phyir/_/gnas dben par zhugs pa dga' spro che/_/sems ma bcos rang ngo skyong ba la/_/dngos mtshan ma med pa'i stong pa de/_/don chos sku spros pa bral ba yin/_/stong rkyang pa min pa'i 'od gsal de/_/mdangs rang bzhin gsal ba longs sku yin/_/stong gsal ba tha dad med pa de/_/rtsal thugs rje kun khyab sprul sku yin/_/stong gsal ba zung 'jug gang yin kyang*/_/blos 'dzin pa med na rig pa yin/_/pha bla ma'i thugs dang rang gi sems/_/don gdod nas dbyer med shes pa'i ngang*/_/yid mos gus gdung bas gsol 'debs bzhin/_/dus kun tu nyams len snying po mdzod/_/de'i ngang nas nges 'byung rgyu 'bras zhib/_/dge bsags sbyang 'gro ba'i don du bsngos/_/snying rje ba'i sems can yid la bcang*/_/blo bag phebs ngang du bzhugs par zhu/_/tshul de skad rgan bu'i lhag bsam gyis/_/tshig thos pa gdams ngag tshul du phul/_/tshe sgrub pa mtha' ru phyin pa dang*/_/nyams rtogs pa'i rgyal sa zin par smon/_/zhes pa 'di'ang mang+ga las so/__!__rje skyabs gsum dbyer med rin po che/_/pha drin chen bla ma snying nas dran/_/khyed yun ring 'dris pa'i chos kyi grogs/_/rje mda' stong sprul skus glu longs gsung*/_/mda' ltong dmar 'ben la ma phog na/_/rno mde'u legs kyang stong skad yin/_/rtsal shugs ldan mda' mo rno lags kyang*/_/gzhu med na mda' mo 'phye bo yin/_/gzhu mchog dkar rgyud dang ldan lags kyang*/_/mi rtsal ldan mtheb mdzub grogs po dgos/_/rkyen de dag lhan cig ma tshogs na/_/mda' skad grags che yang phan pa med/_/dpe de bzhin mda' mo ltong dmar de/_/khyed sprul sku tshul khrims ldan pa yin/_/mdel rnon po mtshon cha ngar ma de/_/thugs skyes sbyangs shes rab rno ba yin/_/gzhu mchog dkar rgyud dang ldan pa de/_/chos thos bsam yang dag mdzad pa yin/_/mi mtheb mdzub rtsal dang ldan pa de/_/grogs mtshungs med dge ba'i bshes gnyen yin/_/khyed de dag thams cad tshogs pas na/_/'ben gnad la phigs na mda' mkhan yin/_/'ben bdag 'dzin 'gong po phung rgan 'di/_/da gar yod tshol la mda' zhig rgyob/_/kho stong nyid mda' mos gnad phigs na/_/dgra dug gsum mkhar rdzong zhig ste 'ong*/_/byams snying rje'i pha nor thob ste 'ong*/_/nyams rtogs pa'i rgyal sa zin te 'ong*/_/mtshan sprul skur grags pa don dang ldan/_/sku sha rgyas gsus khyim nor bus gang*/_/mi'i mthong ngor lha g.yag ltar 'gying kyang*/_/dgra rnam g.yeng bu mo bslu khrid mkhas/_/dkor nag po'i bza' btung dug dang 'dra/_/mda' gas chag byung na rno shugs med/_/rtsal rgod sgro byi na dbyug pa yin/_/mdel 'khor ba'i 'dam du zug nyen che/_/gnad de bas sdom gsum ma nyams pas/_/chos thos bsam sgom pas sku tshe 'da'/_/nyams rtogs pa'i lta dgongs gding thob phyir/_/las bshad dang sgrub pa spel ma mdzod/_/gnas dben pa'i ri sul pha gzhis bcol/_/tshe yod pa stong zad ma bcos zhu/_/mi rang la med pa'i glu snyan 'di/_/kha so phreng med kyang zhu 'dod byung*/_/ngag snyan po med kyang lag pas bris/_/'dris che bas ci dran zhus pa yin/_/thugs dbus su sbos shig sprul sku lags/_/ngag smras pa don ldan mdzad nas kyang*/_/dpal don gnyis lhun grub bkra shis shog__!__kyai grogs sngon nas sbyangs ba'i rigs sad pas/_/dang po 'jig rten ma zhen chos la mos/_/'bri klog brda dag rtsis la ma zhen par/_/mtshan ldan bla ma'i snying po'i gdams ngag gis/_/gnad la skom pas chu gdung bzhin du gyur/_/'dir snang bya ba btang nas sbas tshul mdzad/_/thos bsam sgom pa'i yon tan nor bus phyug_/chos kyi grags pa chos kyi dbang po dngos/_/tshe rabs las kyi bla ma'i zhabs la bsnyegs/_/mi phyed dad pas sgo gsum ngal dub la/_/ma ltos mnyes pa gsum gyis brtag tu bsten/_/zab lam bdud rtsi 'tsho ba ma chad par/_/pha yi bu bzhin bskyangs nas rjes su bzung*/_/dri med blo gros rgya mtsho'i 'jings zab pas/_/mdo sngags spyi dang khyad par lta ba'i gnad/_/khong du chud nas yid dpyod las 'das pa'i/_/ye shes brda ston tsam gyis nyams su myangs/_/stong ltar ma zhen zab gsal ye shes rtogs/_/chad mthar ma lhung 'bras bu lhun rdzogs mthong*/_/tha snyad tsam min nges don dgongs pa'i srog_/rang byan tshud pas thos bsam sgom mthar phyin/_/phyi tshul kun spang dam chos 'ba' zhig tshol/_/nang du rtogs pas rgyud grol byang sems 'byongs/_/gzhan phan shing rtas rtag tu chos smra ba/_/khyod 'dra'i skyes bu deng sang nyin skar tsam/_/bod khams mtha' mi'i rgyal bstan nyams nyes tshe/_/rgya mtshor don mang grub pa'i ded dpon bzhin/_/chos 'byor sprin bzhin 'khrigs pa'i lho ljongs su/_/byon nas rang gi legs pas sa steng brgyan/_/khyod kyi yon tan snang bas yid bsgul nas/_/rgyal blon 'bangs bcas dbul pos nor rnyed bzhin/_/dga' gus dad pas gzhung lugs rab 'byams kyis/_/seng+ge'i sgra yis khyab cing spel bar mdzod/_/yid bzhin nor bu byi dor byas pa ltar/_/sgom pa'i 'od snang thugs nas gsal ba'i phyir/_/dben par sgrub pa'i srog mkhar tshugs pa yis/_/mang thos nags su gyi na'i ngang tshul ston/_/mdor na rang don rtogs pas rgyud grol zhing*/_/thugs rjes gzhan sgrol chos kyi bshes gnyen rjes/_/rang tshul gsung mchid ched du bstsal ba de'i/_/bdag blo dga' mgu rang pas khyod la 'dun/_/rgyal bstan 'od stong drwa ba ma nyams pas/_/chos 'dod mang yang chos bzhin spyod pa dkon/_/dngul chu sar lhung lta bu'i khyod tshul 'dis/_/bdag yid rab dga'i sa bzhin dad spro brtas/_/bdag ni mtshan ldan bla ma ma yin kyang*/_/brgyud gsum rig 'dzin rgya mtsho'i pha 'bab de/_/khyod la gtad pas don dang ldan snyam nas/_/gu yangs blo bde'i gtam 'di gsong por smras/_/sku na smin yang dam chos 'chad nyan la/_/skyo ngal med pa dam pa'i rang gshis phyir/_/sku tshe'i rgyal mtshan mi nub rtag brtan phyir/_/shis pa'i bden tshig mi brjed rtag par smon/_/de skad mdo smad chos kyi dga' tshal nas/_/mkhas grub du ma'i gces phrug mang+ga las/_/drang por brjod pa'i gling bus khyod dgyes nas/_/tshe rabs kun tu mi 'bral 'grogs par smon/_/bla ma nor bu dbang phyug la gdams pa'o/__!__kwa ye dngos grub dge slong gzugs can khyod/_/kha snyan bod pa'i chos lugs byed bzhin du/_/ga ler pe shag thob pa'i re ba red/_/nga yis bsam don 'grub pa'i smon lam zhu/_/ca co ma mang a khu skal bzang lags/_/cha lugs gzan sham 'di la ma smad cig_/ja chang mang po mi dgos skyid po 'dug_/nya ma gso rgyu med pas gu yangs lags/_/ta la'i lo ma bzhin du gam gtsang zhing*/_/tha mal spyod pas khyim du ma bzhugs par/_/da lta ngo mtshar ldan pa'i tshul 'dug pa/_/na tshod gzhon pas bag yod mtha' 'khyol zhu/_/pa sangs lta bu'i thugs sems dkar ba'am/_/pha rol nyams la sad byed gang yin kyang*/_/ba glang lta bu'i ngo tsha med pa yi/_/ma rabs spyod pa byed snyam bdag la med/_/tsa ma ra bzhin khengs sems che ba dang*/_/tsha dbal mched pa'i 'dod pas gdung gyur na/_/dza ya'i bka' la dgongs nas bag yod mdzod/_/wa chu thang la lhung ba srid dogs yod/_/zhwa mo'i tog ltar bla ma dkon mchog mchod/_/za 'dod ma yin phyi mar bsam mno thong*/_/'a 'ur ma byed sems kyi dam bca' zung*/_/ya mtshan ban rgan la mo brgyab snyam zhu/_/ra ri bral ba'i ye shes spyan ldan rnams/_/la mo ma rgyab bar du gsol 'debs mdzod/_/sha khrag 'od du dengs pa'i nyams len gyis/_/sa mthar phyin kyang dad brtson mdzad pa bden/_/ha ha rtsed mo'i nang du don dam 'dug_/a ho chos kyi grogs por nang zhus yin/_/a mdo'i yul gyi sngags rgan khyed gsungs bden/_/ha la 'khor ba'i mtsho las thar gyur cig__/mang+ga las so/__!__rje sku bzhi'i bdag nyid rdo rje 'chang*/_/pha bka' brgyud grub pa'i khyu mchog gis/_/grogs skal ldan khyod la byin brlab nas/_/thugs dgongs brgyud ye shes 'pho bar shog_/yab grub brnyes dam pa'i rigs su 'khrungs/_/sku chung ngu'i dus nas chos blo ldan/_/rje gong mar dad mos mi 'gyur bas/_/don sgrub la brtson de bdag kyang rang*/_/tshe mi rtag shing kha'i byi'u 'dra/_/dus mi rtag glog zhags ltar gyur nas/_/lo re re bzhin du zhag brgya re/_/mtshams bzhugs na shin tu legs snyam mchis/_/gnas 'du 'dzi med pa'i sa phyogs su/_/gnad nyams len zhag brgya mdzad pa dang*/_/khyim 'du 'dzi'i nang gnas lo gcig la/_/chos dge sbyor byas pa e mtshungs gzigs/_/bdag shi nye 'du 'dzi'i g.yeng bzhin du/_/mi gzhan la dge bskul ngo gnong yang*/_/yid blo snying gtad pa'i chos grogs la/_/sems lhag bsam dkar po'i zhus pa lags/_/khyed grub thob kyi gdung brgyud yin dang gcig_/thugs chos la mos brtson che dang gnyis/_/bdag bla ma'i zol gyis bskul ba'i mthus/_/dgra chos brgyad mchil ma'i thal bzhin bor/_/sems 'khrul rtog sangs pa'i ye shes rgyas/_/dpal o rgyan DA ki'i tshogs gral du/_/ngo shes bzhin 'phrad pa'i rten 'brel zhu/_/mi rgan po'i glu la cho med kyang*/_/nyams dga' ba'i chos mdzad dgyes nyams nas/_/'bu'i sug rjes lta bu'i a k+Sha ra/_/rdzas bdud rtsi chos sman bcas te phul/__!__sgrub brtson phrin las blo gros lags/_rdo rje gsum gyi bsgrub gzhi phra ba'i rtsa thig rlung gsum zhes mtshon byed tsam du ming btags pa las/_don du rang rig ye shes la bde gsal mi rtogs pa'i ye shes gsum ldan de la ngos 'dzin dgos pa 'dra/_lus la sgom pa sogs kyi skabs d+hU ti mtshan nyid bzhi ldan dang*/_a haM sgom yang 'gal ba med de sangs rgyas kyi ye shes chos nyid stong pa yang gdul bya 'dul phyir longs sku zhi khro sgom pa dang 'dra/_dga' bzhi 'di la zag bcas zag med sogs kyi dbye ba mang po gsungs kyang don du 'bar 'dzag sgom pa'i skabs thig le 'khor lo bzhi'i gnas bzhir son pa'i skabs bde nyams skyes pa la bde ba'i rang ngo bltas pas rang rig gi lta bas rgyas thebs te bde nyams 'char mi 'char la/_chags zhen med pa rang rig gi lta ba je gsal gyi grogs su 'gro ba la go na rung snyam dang*/_stong bzhi dngos de dbu mar zhugs gnas thim gsum dngos su byed pa'i skabs blos bcos pa ma yin pa'i stong nyams zhig rang sems la dang por skyes pa stong pa/_de rgya je cher song ba la stong pa gzhan gsum skye rgyu yin snyam go_/don snying dbu ma zhes pa de phyag rdzogs kyi lta ba ngo sprad pa'i stong cha nas gzhal na mtha' gang du ma lhung ba de don gyi dbu ma yin la/_de rtogs pa'i thabs su lus dbus dbu ma/_yar mar gyi snar a haM bsgoms nas 'bar zhu bde bas drangs pa'i mi rtog pa'i nyams kyis bogs 'don par byed pa ste/_spyi bo nas khams zhu ba de sku rdo rje/_de 'khor lo bzhi brgyud pas bde ba skyes pa de gsung rdo rje/_bde bas mi rtog pa'i ye shes rgyud la drangs pa de thugs rdo rje gsungs pa la/_sku rdo rje'i bum dbang*/_gsung rdo rje'i gsang dbang*/_thugs rdo rje'i sher dbang*/_ye shes rdo rje'i dbang bzhi pa bskur zhing*/_zhu ba'i lam rang lus/_bde ba'i lam gzhan lus/_mi rtog pa'i lam grol lam/_mthar thug phyag chen sogs kyi rnam bzhag mdzad la/_don du rang gnas rig pa'i bzhugs tshul de legs par mthong na de'i lta ba'i rlabs kyis 'bar 'dzag sogs la khyab pa byung na lam myur zhing*/_don gyi ye shes kyi rtsal 'dren pa la dpe'i 'bar 'dzag gi thabs zab pa'i khyad chos thon pa las/_rang rig gi nyams myong tshad ldan ma skyes pa'i steng dbu ma rtsa sbubs zhig_/khams dkar dmar rags pa 'dzag bde la sngags lam du zhen pas sa chod chung ba zhig min nam snyam 'dug pa rnams rang gi gang thos thad kar zhus pa ste dus kyi tha ma 'di lta bur yang sgrub brtson zab lam nor 'khrul med pa la thugs gzhol ba snying nas dga' spro che zhing*/_skal ba bzang por gyur pas rjes su yi rang dang bcas rgan bus 'brug skyer chu'i ldum khang nas zla 4tshes 21la gus phul/__!__kun khyab chos sku'i bla ma bde gshegs snying*/_/'du 'bral med pa rang gi sems la yod/_/thos bsam sgom pas gsol ba yang yang thob/_/gzhi 'bras dbyer med ngang nas mjal bar nges/_/kun rdzob chos sgo 'dren pa'i bla ma yang*/_/mos gus can la 'bral med spyi bor bzhugs/_/thod pa bor chog brtson 'grus ma lhod pas/_/the tshom spongs la gsol ba yang yang thob/_/'chi ba'i dgra chen nam 'ong cha med yin/_/de las skyob pa'i bla ma snying dbus bzhugs/_/yengs med ngang nas gsol ba rgyun par thob/_/rang ngo shes pas grol bar nges pa yin/_/bar do 'od gsal chos nyid bla ma de/_/rang ngo shes na snang mun mtshams su bzhugs/_/dgongs pa 'pho 'gyur med pas gsol ba thob/_/gzhi lam ma bu 'dzom pa soms nyi bral/_/skye 'chi bar do blo yis btags pa tsam/_/nges pa'i don la bla ma sku gsum yin/_/rang ngo shes na rang sems chos nyid dang*/_/'bral ba med pas nyams len gsol ba thob/_/rnam rtog tshab tshub lhod kyis bzhag na yal/_/bcas bcos mang na lhag par gu dog byed/_/bag yangs ngang nas blo bde'i mal na sdod/_/skyid pa'i nyi ma sems la shar bar nges/_/de skad chos dbyings dad ldan mas bskul ngor/_/rgan po mang+ga la yis brtse bas gdams/_/dge bas sems rgyud chos la 'byor nas kyang*/_/tshe dang sgrub pa mnyam pa'i smon lam zhu/__!_chos nyid zab mo yon tan rgya mtsho'i khams/_/chos can sku sngar shar ba'i 'khor lo'i mgon/_/chos mchog bstan pa'i rgyal mtshan 'dzin pa'i bshes/_/chos rje bla ma'i zhabs la gsol ba 'debs/_/dgongs brgyud 'pho ba'i rtogs pas rang rgyud grol/_/thugs rje'i shing rtas gzhan rgyud srid las sgrol/_/mthong thos dran reg gdod ma'i rgyal sa ru/_/'dren pa'i stobs nus rtsal du rdzogs par mdzod/_/ces pa'ang dad ldan dge ba d+harma d+hA tu b+ha dras bskul ngor rang nyid kyis bris pa 'brel tshad don ldan du gyur cig__!__tshig bdun bla sgrub thon la gu rur gsol ba thob/_/rang sems ma yengs skyong ba dge sbyor snying po yin/_/nges 'byung 'chi ba mi rtag gzhan phan snying rje sgoms/_/gdams ngag phul ba ma brjed nyams len gnad du dril/_/myur du 'phrad smon dang bcas dil mkhyen rgan bus phul/_/chos dbyings chos bzhin spyod pas rgyud dul shog__!__rang rig stong gsal 'di'i rtsal bde gsal mi rtog pa'i ye shes gsum rang snang du ngo shes na sku gsum gyi ye shes yin kyang*/_rang snang du ma rtogs pas bde gsal mi rtog pa'i rgyun je rags la song ste dug gsum khu rdul rlung gsum/_rdul mun snying stobs sogs ming gi rnam grangs rgyud sde so so nas mang po gsungs kyang chos dbyings shin tu zab pa'i dbyings su blos bcos pa ma yin pa'i ye shes gsum ldan gyi mkhyen cha 'gag pa med pa rdo rje gsum mam/_gnyug ma'i sgo gsum ste mtshan bcas mtshan med kyi rdzogs rim gang bsgoms kyang 'di mngon du byed pa'i gnad la song na lam mtshan nyid pa zhig tu 'gyur ba'i gnad shes pas/_rtsa rlung thig le'i stong ra 'bar 'dzag sogs skabs su gang bab khrid gzhung ltar gsal ba thams cad rang rig 'jam dpal khro chu dug gdong gi lhan skyes ye shes gcig gi cho 'phrul du go bas thog mtha' kun la de'i ngang las ma g.yos pa byung na rlung rig sems gsum byed pa gcig tu 'gyur zhes mtshan brjod par dka' ba'i rigs kyi bdag po'i zhal las thos pa lags so/_/bde chen gar dbang bzhad pa spyan ras gzigs/_'od gsal ye shes rab byung 'jam dpal dbyangs/_/rnam par mi rtog ye shes gsang ba'i bdag_/gcig 'dus many+dzu shrI khros pa'i gar/_/mi shigs rdo rje'i khro chu zhun ma'i sku/_/mthar byed mthu stobs rtsal 'bar dug gi gdong*/_/rtogs na rang byung gnyug ma'i thig ler bzhugs/_/rang byung rang ngo shes pas nyams len mdzod/_/bkra shis mi zad 'byung ba'i rdo rje'i gnas/_/bshad sgrub 'dus pas rjes su bskyangs ba'i ljongs/_/'jam dpal grub pa'i zhing gi mdzes rgyan du/_/gyur nas 'gro 'dul phrin las mthar khyab shog__!__a ho/_rgyal kun ye shes gcig bsdus many+dzu shrI badz+ra'i/_/phrin las bdud bzhi mthar byed rigs gsum kun 'dus gzugs/_/dpal chen khro chu dug gi gdong pa rab gnag pas/_/blo gros rdo rje'i ye shes snang ba ches byin rlobs/_/stong chen dug gi thig le'i srid zhi kun za byed/_/rdo rje'i bde ba'i gar ldan gnam lcags kyi khro chu'i/_/nag phyogs rtsa sbur bsregs pa'i khro rgyal gyi dpal la/_/smon cing 'dun pa'i sgrub brtson rnal 'byor pa a ho/_/stobs chen dbyings 'dis ma 'khyud 'khor 'das chos med kyang*/_/rang bzhin mtshan mar mi gnas rnam kun gyi mchog ldan/_/rgyal bas chos phung brgyad khri'i 'phro gzhi 'di'i don kun/_/chos nyid so so rig pa'i spyod yul du grags so/_/stong nyid de'i gzugs rig ldan mtshan rdzogs kyi dpal mo'i/_/chu skyes ka kA mu kha'i byed las kyi rol pas/_/las rlung gya gyu'i me lce d+hU ti'i klong bcil ba'i/_/bde mchog zla ba 'dren pa'i kha lo pa rmad byung*/_/phyang chad dgag bya bcad pa'i stong rkyang du ma 'phyan/_/mchog tu mi 'gyur bde chen 'od gsal gyi nyin byed/_/kun shes kun rig mkhyen gnyis lang tsho'i rtsal rdzogs pa'i/_/sgyu 'phrul dus kyi dgra chen yA ma ri rmad byung*/_/de ni rgyal kun thugs sim ye shes kyi sems dpa'/_/rnam 'gyur mthar byed khrag 'thung ma lus pa'i rje btsan/_/sras bcas rgyal ba'i rnam thar khyod gcig la rdzogs pa'i/_/thabs kyi dpa' chen sgyu 'phrul dgyes dgu yis rtsen snyam/_/gnyis med ye shes rdo rje nam mkha' yi gzugs can/_/rnam bcas rdo rje khams drug phung po la chags tshe/_/bcu gnyis 'pho ba'i dbus gnas sprul pa yi 'khor lor/_/gshed rigs 'dul byed las kyi gshin rje yi gzugs bstan/_/nyi zla'i bgrod pa gzung 'dzin rgyu ba ru phyogs kun/_/dus me'i zhal du rngubs pas gnyis med kyi mkha' la/_/mun pa chen po 'jam dpal khams gsum kun za byed/_/rjes chags dga' bzhis myos pa'i ma dA na rol mdzod/_/ye shes mchog 'di bzhugs tshul phyogs tsam yang ma mthong*/_/lha sngags nus pa'i gdeng tshad me stag tsam med bzhin/_/g.yon can grogs la chags tsam sngags spyod du khas len/_/chang 'thung 'phyor gos gyon pas sa steng phal gang 'dra/_/chos kun e klong za byed khams gsum gyi dus dgra/_/rtogs na mtshan rtog 'joms pa'i ye shes kyi pho nya/_/e rdzong zin pa'i rnal 'byor ngo mtshar can yod na/_/e ma rab dga'i do ha lhang lhang lhang sgrogs mdzod/_/de skad rang nyid ye shes mthong goms kyis dben kyang*/_/dam pa'i zhal lung bdud rtsi'i nying khu la rol pas/_/cha tsam go ba 'on pa'i rol mo zhig 'khrol nas/_/bkra shis gnas chen mkhas grub mchog rnams mdun chas song*/_/dam pas thugs kyis mi khrel nang lugs kyi dam gtsang*/_/'gyur med dad gdung mos pa'i ca co ru dgongs nges/_/dpyod ldan gle ming blo gros klad dmar gyis byas kyang*/_/so med rgad po khyod la skrag rgyu rang med do/_/de skad gang dran ma brtags byung rgyal gyi 'khyal gtams/_/mi rgan gtsos pa'i sug pa srin bu yi ri mo/_/lho ljongs 'brug ltar grags pa'i sman shing gi dbus nas/_/yud kyis phul bas dgyes pa'i gad mo'i rgyur gyur cig__!__srid zhi'i dge legs 'byung gnas rin chen gsum/_/skyabs kyi snying por bzung bar thog mar gces/_/tshe 'di don gnyer 'jig rten chos brgyad dang*/_/'khor bar nges 'byung 'chi ba mi rtag bsgom/_/thar lam rtsa ba mtshan ldan bla ma bsten/_/sdom gsum spang blang gzhung bzhin bag yod mdzod/_/dus kun bla ma'i rnal 'byor nyams len dang*/_/gzhan phan byang chub sems la blo sbyong gces/_/snga 'gyur bstan pa'i snying po sgyu 'phrul gyi/_/'chad nyan rgyud don nyams len ci nus mdzod/_/dge ba ci byas mkha' khyab sems can don/_/bsngo bas rgyas 'debs smon lam yang yang mdzod/_/ces pa'ang shAkya'i dge slong thub bstan 'jam dpal nas bskul ngor mang+ga las bris pa dge bar gyur cig__!__'jigs med gling pas gnas lugs rdo rje'i tshig rkang las/_thol gyis shar ba'i rnam rtog de:_hrig ge rig pa lhag mthong yin:_zhes pa de rdzogs chen gyi zhi lhag gnyis red ces bla ma tshos gsung gi gda' ba/_yul rkyen zhig gis dge sdig gang yin gyi rnam rtog glo bur ba chu las nya 'phar ba ltar skyes na/_sngon bsu rjes dpyod gang yang mi bya bar da lta'i rtog pa ke re ba de la bltas pas zhi gnas dang*/_ngo bo ngos bzung gang yang med cing*/_rang ngo rang gis rig tsam gsal la go ma 'gag pa so so rang rig pas nyams su myong ba de lhag mthong zhes btags kyang don la de gnyis so so ma yin tha mi dad pa de rig pa i mi yin snyam/_khrid gzhung kha shas las/_zhi lhag de gnyis la zhi gnas mnyam bzhag dang rjes thob lhag mthong kyi brdar yang btags snyam lags pas de'i thugs phan gso srid snyam/_gle ban la mi rgan gyis phrin brdzangs bris pa lags/__!__pha bla ma bka' drin can la 'dud/_/bu sems kyis sems la blta ba'i tshe/_/cir yang ma grub sa le ba/_/rang bzhin med pa'i stong pa nyid/_/stong yang 'dzin med kun la khyab/_/rang bzhin 'od gsal lhun gyis grub/_/gsal stong blo yis ma bcos pa/_/ris med kun khyab zang thal lo/_/kun la khyab cing kun la snang*/_/'dzin med gnyug ma khyab brdal dbyings/_/rang ngo shes pa tsam du skyongs/_/'di la nges pa'i gding thob na/_/skye 'chi 'khrul ba dbyings su dag_/chos nyid gdeng chen mngon gyur nas/_/gdod ma'i btsan sa zin par 'gyur/_/de skad rgan bu'i gang dran phul/_/rim gyis bka' mchid gnang bar zhu/_/rig stong bla ma 'bral med kyi/_/smon lam gsol ba yang yang zhu/__!__sems kyis sems la blta ba'i tshe/_/mthong rgyu med kyang sa le ba/_/ma bcos gu yangs lhod de'i ngang*/_/rang bab ma yengs tsam du zhog_/de las rnam rtog ci byung yang*/_/ma dgag ma sems rang ngo ltos/_/shar bas gshis la ma sgrib par/_/byung na shar yang de gar klod/_/'das pa'i rjes su ma 'brang zhing*/_/ma 'ongs rtog pas mdun ma bsu/_/thad kar phyi snod bral ba 'di/_/bzhi cha gsum bral zhes su grags/_/rnam rtog ngo shes ngang bskyangs na/_/skye 'gag gnas pa med bzhin snang*/_/snang yang gshis la phan gnod med/_/chos nyid rang bab rjen pa'o/_/rig stong zang ka rgya yan 'di/_/mnyam rjes kun tu lam khyer na/_/'khrul pa rang grol rtogs pa'i gdengs/_/myur du nges par thob par byed/_/grogs su bla ma rang gi sems/_/dbyer med thugs yid bsres pa'i ngang*/_/mnyam par bzhag cing dad mos bskyed/_/nges don chos sku'i rang zhal blta/_/khyad par mi rtag nges 'byung dang*/_/gtsang ma'i tshul khrims mig bzhin bsrung*/_/zab don snying po'i rnal 'byor la/_/rtse gcig brtson pa yal ma dor/_/thos bsam sgom gsum spel ma yis/_/gcig grogs cig gyur mthar thug gi_/gtan la phebs yul 'di yin pas/_/snying po'i don 'dir snying rus bskyed/_/de skad man ngag bdud rtsi'i snying*/_/dgyes pa'i mchod sprin dam pa 'dis/_/nges gsang rtogs pa nam mkha' ltar/_/khyed la 'khrungs pa'i rgyur gyur cig_/mang+galat+ta/__!__rig stong dbyings kyi gshin rje khro bo'i chu/_/'khrul snang srog rtsa gcod pa dug gi gdong*/_/rang byung gsang ba chen po'i dkyil 'khor du/_/bzhugs pa'i zhal bzang yud tsam mjal 'di rmad/_/kun nyon gnyis snang 'khrul pa'i dgra dang bgegs/_/reg pa tsam gyis za ba'i ye shes zhal/_/dus kyi dgra chen 'jam dpal ya ma ri/_/blo 'das dbyings nas dgyes pa'i gad rgyangs sgrogs/_/srid pa'i srog rtsa gcod byed shan pa che/_/gting ring gzhon nu bum sku'i lcags mkhar du/_/rol pa'i zhing khams chen por der phyin na/_/zang thal chos sku'i 'jam dpal mngon sum mjal/_/snang spyod ye shes 'khor lo 'char ba'i 'phrul/_/rim pa bzhi yi lam gyis bskor shes na/_/myur bde'i dpa' bo gzhon nu'i go 'phang la/_/phyin pa'i gseng lam ngo mtshar rmad du byung*/_/rgyal kun thugs dbus ye shes sems dpa' ste/_/rgyud lnga'i 'gro la kun khyab bde gshegs snying*/_/gnyis med chos nyid shes rab pha rol phyin/_/gzhon nu zur phud lnga 'dzin lha des srungs/_/de skad gang shar tshigs su bcad pa'i phreng*/_/sprang 'khyams sor mo'i dal gyis bstar ba yang*/_/phrin las blo gros mgul pa'i rgyan gyur nas/_/rigs gsum khro 'dus chen po mngon gyur shog_/bod zla bzhi pa'i tshes nyer gcig la/_tshigs bcad kyis zhus pa bzhin nges pa don gyi 'jam dpal shes rab rang byung gi sgron ma dbyings rig gi snang ba ste de la goms pas zag bcas 'khor ba'i 'khrul snang gi mun pa sel nus na nyid rang gi rtsa ba'i bla ma'i ye shes yin/_rang rig ka dag gi rig gdangs kyang yin/_/ming gang ltar btags nas ngos bzung yang don ye shes gcig las ma 'das pas rig rtsal mos gus su shar bas gsol 'debs kyang mdzod/_dbyings rig gi snang ba lhag pa'i lha ru shes pa'i rang ngo yul dang yul can gnyis med du sbyangs na rim gyis snang ba'i 'phel che zhing*/_re dogs zad pa'i rig pa gsal stong rtsal rdzogs pas nyams len la gdeng thob pa 'byung snyam bla ma dam pa rnams kyi zhal las thos pa lags so/__!__a ho/_mkhyen brtse phyi na mi bzhugs snying dbus kyi thig ler/_/dngos mtshan spros pas mi phyed ka dag gi gshis lugs/_/ye gzhi sangs rgyas kun gyi dgongs klong gi zhe phug_/ma bcos lta bas gtan 'bebs mos gus kyis skul mdzod/_/gzugs sku phyi na mi bzhugs lhun grub kyi ye gdangs/_/sku dang ye shes rgya mtsho'i khyab bdag tu bzhugs pas/_/rang ngo rang gis shes pa'i sgom pa yis skyongs dang*/_/skye 'chi 'pho 'jigs mtshan ma'i sems khrel yang mi dgos/_/bla ma phyi na mi bzhugs thugs rje yi ye sprul/_/brtan g.yo 'khor 'das kun la khyab brdal du bzhugs pas/_/tshogs drug bla mar shes pa'i mos gus kyi ngang nas/_/gang shar rang grol spyod pa la zla ru mdzod cig_/gdams ngag phyi na mi bzhugs rang byung gi shes rab/_/rtsol med chos phung brgyad khri'i brda ston du shar bas/_/yul snang dpe ru shes pa'i gnad gsang la dgongs dang*/_/tha snyad tshig rjes 'brang ba'i dpyad pa yang mi dgos/_/bla slob phyi ru mi bzhugs chos nyid kyi rang rtsal/_/ston 'khor dgongs pa dbyer med thig le gcig bzlum pas/_/gsol 'debs gang legs mang po'i spros pa de skyur la/_/thugs yid gcig tu 'dres pa'i mnyam bzhag gi gdengs chos/_/'khor 'das phyi na med do chos nyid gcig kho na/_/ma brtags nyams dga'i kun brtags sprin ris kyis zlos gar/_/bzang ngan spang blang bral ba'i mnyam bzhag gi gshis su/_/gdod nas 'pho 'gyur med pa'i dgongs pa la gding chos/_/de skad theg mchog rgyal po'i gsang lam la snyegs pa'i/_/rnal 'byor 'jam dbyangs rdo rje'i gsung bskul la brten nas/_/kha la rdzogs chen khyer pa'i mang+ga la'i gIrti/_/bde chen chos gling nyal ba'i srin rjes su gus phul/__!__'khor 'das 'khrul grol byed po rang gi sems/_/sems ni skye 'gag gnas bral stong pa'i gshis/_/gshis lugs ma bcos yengs med dran pas skyongs/_/nges don lta sgom spyod kun de la 'dus/_/zhes dad ldan ye zla'i ngor mang+ga las gdams pa'o/__!__rang rig nam mkha' mdung skor la/_/rkyen ngan ser bu'i phan gnod bral/_/gu yangs blo bde'i nyi ma la/_/re dogs bar chad ming yang med/_/ha ha/_shar pa bla ma ngag dbang shes rab la gnang ba'o/__!__bla ma ma brjed rtag tu gsol ba thob/_/rang sems ma yengs rang ngo rang gis ltos/_/'chi ba ma brjed chos la bskul ma thob/_/sems can ma brjed snying rje bsngo smon gyis/_/ces dad can kun bzang ngor mang+ga las so/__!__snod bcud mi rtag sgyu ma rmi lam 'dra/_/tshe 'di'i bya ba la'ang snying po med/_/'chi ba dran pas rtag tu dam chos sgrubs/_/rang sems bla mar shes pa'i gsol 'debs bgyi//__//

Footnotes

Other Information