མགུར་འབུམ་རྡོ་རྗེའི་གླུ།

From Khyentse Lineage - A Tsadra Foundation Project
Wylie title mgur 'bum rdo rje'i glu DKR-KABUM-03-GA-015.pdf
Location dil mgo mkhyen brtse bka' 'bum
Volume 3, Text 15, Pages 268-309 (Folios 1a1 to 42a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Mgur 'bum rdo rje'i glu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 268-309. Delhi: Shechen Publications, 1994.
Genre Vajra Songs - rdo rje'i glu
[edit]
ཁྱབ་བདག་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས་བྱིན་རླབས་བདུད་རྩིའི་ཆར་འབེབས་བཞུགས། ཨ་ཧོ། ཕྱོགས་དུས་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་ཁྱབ་བདག །ངོ་མཚར་རྣམ་ཐར་བསམ་མི་ཁྱབ་པ་ཡི་འབྱུང་གནས། །ཡབ་གཅིག་འཇམ་དཔལ་དཔལ་མགོན་བླ་མའི་སྐུར་བཞེངས་པ། །མཁས་གྲུབ་ཟླ་མེད་མཁྱེན་བརྩེའི་དབང་པོ་དེ་མཁྱེན་ནོ། །རྗེ་དེའི་ཡེ་ཤེས་པད་འབྱུང་བི་མ་ལ་དངོས་སྣང༌། །ཡོངས་རྫོགས་རྒྱལ་བསྟན་དབང་བསྒྱུར་འཇམ་དཔལ་གྱི་བཤེས་གཉེན། །སྙིགས་མའི་མུན་སེལ་ཕྲིན་ལས་འཛམ་གླིང་ཀུན་ཁྱབ་བརྡལ། །འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བློ་གྲོས་དེ་མཁྱེན་ནོ། །ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་ཤེལ་དཀར་བཟའ་དབྱེར་མེད། །རྡོ་རྗེའི་ཚེ་མཆོག་སྤེལ་བའི་ཕྱག་རྒྱ་རུ་བཞེངས་པས། །པདྨ་ཡེ་ཤེས་རྡོ་རྗེའི་དགྱེས་སྡེའི་ཚུལ་མཛད་པ། །མ་གཅིག་ཚེ་རིང་ཆོས་ཀྱི་སྒྲོན་མ་དེ་མཁྱེན་ནོ། །རང་བྱུང་སངས་རྒྱས་པདྨ་བི་ཛ་ཡས་རྗེས་བཟུང༌། །ཟབ་རྒྱས་བཀའ་གཏེར་རྒྱུད་ལུང་མན་ངག་གི་མཛོད་འཆང༌། །སྐྱེ་ཀུན་འཇམ་མགོན་དགྱེས་པའི་བཀའ་འབངས་སུ་སྨོན་པ། །འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དེ་མཁྱེན་ནོ། །མཁྱེན་ནོ་བླ་མ་མཁྱེན་ནོ་བདག་རྒྱུད་ལ་གཟིགས་ཤིག །དུས་ངན་སྙིགས་མའི་སེམས་ཅན་ལས་ངན་ལ་གོམས་པས། །ཐར་པའི་གོ་སྐབས་བྲལ་བའི་དམུས་ལོང་བཞིན་གྱུར་པས། །རེ་ས་གཞན་ལ་མེད་པའི་གདུང་ཤུགས་ཀྱིས་འབོད་དོ། །ཐོག་མེད་གོམས་པའི་འཁྲུལ་སྣང་ལྕགས་གོང་ལས་སྲ་བ། །ཡང་འཁྲུལ་སྙིགས་མའི་སྤྱོད་པའི་གཡའ་བྲེགས་ཀྱིས་བཏུམས་པ། །ཆགས་ཐོགས་བྲལ་བའི་བྱིན་གྱིས་སྨན་ཆེན་དུ་བསྒྱུར་ནས། །བློ་སྣ་ཆོས་ལ་བསྒྱུར་བའི་ཁ་ལོ་པ་མཛོད་ཅིག །ལྟར་སྣང་ངན་སྤྱོད་ས་གཞིའི་རྡུལ་ཕྲན་ལས་མང་ཀྱང༌། །ཆོས་བཞིན་སྤྱོད་པའི་བསམ་སྦྱོར་གསེར་བཟང་ལས་དཀོན་པས། །འཁྲུལ་སྣང་རྟོག་པའི་དྲྭ་བ་བཙན་ཐབས་སུ་ཆོད་ལ། །ཆོས་བཟང་ཐེག་མཆོག་ལམ་ལ་སྤྱོད་ནུས་ཞིག་མཛོད་ཅིག །བསགས་སྦྱང་བྱས་ཚད་ཚེ་འདིའི་ལེགས་པའི་རྒྱུར་དམིགས་ཤིང༌། །ལྟ་ལོག་ལྟ་ངན་རྗེས་སློབ་ཆོས་བརྒྱད་ཀྱི་འཆིང་ཐག །བཅད་ནས་རྒྱལ་བ་དགྱེས་པའི་ལམ་མཆོག་ལ་སྦྱོར་བས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྤྱོད་ནུས་སུ་མཛོད་ཅིག །སྣང་སྤྱོད་ཡེ་ཤེས་ཆེན་པོའི་འཁོར་ལོ་རུ་ཤར་ནས། །རང་རིག་ཡེ་ཤེས་བླ་མའི་བྱིན་རླབས་ཀྱི་ཉི་མས། །འཁྲུལ་པ་གཞི་ལ་དག་པའི་བཙན་ས་ཞིག་ཟིན་ནས། །སྐུ་གསུམ་བླ་མ་མཇལ་བའི་སྐལ་བཟང་ལ་སྦྱོར་མཛོད། །ཅེས་པའང་བསྟན་པའི་སྦྱིན་བདག་ཆེན་པོ་ལ་དཀར་སྲས་སྤྲུལ་སྐུ་བསོད་ནམས་རྒྱལ་མཚན་བཞེད་སྐོང་དུ་བླ་མའི་རྣལ་འབྱོར་དང་མཐུན་པའི་བླ་མ་རྒྱང་འབོད་བྲིས་ཞེས་ཆེད་བསྐུལ་བཞིན་རྒན་པོ་མགོ་དཀར་མངྒ་ལས་ཕ་རན་སི་བྱང་ཤར་མེ་ཏོག་གི་སྐྱེད་ཚལ་དུ་ཉལ་མལ་ནས་བྲིས་པ་དོན་ལྡན་དུ་གྱུར་ཅིག ༈ དུས་སྙིགས་མ་ལྔ་བདོའི་སྐབས་སུ་ཡང༌། །ལམ་སྣང་བཞི་མཐའ་རུ་ཕྱིན་པ་ཡི། །འཁོར་འདས་གཞིར་ཟད་ཀྱི་རྫོགས་ཆེན་པ། །རྗེ་པདྨ་བི་ཛ་སྙིང་ནས་དྲན། །སྐུ་མཇལ་བས་ཐ་མལ་འཁྲུལ་སྣང་འགགས། །གསུང་ཐོས་པས་འབྲེལ་ཚད་ཐར་ལམ་སྦྱོར། །ཐུགས་དགོངས་པ་གཏད་པས་ཡེ་ཤེས་འཕོ། །རྗེ་ཁྱེད་མཚུངས་བླ་མ་སུ་ཞིག་ཡོད། །བདག་དུས་ངན་སྙིགས་མར་སྐྱེས་ན་ཡང༌། །ཕ་ཁྱེད་ཀྱི་ཐུགས་རྗེའི་བཟུང་བས་འཚེངས། །དུས་གནས་སྐབས་གང་ལ་བསམ་ན་ཡང༌། །གཏེར་རིན་ཆེན་རྙེད་པའི་དབུལ་ཕོངས་བཞིན། །ཁྱེད་རིགས་ཀྱི་བདག་པོར་ཐོབ་འདི་སྤྲོ། །དཔེ་དངུལ་ཆུ་ས་ལ་ལྷུང་བ་བཞིན། །ནང་ཡོན་ཏན་རྫོགས་པའི་གོང་བུ་དེ། །རྗེ་ཁྱེད་མཚུངས་གཅིག་ཀྱང་མཇལ་རྒྱུ་མེད། །མགོན་པད་འབྱུང་གྲགས་ཀྱང་དེ་ག་རང༌། །སྐུ་ན་ཕྲ་གཞོན་བུའི་སྐབས་ནས་ཀྱང༌། །དབྱིངས་དགོངས་པའི་རྩལ་ཆེན་རྫོགས་པ་ལ། །རྗེ་འཇམ་མགོན་གསུམ་གྱིས་དགྱེས་པས་བསྔགས། །ཆོས་ཟད་སར་འཁྱོལ་བའི་རྣལ་འབྱོར་པ། །རྗེ་བི་མ་མི་ཏྲ་ལོགས་སུ་མེད། །ཚེ་གཅིག་ལ་མཆོག་གི་དངོས་གྲུབ་སྟེར། །སྒྲ་ཇི་བཞིན་མངོན་དུ་མཛད་པ་ཡི། །རྟགས་གདུང་དང་རིང་བསྲེལ་ཆར་དུ་བབ། །ལྷ་ཡང་དག་གྲུབ་བརྙེས་ནམ་སྙིང་དངོས། །དཔལ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་ཀྱིས། །ལམ་ཐལ་འབྱིན་རྣམ་བཞི་གྲུབ་པའི་རྟགས། །རྡོ་སྲ་མཁྲེགས་སྟེང་དུ་འདམ་ལྟར་བརྫིས། །རྗེ་ལང་ལབ་བྱང་ཆུབ་རྡོ་རྗེ་དངོས། །ཕྱི་མཁས་པའི་སྟོང་འུར་མ་མཆིས་ཀྱང༌། །དོན་འཆད་རྩོད་རྩོམ་པའི་ལེགས་བཤད་ཚོགས། །མགོན་མི་ཕམ་ཆོས་རྗེས་ཡང་ཡང་བསྔགས། །དཔལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དངོས། །དགྲ་འཇིག་རྟེན་ཆོས་བརྒྱད་རླུང་ལ་བསྐུར། །ཐུགས་བྱང་ཆུབ་སེམས་ཀྱི་གོ་ཆ་མཁྲེགས། །བྱམས་སྙིང་རྗེའི་མངའ་བདག་རྒྱལ་བའི་སྲས། །རྗེ་བཀའ་གདམས་ཡོངས་ཀྱི་དགེ་བའི་བཤེས། །དབང་བཞི་ཡི་ཆུ་བོས་གདུལ་བྱ་སྨིན། །ལམ་སྣང་རྒྱུད་མཐར་ཕྱིན་རྒྱུད་སྡེའི་མཛོད། །དཔལ་ས་སྐྱའི་བླ་མ་ཆེན་པོ་ལགས། །རི་དབེན་པའི་ནགས་ལ་གཅིག་ཏུ་དགྱེས། །ཐུགས་ཞེན་ལོག་མཐར་ཕྱིན་སྒྲུབ་ལ་གཞོལ། །ཉམས་རྟོགས་པའི་ནོར་བུས་ཐུགས་རྒྱུད་ཕྱུག །རྗེ་དྭགས་པོ་ལྷ་རྗེ་དངོས་བྱོན་ལགས། །ལམ་གཏུམ་མོས་རྩ་རླུང་དབུ་མར་དག །སྣང་སྲིད་ཀུན་སྒྱུ་མའི་ཆོ་འཕྲུལ་གཟིགས། །སྐྱེ་འཆི་དང་བར་དོ་སྐུ་གསུམ་ཤར། །ངེས་དོན་གྱི་འཁྲུལ་ཞིག་རྣལ་འབྱོར་དབང༌། །ན་ཚ་དང་རྐྱེན་ངན་གང་བྱུང་ཡང༌། །བར་ཆད་ཀུན་དངོས་གྲུབ་གྲོགས་སུ་བཞེས། །འགལ་རྐྱེན་གྱིས་མི་བརྫིས་ལམ་དུ་ཁྱེར། །ཞི་བྱེད་ཀྱི་ལམ་ལ་དམ་པ་དངོས། །ཕྱི་ནང་དང་གཞན་གསུམ་གཅིག་ཏུ་འདྲེས། །འཕོ་མེད་ཀྱིས་བདེ་བས་ཐུགས་རྒྱུད་གང༌། །ལྷན་སྐྱེས་ཀྱི་དགོངས་པ་མཁའ་ལྟར་དག །མགོན་དང་པོའི་སངས་རྒྱས་ཁྱེད་གཅིག་ལགས། །སྒོ་གསུམ་གྱི་འཁྲུལ་གཞི་རྩད་ནས་ཆོད། །ལམ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱིས། །འབྲས་ཟག་མེད་གཉུག་མའི་གསང་གསུམ་གྲུབ། །འབྲས་མཐར་ཕྱིན་མཁས་གྲུབ་རིན་ཆེན་དཔལ། །ལོ་བཅུ་ཕྲག་ལོན་ནས་སྔོན་སྨོན་གྱིས། །མགོན་སངས་རྒྱས་ཁྱེད་ཀྱི་ཞབས་པད་བསྟེན། །ཆོས་མདོ་སྒྱུ་སེམས་ཀྱི་ཕ་ཕོག་རྩལ། །ཉམས་དགའ་འོ་སྐྱིད་དོ་དྲིན་ཅན་རྗེ། །བོད་གངས་ཅན་རིས་མེད་བསྟན་པའི་སྲོག །དཔལ་སྒྲུབ་བརྒྱུད་ཤི་རྟ་ཆེ་བརྒྱད་ཀྱི། །ཟབ་རྒྱ་ཆེའི་སྨིན་གྲོལ་རྒྱབ་བརྟེན་བཅས། །མགོན་འཇམ་དབྱངས་བླ་མའི་དྲིན་གྱིས་ཐོབ། །ཕ་བཀའ་དྲིན་ཅན་གྱི་བླ་མ་ལ། །བསྟོད་འདོད་ཀྱི་རབ་བརྟགས་མ་ཡིན་ཏེ། །བློ་གཟུར་གནས་ཆོས་རྗེས་འབྲང་བ་ཡིས། །དོན་ཚད་མའི་སྐྱེས་བུ་ཀུན་གྱིས་བསྔགས། །དུས་དེང་སང་བླ་མ་མཇལ་བའི་ཚེ། །རྗེ་ཁྱེད་ཀྱི་ཡོན་ཏན་ལྷག་པར་དྲན། །གསེར་བཞུ་བཏུལ་བྱས་པའི་རིན་ཐང་བཞིན། །སེམས་གཏིང་ནས་མོས་གུས་ཆེ་རུ་སོང༌། །ང་ལས་ཉོན་འདམ་རྫབ་ཆེས་རྙོགས་ཀྱང༌། །རྗེ་ཁྱེད་ཀྱི་བྱིན་རླབས་ཉི་འོད་ཀྱིས། །དུས་ཀུན་ཏུ་སྐྱོབ་པའི་བློ་གདེང་གིས། །མཐར་སྤང་རྟོགས་པདྨོ་རྒྱས་པར་རློམས། །འབྲས་ཟག་མེད་ཡོན་ཏན་རྒྱ་མཚོ་ཡང༌། །མགོན་བླ་མའི་དྲིན་ལས་འབྱུང་ཞེས་སུ། །མདོ་རྒྱུད་སྡེ་མན་ངག་ཀུན་ལས་བསྔགས། །ང་དེ་ཕྱིར་བློ་ཡི་གདེང་ཞིག་རྙེད། །རྗེ་ཁྱེད་ཀྱིས་བསྩལ་བའི་ཟབ་རྒྱས་ཆོས། །ཚིག་བཅད་པ་རེ་རེ་མཇལ་ན་ཡང༌། །དྲིན་ནམ་མཁའ་ས་གཞིས་མི་མཚོན་པའི། །ཚུལ་བསམ་བཞིན་ཡིད་ཀྱི་གཏད་སོ་མཆིས། །དེ་མ་བཟོད་ཁ་ནས་གླུ་འདི་ཤོར། །ཡིད་ངེས་ཤེས་འདྲོང་བའི་གདུང་ཡུས་ཕྱིར། །བྱིན་བཙན་ཐབས་འཕོ་བའི་དགོངས་བརྒྱུད་ཀྱིས། །མཐར་ཚོམ་བུ་གཅིག་ཏུ་གྲོལ་བར་ཤོག །གནས་གང་དུ་སྐྱེས་ཀྱང་ཁྱེད་ཞལ་མཇལ། །རབ་སྒྲུབ་པའི་མཆོད་པས་མཉེས་བྱས་ཏེ། །ལས་བསྟན་འགྲོའི་དོན་ཀུན་འགྲུབ་པ་ཡི། །དགེ་མཚན་གྱིས་འཇིག་རྟེན་གསུམ་མཛེས་ཤོག །དགེའོ། ༈ རྗེ་བཙུན་འཇམ་པའི་རྡོ་རྗེ་ཀུན་བཟང་གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པའི་ཐོལ་གླུ་མོས་གུས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས། ན་མོ་གུ་ར་ཝེ། ཆོས་དབྱིངས་བརྡལ་བ་ཆེན་པོ་བློ་འདས་ཀྱི་ཞིང་ན། །འགགས་མེད་ཐུགས་རྗེའི་རྩལ་སྣང་ཡེ་ཤེས་ཀྱི་བླ་མ། །དཔག་མེད་མཁྱེན་བརྩེ་ནུས་གཏེར་རྒྱལ་ཀུན་དང་དབྱེར་མེད། །འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་དེ་མཁྱེན་ནོ། །འོད་གསལ་སྙིང་པོ་སྲིད་ཞི་མ་ལུས་པའི་ཁྱབ་བདག །ཟག་མེད་སྐུ་དང་ཡེ་ཤེས་མི་ཟད་པའི་འབྱུང་གནས། །ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་དབུས་སུ་སིམ་པའི། །ཡེ་ཤེས་སེམས་དཔའ་རྒྱལ་ཀུན་མེས་པོ་དེ་མཁྱེན་ནོ། །རང་སྣང་སྐུ་དང་ཞིང་ཁམས་རྒྱ་མཚོ་ཡི་འབྱུང་གནས། །ལྷུན་གྲུབ་བདེ་ཆེན་འབྱོར་པ་འཕེལ་འགྲིབ་དང་བྲལ་བས། །རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ཁྱབ་བདག །རིགས་ཀུན་འཁོར་ལོས་བསྒྱུར་བའི་བྱང་ཆུབ་དེ་མཁྱེན་ནོ། །ཁྱད་པར་རྨད་བྱུང་ཐུགས་བསྐྱེད་དཔག་བསམ་གྱི་ལྗོན་བཟང༌། །ངོ་མཚར་རྣམ་ཐར་མེ་ཏོག་འབྲས་བཟང་གིས་སྤུད་པས། །ཐུབ་བསྟན་ཡོངས་རྫོགས་ཀུན་དགའི་སྐྱེད་ཚལ་གྱི་མཛེས་བྱེད། །སྙིགས་དུས་འགྲོ་བའི་འདྲེན་པ་གཅིག་པུ་དེ་མཁྱེན་ནོ། །རྣམ་དག་སྡོམ་གསུམ་གསེར་གྱི་ས་འཛིན་གྱི་ངོགས་སུ། །ཤེས་བྱའི་དངོས་ཀུན་གཟིགས་པའི་རྣམ་དཔྱོད་ཀྱི་ཆུ་གཏེར། །ངོ་མཚར་ཡོན་ཏན་རིན་ཆེན་ས་འཛིན་གྱིས་བརྗིད་པས། །མ་ལུས་ཕན་བདེའི་རྩ་ལག་ཆེན་པོ་དེ་མཁྱེན་ནོ། །གཞན་ཕན་ཐུགས་བསྐྱེད་སྤྲིན་གྱི་འཛུམ་འཕྲེང་ལས་འཕོས་པའི། །ཚོགས་གཉིས་བདུད་རྩིའི་གྲུ་ཆར་མི་ཟད་པའི་དགའ་སྟོན། །འགྲོ་ལ་ཀུན་དགའི་གསོས་སྨན་རྟག་པ་རུ་སྩོལ་མཛད། །བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་པོ་དེ་མཁྱེན་ནོ། །ལམ་གྱི་འཇུག་སྒོ་དབང་བཞིའི་རྟེན་འབྲེལ་གྱི་ནུས་པས། །དག་པའི་རྡོ་རྗེ་གསུམ་གྱི་འཁོར་ལོ་རུ་སྨིན་ནས། །སྐུ་བཞིའི་རྒྱལ་ཐབས་སྐྱོང་བའི་མཛངས་འཕྲུལ་གྱི་བློ་ལྡན། །ལམ་འབྲས་མཐར་སོན་རྡོ་རྗེ་འཛིན་རྒྱལ་དེ་མཁྱེན་ནོ། །ཆོས་བརྒྱད་འཁྲུལ་པས་མི་གཡོ་ངེས་འབྱུང་གི་རི་དབང༌། །མོས་གུས་ན་བུན་གཡོ་བའི་མགུལ་ཆིངས་ཀྱིས་བརྒྱན་པས། །སྣང་སྲིད་ཆོས་སྐུར་འཆར་བའི་དོན་བརྒྱུད་ཀྱི་ཆུ་ཀླུང༌། །སྤྲོ་མཛད་བཀའ་བརྒྱུད་རྣལ་འབྱོར་དབང་ཕྱུག་དེ་མཁྱེན་ནོ། །རྡོ་རྗེ་གཏུམ་མོའི་རེག་པས་ཟག་པའི་ཆོས་ཀུན་ཟད། །ཀུན་རྫོབ་སྒྱུ་མར་འཆར་བས་སྐྱེ་འཆི་ཡི་འཕྲང་བརྒལ། །འོད་གསལ་ཉི་ཟླའི་སྣང་བས་ཁོར་ཡུག་ཏུ་མཛེས་པའི། །དཔལ་ལྡན་ཤངས་པའི་གྲུབ་ཐོབ་རྒྱལ་པོ་དེ་མཁྱེན་ནོ། །སྟོང་ཆེན་ཤེས་རབ་ཕར་ཕྱིན་རྟོགས་པ་ཡི་མཚོན་ཆས། །སྡུག་བསྔལ་བདུད་བཞིའི་འཁྲི་ཤིང་རྨིང་མེད་དུ་བཅོམ་པས། །མཆོག་ཏུ་ཞི་བསིལ་བདུད་རྩི་སིམ་བྱེད་ཀྱི་བཅུད་སྩོལ། །རྟེན་འབྲེལ་དབང་ཐོབ་ཞི་གཅོད་འཁྲུལ་ཞིག་རྒྱལ་མཁྱེན་ནོ། །ཕྱི་ཡི་འཇིག་རྟེན་ནང་གི་རྡོ་རྗེའི་ལུས་རྫོགས་པས། །སྦྱོར་བ་ཡན་ལག་དྲུག་གི་ཤིང་རྟ་ལ་བརྟེན་ནས། །གཞན་དུ་འཕོ་མེད་བདེ་སྟོང་ཡེ་ཤེས་དབྱིངས་སིམ་པའི། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་དེ་མཁྱེན་ནོ། །མཁའ་ཁྱབ་སྣང་སྟོང་རྡུལ་བྲལ་རྡོ་རྗེའི་སྐུའི་དབྱིངས་སུ། །གཞོམ་མེད་རྡོ་རྗེ་ནཱ་དའི་གསུང་དབྱངས་ཀྱི་དཔྱིད་གྲུབ། །མི་འགྱུར་བདེ་ཆེན་རྡོ་རྗེའི་ཐུགས་དབྱིངས་དང་གཉིས་མེད། །བསྙེན་སྒྲུབ་རྡོ་རྗེའི་རྣལ་འབྱོར་མཐར་སོན་མགོན་མཁྱེན་ནོ། །འཁྲུལ་ཆོས་ཀུན་དག་སྣང་གྲགས་རིག་པ་ཡི་དཀྱིལ་འཁོར། །མཉམ་ཉིད་སྒྱུ་འཕྲུལ་དྲྭ་བའི་གསང་བ་གསུམ་རྫོགས་པས། །ཡེ་ཤེས་སྙིང་པོའི་ཤིང་རྟས་རིག་འཛིན་བཞིའི་མཐར་སོན། །མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་མཛོད་བརྙེས་ཁྱེད་མཁྱེན་ནོ། །ཐབས་ཀྱི་བྱེད་པས་ཉི་ཟླའི་རྒྱུ་བ་ཀུན་བཅིངས་ནས། །ཐིག་རླུང་སེམས་ཀྱི་འཁྲུལ་རྟོག་ཡུད་ཙམ་གྱིས་དག་སྟེ། །འཕོ་མེད་དགའ་བཞིས་རྩད་འཇོམས་ས་ལམ་ཀུན་རྫོགས་ནས། །གསང་མཆོག་དགྱེས་པའི་གར་གྱིས་རྩེན་མཛད་དེ་མཁྱེན་ནོ། །བློ་འདས་ཡེ་ཤེས་ནམ་མཁའི་ཁོར་ཡུག་གི་ཀློང་དུ། །འོད་གསལ་སྣང་བ་ཆེན་པོའི་འཕེལ་འགྲིབ་དང་བྲལ་བས། །གཟུང་འཛིན་རྫུན་རིས་ཀ་དག་ནམ་མཁའ་ཡི་རྣལ་འབྱོར། །ཀུན་བཟང་གདོད་མའི་མགོན་པོ་བླ་མ་རྗེ་མཁྱེན་ནོ། །རྟག་ཏུ་འཕོ་འགྱུར་མེད་པའི་སྐུ་གསུམ་གྱི་རྒྱལ་ཐབས། །གཟོད་ནས་མངའ་དབང་བསྒྱུར་ཀྱང་སྙིགས་དུས་ཀྱི་བསྟན་འགྲོ། །སྐྱོང་ཕྱིར་བསྟན་པ་ཡོངས་རྫོགས་ཤིང་རྟ་རུ་བྱོན་པའི། །དྲན་པས་སྙིང་གི་གདུང་སེལ་སྐྱབས་གཅིག་པུ་མཁྱེན་ནོ། །བརྩེ་ཆེན་ཐུགས་རྗེའི་རྒྱ་མཚོ་ཆེན་པོ་ལས་འོང་བའི། །ཟབ་རྒྱས་ཆོས་ཀྱི་བདུད་རྩིས་དུས་ཀུན་ཏུ་བསྐྱངས་ཀྱང༌། །གཤིས་ངན་སེམས་ཀྱི་ཞིང་ས་ཐ་རྒོད་དུ་སོང་བའི། །གདུལ་དཀའ་སྙིགས་མའི་ཡིད་ཅན་བདག་འདྲ་ལ་གཟིགས་མཛོད། །མགོན་ཁྱོད་ཡོན་ཏན་མི་ཤེས་འཁྲུལ་རྟོག་གིས་བསླད་ཅིང༌། །བཀའ་དྲིན་རྗེས་སུ་མི་དྲན་ཡིད་ཆད་ཀྱི་ཡུས་འདྲེན། །རང་བྱས་རང་གི་གཉའ་བར་སྒྲིབ་པའི་ཁུར་བསྐྱེད་པའི། །སངས་རྒྱས་ཀུན་གྱིས་མ་ཐུལ་སྐལ་ངན་བདག་དགོངས་མཛོད། །དམིགས་མེད་ཐུགས་རྗེའི་ཕྱག་གིས་ཅོ་ཏོ་ནས་བཟུང་སྟེ། །ལས་ངན་གཡང་སར་འཕྱན་པ་ཡུད་ཙམ་གྱིས་བསྒྲལ་ནས། །ལམ་མཆོག་ངལ་སྟེགས་དབུགས་འབྱིན་དེད་དཔོན་ཁྱེད་བསམ་ཚེ། །གདུང་བས་གསོལ་བ་འདེབས་པའི་ངེས་ཤེས་ཤིག་སྐྱེས་བྱུང༌། །མགོན་ཁྱེད་དག་པའི་ཞིང་ཁམས་རབ་འབྱམས་ཀྱི་གླིང་དུ། །རིག་འཛིན་འོད་ཀྱི་ལམ་ནས་ཌཱ་ཀི་ཡི་བསུན་མས། །རྒྱལ་སྲས་མཛད་པ་རྒྱ་མཚོའི་སྒྱུ་འཕྲུལ་ལ་དགྱེས་པའི། །ངོ་མཚར་བློ་ལས་འདས་པའི་དཔལ་ཡོན་ལ་སྤྱོད་ཀྱང༌། །བདག་ཅག་ཞལ་བཟང་ཟླ་བའི་དཀྱིལ་འཁོར་ནི་མི་མཐོང༌། །ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་དང་བྲལ་ཏེ། །དྭ་ཕྲུག་ཐང་དུ་འཁྱམས་པའི་ངང་ཚུལ་འདི་དགོངས་ནས། །མྱུར་མགྱོགས་བྱིན་རླབས་ཕོ་ཉ་མངོན་སུམ་དུ་སྩོལ་མཛོད། །བླང་དོར་ལམ་མཆོག་སྟོན་པའི་མིག་བུ་དང་བྲལ་ཞིང༌། །མི་ཤེས་སྒྲིབ་པའི་ཁུར་པོས་གཉའ་བ་ན་ནོན་པས། །ལམ་མཆོག་ཐེམ་སྐས་འཛེགས་པའི་སྐལ་བ་ནི་ཕྲ་བ། །ཡབ་གཅིག་བཀའ་དྲིན་ཅན་གྱི་ཐུགས་རྗེ་ཡིས་མ་གཏོང༌། །ངེས་འབྱུང་རླན་གྱིས་ཁྱབ་པའི་སེམས་རྒྱུད་ཀྱི་ཞིང་ས། །དྲི་མེད་ཚུལ་ཁྲིམས་གཙང་མའི་མྱུ་གུ་ཡིས་མཛེས་པར། །གཞན་ཕན་འབྲས་བུའི་སྙེ་མའི་མགོ་ལྕོག་ཀྱང་དུད་དེ། །གསང་ཆེན་མཚན་རྟོག་སྡོམ་པའི་འབྲས་བཟང་གི་དཔལ་སྩོལ། །མཐའ་ཀླས་ཤེས་བྱའི་གཟུགས་འཛིན་བློ་གྲོས་ཀྱི་མེ་ལོང༌། །མཛེས་སྡུག་ཆོས་ཀྱི་སྙིང་པོའི་ལང་ཚོའི་རྒྱན་སྨིན་པས། །ཉམས་རྟོགས་ནོར་བུའི་རྒྱན་མཛེས་ཟློས་གར་དང་ཆབས་ཅིག །ཐུབ་བསྟན་ཀུན་དགའི་དོ་རར་བརྩོན་ནུས་སུ་མཛོད་ཅིག །བཀའ་གདམས་ཆོས་ཀྱིས་ཐེག་མཆོག་ལམ་བཟང་གི་རྨིང་བརྟན། །ལམ་འབྲས་སྙན་བརྒྱུད་གདམས་པས་རིན་ཆེན་གྱི་མཁར་བརྩེགས། །བཀའ་བཞི་དོན་བརྒྱུད་གསེར་གྱི་མདའ་ཡབ་ཀྱི་རྩེ་མོར། །མཐར་ཐུག་ལྔ་ལྡན་ནོར་བུ་བསམ་འཕེལ་གྱི་ཏོག་མཛེས། །ཞི་གཅོད་ཆོས་ཀྱི་སྣང་བས་སྲིད་ཞི་ཡི་མུན་སེལ། །རིགས་ཀུན་ཁྱབ་བདག་དང་པོའི་སངས་རྒྱས་ཀྱི་རྒྱལ་ཐབས། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་མཐར་སོན་པའི་ངང་ནས། །འཁྲུལ་སྣང་མུན་པ་ཀ་དག་ཡེ་གྲོལ་གྱི་དགོངས་ཀློང༌། །ལྷུན་གྲུབ་སྣང་བཞིའི་ལྟད་མོར་གཞིར་རྫོགས་ཀྱི་ཐིག་ལེར། །སྐུ་གསུམ་ཡོན་ཏན་རྫོགས་པའི་དགའ་སྟོན་ལ་སྤྱོད་དེ། །དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པ་རང་མཛོད་ཅིག །རིས་མེད་ཆོས་ཀྱི་ཁ་འབབ་ཀླུང་བཞི་ཡིས་བསྐོར་ཞིང༌། །དྲི་མེད་མ་དྲོས་རྒྱ་མཚོའི་ཐོས་བསམ་དང་སྒོམ་པས། །འཁྲུལ་མེད་གསེར་སྦྱངས་མཐའ་ཡས་བསྟན་འགྲོ་ཡི་དོན་ཆེན། །འབད་མེད་སྒྲུབ་ལ་དཀའ་ཚེགས་མེད་པ་རུ་མཛོད་ཅིག །གཡེངས་དང་འདུ་འཛི་སྤངས་བའི་དབེན་རི་ཡི་སྤོ་ན། །ཆགས་སྡང་མདུད་པ་ཞིག་པའི་ཏིང་འཛིན་གྱི་བཅུད་ལེན། །ཉམས་རྟོགས་ལང་ཚོ་དར་བའི་གསོས་སྨན་དུ་གྱུར་ནས། །ཚེ་གཅིག་ཟུང་འཇུག་གོ་འཕང་མངོན་གྱུར་དུ་མཛོད་ཅིག །གཟིགས་ཤིག་བཀའ་དྲིན་མཚུངས་མེད་དྲིན་ཆེན་གྱི་བླ་མ། །དགོངས་ཤིག་ཡེ་ཤེས་ཀློང་ནས་འབྲལ་མེད་དུ་སྐྱོང་བར། །མཛོད་ཅིག་སྐལ་བཟང་བུ་ཀུན་རྗེས་སུ་རང་བཟུང་སྟེ། །སྩོལ་ཅིག་དགོངས་བརྒྱུད་ཡེ་ཤེས་འཕོ་བ་ཡི་དབང་བསྐུར། །ཀུན་བཟང་བརྡ་ཡི་བླ་མས་ཟབ་ལམ་གྱི་སྒོ་འབྱེད། །དོན་དམ་འབྲས་བུའི་བླ་མ་རང་རིག་ཏུ་མཐོང་ནས། །གཉིས་མེད་ཡེ་ཤེས་བླ་མའི་ཐུགས་དགོངས་དང་རོ་གཅིག །མཐར་ཕྱིན་ཁྱབ་བདག་བླ་མར་བྱང་ཆུབ་པར་མཛོད་ཅིག །མདོར་ན་སྲས་བཅས་རྒྱལ་བའི་ཡབ་གཅིག་གི་མགོན་པོ། །བྱང་ཆུབ་བར་དུ་འབྲལ་བ་མེད་པ་ཡི་ངང་ནས། །སྐུ་གསུང་ཐུགས་ཀྱི་གསང་བ་གཉིས་མེད་དུ་གྲོལ་བའི། །བྱིན་རླབས་དགེ་མཚན་མངོན་སུམ་ད་ལྟ་རུ་སྩོལ་ཅིག །ཅེས་པའང་ཤར་མདོ་ཁམས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གདན་ས་ཆེན་པོའི་མངའ་རིས་ཆོས་རྗེའི་མཆོག་སྤྲུལ་རིན་པོ་ཆེ་དང༌། རྗེ་བླ་མའི་ཞལ་སློབ་མདོ་ཁམས་གྲྭ་དགེ་ལེགས་བཅས་པས་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་གནང་བ་བཞིན་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སློབ་འབངས་རྒྱ་མཚོའི་གྲལ་མཐར་སྐྱེས་པའི་བཙུན་གཟུགས་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་སྒང་ཏོག་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་དུ་སྐུ་གདུང་ཡིད་བཞིན་ནོར་བུའི་སྤྱན་སྔར་དད་མོས་གདུང་བས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག ༈ ཀྱེ་ཧོ། །ཕ་གཅིག་དྲིན་ཆེན་བླ་མ་ཆོས་ཀྱི་ནི་བློ་གྲོས། །རབ་འབྱམས་དག་པའི་ཞིང་ན་ཇི་ལྟ་རུ་བཞུགས་ཨང༌། །ཡབ་གཅིག་སྨྲ་བའི་ཉི་མ་དྲན་པ་ཡི་གདུང་དབྱངས། །སྨྲེ་ངག་ལྷང་ལྷང་འདོན་པ་ཡུད་ཙམ་ཞིག་གསན་མཛོད། །ཁྱེད་ནི་སྲས་བཅས་རྒྱལ་བ་མ་ལུས་པའི་སྤྱན་སྔར། །རྫུ་འཕྲུལ་དགྱེས་རྒུའི་རོལ་བས་ཅི་དགའ་རུ་རྩེན་ནས། །གཟུངས་དང་མངོན་ཤེས་ཏིང་འཛིན་འཕགས་ཆེན་གྱི་རྣམ་ཐར། །བློ་ལས་འདས་པར་སྐད་ཅིག་རེ་རེ་བཞིན་དབང་ཐོབ། །བདག་ཅག་འཇམ་མགོན་ཁྱེད་ཀྱི་ཞལ་བཟང་ནི་མི་མཇལ། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་བསྩལ་མཁན་ནི་མི་འདུག །བླང་དོར་ཐར་ལམ་སྟོན་པའི་དེད་དཔོན་དང་བྲལ་བས། །འོད་དོད་ཁྱེད་ལ་མི་འབོད་སུ་ཞིག་ལ་རེ་འཆའ། །སྙིགས་མའི་དུས་ཀྱི་བསྟན་པ་རླུང་གསེབ་ཀྱི་མར་མེ། །བསྟན་འཛིན་སྐྱེས་བུ་ཕལ་ཆེར་ཁྲི་མུན་གྱིས་བཅིངས་ནས། །ལུང་རྟོགས་ནམ་ལང་སྐར་མ་ལྟ་བུ་རུ་བྱུང་བ། །བོད་ཡུལ་ཆོས་ཀྱི་ཉི་མ་ཁྱེད་གཅིག་གིས་བོར་རམ། །བདེ་ཆེན་བདེ་བའི་དཔལ་འབྱོར་ཅི་དགའ་རུ་སྤྱོད་པའི། །ཁྱེད་ཀྱི་ངང་ཚུལ་དྲན་ནས་ཚུགས་ཐབས་ནི་མི་འདུག །ཕ་བུ་ཡ་བྲལ་བྱུང་བའི་སྡུག་བསྔལ་ནི་སུས་བཟོད། །མཆོག་གི་སྤྲུལ་པའི་ཟླ་བ་མྱུར་བ་རུ་ཕེབས་ཤོག །མ་གཅིག་མཁའ་འགྲོར་འབུམ་ཕྲག་ཡངས་པ་ཡི་དབུས་ན། །ཧེ་རུ་ཀ་དཔལ་པདྨ་ཡེ་ཤེས་ཀྱི་རྡོ་རྗེ། །འཆི་མེད་རྟག་པ་དམ་པའི་རྒྱལ་ཐབས་ལ་མི་བཞུགས། །གཟུགས་སྐུ་དབྱིངས་སུ་བསྡུས་བའི་ངང་ཚུལ་འདི་ཅི་ཞིག །འཛུམ་པའི་ཞལ་བཟང་ལྡན་པའི་སྐུ་མཆོག་ནི་མི་འདུག །ཟབ་རྒྱས་གདམས་པའི་གཏེར་གྱི་གསུང་མཆོག་ཀྱང་མ་ཐོབ། །ཡེ་ཤེས་དགོངས་པས་དབང་བསྐུར་བྱིན་རླབས་ཞིག་མེད་ན། །དྭ་ཕྲུག་ཐང་དུ་འཁྱམས་པའི་གདུང་བ་འདི་སུས་སེལ། །འདི་ནས་བྱང་ཆུབ་བར་དུ་འདུ་འབྲལ་ཀྱང་མེད་པའི། །དམ་ཚིག་རྡོ་རྗེའི་ཐག་པས་ལྷན་ཅིག་ཏུ་སྦྲེལ་བ། །ཡིད་ཀྱི་གཏད་སོ་ཞུས་ནས་ཉིན་མཚན་ཀུན་འབོད་པས། །དགོངས་བརྒྱུད་རིག་པ་རྩལ་གྱི་དབང་བསྐུར་ཞིག་སྩོལ་མཛོད། །ལྷོ་ནུབ་རྔ་ཡབ་པདྨ་འོད་གླིང་གི་དབུས་སུ། །རྒྱལ་དབང་པད་འབྱུང་རྗེ་དང་དབྱེར་མེད་ཀྱི་བླ་མ། །བོད་ཡུལ་སྡུག་བསྔལ་ཆུ་ཡིས་ཁྱེར་བ་འདི་གཟིགས་ནས། །ཕན་བདེའི་དབུགས་དབྱུང་སྩོལ་ཅིག་ཉམས་ཐག་གི་སྐྱབས་གནས། །དངོས་ཉམས་རྨི་ལམ་དག་པའི་སྣང་ཆ་ཡི་བཀོད་པ། །ཡང་ཡང་རྗེས་སུ་འཛིན་པའི་དགའ་སྟོན་ལ་དབུགས་འབྱིན། །ཕ་ཡིས་བུ་ལ་རྟག་པར་བསྩལ་བ་ཡི་ངང་ནས། །འབྲལ་མེད་བྱིན་གྱིས་རློབས་ཤིག་འཇམ་མགོན་གྱི་བླ་མ། །སྤྱན་དང་མངོན་ཤེས་དབང་བཅུའི་དཔལ་འབྱོར་དང་ལྡན་ཁྱོད། །གདུལ་དཀའི་སེམས་ཅན་མི་དགོངས་ལྟོས་མེད་དུ་བོར་ནས། །དག་པའི་ཞིང་ཁམས་སྦྱངས་བ་འབའ་ཞིག་ལ་དགྱེས་ན། །ཐུགས་བསྐྱེད་དམ་བཅའ་བཙན་པོ་འདོར་བ་ལ་ཕྱོགས་སམ། །དེ་ཕྱིར་ཡེ་ཤེས་སྒྱུ་མའི་དགྱེས་ཞལ་གྱི་ཉིན་བྱེད། །མོས་གུས་སྐྱ་རེངས་གསར་པས་མངོན་སུམ་ལ་དྲངས་ནས། །འདོད་རྒུའི་བྱིན་རླབས་སྣང་བའི་དགའ་སྤྲོ་ཡི་མེ་ཏོག །ཡིད་ཀྱི་ཀུན་དགའི་ཚལ་ན་བཞད་པ་རུ་མཛོད་ཅིག །དེ་སྐད་གང་ཤར་མགྲིན་པའི་གླུ་དབྱངས་ཀྱི་གླིང་བུ། །རྒྱལ་ཁམས་ཉུལ་བའི་བུང་བ་མངྒ་ལའི་མིང་གིས། །སྦས་ཡུལ་འབྲས་ལྗོངས་བཀྲ་ཤིས་ལྡིང་གྲགས་པའི་གནས་ནས། །མགོ་ཟླའི་དམར་ཕྱོགས་ཚེས་ལ་ཡུད་ཙམ་གྱིས་བྲིས་སོ། ༈ ཁྱབ་བདག་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་རྒྱང་འབོད་མོས་གུས་སྤྲིན་གྱི་ཕོ་ཉ་བཞུགས། ཨ་ཧོ། རྡོ་རྗེ་ཉི་མ་སྙིང་གི་གསང་མཛོད་དུ་འཆར་བས། །ཐོག་མེད་འཁྲུལ་རྟོག་མུན་པ་སྐད་ཅིག་གིས་བརྟོལ་བའི། །ཕོ་ཉ་མཚུངས་མེད་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ། །ཁྱབ་བདག་དཔལ་ལྡན་བླ་མ་སྙིང་དབུས་ནས་དྲན་བྱུང༌། །རྒྱལ་དང་དེ་སྲས་མཁས་གྲུབ་རྒྱུ་སྐར་གྱི་ཕྲེང་བས། །འདུལ་བའི་སྤྱོད་ཡུལ་མ་གྱུར་དུས་ངན་གྱི་སེམས་ཅན། །ཟླ་མེད་སྙིང་རྗེའི་ཕྱག་གིས་ཅོ་ཏོ་ནས་བཟུང་བའི། །བཀའ་དྲིན་མཚུངས་མེད་རྣམ་འདྲེན་སྙིང་དབུས་ནས་དྲན་བྱུང༌། །སངས་རྒྱས་ཞལ་བཟང་མཇལ་བའི་སྐལ་པ་ཡིས་ཕོངས་ཀྱང༌། །ཆོས་སྐུའི་ཡེ་ཤེས་རྗེན་པ་མངོན་སུམ་དུ་བསྟན་ཏེ། །ངེས་ལེགས་ཐར་པའི་ཡོན་ཏན་རྩོལ་མེད་དུ་སྐྱེད་མཛད། །ཐར་པའི་དེད་དཔོན་མཚུངས་མེད་སྙིང་དབུས་ནས་དྲན་བྱུང༌། །བགྲང་དུ་མ་མཆིས་བསྐལ་པར་ངལ་བ་བརྒྱས་བཙལ་བའི། །སྟོན་པ་མཆོག་དེའི་ཕ་ཕོག་ཕྱག་སོར་གྱི་རྩེ་ནས། །ཅི་འདོད་ལྷུག་པར་རང་གི་བགོ་སྐལ་དུ་སྩོལ་བའི། །ཆོས་ཀྱི་གཏེར་མཛོད་ཆེན་པོ་སྙིང་དབུས་ནས་དྲན་བྱུང༌། །ཚིག་སྐམ་ཁ་ལ་འཁྱེར་བའི་རྟོག་གེ་ཡི་ཚྭ་ཆུ། །བླུན་སྒོམ་མུན་ནག་མདའ་འཕེན་བདག་འཛིན་གྱི་ཁ་སྣོན། །མ་འདྲེས་བརྒྱུད་གསུམ་བླ་མའི་ཞལ་ཆབ་ཀྱི་བདུད་རྩི། །མ་གོད་མ་ཉམས་སྩོལ་མཛད་སྙིང་དབུས་ནས་དྲན་བྱུང༌། །ངོ་མཚར་གདམས་པའི་ཚིག་རྐང་རེ་རེ་ལ་བསམ་ན། །ཟབ་རྒྱས་བཀའ་གཏེར་བདུད་རྩིའི་ཉིང་ཁུ་ཡི་ཐིགས་པ། །སྔོན་བྱོན་གོང་མས་ལུས་སྲོག་ཡལ་དོར་གྱིས་བསགས་པ། །ཕངས་མེད་ཅི་དགར་སྟོན་མཛད་སྙིང་དབུས་ནས་དྲན་བྱུང༌། །ཚེ་རབས་གཏན་དུ་ཕན་པའི་མཛད་བཟང་གི་གསེར་རྩིས། །བདག་རྒྱུད་ལྕགས་ཁམས་རིན་ཆེན་རིན་ཐང་ཅན་བསྒྱུར་མཛད། །སྔོན་མེད་ཡབ་གཅིག་བདག་གི་སྐལ་པ་རུ་ཐོབ་པའི། །ངང་ཚུལ་བསམ་གྱིན་བརྗེད་མེད་སྙིང་དབུས་ནས་དྲན་བྱུང༌། །ཚིག་ཙམ་སྙན་པ་མ་ཡིན་དོན་བརྒྱུད་ཀྱི་དྲོད་ལྡན། །ཁ་བཤད་འུར་གོག་མ་ཡིན་ཚད་མ་གསུམ་ལྡན་པ། །ལྟར་སྣང་མ་ཡིན་རྒྱལ་བསྟན་སྙིང་པོ་ཡི་ཟབ་ཏིག །རྫོགས་པར་ཐོབ་པའི་ཆེ་བ་སྙིང་དབུས་ནས་དྲན་བྱུང༌། །ངེས་དོན་ཆོས་སྐུའི་བླ་མ་འབྲལ་མེད་དུ་བཞུགས་ཀྱང༌། །ཕྱིར་བལྟས་བྱིས་པས་མི་ཤེས་རྒྱང་རིང་དུ་འཚོལ་བ། །ཡབ་གཅིག་བརྩེ་བ་ཆེན་པོས་རང་ནོར་རང་སྤྲད་པས། །འཕྱུགས་མེད་ཁྱོད་ཞལ་མི་བརྗེད་སྙིང་དབུས་ནས་དྲན་བྱུང༌། །བརྟན་གཡོ་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་ཀྱི་བླ་མ། །སྣང་བ་ཆོས་སུ་ཤར་བའི་བརྡ་ཐབས་དེ་བསྟན་པས། །ཐམས་ཅད་ཆོས་ཉིད་དོན་གྱི་བླ་མ་རུ་ཐག་ཆོད། །ཡོངས་གྲུབ་ཆེན་པོའི་མོས་པས་སྙིང་དབུས་ནས་དྲན་བྱུང༌། །མི་འདོད་རྐྱེན་ངན་བླ་མའི་དྲག་ཤུལ་གྱི་མཛད་སྤྱོད། །ལས་ངན་གློ་བུར་སྒྲིབ་སྤྲིན་སེལ་བྱེད་ཀྱི་ཕོ་ཉ། །ངེས་འབྱུང་བྱམས་དང་སྙིང་རྗེའི་བསྐུལ་འདེབས་སུ་བཞེངས་པས། །བྱང་ཆུབ་ལམ་གྱི་གྲོགས་མཛད་སྙིང་དབུས་ནས་དྲན་བྱུང༌། །ཡིད་བདེ་ཕུན་ཚོགས་དཔལ་སྦྱིན་བདེ་དགའ་ཡི་རོལ་རྩེད། །རྨི་ལམ་སྒྱུ་མའི་བརྡ་སྟོན་བླ་མ་རྗེའི་ཕྲིན་ལས། །རྩིས་གདབ་མེད་པའི་གུ་ཡངས་བློ་བདེ་ཡི་ངང་ནས། །སྣང་སྟོང་གཉིས་མེད་བླ་མ་སྙིང་དབུས་ནས་དྲན་བྱུང༌། །སྣ་ཚོགས་རྐྱེན་གྱི་ཤུན་པ་ཞེན་མེད་དུ་གྲོལ་བས། །ངེས་དོན་ཆོས་སྐུ་རྡོ་རྗེ་ནམ་མཁའ་ཡི་དཀྱིལ་འཁོར། །རྡུལ་བྲལ་ཡེ་ཤེས་སྐུ་ཅན་ཡེངས་འཁྲུལ་དང་བྲལ་བ། །མཉམ་རྗེས་དབྱེར་མེད་བླ་མ་སྙིང་དབུས་ནས་དྲན་བྱུང༌། །ཐོག་མའི་དུས་ནས་འདུ་འབྲལ་མེད་པའི་ཚུལ་བཞུགས་ཀྱང༌། །རང་ངོ་མ་ཤེས་མྱ་ངམ་ཐང་ཆེན་དུ་འཁྱམས་ཏེ། །སྐྱེ་འཆི་བར་དོའི་བཀྲེས་སྐོམ་ཟུག་ངུ་ཡིས་མནར་ཀྱང༌། །དེང་འདིར་ཁྱེད་ཞལ་མཇལ་བས་སྙིང་དབུས་ནས་དྲན་བྱུང༌། །རང་ངོ་ཤེས་ན་སྐྱེ་བ་སྤྲུལ་སྐུ་ཡི་བླ་མ། །འཆི་བ་འོད་གསལ་དོན་དམ་ཆོས་ཀྱི་སྐུའི་བླ་མ། །བར་དོ་ལོངས་སྐུའི་བླ་མའི་རྣམ་རོལ་དུ་ཤེས་པས། །འཁྲུལ་པ་གཞི་གྲོལ་བླ་མ་སྙིང་དབུས་ནས་དྲན་བྱུང༌། །ཀུན་རྫོབ་བརྡ་ཡི་བླ་མའི་མན་ངག་གི་འཕྲུལ་གྱིས། །དོན་དམ་ཆོས་སྐུའི་བླ་མ་འབྲལ་མེད་དུ་བཞུགས་ཚུལ། །མཉམ་རྗེས་གཉིས་སུ་མེད་པའི་གསོལ་འདེབས་ཀྱི་གདུང་གླུས། །ཐུགས་ཡིད་གཅིག་འདྲེས་གདེང་གིས་སྙིང་དབུས་ནས་དྲན་བྱུང༌། །ཕྱོགས་དུས་འདྲེན་པས་མ་ཐུལ་སྐལ་པ་དམན་བདག་ལ། །ཡེ་ཤེས་ཉི་མའི་སྣང་བ་རྗེན་ཅེར་དུ་སྟོན་པས། །འབྲས་བུ་ཕྱི་ནས་འཚོལ་བའི་རེ་དོགས་ཀྱི་མདུད་གྲོལ། །གཞོན་ནུ་བུམ་སྐུར་འདྲེན་ཁྱོད་སྙིང་དབུས་ནས་དྲན་བྱུང༌། །དྲན་སྣང་བླ་མ་ཡིད་ཀྱི་གདུང་བ་སེལ་ཁྱེད་ཀྱིས། །དྲན་རྟོག་ཀ་དག་ཆོས་དབྱིངས་རྗེན་པ་རུ་བསྐྱལ་བས། །གཉིས་མེད་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱི་སྣང་བས། །འབྲས་བུ་གཞི་ལ་རྫོགས་པའི་བྱིན་རླབས་ཀྱི་མཆོག་སྩོལ། །དེ་སྐད་ཐེག་མཆོག་སེང་གེའི་ང་རོ་དང་སྦྱར་བའི། །གསོལ་འདེབས་ཁ་ཏ་མཐོན་པོ་དོན་འབྲས་ཀྱིས་ལྕི་སྟེ། །འོད་གསལ་ཆོས་དབྱིངས་ཀློང་དུ་ཚོམ་བུ་གཅིག་གྲོལ་བའི། །དགེ་ལེགས་ཤིས་པའི་དགའ་སྟོན་མཐོང་ཆོས་སུ་སྩོལ་ཅིག །ཅེས་ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་དབེན་པར་སྒྲུབ་པ་ལ་གཞོལ་བའི་འཇིགས་མེད་ཀུན་བཟང་མ་བུ་ནས་ཡང་ཡང་བསྐུལ་བ་བཞིན་སྙོམས་ལས་ཆོས་སུ་རློམ་པའི་རྒྱལ་ཁམས་པ་རྒན་པོ་མངྒ་ལས་འཛམ་གླིང་ནུབ་ཕྱོགས་ཕ་རན་སེའི་རྡོ་གདོང་ལྟ་ན་སྡུག་པའི་ནགས་ཚལ་དུ་ཉལ་བའི་ཚེ་བྲིས་པ་འདིས་ཀྱང་རང་གཞན་འབྲེལ་ཚད་བླ་མ་ཆོས་སྐུའི་རང་ཞལ་མཇལ་བའི་རྟེན་འབྱུང་དུ་གྱུར་ཅིག ༈ མི་རྒན་གྱི་སྐྱིད་གླུ་བདུད་རྩིའི་དབྱངས་སྙན་བཞུགས། ཨ་ཧོ། བསིལ་ལྡན་འཛིན་མ་ཆོས་ལྡན་ཞིང་ཁམས་སུ་གྲགས་པའི། །སྙིང་པོ་སྒྲུབ་བརྒྱུད་ཤིང་རྟ་ཆེ་རྣམ་བརྒྱད། །ཁྱད་པར་མདོ་སྒྱུ་སེམས་དང་འཇིགས་བྲལ་གྱི་པཎ་ཆེན། །མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བ་ཡི་ཕྱག་རྗེས། །ལེགས་བཤད་བདུད་རྩིའི་རྒྱུན་བཟང་ལྷུག་པ་རུ་སྩོལ་མཛད། །མཁས་གྲུབ་དབང་ཕྱུག་རྒྱལ་བ་ཞེ་ཆེན་པ་ཆེན་པོས། །བཀའ་དྲིན་རྨད་དུ་བྱུང་པས་སྐལ་བཟང་དུ་གྱུར་ཚུལ། །བསམ་བཞིན་དད་པའི་ཆུ་སྐྱེས་སྙིང་དབུས་ནས་བཞད་དོ། །བདག་རྒྱུད་ཐོག་མེད་གོམས་པའི་ལས་ཉོན་གྱིས་མུན་སྤྲུལ། །ཉི་མ་གཅིག་གིས་འཇིག་རྟེན་མུན་པ་ཀུན་སེལ་བཞིན། །ཁྱེད་ཀྱི་ཡེ་ཤེས་སྣང་བས་ཡུད་ཙམ་ལ་སྦྱངས་ནས། །དྲན་ཤེས་བདུད་རྩིས་གསོས་པའི་བཀའ་དྲིན་ནི་མཐའ་ཡས། །ལས་ཉོན་ས་རྡོས་མཁྲེགས་པའི་གཤིས་ངན་གྱི་ཐ་རྒོད། །མགོན་པོའི་བྱམས་བརྩེ་བདུད་རྩིའི་སིམ་ཆར་གྱིས་བརླན་པས། །ཆོས་བརྒྱད་དགྲ་རུ་མཐོང་བའི་ངེས་འབྱུང་གི་ཟིལ་པ། །བདག་བློ་ཀུ་ཤའི་རྩེར་ཆགས་ཁྱོད་དྲིན་ལས་ཅི་ཞིག །གཡེངས་དང་འདུ་འཛིའི་ཤིང་ལ་དུས་རྟག་ཏུ་བརྩེ་བའི། །རང་སེམས་ཡལ་གའི་རི་དྭགས་ཟློས་གར་གྱིས་བྲེལ་བ། །ཉེས་པའི་འབྱུང་གནས་མཐོང་ནས་མི་མེད་ཀྱི་ལུང་པར། །གཅིག་པུ་སྒྲུབ་ལ་བརྩོན་སྤྲོ་ཕ་ཁྱེད་ཀྱི་བཀའ་དྲིན། །མགོན་པོའི་རྣམ་ཐར་གཙང་མ་གསེར་ཞུན་གྱི་ཆ་ཤས། །ཡིད་ལ་དྲན་པས་སྐྱོན་བྲལ་ཡོན་ཏན་གྱི་གོང་བུའི། །རིན་ཐང་སྙིང་ལ་ཤར་ཚེ་དབང་མེད་དུ་འཁུལ་ནས། །མཚན་ལྡན་བླ་མ་ཁྱེད་ལས་དྲན་ཡུལ་དུ་མི་འདུག །ཞལ་གདམས་འཆི་མེད་བདུད་རྩིའི་ཟིལ་ཐིག་རེ་ཁོ་ནས། །དད་པའི་ལྕེ་ཡིས་མྱངས་པས་རིས་མེད་ཀྱི་བསྟན་དང༌། །བསྟན་འཛིན་ཀུན་ལ་ཕྱོགས་མེད་དག་སྣང་གིས་བཏུད་ལས། །ཆགས་སྡང་ལས་ངན་མ་བསགས་ཡིད་ཆེས་ཞིག་སྐྱེ་འདུག །ཁྱད་པར་རོང་ཀློང་ཀུན་མཁྱེན་ཡབ་སྲས་ཀྱི་ལེགས་བཤད། །བཀའ་གཏེར་ཤིང་རྟ་སྨིན་གླིང་སྐུ་མཆེད་ཀྱི་ཕྱག་རྗེས། །མི་ཕམ་འཇམ་དཔལ་དགྱེས་པའི་ལེགས་བཤད་ཀྱི་སེང་སྐད། །ཕ་ནོར་དགྲ་རུ་མ་ལྡང་ཁྱོད་གཅིག་གི་བཀའ་དྲིན། །མཁས་ཀྱང་ཐ་སྙད་རྟོག་གེའི་ཚིག་སྐམ་དུ་མ་སོང༌། །གྲུབ་ཀྱང་གཏི་མུག་ཟོག་པོའི་ཧོལ་རྒྱུག་ཏུ་མ་འཕྱན། །བཟང་ཡང་གཅིག་གསོ་གཅིག་གསོད་ལས་ཀྱི་མཐའ་མ་ལོག །བསྟན་འཛིན་འཇམ་མགོན་བརྒྱུད་བཅས་སངས་རྒྱས་རུ་མཇལ་བྱུང༌། །རྗེ་དེའི་ཕ་ནོར་བུ་ལ་ལག་མཐིལ་དུ་སྤྲད་ནས། །མ་ཉམས་མ་རུལ་མ་བརླགས་བྱམས་བརྩེ་ཡིས་བསྣམས་ནས། །མ་མ་སྡུག་གུ་བུ་བཞིན་ཁོ་བོ་ལ་བསྩལ་བའི། །བཀའ་དྲིན་ཕ་མཐའ་ཡས་པ་དྲན་ཆེས་པས་སྤྲོ་བྱུང༌། །ཕ་རྗེས་བུ་ཡིས་ཟིན་པའི་ཡོན་ཏན་ནི་ཕྲ་ཡང༌། །ཕ་ནོར་འཁོར་ལོས་བསྒྱུར་བའི་བང་མཛོད་དེ་མཇལ་ཚེ། །ཕ་གཅིག་རྫོགས་པའི་སངས་རྒྱས་པདྨ་ནི་བི་ཛ། །ཕ་མཐའ་ཡས་པའི་སྐྱེ་བར་བརྗེད་ཐབས་ཞིག་ཅི་ཡོད། །རྩེ་གཅིག་ཉམས་ལེན་སྐལ་པ་ཤིན་ཏུ་ཡང་ཕྲ་མོད། །ཐོས་དང་བསམ་པའི་བདུད་རྩིའི་རོ་ནུས་ལ་བསམ་ཚེ། །གདུང་དབྱངས་གླིང་བུས་ཡིད་ཀྱི་རི་སྐྱེས་ཀྱང་མྱོས་ནས། །སྙིགས་མར་སྐྱེས་ཀྱང་སྐལ་བཟང་རང་མཐོང་ཞིག་སྐྱེ་འདྲ། །ཁྱེད་ཞལ་མངོན་སུམ་མཇལ་སྐབས་ལུས་ངག་གི་ཞབས་ཏོག །ཟང་ཟིང་སྒྱུ་མའི་མཆོད་པ་འབུལ་ནུས་སུ་མེད་ཀྱང༌། །སྨིན་གྲོལ་གདམས་པའི་བདུད་རྩིའི་དགའ་སྟོན་གྱིས་སྐྱེས་བཟང༌། །སྤེལ་ཞིང་འཛིན་པའི་མཆོད་སྤྲིན་འགྱུར་སྙེམ་གྱིས་ཕུལ་ཡོད། །ངོ་མཚར་གདམས་པའི་བདུད་རྩིའི་ཆ་ཤས་རེ་རེ་ལ། །རིན་ཐང་བརྗོད་བྲལ་ནོར་བུའི་རྡུལ་ཕྱེ་བཞིན་སེམས་པས། །ཆ་ཙམ་རྙེད་ཀྱང་འཛིན་སྤེལ་སྡུད་པ་ཡིས་བྲེལ་བའི། །བྱ་བ་དོན་ལྡན་བསྟན་འགྲོའི་སྲོག་མཐུད་དུ་འགྱུར་སྙམ། །ཆོས་རྗེས་འབྲང་བའི་བློ་ཡིས་ཆོས་ཀྱི་དབྱིག་བསགས་ནས། །ཚེ་རབས་ཕྲེང་བར་ལུང་རྟོགས་གན་མཛོད་ཀྱི་འབྱོར་བས། །ཕྱུག་ནས་རྒྱལ་བ་དགྱེས་པའི་ལམ་བཟང་དུ་ཞུགས་ཏེ། །བསྟན་པའི་མངའ་ཐང་སྤེལ་བའི་བྱེད་པོ་ཞིག་འགྱུར་སྲིད། །བསགས་བསགས་སྒྱུ་མའི་ནོར་རྫས་དགྲ་བོ་ཡིས་ཁྱེར་སོང༌། །ལེགས་ལེགས་རྟེན་གསུམ་ཆག་གྲུམ་རྡོ་གོང་བཞིན་གྱུར་ཀྱང༌། །བླ་མའི་གདམས་ངག་རང་སེམས་གཤིས་ལུགས་སུ་སིམ་པས། །སྐྱེ་འཆིའི་འཁྲུལ་པ་བྱུང་པ་བརླག་སྙམ་ནི་མི་འདུག །རྒྱལ་བའི་ཕྲིན་ལས་ནོར་བུ་དོན་ཡོད་ཀྱི་ཞགས་པས། །བཀའ་གཏེར་རབ་འབྱམས་སྨིན་གྲོལ་དྲི་ཟ་ཡི་བུ་མོ། །ན་ཚོད་རྒས་པའི་རྒན་པོའི་མདུན་ས་རུ་ཕེབས་བྱུང༌། །ཐེག་མཆོག་ཆོས་ཀྱི་རྒྱལ་ཐབས་འཛིན་པ་ལ་སྤྲོ་བྱུང༌། །གསེར་འཁོར་རྩིབས་སྟོང་གླིང་བཞི་རྒྱུ་བ་ཞིག་མེད་ཀྱང༌། །མདོ་རྒྱུད་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་མཐའ་དག །རྒྱལ་ཁམས་མི་རྒན་ཁུར་དུ་བབ་བབ་འདྲ་བྱེད་འདུག །ཆོག་ཤེས་མེད་པའི་འདུན་མ་ཆོས་ཀྱི་ནོར་བསགས་སྙམ། །བསམ་དགུ་འཇོ་བའི་ནོར་བུའི་ཐོར་ཚུགས་ནི་མེད་ཀྱང༌། །རིས་མེད་སྐྱེས་ཆེན་དམ་པའི་ཞབས་སེན་གྱི་ནོར་བུ། །ཚངས་གནས་སྤ་བས་རྙེད་དཀའི་རིན་ཐང་གི་གསོག་སྲུང༌། །གཞོན་ནུ་ནོར་བཟང་རྣམ་ཐར་སྨོན་ལམ་དུ་བྱས་ཡོད། །གངས་ཅན་ཆོས་འབྱོར་སྤྲིན་ཕྲེང་ལང་ལིང་དུ་གཡོ་བས། །བདག་བློ་བསིལ་ལྡན་རི་ངོགས་ལྷང་ལྷང་དུ་འཁྲིགས་ཀྱང༌། །དྲུག་ཟུང་མཆེ་བ་ལྡན་པའི་ལག་ལྡན་འདྲ་མེད་ཀྱང༌། །ལུང་དང་རྟོགས་པའི་ཁུར་གྱིས་ལྗིད་ལྗིད་འདྲ་སྙམ་མོད། །མྱུར་མགྱོགས་རྟ་མཆོག་རིན་ཆེན་མཐོང་ཐོས་སུ་མེད་ཀྱང༌། །ཟབ་རྒྱས་ཆོས་ལ་འདུན་པ་རྒས་བཞིན་དུ་ཆེ་བས། །ཡབ་གཅིག་ཆོས་ཀྱི་རྒྱལ་པོའི་ཐེག་མཆོག་གི་རྒྱལ་ཐབས། །བདག་གི་ཁུར་དུ་ལྷུང་སྙམ་དད་སྤྲོའི་ཤུགས་འཕེལ་འདུག །འབྱུང་བཞིའི་འཕྲུལ་འཁོར་མང་པོའི་དགྲ་སྡེའི་དཔུང་བརླག་པའི། །དམག་དཔོན་རིན་ཆེན་སྐུ་སྲུང་ཁོ་བོ་ལ་མེད་ཀྱང༌། །རྒྱལ་བསྟན་སྙིང་པོའི་དཔལ་དེ་བདག་བློ་རུ་མཛའ་བས། །དཔའ་བརྟུལ་མེད་ཀྱང་དད་བརྩོན་སྙིང་རྗེ་ཡི་མཚན་ལྡན། །རིན་ཆེན་མིག་ལྡན་གཏེར་འབྱིན་བློ་གྲོས་ཡིས་དབུལ་ཀྱང༌། །རིས་བྲལ་མཁས་གྲུབ་རྒྱ་མཚོའི་ལེགས་བཤད་ཀྱི་བཀའ་བསྟན། །གཅེས་དགུའི་ཆོས་ཀྱིས་ཕྱུག་པའི་གཙུག་ལག་ཁང་བརྩིགས་པས། །གསེར་དངུལ་ནོར་དབྱིག་དབུལ་ཀྱང་ཡིད་ཕམ་ནི་མི་འདུག །མཚན་བཟང་རྒྱན་ལྡན་རིགས་ཀྱི་བུ་སྲས་འདྲ་མེད་ཀྱང༌། །རྣམ་འདྲེན་རྒྱ་མཚོས་བསྩལ་བའི་ཆོས་བཟང་གི་ཚོགས་རྣམས། །དམ་པའི་སྐྱེས་བུ་ཡོངས་ལ་དགྱེས་མཆོད་དུ་ཕུལ་བས། །བཤད་སྒྲུབ་ཆོས་ཀྱི་རབ་ཆད་མ་གྱུར་ཙམ་ཡིན་སྙམ། །ཕྲིན་ལས་གླིང་བཞི་དབང་བསྒྱུར་རྨི་ལམ་དུ་མེད་ཀྱང༌། །མཐོང་ཐོས་དྲན་རེག་འགྲོ་ཀུན་གཏན་བདེ་རུ་སྦྱོར་བའི། །སྨོན་ལམ་སྲས་བཅས་རྒྱལ་བའི་རྣམ་ཐར་བཞིན་བཏབ་པས། །ཀུན་ཕན་ཕྲིན་ལས་མིང་བཏགས་བྱས་ཙམ་ཞིག་རུང་སྙམ། །རང་དོན་རྟོགས་པས་བདག་རྒྱུད་གྲོལ་བ་ཞིག་མེད་ཀྱང༌། །ཆོས་དང་བླ་མར་ཡིད་ཆེས་རེ་སྨོན་གྱིས་བརྟན་པས། །ཐུགས་རྗེས་གཞན་རྒྱུད་གྲོལ་བའི་སེམས་དཔའ་ནི་མིན་ཀྱང༌། །ཆོས་མིན་ཟོག་པོས་མི་མགོ་མ་བསྐོར་ཙམ་རེད་འདུག །ཡིད་དཔྱོད་བློ་ལས་ཡེ་ཤེས་རྟོགས་པ་ནི་ཕྲ་ཡང༌། །ཐེག་མཆོག་སྙིང་པོའི་བཀའ་གཏེར་ཀུན་བཟང་གི་ཐུགས་བཅུད། །ཐོས་པ་འདི་ཡང་སྔོན་སྦྱངས་ལས་འཕྲོ་བཟང་ཡིན་སྙམ། །ངེས་དོན་སེང་གེའི་ང་རོ་བློ་གཏད་ཀྱང་བཀལ་སྙམ། །བཀའ་གདམས་བསྟན་འཛིན་ཐུབ་བསྟན་རྒྱན་གཅིག་ནི་ལྟ་ཅི། །ནག་ཆང་ལུས་དང་གྲིབ་བཞིན་འགྲོགས་པ་ཡི་སྔགས་ཧྲུལ། །རིན་ཆེན་བྱང་ཆུབ་སེམས་ཀྱི་ཕ་ལམ་གྱི་མཚོན་ཆ། །བདག་འཛིན་འགོང་པོའི་སྟེང་དུ་བསྐུལ་བ་ནི་མ་བརྗེད། །གསང་ཆེན་རྒྱུད་སྡེའི་སྲོལ་འབྱེད་ཤིང་རྟ་ནི་མིན་མོད། །ཐུབ་གསུང་སྙིང་པོ་རྒྱུད་སྡེ་རྣམ་དྲུག་གི་སྨིན་གྲོལ། །ཐོབ་ཚད་ཡིད་ཆེས་ཤེལ་གྱི་བུམ་བཟང་དུ་བསྐྱིལ་ནས། །སྤྱོད་པའི་སྐལ་བཟང་རྡོ་རྗེའི་རིགས་ཅན་དུ་རློམས་ཤོར། །ཆོས་བརྒྱད་རླུང་བསྐུར་གཡའ་གངས་དབེན་པ་ཡི་གནས་སུ། །རླུང་སེམས་དབུ་མར་ཐིམ་པའི་གྲུབ་པའི་རྟགས་མེད་ཀྱང༌། །བཀའ་བཞི་བརྒྱུད་པའི་གསེར་རིའི་ཕྲེང་མཛེས་ཀྱི་ཚོགས་ལ། །དད་པས་གསོལ་བཏབ་ཆོས་སྐལ་མ་ཆད་ཙམ་བྱུང་སོང༌། །མཐར་ཐུག་ལྔ་ལྡན་ཁྱུང་པོའི་གསེར་ཆོས་ཀྱི་ཡང་ཞུན། །སྐལ་བཟང་རིན་ཆེན་བུམ་པར་མ་ཉམས་པར་བསྐྱིལ་བས། །ཆོས་བརྒྱད་ཆུ་རིས་དེད་པའི་ཕོ་ཚུགས་དེ་ཞིག་ནས། །ངེས་དོན་ཉམས་སུ་ལེན་པས་སྐལ་ཆད་དུ་མ་གྱུར། །རྡོ་རྗེ་ནཱ་དའི་སྒྲ་དབྱངས་ཇོ་ཞལ་གྱི་ཐུགས་བཅུད། །སྨིན་གྲོལ་རྒྱུད་རྒྱལ་བཤད་ཁྲིད་སྐལ་བཟང་དུ་ཐོབ་པས། །ཟབ་དོན་སྨྲ་བའི་རྒྱུད་སྡེའི་སློབ་དཔོན་ཞིག་མིན་ཀྱང༌། །དད་སྤྲོའི་ཐོས་བསམ་སྒོམ་དང་འཆད་ཉན་ཀྱང་བྱས་རློམས། །མི་ཕྱེད་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལ་བསྟེན་ནས། །ཕྱི་ནང་གཞན་གསུམ་གཉིས་མེད་མཆོག་བརྙེས་ཞིག་མིན་མོད། །རྡོ་རྗེ་བཙུན་མོའི་ཞལ་ཆབ་བདེ་སྟོང་གི་རོ་མཆོག །མྱོང་བའི་ངོ་མཚར་འཛུམ་གྱིས་ཡིད་བློ་ཡང་བདེ་སྙམ། །མདོར་ན་འདིར་སྣང་འཁྲུལ་བའི་རྦ་རླབས་ལ་མ་གཡེངས། །མཚན་ཉིད་ཡོངས་རྫོགས་མཁས་གྲུབ་མཚུངས་མེད་ཀྱིས་རྗེས་བཟུང༌། །སྒོ་གསུམ་བྱ་བས་རྣམ་དཀར་ཅི་ནུས་སུ་བརྩོན་པས། །ཤི་ཡང་མི་འགྱོད་ཙམ་འདི་བླ་མ་རྗེའི་བཀའ་དྲིན། །ཇི་སྙེད་ལེགས་བྱས་འབྲས་བུ་ནོར་བུ་ཡི་རྡུལ་ཕྱེ། །བདག་རྒྱུད་ཆོས་ལ་སྦྱོར་བའི་ཕ་མ་དང་སྤུན་ཟླ། །དྲིན་ཆེན་རྣམས་གཙོས་སྡང་དགྲ་གདོན་བགེགས་ཀྱིས་ཐོག་དྲངས། །མཁའ་ཁྱབ་ཡིད་ཅན་རྣམ་གྲོལ་ཐོབ་ཕྱིར་དུ་བསྔོའོ། །རྒྱལ་སྲས་སྤྱོད་ལ་འཇུག་པའི་སྐལ་ལྡན་ཞིག་གྱུར་ཚེ། །ཤཱཀྱའི་ཏོག་དང་གུ་རུ་མྱུར་མ་ཡི་དཔལ་མོ། །འཇམ་དབྱངས་སྤྱན་གཟིགས་ཉེ་བའི་སྲས་མཆོག་བརྒྱད་ཇི་བཞིན། །ནམ་མཁའ་ཇི་སྲིད་འགྲོ་བའི་བྲན་ཁོལ་དུ་གྱུར་ཅིག །རྒྱལ་བའི་ཐུགས་མཛོད་གསང་བ་བསམ་མི་ཁྱབ་མཐའ་དག །མི་བརྗེད་གཟུངས་སྤོབས་བློ་གྲོས་མཆོག་དབྱིངས་ཀྱིས་འཛིན་ཅིང༌། །གདུལ་དཀའ་འདུལ་དང་དམ་ཆོས་མི་ནུབ་པར་སྤེལ་བའི། །ཐོས་བསམ་སྒོམ་པའི་ཡོན་ཏན་བསམ་མི་ཁྱབ་ཐོབ་སྨོན། །དབྱངས་ཡིག་གཅིག་གིས་རབ་འབྱམས་ཆོས་ཀྱི་སྒོ་སྟོན་ཅིང༌། །དེ་སྙེད་གདུལ་བྱ་བྱང་གྲོལ་ངལ་སྟེགས་ལ་བཀོད་ཀྱང༌། །བསྙེངས་དང་ཞུམ་པ་མེད་ནས་གདུལ་དཀའི་ཞིང་རྒྱ་མཚོར། །ཞི་བསིལ་བདུད་རྩིའི་ཟིམ་ཆར་འབེབས་མཁན་ལ་སྨོན་ནོ། །རབ་འབྱམས་ཞིང་རྡུལ་མཉམ་པའི་རྒྱལ་བ་ཡི་སྤྱན་སྔར། །དཔའ་ཆེན་སེམས་དཔའི་རྣམ་ཐར་རྒྱ་མཚོའི་སྤྲིན་བཀོད་བཞིན། །བདེ་གཤེགས་དགྱེས་པའི་སྤྱོད་ཡུལ་རླབས་ཆེན་གྱི་མཛད་པ། །ངོ་མཚར་ཆོས་དབྱིངས་མཉམ་པར་བཀོད་ནུས་སུ་གྱུར་ཅིག །དེ་ཚེ་བདག་གི་བཤེས་གཉེན་ཆོས་ཀྱི་གྲོགས་ཀུན་དང༌། །གཤེ་བསྐུར་དམོད་སྡང་ལུས་བསྐྱེད་ཕ་མ་དང་སྤུན་ཟླ། །བསྐལ་བཟང་སངས་རྒྱས་སྟོང་བཞིན་མཐུན་པའི་མཆེད་གྱུར་ནས། །བྱང་ཆུབ་ལམ་འགོད་མཐུན་གྲོགས་རྒད་པོ་བདག་གྱུར་ཅིག །འགྲོ་ཕྱིར་སྲོག་ཀྱང་གཏོང་ནུས་སྙིང་རྗེ་ཆེའི་གོ་ཆ། །རྣམ་འདྲེན་བཞི་པའི་སྨོན་ལམ་བདག་ཉིད་རང་བྱས་ནས། །དཔག་ཡས་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ངོ་མཚར། །སྲས་བཅས་རྒྱལ་བས་བསྔགས་འོས་ཁོ་ན་རུ་གྱུར་ཅིག །གྲོལ་ཚད་མངོན་དུ་གྱུར་པའི་སྒོམ་ཆེན་འདྲ་མིན་ཡང༌། །ངེས་དོན་ཆོས་སྐལ་ཆད་པའི་རྟོག་གེ་རུ་མ་འཁྱམས། །སྦྱོར་བ་ཡན་ལག་དྲུག་གི་མྱུར་ལམ་ལ་བརྟེན་ནས། །རླུང་སེམས་དབུ་མ་རུ་ཚུད་པའི་ཕྱི་ནང་གཞན་གསུམ། །མཆོག་བདེའི་ཡེ་ཤེས་འཆར་བའི་སྐལ་བ་ཆེས་ཕྲ་ཡང༌། །གཉིས་མེད་རྒྱུད་ཀྱི་རྒྱལ་པོའི་ཐོས་བསམ་ལ་རྟག་འདུན། །རྡོ་རྗེ་བཙུན་མོའི་ཞལ་ལུང་བསྙེན་སྒྲུབ་ཀྱི་གསེང་ལམ། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཤིང་རྟ་ལ་འཛེགས་ཏེ། །རྡོ་རྗེ་སྡོམ་པ་ཆེན་པོའི་སྤང་རྟོགས་ཀྱིས་དབུལ་ཡང༌། །རྡོ་རྗེའི་རྣལ་འབྱོར་འདུན་པའི་ཡིད་ཆེས་ཀྱི་ངང་ཡོད། །ཧེ་ཧེ་མི་རྒན་ཞི་བའི་རི་སུལ་དུ་ཕྱིན་པས། །འབྲེལ་མེད་ཅ་ཅོ་ཆང་བཟིའི་གླེང་མོ་འདྲ་བྱུང་ཀྱང༌། །བསྐལ་མང་རྙེད་དཀའི་ཆོས་སྒོ་རབ་འབྱམས་ཀྱི་ལྟད་མོ། །མིག་དང་སེམས་ལ་སིམ་པས་སྐྱིད་གླུ་འདི་ཤོར་སོང༌། །ད་དུང་ཚེ་མཇུག་ཅི་ཡོད་རིས་མེད་ཀྱི་ཐུབ་བསྟན། །ཕྱོགས་མེད་མཁས་གྲུབ་རྒྱ་མཚོའི་ཞལ་སྒོ་ནས་བླངས་ཏེ། །ཆོག་ཤེས་ཆོས་ལ་མེད་པའི་ཐོས་པ་ཡི་རྒྱ་མཚོ། །དད་པའི་གཟིངས་ལ་བརྟེན་ནས་བརྒལ་འདོད་ཀྱི་བློ་སྐྱེས། །དུས་ཀྱི་ཞགས་པས་འཇིག་རྟེན་ཕ་རོལ་དུ་དྲངས་ཀྱང༌། །དཀོན་མཆོག་རིན་ཆེན་གསུམ་གྱི་སྣང་བ་དང་མི་འབྲལ། །བསགས་པའི་ཆོས་འབྱོར་དགྲ་སྡེས་བརླག་དོགས་ཀྱང་མེད་པས། །རྒྱལ་བ་དགྱེས་པའི་ཤུལ་ལམ་རྒད་པོ་ངས་སྙོགས་སྙམ། །མངྒ་ལས་སོ། ༈ ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། མཁའ་ཁྱབ་ཡེ་ཤེས་རྡོ་རྗེ་ནམ་མཁའི་སྐུ། །རྒྱལ་བ་རྟག་པའི་རིགས་ཀྱི་ཉིན་མོར་བྱེད། །སྣང་སྲིད་འབར་བའི་ཕྱག་རྒྱས་ཟིན་གནོན་པ། །འཇམ་དཔལ་རྡོ་རྗེ་རྣོན་པོའི་མཚོན་འཆང་རྒྱལ། །ཤྲཱི་མ་ཧཱ་ཧེ། བདེ་ཆེན་རྔམས་པའི་སྙིང་རྗེའི་རྟ་སྐད་ཅན། །ཁམས་གསུམ་སྲིད་ཞིའི་གཡང་ས་ལས་སྒྲོལ་ཕྱིར། །གཞོམ་མེད་རྡོ་རྗེ་ནཱ་དའི་གསུང་རྡོ་རྗེ། །གར་གྱི་དབང་ཕྱུག་དཔའ་བོའི་ཆོ་འཕྲུལ་རྨད། །ཤྲཱི་མ་ཧཱ་སུ་ཁ་ཧཾ། སྲིད་ཞི་ལས་འདས་མཉམ་ཉིད་ཞི་བའི་ཐུགས། །གཉིས་མེད་འབར་བའི་ཁྱབ་བདག་ཧེ་རུ་ཀ །མཆོག་ཏུ་མི་འགྱུར་ཡང་དག་བདེ་བའི་གར། །མཁའ་འགྲོ་སྒྱུ་མ་དགྱེས་དགུའི་སྤྲིན་གྱིས་སྒེག །ཤྲཱི་ཨ་མྲྀ་ཏ་ཧོ། ཟུག་རྔུ་ཀུན་བྲལ་ཆོས་དབྱིངས་བསམ་མི་ཁྱབ། །ཡེ་ཤེས་བཅུད་ཀྱི་དྭངས་མར་ཞུ་བའི་སྨན། །རྟོག་བྲལ་བདེ་ཆེན་རྡོ་རྗེའི་དཔྱིད་གྲུབ་པས། །ཁྲག་འཐུང་རྗེ་བཙན་ཆེ་བའི་མཆོག་ཏུ་བཞེངས། །ཤྲཱི་བཛྲ་ཀུ་མཱ་རི། །རྟག་བརྟན་རྡོ་རྗེའི་ཡེ་ཤེས་གཞོན་ནུའི་གར། །སྙིང་རྗེའི་བདུད་བཞིར་རྔམས་པ་ཁྲོ་བོའི་རྗེ། །སངས་རྒྱས་ཀུན་གྱི་ཕྲིན་ལས་འབར་བའི་མཚོན། །མཐར་བྱེད་སྟོབས་བཅུའི་རྩལ་འཆང་ཀཱི་ལ་ཡ། །ཤྲཱི་ཨ་ཧཾ་ཧོ་ཡེ། བདེ་ཆེན་དཔྱིད་ཀྱི་ཐིག་ལེའི་རྟག་པའི་རྒྱལ། །སྣང་སྲིད་དབྱིངས་ཆེན་རྣམ་ཐར་གསུམ་གྱི་མཁར། །བདེ་ཆེན་ཡེ་ཤེས་ཀློང་གི་ཟིལ་མངར་ཅན། །ངོ་མཚར་ཐིག་ལེ་སྒྱུ་མའི་ཁྱབ་བདག་རྨད། །ཤྲཱི་མ་ཧཱ་གུ་ར་ཝེ། །ཕྱོགས་དུས་རྒྱལ་བའི་མཁྱེན་བརྩེའི་ཡེ་ཤེས་སྤྲིན། །རང་བྱུང་སྒྱུ་འཕྲུལ་ཕྲིན་ལས་ཟློས་གར་གྱིས། །རྨད་བྱུང་རྣམ་འདྲེན་རྒྱ་མཚོའི་མཛད་པ་ལས། །བཙན་ཐབས་རྡོ་རྗེའི་བྱིན་འབེབས་བླ་མ་རྗེ། །ཧོ་མཱ་ར་ཡ་ཕཊ། །གཟུང་འཛིན་ལས་འདས་ལྟ་བའི་རྫོང་བཙན་ཞིང༌། །བྱིང་རྒོད་འཕྲང་བརྒལ་རྒོལ་བའི་དམག་དཔུང་བཙན། །སྲིད་ཞིའི་སྲོག་འཕྲོག་མི་སྲུན་སྤྱོད་འཆང་བའི། །དྲག་པོ་གསང་བ་སྔགས་ཀྱི་འཕྲུལ་འཁོར་ལྟོས། །ཧེ་རཱུ་ཏྲ་བྷྱོཿ རྡོ་རྗེའི་ཐ་ཚིག་བསྐུལ་བས་དྲེགས་པ་འབོད། །སྲོག་སྙིང་གནད་ཀྱིས་བཀར་ཏེ་དགྲ་ལ་རྦད། །ཉམས་པའི་ལུས་སྲོག་མཐར་བྱེད་བསད་པ་ཡིས། །བསྟན་པའི་ལྕགས་རི་མཆོད་བསྟོད་ལས་ལ་རྔམས། །ཧ་ཧ། ༈ ཛ་ཡ་ནིརྨ་ཀ་ལ་བསྔགས་པ་དད་པའི་མེ་ཏོག་བཞད་པ་ཞེས་བྱ་བ། །ན་མོ་གུ་རུ་ཤྲཱི་ཛ་ཡ་ནིརྨ་ཀ་ཡེ། ཀ་བ་མེད་པའི་བྲག་རིའི་ཁང་བཟང་དུ། ཁ་བ་ཅན་གྱི་རྣ་རྒྱན་མི་ལ་བཞིན། །ག་བུར་འཛིན་མཚུངས་རྣམ་ཐར་བདུད་རྩིའི་མཛོད། །ང་བདག་སྙིགས་མའི་གདུང་བ་སེལ་དེ་བསྔགས། །ཅ་ཅོའི་ཐ་སྙད་རིག་པ་མ་སྦྱངས་ཡང༌། །ཆ་བྱད་རས་ཀྱི་གོས་གསོལ་སྦྱངས་ཡོན་ཅན། །ཇ་དངུལ་ཟང་ཟིང་འབྱོར་པ་རིང་སྤང་ནས། །ཉ་ཟླ་ལྟར་མཛེས་དཀར་ཐུབ་དང་དུ་བཞེས། །ཏ་ལའི་ཤིང་གྱི་མགོ་བོ་བཅད་པ་ལྟའི། །ཐ་མལ་ཚེ་འདིའི་འདུན་མ་བློས་བཏང་སྟེ། །ད་ལྟ་སྙིགས་སྤྱོད་རྡུལ་གྱིས་མ་གོས་པས། །ན་རྒ་སྐྱེ་འཆིའི་ཆུ་བཞིའི་ཕ་མཐར་བརྒལ། །པ་སངས་ལྟར་དཀར་རས་ཀྱི་བླ་གོས་ཅན། །ཕ་རོལ་ཕྱིན་དྲུག་དབུ་མའི་དབྱིངས་རྫོགས་པས། །བ་གླང་ལྟ་བུའི་འགྲོ་སྒྲོལ་རས་པ་ཆེའི། །མ་ལུས་ངོ་མཚར་རྣམ་ཐར་ཁྱེད་ལ་རྫོགས། །ཙཱ་རི་ཏྲ་མཚུངས་གནམ་རྫོང་བྲག་སྐྱིབས་སུ། །ཚ་གྲང་དུས་ཀུན་རས་རྐྱང་ན་བཟའ་བཞེས། །ཛ་ཡ་ནིརྨ་ཀ་ཞེས་ངེས་དོན་གྱི། །ཝ་ལེར་ཆོས་ཉིད་མངོན་གྱུར་རྣལ་འབྱོར་དབང༌། །ཞྭ་གོས་ཙམ་གྱི་བསྟན་པ་མ་སྐྱོངས་ཞིང༌། །ཟ་འདོད་རྙེད་ཚོལ་བྲལ་བའི་བཤད་སྒྲུབ་ལས། །འ་འུར་ཙམ་མིན་ངེས་དོན་ཕྲིན་ལས་ཀྱིས། །ཡ་མཚན་འབྲེལ་ཚད་དོན་ལྡན་སེམས་དཔའ་ཆེ། །ར་རིབ་དང་བྲལ་ལྷན་སྐྱེས་དགོངས་པ་རྟོགས། །ལ་ལ་ར་སའི་མདུད་གྲོལ་ལམ་རྟགས་རྒྱས། །ཤ་ཁྲག་འོད་དེངས་ཏིང་འཛིན་ཟས་སུ་བསྟེན། །ས་གསུམ་ཆེ་དགུའི་བླ་མའི་བླ་མར་གྱུར། །ཧ་ཅང་རབ་བརྟག་ངག་གིས་མ་ཡིན་པར། །ཨ་དབྱིངས་བདེན་མཐོང་སྐྱེས་ཆེན་བསྔགས་པའི་དོན། །ཨ་ལི་ཀ་ཕྲེང་བྱ་དཀའི་ངག་འདི་ཡང༌། །ཧ་ཅང་དོན་གྱི་རྣམ་ཐར་དྲན་པས་བསྟོད། །ཨེ་མ་ཁྱོད་ནི་བརྟན་གཡོ་སྲིད་ཞིའི་སྲོག །ཨུ་རྒྱན་རྗེ་བཞིན་ཆོས་སྐུར་བཞུགས་སྙམ་པས། །ཨི་དཾ་སྟུ་ཏ་ཡི་ཚིགས་བཅད་ཕྲེང༌། །ཨོ་ཌི་ཡཱ་ནའི་མིང་གིས་གུས་བསྟོད་པས། །སྲིད་པའི་འཇིགས་བཅིལ་ཞི་དབྱིངས་ཇི་བཞིན་གཟིགས། །མཁྱེན་བརྩེ་ཡེ་ཤེས་དཔེ་མེད་མཛེས་གཏེར་བརྙེས། །སྐུ་གསུང་ཐུགས་མཐུ་ཀུན་ཏུ་གུས་བཏུད་མཐུས། །འགྲོ་མགོན་གཙོ་ཁྱོད་བློ་གྲོས་མཚོར་རོལ་མཛོད། །ཅེས་དབྱངས་ངེས་པའི་བྱ་དཀའི་ཚིག་གི་བརྗོད་པ་འདི་ཡང་རྒྱལ་ཁམས་ཀུན་ཏུ་རྒྱུ་བའི་བྷུ་སུ་ཀུ་ཞི་བའི་སྨན་ལྗོངས་ཀྱི་དབུས་ན་མཛེས་པའི་རྐང་འཐུང་གི་ལང་ཚོ་རྣམ་པར་བཀྲ་བའི་བསམ་གཏན་གྱི་ཁང་བུར་བག་ཕེབས་པའི་ཚེ་ཀུན་བྱེད་ཀྱི་མེ་ལོང་དུ་ཤར་བ་བཞིན་ཡི་གེའི་རིས་སུ་སྤེལ་བ་དཔལ་མགོན་བླ་མ་དམ་པའི་བྱིན་རླབས་འཇུག་པའི་ཉེ་རྒྱུ་ཁོ་ནར་གྱུར་ཅིག ༈ རྒྱལ་ཡུམ་རྡོ་རྗེ་བཙུན་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་རྗེས་སུ་དྲན་པའི་ཐོལ་གླུ་ལྷན་སྐྱེས་བདེ་སྟོང་རྡོ་རྗེའི་རོལ་མོ་ཞེས་བྱ་བ་ས་མཔྟ། །ཨ་ཧོ། །ཀ་དག་སྐྱེ་མེད་རྡོ་རྗེ་དབྱིངས་ཕྱུག་གི་བཙུན་མོ། །ཁ་སྦྱོར་བདུན་ལྡན་རིགས་ལྔའི་འཁོར་ལོའི་བསྒྱུར་ཆེན་པོ། །ག་བུར་མདངས་འཛིན་གངས་ཅན་སྐྱབས་གཅིག་གི་མ་མ། །ང་ཚོའི་འདི་ཕྱིའི་རེ་ལྟོས་ཨ་མ་རྗེ་མཁྱེན་ནོ། །ཅ་རེ་ཞིག་གི་སྤྱོད་ཡུལ་དངོས་མཚན་དུ་མེད་ཀྱང༌། །ཆ་མེད་ཀུན་འགྲོ་ཀུན་ཁྱབ་སྲིད་ཞིའི་སྲོག་བཞུགས་པ། །ཇ་ཧང་ལི་ཁྲིའི་མདངས་འཛིན་མཚན་དཔེའི་དཔྱིད་མཚར་སྡུག །ཉ་གང་སྟོན་ཟླ་ལྟ་བུའི་གདུང་སེལ་མ་མཁྱེན་ནོ། །ཏ་ན་ག་ནའི་ཐབས་ཤེས་རྡོ་རྗེ་ཡི་ལམ་ནས། །ཐ་མལ་སེམས་ཅན་བདེ་སྟོང་དྷཱུ་ཏི་ཡི་དབྱིངས་སུ། །ད་ལྟ་ཡུད་ཀྱིས་སེམས་ཅན་སངས་རྒྱས་སུ་བསྒྱུར་བས། །ན་གཞོན་ཆགས་པས་གདུང་བཞིན་ཨ་མ་ཁྱོད་དྲན་བྱུང༌། །པ་ར་མི་ཏ་རྒྱལ་སྲས་སྤྱོད་མཆོག་གི་ཤིང་རྟས། །ཕ་རོལ་སྲིད་ཞིའི་མཚོ་བརྒལ་ཐེག་ཆེན་གྱི་ལམ་སྙིང༌། །བ་མོར་ཚ་ཟེར་རེག་བཞིན་བདེ་མྱུར་དུ་སྐྱོབ་པའི། །མ་གཅིག་འཕགས་བཞིའི་ཡུམ་ཆེན་སྙིང་དབུས་ནས་དྲན་བྱུང༌། །ཙ་ཀོ་ར་ཡི་མགྲིན་གླུའི་དཔྱིད་དུས་ཀྱི་དཔལ་བཞིན། །ཚ་གྲང་ཨ་ཧཾ་འབར་ཞུས་མི་རྟོག་པའི་དྭངས་མ། །ཛ་ལནྡྷ་ར་ངལ་འཚོ་ལྷན་སྐྱེས་ཀྱི་དེ་ཉིད། །ཝ་ལེར་འཆར་བའི་གསེང་ལམ་སྟོན་པ་ལ་རིངས་འདུག །ཞ་ཉེ་ལྟར་ལྕིད་ལས་ཉོན་འཁྲུལ་སྣང་གི་བག་ཆགས། །ཟྭ་ལྟར་རྩུབ་པའི་ལས་རླུང་དྷཱུ་ཏིའི་དབྱིངས་སིམ་པས། །འ་འུར་མ་བརྟགས་ཉམས་དགའི་འཁྲུལ་སྣང་གི་ག་བུར། །ཡ་མཚན་རྣམ་ཐར་གསུམ་དུ་བདེ་མྱུར་གྱིས་སྦྱོར་མཛོད། །ར་རིབ་དྭངས་བྲལ་ཆོས་དབྱིངས་རྒྱལ་ཀུན་གྱི་མ་གཅིག །ལ་ལ་ར་སའི་གཟུང་འཛིན་ར་རི་ཡིས་སྒྲིབ་པ། །ཤ་ཟ་སྲིན་པོས་བོས་བཞིན་དྷཱུ་ཏིའི་དབྱིངས་བཅོམ་ནས། །ས་བཅུའི་ཡོན་ཏན་རྫོགས་པའི་ནུ་བོའི་མཆོག་སྟེར་མཛོད། །ཧ་ཅང་སྙིགས་མའི་ནད་གདུང་བཞི་བརྒྱ་དང་རྩ་བཞི། །ཨ་དོན་སྐྱེ་འགག་གནས་མེད་སྟོང་ཆེན་དུ་ངལ་བསོའི། །ཧ་ཧོ་གཏན་བདེའི་དགའ་སྟོན་ཟད་མི་ཤེས་འཇོ་བའི། །ཨ་མས་རྗེས་སུ་ཟུངས་ཤིག་བོད་འབངས་ཀྱི་ཡུམ་ཆེན། །ཨོ་ཌི་ཡཱ་ནའི་རྡོ་རྗེའི་སློབ་དཔོན་གྱི་དགྱེས་སྡེར། །ཨེ་མ་དད་པའི་ཆུ་མཚོ་བཟོད་མེད་དུ་རྒྱས་པས། །ཨུ་ད་དྷཱི་ལྟར་ཀུན་དགའི་ཟླ་གཞོན་གྱིས་བསྐྱང་ཏེ། །ཨེ་མ་བྱང་ཆུབ་བར་དུ་རྗེས་འཛིན་དུ་མཛོད་ཅིག །ཅེས་པའང་ཤིང་བྱི་སྣྲོན་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུའི་མཆོད་པའི་སྐབས་རྒྱལ་ཁམས་ཀྱི་དཱ་རི་དྲ་མང་ག་ལའི་མིང་གིས་ཕྱི་རྒྱལ་པེ་རས་སི་ནས་གསོལ་འདེབས་གདུང་དབྱངས་སུ་བྲིས་པ་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་སུ་མཇལ་བའི་རྟེན་འབྱུང་དུ་གྱུར་ཅིག ༈ ཐེག་མཆོག་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཆེན་སེངྷེ་ཤྭ་ར་རྗེས་སུ་དྲན་པའི་ཐོལ་གླུ་རྩོལ་མེད་ནཱ་དའི་རང་སྒྲ་ཞེས་བྱ་བ་བཞུགས་སོ། ཨ་ཧོ། ཀ་དག་ཡེ་གྲོལ་ཆེན་པོ་གཞི་དབྱིངས་ཀྱི་ཀློང་དུ། །ཁ་སྦྱོར་ཡན་ལག་བདུན་རྫོགས་རིགས་ཀུན་གྱི་ཁྱབ་བདག །ག་བུར་ལྟར་བསིལ་ཞི་བ་ཆེན་པོའི་དབྱིངས་འུབ་ཆུབ། །ང་བདག་ཀུན་བྲལ་སེངྷེ་ཤྭ་ར་དེ་མཁྱེན་ནོ། །ཅ་རེ་དབང་ཡུལ་ཤོར་བའི་སྲེད་ལེན་གྱི་འཆིང་བ། །ཆ་མེད་ཀུན་འགྲོ་ཡེ་ཤེས་ནམ་མཁའི་དབྱིངས་དག་པས། །ཇ་ཧང་མདངས་འཛིན་འཕོ་ཆེན་རྡོ་རྗེ་ཡི་མཚན་དཔེ། །ཉ་གང་ཟླ་ལྟར་གསལ་བའི་སངས་རྒྱས་དེ་མཁྱེན་ནོ། །ཏ་ན་ག་ཎའི་རྡོ་རྗེའི་གསང་སྤྱོད་ཀྱི་མཐར་སོན། །ཐ་མལ་འཛིན་གྲོལ་ཡེ་ཤེས་སྣང་བ་བཞི་མཐར་སོན། །ད་དུས་སྙིགས་འགྲོ་འདུལ་ཕྱིར་འདའ་ཀ་ཡི་ཞལ་ཆེམས། །ནཱ་དའི་གསང་ཚིག་རྗེས་བསྩལ་བཀའ་དྲིན་ཅན་མཁྱེན་ནོ། །པ་སངས་ཐོ་རེངས་འཆར་བཞིན་ཡེ་ཤེས་ཀྱི་རོལ་རྩེད། །ཕ་མཐའ་ཞིང་ཀུན་བརྡལ་བཞིན་འགྲོ་འདུལ་གྱི་ཕྲིན་ལས། །བ་མཆོག་ལྟ་བུ་འོད་གསལ་སྤྲུལ་པའི་སྐུའི་རྡོ་རྗེས། །མ་ལུས་གདོད་མའི་གཞི་ཀློང་གྲོལ་མཛད་ཁྱེད་མཁྱེན་ནོ། །ཙཱ་གངས་དང་མཚུངས་འོ་ཡུག་རྫ་བྲག་གི་ར་བར། །ཚ་ཟེར་བརྒྱ་བཞིན་ཟག་ཟད་ཡེ་ཤེས་ཀྱི་སྣང་བས། །ཛ་ཏིའི་དྲི་བསུང་བཞིན་དུ་ཕྱོགས་དུས་ཀུན་བརྡལ་བས། །ཝ་ལེར་གྲོལ་བ་དྲུག་ལྡན་ཕྲིན་ལས་ཅན་མཁྱེན་ནོ། །ཞྭ་ལྷྭམ་མཛེས་པའི་ཅོ་དྲེག་འདུས་པ་ཙམ་མ་ཡིན། །ཟ་མའི་ཡུན་གྱིས་གྲོལ་ཚད་མཐོང་བའི་ཆོས་སྦྱིན་བྱེད། །འ་འུར་གཅམ་བུ་མ་ཡིན་ལག་མཐིལ་དུ་གནང་བའི། །ཡ་མཚན་རྗེས་སུ་དྲན་པས་རྗེ་ཁྱོད་རང་མཁྱེན་ནོ། །ར་རིབ་ཤེས་ཉམས་ཡིད་དཔྱོད་རེ་དོགས་ཀྱི་མདུད་གྲོལ། །ལ་ཀླུང་བརྒལ་བའི་གྲོང་ཁྱེར་སྲང་མདོ་རུ་མ་འཁྱམས། །ཤ་ཟན་རྒོད་པོ་ནམ་མཁའི་ངོ་ལམ་དུ་རྒྱུ་བཞིན། །ས་ལམ་ནང་ནས་རྫོགས་པའི་ཧེ་རུ་ཀ་མཁྱེན་ནོ། །ཧ་ཧ་རྡོ་རྗེ་གད་མོ་བཅུ་གཉིས་ཀྱི་དོན་བཞིན། །ཨ་ཏི་ཁྱབ་བརྡལ་ཆེན་པོའི་ནང་དབྱིངས་སུ་གྲོལ་བའི། །ཨ་ཧོ་ངོ་མཚར་སྐྱེས་པའི་ཐོལ་བྱུང་གི་གླུ་ཡང༌། །ཧ་རིའི་འཁྲི་ཤིང་རྒྱས་པའི་ནགས་ཚལ་ནས་བྲིས་སོ། །ཞེས་རྡོ་རྗེའི་གནས་མཆོག་གདོད་ནས་གྲུབ་པ་དང་རྣམ་དབྱེར་མེད་པ་འཕགས་ཡུལ་གྱི་པཎ་གྲུབ་ནགས་ཀྱི་རིན་ཆེན་གྱིས་བསྔགས་པ་ཨོ་རྒྱན་སངས་རྒྱས་གཉིས་པས་བོད་ཡུལ་སྙིགས་མའི་གདུལ་བྱ་ཕན་བདེའི་དཔལ་ལ་འགོད་ཕྱིར་བསྟན་ཞབས་གཏེར་གྱིས་བསྐྱངས་བའི་མཛད་པའི་ཆོ་འཕྲུལ་གྱི་རེ་ཁཱ་རྣམ་པར་བཀྲ་བ་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་མདུན་དུ་མཛེས་པའི་དབེན་པའི་ནགས་ཚལ་རྩི་སྨན་རྣམ་པར་བཀྲ་བར་གུ་ཡངས་རྒན་པོ་མངྒ་ལ་གནས་པའི་ཚེ་ས་སྦྲུལ་སྟོན་ཟླ་ར་བའི་ཡར་ངོའི་ཚེས་བཅུའི་དུས་མཆོད་ཀྱི་སྐབས་སུ་མ་ཧཱ་གུ་རུ་སེངྷེ་ཤྭ་ར་ཡང་ཡང་དྲན་པའི་གླུ་བྱུང་རྒྱལ་མའོ། ༈ རྣལ་འབྱོར་དབང་ཕྱུག་ཚོགས་དྲུག་རང་གྲོལ་རྗེས་སུ་དྲན་པའི་ཐོལ་གླུ་མོས་གུས་དག་པའི་དབྱངས་སྙན་བཞུགས། ཀ་ཆེན་རྒོད་པོ་ལྟ་བུ་མི་ལ་རྗེའི་རྣམ་འཕྲུལ། །ཁ་བའི་ལྗོངས་སུ་བྱ་བཏང་གྲུབ་ཐོབ་ཀྱི་རྒྱལ་པོ། །ག་པུར་འཛིན་བཞིན་སྐྱོན་བྲལ་རྣམ་ཐར་གྱི་བདུད་རྩིའི། །ང་བདག་འཁྲུལ་མུན་སེལ་བའི་ཡོན་ཏན་དེ་དྲན་བྱུང༌། །ཅ་ཅོའི་སྙན་གྲགས་ཆོས་བརྒྱད་ཐལ་བ་བཞིན་རླུང་བསྐྱུར། །ཆ་ལུགས་གོས་དཀར་ལྕང་ལོ་སྔགས་འཆང་གི་ཚུལ་ཅན། །ཇ་ཆང་ཤ་སོགས་ལོག་འཚོའི་རྙེད་འཚོལ་དང་བྲལ་བས། །ཉ་གང་ཟླ་བ་སྟོན་མཁར་ཆས་འདྲ་དེ་མཁྱེན་ནོ། །ཏ་ལའི་ནགས་ཚལ་རྒྱས་པ་བལ་ཡུལ་དང་ཏི་སེ། །ཐ་དད་གནས་སུ་རི་དྭགས་ལྗོངས་རྒྱུ་བཞིན་ཕེབས་ནས། །ད་ལྟའི་རྟེན་འདིར་ཟུང་འཇུག་རྒྱལ་ཐབས་སུ་གཤེགས་ལ། །ན་མར་སྒོ་གསུམ་གུས་པས་ཡང་ཡང་དུ་འདུད་དོ། །པ་སངས་ལྟར་དཀར་ཐུགས་བསྐྱེད་རྨད་བྱུང་གི་མཐུ་ལས། །ཕ་རོལ་རྨུ་རྒོད་གདུལ་བྱ་སྙིང་རྗེ་ཡིས་བཏུལ་ཏེ། །བ་གླང་ལྟར་རྨོངས་འགྲོ་ཀུན་ཐར་ལམ་དུ་དྲངས་ཚུལ། །མ་མ་སྡུག་གུས་བུ་གཅེས་སྐྱོང་བ་བཞིན་ངོ་མཚར། །ཙཱ་གངས་མཁའ་འགྲོ་འདུ་བའི་གནས་ཆེན་གྱི་ཚོགས་ལ། །ཚ་གྲང་དཀའ་སྤྱད་བཟོད་པའི་འཁོར་ཚོགས་དང་བཅས་ཏེ། །ཛ་ཡ་རྒྱལ་བྱེད་ཚལ་དུ་བཞུགས་པ་བཞིན་བྱོན་པས། །ཝ་ལྟར་འཁྱམ་པའི་འགྲོ་ཀུན་རྡོ་རྗེའི་ལམ་བསྟན་མཛད། །ཞྭ་གོས་ལྷྭམ་ལ་འཆོལ་བའི་གྲུབ་མཐའི་ཆགས་སྡང༌། །ཟ་འདོད་རྙེད་འཚོལ་སྡུད་པའི་སྒྱུ་ཐབས་ཀུན་སྤང་ནས། །འ་འོལ་ཙམ་མིན་ངེས་འབྱུང་དད་མོས་དང་བརྩོན་པས། །ཡ་མཚན་མཁས་གྲུབ་སློབ་ཚོགས་རྒྱུ་སྐར་གྱི་ཕྲེང་བཀོད། །ར་རིབ་བྲལ་བའི་གནས་ལུགས་རྗེན་པ་ཡི་ངོར་སྟོན། །ལ་ལུང་ཀུན་ཏུ་རྣམ་ཐར་གྲགས་སྙན་གྱིས་ཁྱབ་སྟེ། །ཤ་ཟ་འདྲེ་སྲིན་ཚོགས་ཀྱང་སྙིང་རྗེ་ཡིས་བརྟུལ་བའི། །ས་བཅུའི་དབང་ཕྱུག་ཕྱག་ན་པདྨོ་དངོས་ཁྱེད་གཅིག །ཧ་རི་ཙནྡན་ཚལ་གྱི་མ་ལ་ཡར་ཕྱིན་བཞིན། །ཨ་ཧོ་ཁྱེད་ཚུལ་མིག་དང་རྣ་ལམ་དུ་ཐོས་ཚེ། །ཧ་ཅང་དད་མོས་གདུང་བས་གསོལ་འདེབས་ཀྱི་རྒྱང་གླུ །ཨ་མཚར་རྩེད་མོ་ཙམ་མིན་ཐོལ་བྱུང་དུ་ལེན་སྤྲོ། །ཨེ་མ་ཁྱོད་འདྲའི་འཕགས་མཆོག་འཇིག་རྟེན་ན་དཀོན་པས། །ཨོ་ཌི་ཡ་ན་མཁའ་འགྲོའི་ཚོགས་གྲལ་དུ་སོན་བཞིན། །ཨུ་ད་དྷི་ལྟར་དཀར་བའི་དད་གདུང་ཞིག་སྐྱེས་པས། །ཨི་དམ་ངོ་མཚར་གླུ་འདི་མངྒ་ལས་བྲིས་སོ། །སྙན་སྙན་གྲེ་བའི་འགྱུར་ཁུག་རྒན་བུ་ལ་མེད་ཀྱང༌། །དད་དད་མོས་གུས་རྒྱུན་མི་ཆད་པ་ཡི་བྱེད་པས། །གུས་གུས་ཚིག་གི་མེ་ཏོག་བསྟར་ལེགས་སུ་བརྒྱུས་ནས། །ཡང་ཡང་ཚེ་རབས་ཀུན་ཏུ་ཐུགས་རྗེ་ཡིས་ཟུངས་ཤིག །དེ་སྐད་ལྗོན་ཤིང་རྒྱས་པའི་གྲིབ་བསིལ་དུ་མཛེས་པའི། །བསམ་གཏན་སྤྱིལ་བུ་ཉམས་དགར་བག་ཡངས་སུ་གནས་པ། །འཁོས་མེད་ཀྱི་ན་བ་ཡི་ཆོས་གཟུགས་ཀྱི་སྟོང་གསོབ། །བཀྲ་ཤིས་དཔལ་དུ་འབྱོར་བའི་ཡིད་མཚོ་ལས་ཐོན་ནོ། །མངྒ་ལཾ། །ཞེས་མངྒ་ལས་སོ། ༈ ཨ་ཧོ། མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་དངོས་བྱོན་པ། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་གསེར་རི་ཡི་ཕྲེང་བཟང༌། །ཐེག་མཆོག་རིན་ཆེན་ལྷུན་པོ་མཛེས་པ་རུ་བསྐོར་བས། །བདག་ཅག་དད་མོས་གུས་པའི་ཕ་ཆོས་སུ་ཐོབ་པ། །བརྒྱུད་པ་ངོ་མཚར་ཆེ་བ་བསམ་བཞིན་དུ་དགའ་ཡོ། །བྱིན་རླབས་ཆར་ཆེན་འབེབས་ཕྱིར་གསོལ་འདེབས་ཀྱིས་སྐུལ་མཛོད། །དམ་ཆོས་བདུད་རྩིའི་ཉིང་ཁུ་མདོ་སྔགས་ཀྱི་སྲོག་ཏིག །མ་དང་མཁའ་འགྲོའི་སྙིང་ཐིག་འོད་གསལ་གྱི་ཐེག་པ། །སྔ་འགྱུར་བསྟན་པའི་ཉིང་ཁུ་འཆི་མེད་ཀྱི་བདུད་རྩི། །དེང་དུས་མ་ཉམས་མངོན་སུམ་རང་སྐལ་དུ་སྤྱོད་པ། །ཟབ་རྒྱས་ཆེ་བ་རྨད་བྱུང་བསམ་བཞིན་དུ་དགའ་ཡོ། །ཉམས་རྟོགས་ལུས་ཟུང་རྒྱས་ཀྱིས་སྒྲུབ་པ་ལ་རེམས་ཤིག །མི་མེད་དབེན་པའི་ནགས་ཚལ་གུ་རུ་ཡི་སྒྲུབ་གནས། །རྣམ་གཡེང་འདུ་འཛི་མེད་པ་རང་བྱུང་གི་བྲག་ཕུག །ཆུ་དྭངས་ནགས་ཚལ་མེ་ཏོག་ཕང་ཕུང་དུ་བཀྲ་བའི། །བྱ་བྲལ་གྲུབ་ཐོབ་ཡོངས་ཀྱི་གདན་ས་ནི་རྨད་བྱུང༌། །རང་དབང་བག་ཡངས་འགྲིམ་པ་བསམ་གྱིན་དུ་དགའ་ཡོ། །གོང་མའི་རྣམ་ཐར་བསམ་པས་སྙིང་རུས་ལ་དྲིལ་ཅིག །མ་བཅོས་སེམས་ཀྱི་གནས་ལུགས་འོད་གསལ་བའི་ཆོས་སྐུ། །རང་ངོ་རང་གིས་ཤེས་པའི་གདེང་ཚད་ཞིག་ཐོབ་ན། །སྐྱེ་འཆི་བར་དོའི་འཁྲུལ་པ་བཙན་ཐབས་སུ་བཤིག་སྟེ། །ཆོས་ཉིད་གཉུག་མའི་ཐང་ལ་ཁ་ཡན་དུ་ཀློད་པ། །ཨེ་མ་གྲུབ་ཐོབ་བརྒྱུད་པའི་མན་ངག་འདི་དགའ་ཡོ། །ཉམས་ལེན་གནད་དུ་ཁེལ་བའི་བརྩོན་འགྲུས་ཞིག་བསྐྱེད་མཛོད། །ཕྱི་ཚུལ་རབ་བྱུང་ཁྲིམས་སྲུང་རང་གཅིག་པུ་གུ་ཡངས། །ནང་དུ་རྟོགས་པའི་གདེང་ཐོབ་ཆོས་ཉིད་ཀྱི་དོན་རྟོགས། །སྒོ་གསུམ་གང་བྱས་ཆོས་མཐུན་ཅི་ནུས་སུ་བརྩོན་པས། །བྱ་བྱེད་མང་པོ་མེད་པའི་བསམ་བློ་གཅིག་བཏང་ན། །འདི་བདེ་ཕྱི་མ་སྐྱིད་པའི་ངང་ཚུལ་འདི་དགའ་ཡོ། །དམ་དམ་སེམས་ཀྱི་མདུད་པ་ལྷོད་ལྷོད་དུ་མཛོད་ཅིག །ཕ་གཅིག་བླ་མའི་ཞབས་རྟོགས་དམ་ཆོས་ཀྱིས་འགྲུབ་འོང༌། །མ་གཅིག་འགྲོ་བའི་དོན་ཡང་ཆོས་སྒྲུབ་ལས་ལྷག་མེད། །ཚེ་གཅིག་བྱང་ཆུབ་སྒྲུབ་པའི་བསམ་མནོ་ཞིག་ཐོང་ལ། །ལས་གཅིག་བྱས་པ་དོན་ལྡན་ལྷ་ཆོས་ལ་འབད་ན། །ན་བཟའ་ངུར་སྨྲིག་གྱོན་པ་དོན་ལྡན་གྱིས་དགའ་ཡོ། །དོན་དེ་བསམས་ལ་ཆོས་ལ་འདུན་མ་གཅིག་གཏོད་ཅིག །ལྷ་དང་བླ་མ་གཅིག་གྱུར་སྐལ་བཟང་གི་མཆེད་ལྕམ། །དད་མོས་གདུང་བའི་ཤུགས་ཀྱིས་ཨོ་རྒྱན་རྗེ་དྲན་བཞིན། །དགའ་སྟོན་ཚོགས་ཀྱི་འཁོར་ལོའི་འདུ་བ་རུ་ཕེབས་པ། །ཚོམ་བུ་གཅིག་ཏུ་གྲོལ་བའི་རྟེན་འབྱུང་གི་སྨོན་ཚིག །རྩ་གསུམ་དཀོན་མཆོག་རྒྱ་མཚོའི་གནང་བ་འདི་དགའ་ཡོ། །ཐུགས་དམ་རྗེས་སུ་བསྐུལ་ཕྱིར་གླུ་སྙན་གྱིས་བསྐུལ་བས། །མཚུངས་མེད་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀྱི་མེ་ཏོག །ཕང་ཕུང་ཆར་དུ་བསྙིལ་བའི་བཀྲ་ཤིས་ཀྱང་ཞུའོ། །དེ་སྐད་གང་དྲན་ཁ་བཤད་མཁས་པ་ཡི་གླིང་བུ། །མི་ཤེས་ཤེས་བརྫུའི་བླ་མའི་བྱུས་ཐོག་ལ་གོམས་པས། །སྙན་སྙན་ཚིག་གིས་གླིང་བུ་དལ་བུ་རུ་བྲིས་པ། །གསན་ན་འདི་ཕྱི་ཕན་པའི་སློབ་སྟོན་ཀྱང་ཡིན་པས། །དགེ་སློང་དངོས་གྲུབ་དགྱེས་པ་བསྐྱེད་ཕྱིར་དུ་བྲིས་པ། །བསམ་དོན་ཆོས་བཞིན་འགྲུབ་པའི་རྟེན་འབྲེལ་ཀྱང་ཞུའོ། ༈ ངེས་པ་དོན་གྱི་རྡོ་རྗེ་འཛིན་དབང་ངག་དབང་མདོ་སྔགས་བསྟན་འཛིན་ནོར་བུ་ལ་གསོལ་འདེབས་ཀྱི་གདུང་གླུ་བྱིན་རླབས་སྤྲིན་ཆེན་སྡུད་པའི་ཕོ་ཉ་བཞུགས། ན་མོ་གུ་རུ། །ཆོས་དབྱིངས་བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་ཀློང་ན། །མཁྱེན་བརྩེ་ནུས་པའི་ཉི་ཟླ་སྐར་ཕྲེང་གི་བཀོད་པ། །རབ་འབྱམས་རྒྱལ་བ་ཀུན་དང་གཉིས་མེད་དུ་གྱུར་པ། །ངག་དབང་མདོ་སྔགས་བསྟན་འཛིན་ནོར་བུ་དེ་མཁྱེན་ནོ། །ཁྱད་པར་དྲུག་ལྡན་ཀུནྃ་བཟྃང་ཆོས་སྐུ་ཡི་རྒྱལ་ཐབས། །རྣམ་བཞིའི་རིགྃ་འཛིྃན་སྤང་རྟོགས་མཐར་ཕྱིན་པས་བགྲོད་ནས། །མཁྃའ་ཁྱབྃ་སྐུ་དང་ཡེ་ཤེས་བསམ་མི་ཁྱབ་མངོན་གྱུར། །འོདྃ་གསྃལ་རྡོ་རྗེ་སྙིང་པོའི་མངའ་བདག་ཁྱེད་མཁྱེན་ནོ། །སངས་རྒྱས་ཀུན་འདུས་མཚོ་སྐྱེས་རྒྱལ་བ་ཡི་ཞབས་དང༌། །སྣང་མཛད་ལོ་ཙཱ་ཆེན་པོའི་ཐུགས་སྲས་ཀྱི་ཐུ་བོ། །སྣང་བཞི་མཐར་སོན་རྒྱལ་མོ་གཡུ་སྒྲ་ཡི་སྙིང་པོ། །བསམ་བཞིན་བྱོན་པའི་ངེས་གསང་ཤིང་རྟ་ཆེ་མཁྱེན་ནོ། །ངེས་འབྱུང་ཚུལ་ཁྲིམས་མཐར་ཕྱིན་གནས་བརྟན་གྱི་རྒྱལ་པོ། །སྙིགས་དུས་བསྟན་འགྲོའི་གདུང་སེལ་ངེས་དོན་གྱི་རྒྱལ་སྲས། །རྡོ་རྗེའི་ལམ་ཀུན་དངོས་རྫོགས་གསང་སྔགས་ཀྱི་སྟོན་པ། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་རྗེ་མཁྱེན་ནོ། །སྲིད་ལས་ངེས་འབྱུང་མཐར་སོན་ཆོས་བརྒྱད་ཀུན་བློས་བཏང༌། །དབེན་པར་སྒྲུབ་པའི་རྒྱལ་མཚན་གཡོ་མེད་དུ་བཙུགས་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་ཕྱག་གི་རྩེར་ཐོབ་པའི། །རྡོ་རྗེའི་རྣལ་འབྱོར་མཐར་སོན་གྲུབ་མཆོག་རྗེ་མཁྱེན་ནོ། །མདོ་སྔགས་ཆོས་ཀྱི་གནད་གཟིགས་ངེས་དོན་གྱི་མཁས་པ། །བླ་མེད་རྡོ་རྗེ་སྙིང་པོའི་ལྟ་སྒོམ་ལ་བྱན་ཚུད། །སྨིན་གྲོལ་སྙིང་པོའི་གསེང་ལམ་སྐལ་ལྡན་ལ་སྟོན་མཛད། །འབྲེལ་ཚད་དོན་དང་ལྡན་པའི་སེམས་དཔའ་ཆེ་མཁྱེན་ནོ། །བསྟན་རྩ་འདུལ་བའི་ཀུན་སྤྱོད་སྔ་འགྱུར་གྱི་རྒྱན་བསྐྲུན། །གང་འདུལ་ཆོས་ཀྱི་བདུད་རྩིས་སྐལ་ལྡན་གྱི་ཡིད་བསྒྱུར། །བཤད་སྒྲུབ་ལས་ཀྱི་འཁོར་ལོའི་རྨད་བྱུང་གི་ཕྲིན་ལས། །སྙིགས་དུས་བསྟན་འགྲོའི་གདུང་བ་སེལ་མཛད་དེ་མཁྱེན་ནོ། །ཆོས་ཕྱིར་དཀའ་བ་སྤྱད་པས་ལུས་སེམས་ཀུན་བློས་བཏང༌། །རྨད་བྱུང་བརྩོན་འགྲུས་ཆེན་པོས་ཉམས་རྟོགས་ཀྱི་མཛོད་བསགས། །ངོ་མཚར་འཕགས་ཆེན་སྤྱོད་པ་མ་འདྲེས་པར་སྟོན་པས། །དོན་གཉིས་ལྷུན་གྱིས་གྲུབ་པའི་སྐྱེས་བུ་ཆེ་མཁྱེན་ནོ། ཁྱད་པར་བཀའ་གཏེར་སྙིང་པོ་ལོ་ཙཱ་ཆེའི་ཐུགས་བཅུད། །འབྲེལ་ཚད་དོན་ལྡན་ཟབ་ལམ་བདེ་གཤེགས་ཀུན་འདུས་པའི། སྨིན་གྲོལ་སྲོག་རྩ་མཐུད་པའི་མཆོག་བསྟན་གྱི་སྒྲོན་མེ། །བསམ་བཞིན་བྱོན་པའི་ངོ་མཚར་བཤེས་གཉེན་ཆེ་མཁྱེན་ནོ། །རྩོད་དུས་སྙིགས་མའི་སྨག་གིས་ཁོར་ཡུག་ཏུ་ཁྱབ་ཚེ། །ཆོས་མཐུན་མཛད་སྐྱོང་འཁོར་ཚོགས་འགྲན་བྲལ་གྱི་འདུས་པས། །རི་སུལ་དབེན་པར་མཛེས་བྱེད་ཕྲིན་ལས་ཀྱི་རྒྱུན་རིང༌། །རྡོ་རྗེའི་ལམ་སྟོན་ཆོས་ཀྱི་རྒྱལ་པོ་ཁྱེད་མཁྱེན་ནོ། །རིན་ཆེན་དངུལ་ཆུའི་གོང་བུ་ས་རྡུལ་དུ་ལྷུང་བཞིན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་རྣམ་ཐར་གྱི་དཔལ་ཡོན། །དྲི་མེད་སྟོན་ཟླའི་ལང་ཚོ་རྫོགས་པ་བཞིན་སྟོན་པའི། །ངོ་མཚར་ཡིད་ལ་བཀོད་བཞིན་རྣམ་འདྲེན་ཁྱེད་མཁྱེན་ནོ། །སྣང་མཛད་ལོ་ཙཱའི་སྒྱུ་འཕྲུལ་འཁྲུལ་ཞིག་གི་མཚན་གྱིས། །རྡོ་རྗེའི་ལུང་གིས་བསྔགས་བཞིན་ངེས་གསང་གི་བཤད་སྒྲུབ། །མིང་ཙམ་མ་གྱུར་དེང་དུས་ཅི་དགའ་རུ་སྤྱོད་པའི། །སྐལ་བཟང་མངོན་དུ་གྱུར་བའི་ཡིད་ཆེས་ཀྱི་དད་པས། །རྣམ་ཐར་དྲོད་བཅུད་དད་བརྒྱའི་པདྨོ་ཡིས་འཐུང་བཞིན། །གསོལ་འདེབས་བུང་བའི་རྒྱུད་མང་ལྷང་ལྷང་དུ་བརྡུངས་ན། །བྱིན་རླབས་སྦྲང་རྩིའི་ཟིལ་མངར་ཅི་དགར་རུ་འཇོ་བས། །ཟུང་འཇུག་དགའ་ཚལ་མཛེས་ནུས་བྱིན་གྱིས་རང་རློབས་ཤིག །སྲིད་ལས་ངེས་འབྱུང་དབྱར་སྐྱེས་མྱུ་གུ་ཡི་ཁྲོད་དུ། །སྡོམ་གསུམ་སྐྱོན་བྲལ་འདབ་སྟོང་རྣམ་བཀྲ་ཡི་ངང་ནས། །སྨིན་གྲོལ་སྟོབས་ནུས་རྫོགས་པའི་ངོ་མཚར་གྱི་སྙེ་མས། །དཀྱིལ་འཁོར་དོན་ལྡན་ནུས་པར་བྱིན་གྱིས་རང་རློབས་ཤིག །དཔལ་མགོན་བླ་མའི་བྱིན་རླབས་ཤིང་རྟ་ཡིས་དྲངས་བའི། །རྡོ་རྗེ་དབང་གི་ཉིན་བྱེད་སྙིང་དབུས་སུ་ཤར་ཏེ། །ས་ལམ་མེ་ཏོག་འཁྲི་ཤིང་དར་བབ་ཀྱི་དགའ་སྟོན། །སྙིགས་དུས་བསྟན་འགྲོའི་རྒྱན་དུ་ངོམས་ནུས་སུ་བྱིན་རློབས། །རྨད་བྱུང་སྐུ་བཞིའི་རྒྱལ་ཐབས་བདེ་མྱུར་གྱིས་འཛིན་པའི། །བྱིན་རླབས་ཕ་ཕོག་དཔལ་ལྡན་བླ་མ་རྗེས་བསྩལ་ནས། །མ་ལུས་མཁའ་ཁྱབ་འགྲོ་སྒྲོལ་ཕྲིན་ལས་ཀྱི་རྒྱུན་བཟང༌། །ནམ་མཁའ་ཇི་སྲིད་འཛིན་པའི་དངོས་གྲུབ་ཞིག་ཞུའོ། །མཁྱེན་ནོ་མཁྱེན་ནོ་སྙིང་གི་གདུང་སེལ་ཁྱེད་མཁྱེན་ནོ། །གསོལ་འདེབས་རྒྱང་གླུས་བསྐུལ་བ་མྱུར་མགྱོགས་ཀྱི་ཐུགས་རྗེས། །བཟུང་ནས་སྲིད་པ་དོང་སྤྲུགས་སྨོན་ལམ་གྱི་གོ་ཆ། །ཀུན་བཟང་རྡོ་རྗེ་སེམས་དཔའ་མཆོག་བཞིན་དུ་མཛོད་ཅིག །ཅེས་པའང་བློ་གསལ་དད་བློ་རབ་དགེ་ཤར་ཁུམ་དགེ་སློང་པདྨ་འགྱུར་མེད་ནས་རྟེན་བཅས་བསྐུལ་ངོར་རང་གིས་ཀྱང་མི་ཕྱེད་དད་པའི་ཁ་གསོས་ཚུལ་མདོ་སྨད་ཤར་གྱི་འཁྱམས་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་བྲིས་པ་རྗེ་བཙུན་བླ་མ་དགྱེས་པའི་འབབ་སྟེགས་སུ་གྱུར་ཅིག ༈ ན་མོ་གུ་རུ། གཞི་དབྱིངས་གདོད་ནས་མི་འགྱུར་འཕོ་མེད་ཀྱི་ཀློང་ན། །ངོ་བོ་ཆོས་སྐུའི་བླ་མ་ཕྱི་རོལ་དུ་མི་བཞུགས། །ཀ་དག་རང་ངོ་ཤེས་པས་གསོལ་བ་ཞིག་འདེབས་ན། །ལྟ་བ་ཀློང་དུ་གྱུར་པར་བྱིན་གྱིས་རང་རློབས་ཤིག །གཞི་སྣང་འོད་གསལ་ཆེན་པོ་ཁྱབ་བརྡལ་གྱི་ངང་དུ། །རང་བཞིན་ལོངས་སྐུའི་བླ་མ་ཕྱི་རོལ་དུ་མི་བཞུགས། །ལྷུན་གྲུབ་མ་བཅོས་ངང་བཞག་གསོལ་བ་ཞིག་འདེབས་ན། །སྒོམ་པ་རང་བཞག་འཆར་བར་བྱིན་གྱིས་རང་རློབས་ཤིག །ཟུང་འཇུག་དབྱིངས་རིག་གཉིས་སུ་མེད་པ་ཡི་གཤིས་སུ། །ཐུགས་རྗེ་སྤྲུལ་སྐུའི་བླ་མ་ཕྱི་རོལ་དུ་མི་བཞུགས། །ཟུང་འཇུག་ཡེ་ཤེས་རོལ་མོས་གསོལ་བ་ཞིག་འདེབས་ན། །སྤྱོད་པ་རང་གྲོལ་བདེ་ཆེན་བྱིན་གྱིས་རང་རློབས་ཤིག །མཁྱེན་ནོ་བླ་མ་མཁྱེན་ནོ་རང་གནས་ཀྱི་ཡེ་ཤེས། །རང་རིག་འདུ་འབྲལ་མེད་པས་ཕྱི་རོལ་དུ་མི་བཞུགས། །རིག་རྩལ་མོས་གུས་དད་པས་གསོལ་བ་ཞིག་འདེབས་ན། །འབྲས་བུ་སྐུ་བཞི་དབྱེར་མེད་རང་གྲོལ་དུ་མཛོད་ཅིག །ངེས་འབྱུང་སྙིང་རྗེའི་བསིལ་བཅུད་རིགས་ཁམས་ལ་རེག་པས། །གཞན་ཕན་ཕར་ཕྱིན་དྲུག་གི་མེ་ཏོག་དང་འབྲས་བུས། །རབ་མཛེས་རྣམ་མཁྱེན་ཀུན་དགའི་དོ་རའི་ཁྱོན་ཁྱབ་པས། །ཐུན་མོང་ལམ་གྱི་ཡོན་ཏན་རྫོགས་པ་རུ་མཛོད་ཅིག །དབང་བཞིའི་གསེར་སྦྱང་སྐུད་པར་བསྟར་ལེགས་སུ་བརྒྱན་པའི། །རིམ་གཉིས་རིན་ཆེན་ནོར་བུའི་ཕྲེང་བ་ཡི་དོ་ཤལ། །མཆོག་ཐུན་དངོས་གྲུབ་མཛེས་པའི་ཆུན་འཕྱང་གིས་བརྒྱན་པས། །རིག་འཛིན་བཞི་ཡི་ལང་ཚོ་དར་བབ་པར་མཛོད་ཅིག །ཆོས་ཉིད་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཏུ་འཆར་བའི། །འོད་གསལ་ཉི་ཟླའི་འཛུམ་ཟེར་མཐར་ཀླས་པར་སྣང་བས། །སྒྲིབ་བྲལ་ཡེ་ཤེས་པདྨོའི་ནགས་ཀློང་གིས་མཛེས་པས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ལ་སྦྱོར་མཛོད། །དེ་སྐད་ཡིད་ལ་ཇི་ལྟར་ཤར་བ་ཡི་བརྗོད་པ། །མོས་གུས་བླ་མར་གསོལ་འདེབས་གདུང་གླུ་ཡི་ཚུལ་དུ། །མདོ་ཁམས་ཤར་དུ་སྐྱེས་པའི་མི་རྒན་གྱི་ངག་ནས། །རང་བྱུང་མཆོག་སྡོང་ཆེན་པོའི་སྤྱན་སྔ་རུ་ཐལ་ལོ། ༈ འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་དྲི་མེད་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་ཐོལ་གླུ་རང་བྱུང་རྡོ་རྗེ་ནཱ་དའི་རོལ་མོ་ཞེས་བྱ་བ་བཞུགས། ཨ་ཧོ། སྣང་བཅས་བརྡ་ཡི་བླ་མ་འཁོར་འདས་ཀྱི་ཆོས་ཀུན། །སྣང་སྲིད་གཞིར་བཞེངས་བླ་མའི་དཀྱིལ་འཁོར་དུ་བཞེངས་པ། །དག་པ་ཆེན་པོའི་མི་ཕྱེད་མོས་གུས་ སྐྱབས་རྗེ་རྡོ་རྗེ་འཆང་ལྷ་སར་ཕེབས་སྐབས་ལུད་ཕུང་ཆེན་པོ་ཞིག་གཟིགས་པ་ངས་བལྟས་ན་ད་ལྟའི་ལུད་ཕུང་འདི་ལ་ཤེར་ཕྱིན་གྱི་མཁྱེན་གསུམ་སྦྱོར་བཞི་རྣམ་མཁྱེན་བཅས་ཐམས་ཅད་ཚང་འདུག་གསུངས་ནས་བླ་མ་པད་སྟོབས་ངེད་གཉིས་ལ་གོ་དོན་མདོར་བསྡུས་གསུངས་པ་ལྟ་བུ་ དང་བཅས་ཏེ། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །སྣང་མེད་དོན་གྱི་བླ་མ་ དོན་བརྒྱུད་ངོ་སྤྲད་པའི་བཀའ་དྲིན་དྲན་པས་ རིག་སྟོང་གི་ཡེ་ཤེས། །འོད་གསལ་གསང་བ་ཆེན་པོའི་སྐུ་གསུམ་གྱི་སྟོན་པ། །གདོད་ནས་འབྲལ་མེད་བཞུགས་པའི་མོས་གུས་དང་བཅས་ཏེ། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །ཐར་ལམ་འདྲེན་པའི་བླ་མ་རྒྱལ་ཀུན་གྱི་མཁྱེན་བརྩེ། །རབ་འབྱམས་སྐུ་དང་ཡེ་ཤེས་ཞིང་ཀུན་གྱི་བཀོད་པ། །རྣམ་སྣང་གངས་ཆེན་ སྤྲུལ་གཞིའི་ཆེ་བ་ མཚོ་རྒྱལ་བཻ་རོ་ནི་ཙ་ན། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །རྣམ་འདྲེན་བཞི་པའི་ སྐྱེ་ཕྲེང་གི་ཆེ་བ་ དྲུང་ན་མང་ཐོས་ཀྱི་མཆོག་གཅིག །གསང་ཆེན་རྒྱུད་སྡེའི་ཤིང་རྟ་རྒྱལ་པོ་ཛཿཆེན་པོ། །བོད་ཡུལ་ཆོས་ཀྱི་སྣང་བྱེད་སམ་བྷོ་ཊའི་ཚུལ་བཞིན། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །གངས་ཅན་ཆོས་ཀྱི་མིག་གཅིག་རྣམ་སྣང་གི་ལོ་ཙཱ། །བསམ་ཡས་སྒྱུ་འཕྲུལ་གསང་ཆེན་བསྟན་མཆོག་གི་ཤིང་རྟ། །དེང་འདིར་བདག་ཅག་འདྲེན་པ་མཁས་གྲུབ་ཀྱི་རྒྱལ་པོ། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །ཇི་སྙེད་སྒྱུ་འཕྲུལ་བཀོད་པས་རྒྱལ་བའི་བསྟན་རྨད་བྱུང༌། །འཛིན་སྤེལ་སྐྱོང་བའི་རྣམ་ཐར་ སྐུ་ཕྲེང་ཐམས་ཅད་ཀྱི་མཛད་པའི་ཆེ་བ་ ལྷུར་བཞེས་པའི་ངང་ནས། །ཆོས་ཀྱི་ཉི་མ་ཆོས་ཀྱི་རྒྱལ་པོ་དང་ཆོས་རྗེ། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །སྔོན་ཞིག་ས་སྤྱོད་འོག་མིན་པདྨ་ རྟེན་འདིར་བཟང་འབྲེལ་གྱི་དགའ་སྟོན་དྲན་པས་ འོད་གླིང་དུ། །རྗེ་བཙུན་ཡབ་སྲས་མཁས་གྲུབ་འདུས་པ་ཡི་ཚུལ་གྱིས། །སྨིན་གྲོལ་བདུད་རྩི་འཐུང་བའི་སྐལ་བཟང་ལ་སྦྱོར་མཛོད། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །མགོན་པོ་ཡབ་སྲས་དགོངས་བརྒྱུད་གསེར་སྦྱང་གི་བདུད་རྩིས། །བདག་ཅག་སྒོ་གསུམ་ལྕགས་ཁམས་རེག་པ་ཡི་བྱིན་གྱིས། །ཐེག་མཆོག་སྙིང་པོའི་དོན་མཐོང་བཀའ་དྲིན་དེ་བསམ་པས། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །ཁྱོད་ནི་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་ཀྱི་ལུས་ཅན། །ཟང་ཐལ་སྒྱུ་མ་དངོས་ཀུན་བདག་ཉིད་དུ་བཞུགས་པ། །ཡིད་ཆེས་རང་ངོ་ཤེས་པའི་དད་གདུང་གིས་བསྐུལ་ཏེ། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །ངེས་འབྱུང་ཆེན་པོས་ དོན་གྱི་རྣམ་ཐར་ཟོལ་སྦྱོར་གྱིས་མ་བསླད་པ་ཡིན་ སྲིད་པའི་དགྲ་སྡེ་ཀུན་བཅོམ་སྟེ། །ཆོས་བརྒྱད་འཁྲུལ་པའི་དྲྭ་བ་གཏད་མེད་དུ་བཅད་ནས། །སྲིད་ལས་རྣམ་གྲོལ་ཞི་བ་ཆེན་པོའི་དབྱིངས་སིམ་པའི། །ཕ་གཅིག་པདྨ་དྲི་མེད་སྙིང་དབུས་ནས་དྲན་བྱུང༌། །སྙིང་རྗེ་ཆེན་པོས་མཁའ་ཁྱབ་འགྲོ་བ་ལ་འཁྱུད་ནས། །གཅེས་འཛིན་བདག་གི་འགོང་པོ་ཕ་མཐའ་རུ་བསྐྲད་དེ། །སྲིད་པ་ཇི་སྲིད་རྒྱལ་ཀུན་དགྱེས་སྤྱོད་ཀྱི་དཔའ་བོ། །ཕ་གཅིག་པདྨ་དྲི་མེད་༴ ཤེས་རབ་ཆེན་པོས་ཆོས་ཀྱི་མཐར་ཐུག་ཀུན་མཁྱེན་པས། །རྡོ་རྗེ་ཐེག་པའི་ས་ལམ་གཞིར་རྫོགས་ཀྱི་སྟོན་པ། །འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་ཀློང་དུ་དགྱེས་པ། །ཕ་གཅིག་པདྨ་༴ མཁས་པ་ཆེན་པོ་ཐ་སྙད་ཤེས་བྱ་ཀུན་གཟིགས་ཀྱང༌། །རྟོག་གེའི་དྲྭ་བར་མ་འཕྱན་རྟོགས་ལྡན་གྱི་རྒྱལ་པོ། །སོ་སོ་ཡང་དག་རིག་བཞིའི་སྤོབས་པའི་གཟེངས་མཐོ་བའི། །ཕ་གཅིག་པདྨ་༴ བཙུན་པ་ཆེན་པོ་སྡོམ་གསུམ་སྤྱོད་གཙང་གི་གསེར་རྒྱན། །སྐུ་གསུང་ཐུགས་ལ་བཅོས་མེད་ཚུལ་ཁྲིམས་ཀྱིས་བཞེས་པས། །ཟོལ་བྲལ་དོན་གྱི་འཕགས་པའི་གནས་བརྟན་དུ་བཞུགས་པ། །ཕ་གཅིག་པདྨ་༴ མཛད་བཟང་ཆེན་པོ་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང༌། །གསང་ཆེན་སྔ་འགྱུར་བསྟན་པའི་བཤད་སྒྲུབ་ཀྱི་སྲོག་སྙིང༌། །སྤོང་ཀློག་ལས་ཀྱིས་ཉིན་མཚན་བར་མེད་དུ་སྤེལ་བ། །ཕ་གཅིག་པདྨ་༴ ཐོས་པ་ཆེན་པོས་མདོ་སྔགས་ཆོས་ཚུལ་ཀུན་ཐུགས་ཆུད། །ཡང་དག་བསམ་པས་ངེས་དོན་གསེར་སྦྱང་གི་བཅུད་བཞེས། །མཐར་ཐུག་སྒོམ་པས་ཡེ་ཤེས་གསང་མཛོད་ལ་སྤྱོད་པའི། །ཕ་གཅིག་པདྨ་༴ འཆད་པས་ཉིན་མཚན་ཆོས་ཀྱི་འཁོར་ལོ་ཡིས་དུས་འདའ། །རྩོད་པས་ལྟ་ངན་ལོག་སྨྲའི་མུན་སྤྲུལ་ཀུན་སེལ་མཛད། །རྩོམ་པས་ཟབ་དོན་མན་ངག་རྗེན་ཅེར་དུ་སྟོན་མཛད། །ཕ་གཅིག་པདྨ་༴ སྨོན་ལམ་དབང་གིས་འབྲེལ་ཚད་རྡོ་རྗེའི་སར་སྦྱོར་ཞིང༌། །གྲོལ་བྱེད་གདམས་པས་འགྲོ་ཀུན་ཡང་དག་གི་ལམ་དཀྲི། །གསང་ཆེན་ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་སུ་གྱུར་པ། །ཕ་གཅིག་པདྨ་༴ བསྐྱེད་རིམ་ཅིར་སྣང་ཡེ་ཤེས་རོལ་རྩེད་དུ་འབྱམས་ཀླས། །རྫོགས་པས་འཁོར་འདས་ཆོས་ཀུན་བདེ་ཆེན་གྱི་དབྱིངས་སྡོམ། །ཟུང་འཇུག་ལྷན་སྐྱེས་ཆོས་སྐུའི་རྒྱལ་ཐབས་ལ་འབྱོར་བའི། །ཕ་གཅིག་པདྨ་༴ སྣང་དབྱིངས་ཐིག་ལེ་ཆེན་པོའི་འོད་སྐུ་དང་ཞིང་ཁམས། །ཀུན་ཁྱབ་འོད་གསལ་དབྱིངས་སུ་འདུ་འབྲལ་མེད་སིམ་པས། །རེ་དོགས་མདུད་བྲལ་བློ་འདས་རྒྱ་ཡན་གྱི་རྣལ་འབྱོར། །ཕ་གཅིག་པདྨ་༴ དྲན་རྒྱུའི་བླ་མ་མི་རྙེད་ཆོས་ཉིད་ཀློང་རོ་གཅིག །ཡང་དག་ལྟ་བས་རང་སྣང་རང་རིག་ཏུ་བསྐྱངས་ཏེ། །སྐྱེ་འཆི་བར་དོའི་འཁྲུལ་སྣང་གཞི་མེད་དུ་དག་ཕྱིར། །ཕ་གཅིག་པདྨ་༴ མི་ཤིགས་རིག་པའི་ཐིག་ལེ་དྷུ་མ་ཡི་ ད་ལྟ་བཞུགས་པའི་ཞིང་དང་སྐུའི་གཙོ་བོ་ ཐ་ལར། །འཕོ་མེད་བདེ་ཆེན་དཔའ་བོ་ཐོད་པ་ཡི་དུམ་བུ། །ཟབ་གསང་དགའ་བས་མྱོས་པའི་ཧེ་རུ་ཀ་ཆེན་པོ། །ཕ་གཅིག་པདྨ་༴ བླ་མ་ཕྱི་ན་མེད་དེ་ཆོས་ཉིད་ཀྱི་ཡོ་ལང༌། །ཡེངས་འཁྲུལ་མཉམ་རྗེས་བྲལ་བའི་དགྱེས་ཞལ་འདི་མཇལ་དང༌། །ཚོགས་དྲུག་དབྱིངས་སུ་དག་པའི་ཆོ་འཕྲུལ་ལ་བརྩེ་བའི། །ཕ་གཅིག་པདྨ་༴ གདམས་ངག་ཚིག་ལ་མེད་དེ་རང་རིག་གིས་རྟོགས་བྱ། །ཟབ་དོན་ལོགས་སུ་མི་འཚོལ་ཐོས་བྱུང་གིས་རྙེད་པ། །གསང་ཆེན་རྒྱུད་སྡེའི་སྲོག་ཏིག་ཟད་མེད་དུ་སྟོན་མཛད། །ཕ་གཅིག་པདྨ་༴ འཁོར་བ་སྤང་བྱ་མེད་དེ་མྱང་འདས་ཀྱི་ཆོ་རོལ། །འོད་གསལ་བླ་མའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན། །མི་ཕྱེད་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་ཤེས་པས། །ཕ་གཅིག་པདྨ་༴ མྱང་འདས་སྒྲུབ་བྱའི་རེ་བ་རང་ཟད་དུ་སོང་བས། །སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་གྱི་གསང་མཛོད། །རང་གནས་གཞིར་རྫོགས་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཕྱིར། །ཕ་གཅིག་པདྨ་༴ ཕ་རྒོད་བླ་མའི་རྡོ་རྗེའི་བྱིན་རླབས་ཀྱི་གཤོལ་མདས། །ཐོག་མེད་འཁྲུལ་པའི་ཐ་བ་ཡུད་ཙམ་གྱིས་བཏུལ་ནས། །རྣམ་གྲོལ་སྙེ་མས་མཛེས་པའི་དགའ་སྟོན་ལ་སྦྱོར་བར། །གསོལ་བ་སྙིང་ནས་འདེབས་པས་བྱིན་གྱིས་རང་རློབས་ཤིག །འདིར་སྣང་འཁྲུལ་པའི་ཚང་ཚིང་ཅི་དགའ་རུ་བོར་ཏེ། །ཞེན་མེད་སྒྱུ་མ་རོལ་པའི་ལྟ་བ་ཡི་གདེང་གིས། །བདེན་འཛིན་དྲྭ་བ་ཡུད་ཀྱིས་གཅོད་པ་ཡི་ངང་ནས། །དབྱིངས་ཀློང་བཙན་ས་ཟིན་པའི་བྱིན་རླབས་ཀྱི་མཆོག་སྩོལ། །ཀུན་རྫོབ་སྒྱུ་མའི་རྟེན་འབྱུང་བསླུ་མེད་ཀྱི་བཀོད་པ། །མཁའ་ཁྱབ་སྙིང་རྗེ་ཆེན་པོའི་ཆར་ལྡན་གྱི་སྤྲིན་གྱིས། །གཞན་ཕན་ཕ་མཐའ་ཡས་པའི་རྒྱལ་སྲས་ཀྱི་སྤྱོད་པས། །ཐབས་མཁས་རྫོགས་སྨིན་སྦྱང་བ་མཐར་སོན་དུ་མཛོད་ཅིག །དོན་དམ་ཡེ་ཤེས་ཉག་གཅིག་སྣང་བ་དང་མི་འབྲལ། །ཡིད་བྱེད་མཚན་མའི་གདུང་བ་ཉེར་ཞི་བའི་དབྱིངས་སུ། །རྟག་ཏུ་འཕོ་འགྱུར་མེད་པའི་དགོངས་པ་ལ་སྤྱོད་པ། །རྗེ་བཙུན་ཁྱེད་རང་ལྟ་བུར་བྱིན་རླབས་ཀྱིས་དབུགས་དབྱུང༌། །ལྷང་ལྷང་བླ་མ་དྲན་པའི་གསོལ་འདེབས་ཀྱི་རྒྱང་གླུ། །ཡང་ཡང་བཅོས་མིན་སྙིང་གི་ཆུ་གཏེར་ནས་བྱུང་བཞིན། །དད་དང་མོས་གུས་སྣང་བས་རྩེ་གཅིག་ཏུ་གསོལ་ན། །མྱུར་མྱུར་བྱིན་རླབས་ཕ་ཕོག་ད་ལྟ་རང་སྩོལ་ཅིག །ཆོས་ཉིད་ནམ་མཁའ་ལྟ་བུ་བྱ་རྩོལ་དང་བྲལ་ཡང༌། །ཆོས་ཅན་དད་མོས་གདུང་བའི་ཁུ་བྱུག་གི་དབྱངས་ཀྱིས། །དཔྱིད་སོས་དགའ་བའི་ཆར་སྤྲིན་ལྟ་བུ་ཡི་བྱིན་སྣང༌། །ད་ལྟ་མྱུར་དུ་སྩོལ་མཛད་དཔལ་མགོན་གྱི་བླ་མ། །སྲིད་ལས་ངེས་འབྱུང་གཤེར་ལྡན་འཇམ་ལེགས་ཀྱི་ནེའུ་གསེང༌། །བླང་དོར་མ་ནོར་སྤྱོད་པའི་མཛེས་སྡུག་གི་མེ་ཏོག །བླ་མ་མཆོག་གསུམ་ཉིན་བྱེད་ཞལ་བཟང་ལ་སྒེག་པའི། །རྣམ་གྲོལ་དབྱར་གྱི་དགའ་སྟོན་དར་བབ་པར་མཛོད་ཅིག །བྱམས་ཆེན་དྭངས་བའི་ཆུ་རྒྱུན་ལྷུང་ལྷུང་དུ་བབ་པར། །སྙིང་རྗེའི་དབྱངས་སྙན་ངང་པའི་ཁྱུ་མཆོག་གིས་རྩེན་བཞིན། །དགའ་བའི་མགྲིན་གླུ་སྒྲོག་པས་བཏང་སྙོམ་གྱི་ས་གཞིར། །བག་ཡོད་དལ་གྱིས་རྩེན་པའི་དགའ་སྟོན་ལ་སྦྱོར་མཛོད། །གཞན་ཕན་ཡིད་ཀྱི་རྩ་བ་འཕོ་མེད་དུ་བརླིང་བར། །ཕྱིན་དྲུག་ཡལ་འདབ་རྒྱས་པའི་རྐང་འཐུང་གི་བུ་མོ། །བསྡུ་བཞིའི་ལག་པ་གཡོ་བས་འགྲོ་ཀུན་གྱི་བྱ་ཚོགས། །ཐར་བདེའི་མགྲོན་དུ་འབོད་ལ་ངལ་མེད་དུ་མཛོད་ཅིག །དངོས་མཚན་སྤྲོས་པའི་འཇུར་མདུད་མཐའ་བྲལ་དུ་བཤིག་སྟེ། །ཆོས་ཉིད་ཇི་བཞིན་རྟོགས་པའི་བདུད་རྩི་ཡི་བཅུད་ཀྱིས། །ཐབས་མཁས་སྒྱུ་མའི་ལང་ཚོ་དར་བབ་ཀྱི་དབུ་མ། །གྲུབ་མཐའ་མྱོང་བས་གཏན་ལ་དབབ་ནུས་སུ་མཛོད་ཅིག །སྨིན་ལམ་དབང་བཞིའི་སྤྲིན་གྱི་མེ་ཏོག་གིས་སྒེག་པའི། །གྲོལ་བྱེད་གདམས་པའི་དབྱར་རྔ་དིར་དིར་རུ་སྒྲོག་པས། །སྐལ་པ་མཆོག་ལྡན་མདོངས་མཐའ་རྡོ་རྗེའི་སར་རྩེན་པའི། །ངོ་མཚར་ཟློས་གར་མིག་གི་དགའ་སྟོན་དུ་སྩོལ་མཛོད། །དག་མཉམ་ལྟ་བའི་ལུས་རྒྱས་ལག་ལྡན་གྱི་ཁྱུ་མཆོག །སྣང་སྲིད་གཞིར་བཞེངས་བསྐྱེད་རིམ་གོམས་པའི་འགྲོས་བརླིང་ཞིང༌། །རྣམ་བཞིའི་རིག་འཛིན་གྲུབ་པའི་ཡབ་ཡུམ་ཟུང་གི་མཆེ་བས། །གྲུབ་གཉིས་ལི་ཤི་སྦྲུས་པའི་ཟས་བཅུད་ཀྱང་སྩོལ་ཅིག །རྡོ་རྗེའི་ལུས་ཀྱི་ཁམས་དྲུག་དར་བབ་ཀྱི་ཁྱེའུ། །རླུང་བཅུ་དབུ་མར་སྦྱོར་བའི་གླིང་བུའི་གླུ་སྒྲོག་བཞིན། །འཕོ་མེད་དགའ་བཞིའི་འཛུམ་བཅས་ཀུན་ཏུ་དགའི་བྲོ་གར། །བདེ་སྟོང་དགའ་བའི་ཚལ་ལ་རྩེན་ནུས་སུ་མཛོད་ཅིག །རེག་འཇམ་མཚན་ཉིད་རྫོགས་པའི་རི་དྭགས་ཀྱི་མིག་ཅན། །ཐབས་ཆེན་རྡོ་རྗེའི་སྒྱུ་རྩལ་དྲུག་ཅུ་ཡི་རྩེན་པས། །ལྷན་སྐྱེས་མ་དཱ་ན་ཡིས་བར་མེད་དུ་མྱོས་པའི། །ས་བཅུ་དབུ་མར་ཐོབ་པའི་ཕོ་ཉ་ཡང་སྩོལ་ཅིག །སྣང་སྲིད་ཆོས་ཀུན་ལྷན་སྐྱེས་ཆོས་ཀྱི་སྐུར་འུབ་ཆུབ། །སྣ་ཚོགས་སྣང་བ་རང་ཤར་ཆོས་སྐུ་ཡི་འོད་ཟེར། །ཆོས་ཅན་ཆོས་ཉིད་གཉིས་མེད་འོད་གསལ་གྱི་ཕྱག་རྒྱ། །འཁྲུལ་རྟོགས་དབྱིངས་སུ་ཐིམ་པའི་ལམ་མཆོག་ཀྱང་སྩོལ་མཛོད། །རྟོགས་ན་འཁོར་འདས་ཆོས་ཀུན་ཡེ་ཤེས་ཀྱི་རོལ་རྩེད། །རྩོལ་མེད་ལྟ་དགོངས་མིག་གིས་མངོན་སུམ་དུ་སྤྱོད་པས། །བློས་བྱས་འཁྲུལ་པའི་གདུང་བ་རྨིང་མེད་དུ་གཞིལ་བའི། །ཐེག་མཆོག་ལྟ་སྒོམ་གླུ་བྲོ་བསྒྱུར་ནུས་སུ་མཛོད་ཅིག །རང་གྲོལ་རྒྱལ་པོ་ལྟ་བའི་གཤོག་རླབས་ཀྱིས་བསྐྱོད་པས། །ཡིད་བྱེད་སྒོམ་པའི་འཕྲང་ལས་ཡུད་ཙམ་གྱིས་བརྒལ་ནས། །ཟག་ཟད་ཆོས་སྐུའི་མཁའ་མཐའ་ཅི་དགའ་རུ་ཆོད་པའི། །ཐེག་མཆོག་རྒྱལ་པོའི་མཁའ་ལྡིང་གདོད་མ་རུ་གྲོལ་མཛོད། །འོད་གསལ་སྣང་བཞིའི་ཉི་ཟླ་བཀྲག་འཚེར་དུ་བརྗིད་པས། །ཟང་ཐལ་ཆོས་སྐུ་རྗེན་པའི་སྣང་བ་ཡི་དགའ་སྟོན། །མཐོང་བའི་ཆོས་ལ་ལོངས་སུ་སྤྱོད་པ་ཡི་ངང་ནས། །འཕོ་མེད་རྡོ་རྗེའི་ས་ལ་རྩེན་ནུས་སུ་མཛོད་ཅིག །ཁྱབ་བདག་རིག་འཛིན་བླ་མ་ཡེ་ཤེས་ཀྱི་སྐུ་ཅན། །མི་ཕྱེད་རྡོ་རྗེའི་གསང་བ་མི་ཟད་པའི་རྒྱན་འཁོར། །ཇི་བཞིན་ལོངས་སུ་སྤྱོད་པའི་སྐལ་པ་ཅན་གྱུར་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རང་རློབས་མཛོད། །བླ་མའི་བཀྲ་ཤིས་དགོངས་རྒྱུད་ནམ་མཁའི་དབྱིངས་རྒྱ་ཆེ། །སློབ་མའི་བཀྲ་ཤིས་དད་དམ་རྒྱུ་སྐར་གྱི་ཕྲེང་མཛེས། །སྨིན་གྲོལ་བཀྲ་ཤིས་སྣང་བ་ཁོར་ཡུག་ཏུ་འཆར་བས། །རྒྱལ་བསྟན་བཀྲ་ཤིས་ལུང་རྟོགས་འཕེལ་རྒྱས་སུ་མཛོད་ཅིག །ཅེས་པའང་ཕ་མཐའ་བྲལ་བའི་རྒྱ་མཚོའི་ཀློང་ན་གནས་པའི་ནུབ་ཕྱོགས་ཨེ་གལ་གྱི་གླིང་དུ་མཆོག་གསུམ་རིན་པོ་ཆེའི་ཕྲིན་ལས་འཆར་ཀའི་ཕོ་ཉ་འདྲེན་པའི་བྱ་མ་རྟ་དམ་པའི་ཡོན་ཏན་སྣང་བས་རྒྱུད་ཕྱུག་པའི་མདོ་ཁམས་ཤར་གྱི་བཙུན་པ་ཀརྨ་ཆོས་ཀྱི་རྒྱ་མཚོ་འགྱུར་མེད་ཡེ་ཤེས་སྣང་བ་རྒྱས་པའི་སྡེས་ཤུལ་རིང་གི་ལམ་ནས་རང་གམ་དུ་ཕེབས་ཤིང༌། ཆོས་ཀྱི་བགྲོ་གླེང་དོན་དང་ལྡན་པ་མང་དུ་བགྱིས་པའི་མཐར་འདི་ལྟ་བུ་ཞིག་འབྲི་བར་འོས་ཞེས་ལྷ་རྫས་ཀྱི་རྟེན་སྣག་སྨྱུག་དང་བཅས་ཏེ་ཐུགས་བརྩེ་དད་གདུང་གིས་གསུང་བསྐུལ་གནང་བའི་བཞེད་པ་སྐོང་སླད་ཤེས་ཚད་ཁ་ལ་ཁྱེར་ཞིང༌། སྙིང་པོ་ཤེས་རྒྱུ་མེད་པའི་རྙིང་སྔགས་རྒན་པོ་འགྱུར་མེད་བསླབ་གསུམ་རྒྱལ་མཚན་ཕྲིན་ལས་སྣང་བ་རྩལ་གྱིས་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་བྱེ་བྲག་ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་བའི་གྲོང་ཁྱེར་ན་མཛེས་པའི་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་གྱི་གཙུག་ལག་ཁང་དུ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་དུས་མཆོད་ཀྱི་སྐབས་སུ་དད་མོས་ཡིད་ཆེས་ཀྱི་ངེས་པས་བྲིས་ཤིང་གསོལ་བ་བཏབ་པས་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་དཔལ་མགོན་བླ་མའི་ཟག་མེད་ཡེ་ཤེས་ཆེན་པོའི་ཐིག་ལེར་ཡུད་ཙམ་གྱིས་མངོན་པར་བྱང་ཆུབ་བརྙེས་པའི་དགའ་སྟོན་གྱི་དཔལ་དུ་གྱུར་ཅིག ༈ ཨ་ཧོ། རྒྱལ་ཀུན་ཡེ་ཤེས་ཕུང་པོ་རྣམ་འདྲེན་དུ་ཤར་བ། །སངས་རྒྱས་སྐུ་བཞིའི་ཁྱབ་བདག་ཀརྨ་པ་ཆེན་པོ། །མི་འབྲལ་སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ་མཆོད་པས། །དགོངས་བརྒྱུད་བྱིན་རླབས་ཐོབ་པའི་དགའ་སྟོན་འདི་ཨ་ཧོ། །དེ་ཡི་ཐུགས་རྗེའི་ཡེ་ཤེས་རོལ་མོ་ཡི་སྣང་ཆ། །ཞིང་ཁམས་སྤྲུལ་པས་ཁྱབ་པའི་མཁས་གྲུབ་ཀྱི་འདྲེན་པ། །སྨིན་གྲོལ་བདུད་རྩིའི་སྦྲང་ཆར་ཟད་མི་ཤེས་འབེབས་པས། །སྐུ་བཞིའི་ལོ་འབྲས་ཅི་དགར་སྨིན་པ་འདི་ཨ་ཧོ། །སྣང་གྲགས་རིག་པ་རྡོ་རྗེ་གསུམ་དབྱིངས་སུ་ཤར་བས། །བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་འབྲལ་མེད། །གཟུང་འཛིན་གཉིས་སྣང་རྟོག་བྲལ་རོ་མཉམ་གྱི་ངང་ནས། དག་པ་རབ་འབྱམས་མོས་གུས་རྩལ་འཆར་འདི་ཨ་ཧོ། །རང་བྱུང་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་ཀློང་ནས། །བདེ་སྟོང་ཡེ་ཤེས་བསྐྱེད་པའི་རྩ་རླུང་དང་ཐིག་ལེ། གདོད་ནས་འཕོ་མེད་བདེ་ཆེན་བླ་མ་རུ་བཞུགས་ནས། །ལྷན་སྐྱེས་དགོངས་ཉམས་རྫོགས་པའི་བརྟུལ་ཞུགས་དེ་ཨ་ཧོ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུ་ཡི་འོད་ཟེར། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུ་ཡི་ཡེ་ཤེས། །སྣང་སེམས་རོ་གཅིག་འདྲེས་པའི་དོན་དམ་གྱི་བླ་མ། །མ་བཅོས་རང་ལ་བཞུགས་པའི་ཉམས་དགའ་འདི་ཨ་ཧོ། །སེམས་ཀྱི་ཆོས་ཉིད་རིག་སྟོང་ཡེ་ཤེས་སུ་གྲོལ་བས། །འཁོར་འདས་ཀུན་ཁྱབ་ཟང་ཐལ་རང་བྱུང་གི་ཀློང་ན། །སྐྱེ་འཆི་བར་དོའི་འཁྲུལ་སྣང་གཞི་མེད་དུ་དག་པ། །གཉུག་མའི་བླ་མ་འདུ་འབྲལ་མེད་པ་འདི་ཨ་ཧོ། །ནང་དབྱིངས་རིག་སྟོང་ཆོས་ཟད་བློ་འདས་ཀྱི་དགོངས་པས། །འཁྲུལ་པ་རང་གྲོལ་ཟག་པ་རང་ཟད་དུ་གྱུར་ཏེ། །གཏད་མེད་ཆོས་སྐུའི་བླ་མ་མངོན་སུམ་དུ་མཇལ་བའི། །སྐྱིད་གླུ་འབྲུག་ལྟར་སྒྲོག་པའི་རྣལ་འབྱོར་དེ་ཨ་ཧོ། །དེ་སྐད་ནུབ་ཕྱོགས་ཨ་རིའི་རྒྱལ་ཁབ་ཏུ་ཉུལ་བའི། །མདོ་ཁམས་རྣལ་འབྱོར་མཁྱེན་བརྩེའི་འོད་ཟེར་དུ་གྲགས་པས། །ཆོས་བཞིན་སྤྱོད་པའི་དགེ་སྦྱོང་མཁྱེན་སྒོམ་ཀུན་མཚུངས་མེད། །ཀརྨ་ཕྲིན་ལས་དགྱེས་པའི་རོལ་མོ་རུ་འབུལ་ལོ། །དགེ་བས་མ་བཅོས་གཉུག་མའི་གཏན་སྲིད་ལ་ཞུགས་པའི། །ཆོས་སྐུའི་བླ་མ་དགྱེས་པའི་དགའ་སྟོན་གྱི་ཕ་ཕོག །མངོན་སུམ་ཐོབ་ནས་ཆོས་དབྱིངས་འདུས་མ་བྱས་ཆེན་པོ། །ཚོམ་བུ་གཅིག་ཏུ་གྲོལ་བའི་དགའ་སྟོན་ཀྱང་ཞུའོ། ༈ ལྷང་ལྷང་དད་པས་མྱོས་པའི་གཞན་གསོས་ཀྱི་བུ་མོར། །ཡང་ཡང་བྱིན་རླབས་བདུད་རྩིའི་སྤྲིན་གཞོན་གྱི་ཀློང་ནས། །དགོངས་བརྒྱུད་ཟིམ་ཆར་འབེབས་མཛད་ཐོད་ཕྲེང་རྩལ་ཆེན་པོ། །དབྱེར་མེད་དཔལ་མགོན་བླ་མ་སྙིང་དབུས་ནས་དྲན་བྱུང༌། །ངེས་འབྱུང་སོ་ཐར་ཁྲིམས་ཀྱི་ནེའུ་ཐང་གི་དཀྱིལ་མཛེས། །གཞན་ཕན་པད་དཀར་ཕྲེང་བ་ཕང་ཕུང་དུ་གཡོ་ནུས། །གསང་ཆེན་ཟབ་དོན་རྟོགས་པའི་དྲི་བསུང་གིས་འཁྱུད་པའི། །སྐྱེས་ཆེན་ཆོས་ཀྱི་གྲོགས་པོར་མཆིད་ལན་འདི་འབུལ་ལོ། །བསིལ་ལྡན་རི་བོའི་མགུལ་མཛེས་དགེ་ཚུལ་མའི་དགོན་པར། །རྒྱལ་ཀུན་ཡེ་ཤེས་སྐུ་གཅིག་རྡོ་རྗེ་འཆང་དངོས་བྱོན། །སངས་རྒྱས་ཀརྨའི་ཞབས་བཀོད་དགྱེས་ཞལ་གྱི་བདུད་རྩིས། །རེ་ཞིག་ཁམས་གསོ་བྱུང་སྙམ་ཡིད་ཡུལ་དུ་ཤར་སོང༌། ཀུན་རྫོབ་ཕྱི་ཡི་བླ་མས་དགོངས་བརྒྱུད་ཀྱི་རྟོགས་པས། །རང་གནས་ཟང་ཐལ་ཆེན་པོ་ཐལ་བྱུང་དུ་སད་པས། །བློ་འདས་ཆོས་སྐུའི་གསང་བ་མངོན་སུམ་དུ་གྱུར་པའི། །ངེས་དོན་ཡེ་ཤེས་འཁོར་ལོར་ཉིན་མཚན་ཀུན་སྤྱོད་མཛོད། །གནད་གསང་ཆོས་ཉིད་རྗེན་པའི་ཕུ་ཐག་ཞིག་ཆོད་ན། །འཁྲུལ་པའི་བྱས་ཆོས་རྫུན་རིས་ནམ་མཁའ་ལ་སྤྲིན་བཞིན། །ཡུད་ཀྱིས་དེངས་པས་རང་གསལ་རྗེན་ཅེར་གྱི་གཤིས་ལུགས། །ཆོས་ཉིད་ནམ་མཁའ་ལྟ་བུའི་གུ་ཡངས་ཞིག་ཡིན་སྙམ། །སྣང་ཆ་འཁོར་འདས་ལམ་གྱི་རྒྱུ་སྐར་འབུམ་བཀྲ་ཡང༌། །གཤིས་ལ་ཕན་གནོད་མེད་པའི་གུ་ཡངས་ཀྱི་ངང་ནས། །ཆགས་མེད་ཞེན་བྲལ་གཅེར་བུ་ཕྱལ་པ་རུ་གདེང་པས། །འོད་གསལ་ཉི་མའི་ཞལ་བཟང་ཁོར་ཡུག་ཏུ་འཆར་འདྲ། །གཤིས་ཀྱི་རང་གདངས་ཀུན་ཁྱབ་ཐུགས་རྗེ་ཡི་ཡེ་ཤེས། །མཁའ་ཁྱབ་འགྲོ་ལ་ཕྱོགས་རིས་མེད་པ་རུ་བརྡལ་བས། །གཞན་ཕན་སིམ་པ་བསྐྱེད་པ་ཀུན་དགའ་ཡི་རོལ་སྟོན། །ནམ་མཁའ་ཇི་སྲིད་སྒྲོལ་བའི་གོ་ཆ་ཞིག་འབྱུང་ངེས། །ཆོས་ཀུན་སྙིང་པོ་འོད་གསལ་དེ་ཉིད་ཀྱི་རྣལ་འབྱོར། །བདག་ཅག་ཕྱག་རྫོགས་བརྒྱུད་པའི་ཕ་ནོར་དུ་བབ་པ། །གྲུབ་མཐའ་གཞན་ལ་མེད་པའི་གསེང་ལམ་ཞིག་ཡོད་པས། །ལམ་དེ་རང་སོར་ཐོབ་ཚེ་ཡུད་ཙམ་གྱིས་གཤེགས་མཛོད། །བཤད་བཤད་ཁ་མཁས་མི་དགོས་ནང་དོན་གྱི་རྣལ་འབྱོར། །བྱས་བྱས་ཡུས་ཀྱིས་མི་གདུང་བྱར་མེད་ཀྱི་དགོངས་པ། །རིང་རིང་འབད་རྩོལ་མི་དགོས་རང་ངོ་ན་བཞུགས་པས། །ཚུབ་ཚུབ་རེ་དོགས་སྐྱུངས་ལ་ལྷོད་ལྷོད་ཀྱིས་གཟིགས་དང༌། །མ་བཅོས་གཉུག་མའི་རྒྱལ་པོ་ནམ་མཁའ་ཡི་རྣལ་འབྱོར། །བྲམ་ཟེ་ཆེན་པོའི་དགོངས་པ་མངོན་སུམ་དུ་ཤར་ཚེ། །ཡིད་དཔྱོད་ཚིག་གི་སྤུ་རིས་རང་གྲོལ་དུ་ཐོངས་ལ། །གཉུག་མའི་གཤིས་སུ་ཁ་ཡན་ཀློད་པ་ལ་སྤྲོའོ། །གནད་གཅིག་གྲོལ་ན་འཁྲུལ་མདུད་རང་ཞིག་ཏུ་ཐུབ་པ། །གནད་ཀྱི་སྙིང་པོ་གཅིག་ཤེས་ཀུན་གྲོལ་གྱི་མན་ངག །གནད་དོན་འདི་ལ་ཐུག་པས་ཆིག་གྲོལ་དུ་ཐོངས་ལ། །གནད་ཀྱི་གསེང་ལམ་རྟོགས་ཤོག་སྐལ་བཟང་གི་དམ་པ། །དེ་སྐད་རང་ལ་མེད་ཀྱང་ཁྱེད་ཐུགས་ཀྱི་རྨ་བྱ། །དགྱེས་ཕྱིར་རྒད་པོའི་གླུ་ཡི་འབྲུག་སྒྲ་འདི་ཕུལ་བས། །ཉམས་རྟོགས་སྤུ་རིས་རྒྱས་པའི་ཟློས་གར་དང་ཆབས་ཅིག །སྒྲུབ་བརྒྱུད་དབྱར་གྱི་དགའ་སྟོན་འཕེལ་བ་རང་ཤོག་ཅིག །སྙན་སྙན་ཁ་ཙམ་མ་ཡིན་ངེས་དོན་ལ་གནས་པའི། །དད་དད་བརྩེ་གདུང་མེ་ཏོག་བཅོས་མེད་ཀྱི་འཛུམ་དཀར། །ཡང་ཡང་ཁྱེད་ལ་ཕྱོགས་པས་ཞབས་བརྟན་གྱི་སྨོན་འདུན། །མཛེས་མཛེས་གེ་སར་བཞད་པའི་ཟིལ་མངར་ལས་སྤྲོས་སོ། །ཞེས་མཁྱེན་སྤྲུལ་པས་རྡོ་རྗེ་གདན་གཙུག་ལག་ཁང་གི་ཞོལ་བོད་དགོན་དྷ་རམ་ས་ནས་བོད་ཟླ༡༡་ཚེས༢༤ལ་གུས་ཕུལ། ༈ ཨ་ཧོ། ཡུལ་ལ་མིང་དུ་ཆགས་པ་མདོ་ཁམས་ཀྱི་སྡེ་དགེ །འཕགས་ཡུལ་གཉིས་པར་གྲགས་པ་དོན་ལྡན་དུ་འདུག་སྟེ། །ཆོས་ལུགས་རྣམ་བཞི་བཤད་སྒྲུབ་ལས་གསུམ་གྱི་མཛད་པ། །ཕན་ཚུན་འགྲན་པ་ལྟར་གྱུར་བསམ་པའི་ཚེ་ཨ་ཧོ། །བླ་མ་ཆེན་པོར་གྲགས་པ་འཇམ་མགོན་ནི་རྣམ་གསུམ། །མཁས་བཙུན་བཟང་གྲུབ་མཛད་པ་ཡར་ངོ་ཡི་ཟླ་བ། །རྒྱན་དྲུག་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་དང་དབྱེར་མེད། །དོན་གྱི་རྣམ་ཐར་མཐོང་ཐོས་ཡིད་སྒུལ་ཏེ་ཨ་ཧོ། །སློབ་ཚོགས་མཁས་གྲུབ་གཏེར་ཆེན་གསེར་རི་ཡི་ཕྲེང་བ། །གཅིག་ལས་གཅིག་མཚར་ཤྲཱི་ན་ལེནྡྲ་ལྟ་བུའི། །སྨིན་གྲོལ་བཤད་སྒྲུབ་སུམ་རྩེན་དལ་འགྲོ་ལྟར་གྱུར་བས། །རྣམ་ཐར་ཨུ་དུམ་ཝ་རའི་དགའ་བའི་ཚལ་ཨ་ཧོ། །ཕྱག་རྗེས་མཛོད་ཆེན་ལྔ་དང་རྒྱུད་སྡེ་དང་སྒྲུབ་ཐབས། །ལུང་རིག་སེང་གེའི་སྒྲ་ལྡན་ལེགས་བཤད་ཀྱི་གཏེར་མཛོད། །གཙུག་ལག་ནོར་བུའི་བང་མཛོད་རྒྱ་མཚོ་ལྟར་ཟབ་རྒྱས། །སྨིན་གྲོལ་ཁ་འབབ་ཀླུང་བཞི་རོལ་པ་འདི་ཨ་ཧོ། །འོག་མིན་རྡོ་རྗེ་དབྱིངས་ཀྱི་གྲོང་ཁྱེར་དུ་སོན་འདྲའི། །ཚུལ་འདི་བསམ་ཚེ་ཐ་མལ་འཁྲུལ་ཤེས་ཀུན་འགག་ནས། །ནུབ་ཕྱོགས་སོ་མ་པུ་རིའི་འདུ་བ་བཞིན་གྱུར་བས། །གྲོལ་བ་རྣམ་བཞིའི་ཕ་ཕོག་ཐོབ་པ་འདི་ཨ་ཧོ། །དེ་ཀུན་ལོག་སྨོན་ཀླ་ཀློས་འཇོམས་པ་ལ་བརྩོན་ཚེ། །སྐྱ་རེངས་བསུ་མས་ཉི་མ་དབང་མེད་དུ་འདྲེན་བཞིན། །འཕགས་ཡུལ་མཐའ་འཁོབ་གླིང་ཀུན་ཆོས་ཀྱི་འོད་བཀྱེས་པས། །བོད་ལྗོངས་སྐལ་པ་བཟང་པོ་སྔ་ལྟས་འདི་ཨ་ཧོ། །དཔལ་འབྱོར་མཐུན་པའི་རྐྱེན་ཀུན་དགྲ་ཟས་སུ་སོང་ཡང༌། །ལུང་རྟོགས་ནོར་གྱི་དབྱིག་ཀུན་རང་ལག་ཏུ་ཐོབ་པས། །སྲིད་ཞིའི་གདུང་བ་སེལ་བའི་གནས་ཚུལ་ལ་བསམ་ན། །རྐྱེན་ངན་གྲོགས་སུ་ཤར་བའི་ཁྱད་ཆོས་དེ་ཨ་ཧོ། །ན་ཚོད་བཅུ་ཕྲག་བརྒྱད་ལས་ལྷག་པ་རུ་ཕྱིན་ཀྱང༌། །ཆོས་རབ་རྣམ་འབྱེད་འདྲེན་བྱེད་མ་ལྡོང་པའི་དབང་གིས། །དད་དང་འདུན་པའི་ཐལ་མོ་སྙིང་ག་རུ་ཟུམ་སྟེ། །སྐྱིད་གླུའི་རྐང་བྲོ་ཉལ་འདར་སྤྲད་པ་འདི་ཨ་ཧོ། །འབྲེལ་པ་ཆོས་ལ་ཐོགས་པའི་མི་རྒན་ནི་མགོ་སེ། །ཚེ་རབས་ཕྲེང་བར་ངན་འགྲོ་ལམ་ལོག་ཏུ་མི་ལྷུང༌། ཕ་ནོར་བུ་ལག་འཕྲོད་པའི་རྟེན་འབྲེལ་དེ་བསམ་ནས། །སོ་མེད་ཁ་ནས་གླུ་ཆུང་ལེན་པ་འདི་ཨ་ཧོ། ༈ ཨ་ཧོ། རང་བྱུང་གདོད་ནས་གྲུབ་པ་ཧེ་རུ་ཀའི་ཞིང༌། །ས་བཅུ་རྡོ་རྗེའི་ལམ་རྫོགས་ཉེ་བའི་ཚནྡྷོ། །ངོ་མཚར་ཡུལ་གྱི་བྱེ་བྲག་ཡངས་ལེ་ཤོད། །མཚོ་སྐྱེས་པདྨའི་སྒྲུབ་གནས་དེ་རིང་ཕྱིན་སོང༌། །སྔོན་དུས་གསུང་གི་རྡོ་རྗེ་པདྨ་སཾ་བྷ་བས། །ཕྱག་ཆེན་མཆོག་གི་རིག་འཛིན་གནས་འདིར་མངོན་མཛད། །བར་ཆད་བདུད་ཚོགས་རྡོ་རྗེ་ཕུར་པས་བསྒྲལ་བའི། །དཔལ་ཆེན་ཧེ་རུ་ཀ་ཡི་ཚོགས་ཁང་ཡོངས་གྲགས། །དམར་ཟླུམ་རྡོ་རྗེའི་བྲག་རི་ཟླ་གམ་དབྱིབས་ཅན། །ཆོས་ཀུན་བདེ་ཆེན་ཡང་དག་གྲུབ་པ་གཅིག་པུར། །ཟླུམ་པའི་བརྡ་རྟགས་རྫོགས་པའི་ཀེའུ་ཚང་འདིར། །དྲག་པོ་བསྒྲལ་བའི་འཕྱང་འཕྲུལ་མངོན་སུམ་བཀོད་མཛེས། །འབད་རྩོལ་སྡིག་པས་མ་བསགས་རང་བྱུང་ལྷུན་གྲུབ། །རྣམ་གཡེང་འདུ་འཛི་མེད་པས་རླུང་རིག་དྭངས་པ། །ཆགས་མེད་ཡབ་མེས་རིག་འཛིན་གཤེགས་ཤུལ་མཐོང་ཚེ། །ཆོས་བརྒྱད་འཆིང་ཐག་གཅོད་པའི་བརྡ་སྟོན་གོ་བྱུང༌། །ལྕུག་ཕྲན་དྲྭ་ཕྱེད་མཛེས་པའི་ལྗོན་ཤིང་ཁོང་གསེང༌། །མདངས་མཛེས་མེ་ཏོག་བསྟར་བའི་མཆོད་ཕྲེང་དང་བཅས། །སྔོ་སངས་ནམ་མཁའི་བུ་མོའི་འཛུམ་བག་གཟིགས་དང༌། །འོད་གསལ་ཟེར་སྣང་སྟོན་པའི་ཕོ་ཉ་ཡོད་ངེས། །བྱམས་དང་སྙིང་རྗེའི་གསལ་འདེབས་བྱ་དང་བྱིའུ། །སྐད་སྙན་གསེར་གྱི་དྲིལ་ཆུང་ལྟ་བུར་གྲགས་ནས། །འཕུར་ལྡིང་རྩེ་འཇོའི་རྒྱུ་བས་སྡིག་པའི་གྲོགས་བྲལ། །གཅིག་པུར་དབེན་པར་ཡན་འདི་སྐྱིད་པའི་ཡང་རྩེ། །ཚོགས་དྲུག་ཡུལ་སྣང་ཞེན་པའི་རྗེས་སུ་མ་འབྲང༌། །གཅེར་མཐོང་རིག་པའི་གཤིས་ཀློང་ཤུགས་ཀྱིས་ཕྱིན་པས། །བག་ཡངས་སྣང་བ་གདིང་འདེད་འདར་ཀལ་སྤྲོད་དང༌། །ལྟ་སྒོམ་དམིགས་གཏད་ཞིག་པའི་བཞུགས་ཚུལ་མཐོང་སྙམ། །བཞིན་ལག་རྒྱན་ཆས་སྤུད་པའི་ཡེ་ཤེས་ལྷ་སྐུ། །ཆུ་བུར་མིག་གིས་མཇལ་བའི་སྐལ་པ་ཕྲ་ཡང༌། །ཟང་ཐལ་རིག་སྟོང་གཉུག་མ་ཆ་ཙམ་མཐོང་བ། །དོན་གྱི་ཧེ་རུ་ཀ་དཔལ་ཡིན་སྙམ་འདུག་གོ །འཁོར་འདས་སྒྱུ་མའི་ལྟད་མོ་མ་བཀོད་ཤར་བས། །བླང་དོར་ཆེད་འཛིན་ཞིག་པའི་བབས་སུ་བཞག་ཚེ། །འཕོ་མེད་ཆོས་སྐུ་གདོད་མའི་ཧེ་རུ་ཀ་དཔལ། །སྣང་སྤྱོད་བདེ་ཆེན་ཤར་ཏེ་དགྱེས་སོ་སྙམ་མོ། །འཁོར་འདས་བར་ལག་འགྱེལ་བའི་ལྟ་སྟངས་གཅིག་གིས། །གཞི་གྲོལ་དོན་གྱི་ལྟད་མོ་རང་སྣང་གསལ་ཚེ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉེ་ལམ། །ཡེ་ཤེས་རིག་པའི་གཤིས་སུ་མ་བཙལ་ལྷུན་གྲུབ། །གནད་གཅིག་ཁྱབ་བརྡལ་ཆོས་ཉིད་ཁོར་མོ་ཡུག་ཏུ། །མཐོང་ཚེ་ཇི་ལྟར་ཤར་བའི་རྩལ་གྱི་སྣང་ཆ། །ཀུན་བཟང་གདོད་མའི་ཞིང་སྐུར་མ་བཅོས་ལྷུན་གྲུབ། །སྐྱིད་སྡུག་གདོད་ནས་ཟད་པའི་ངང་དུ་ཉལ་སྙམ། །དོན་དམ་འཕགས་པའི་དགོངས་པ་དབྱིངས་དང་མཉམ་ཚེ། །ཀུན་རྫོབ་འཁྲུལ་པའི་རྫུན་རིས་ཀློང་དུ་བརྡིབས་ནས། །གཏད་མེད་ཆོས་སྐུའི་ཡོ་ལང་ཉིན་མཚན་ཁོར་ཡུག །ཤར་བ་ནམ་མཁའི་རྣལ་འབྱོར་ངོ་མཚར་རྨད་བྱུང༌། །ལྟ་བ་དགག་སྒྲུབ་མེད་དེ་ཀ་དག་ཕྱོགས་ཡན། །སྒོམ་པ་ཡེངས་འཁྲུལ་མི་སྲིད་འོད་གསལ་ཁོར་ཡུག །སྤྱོད་པ་རང་གྲོལ་ཡིན་ཏེ་སྤང་བླང་མི་རྙེད། །འབྲས་བུ་ཕྱི་དུས་རེ་བའི་རེ་དོགས་སྐྱུངས་ལ། །ཐེག་མཆོག་རྫོགས་པ་ཆེན་པོའི་ཡེ་ཤེས་དགོངས་པ། །མངོན་སུམ་རྟོགས་པའི་ལག་རྗེས་བདག་ལ་མེད་ཀྱང༌། །ལེགས་བཤད་སེང་གེའི་སྒྲ་དབྱངས་ཐོས་བསམ་གྱུར་པ། །ཆ་ཤས་ཡིད་ལ་གང་ཤར་བྲིས་ནས་སོང་ངོ༌། །ཨ་ཅང་ཀུ་རེ་ལགས་ཏེ་ལས་ཉོན་ཕོ་ཉས། །འཇབ་ཁུང་མང་པོར་རིག་པའི་ཁྱེའུ་ཆུང་བཙས་པས། །མཐའ་མེད་འཁོར་བའི་གྲོང་ཁྱེར་རྒྱུ་གྲབ་འདུག་པས། །ཐུགས་རྗེའི་ལྕགས་ཀྱུས་ཟུངས་ཤིག་བླ་མ་མཁྱེན་ནོ། །དེ་སྐད་གནས་འབྲེལ་ཕྱིན་པའི་ཐུན་གསེང་ཞིག་ཏུ། །ཨོ་རྒྱན་གཞན་ཕན་དགེ་བའི་བློ་ཡིས་བསྐུལ་ཏེ། །མདོ་སྨད་མི་རྒན་ཁ་ནས་བཅོས་གཏམ་ཤོར་བས། །ཁྱེད་དགྱེས་དགེ་ལ་བརྩོན་ཅིག་བློ་གསལ་གྲོགས་པོ། །ཞེས་ས་བྱ་ནག་ཟླའི་༣ཚེས་༢༨ལ་མངྒ་ལས་གནས་དེ་ཉིད་དུ་བྲིས་པའོ། ༈ ཕ་རན་སི་ཡི་སྨན་ལྗོངས་ཉམས་དགའ་བར། །རྒན་པོ་རབ་གསལ་ཟླ་བ་ཕྱིན་པའི་ཚེ། །སྨན་ལྗོངས་མེ་ཏོག་ལྗོན་ཤིང་སྐྱེད་མོའི་ཚལ། །སུམ་རྩེན་ལྷ་ལ་འགྲན་པ་ལྟ་བུ་འདུག །རས་དཀར་ལྡིང་གུར་མཐོན་པོའི་ཁྲི་སྟན་སོགས། །བཀོད་པ་རྨད་བྱུང་འཁོར་གྱི་ཚོགས་དང་བཅས། །ཟབ་རྒྱས་ཆོས་ཀྱི་ཁ་ཁྲམ་གདུགས་ལྟར་ཕུབ། །སྟེང་ནས་ཚ་ཟེར་རྒྱལ་པོས་ངད་ཀྱི་གདུང༌། །བར་ནས་རེག་བྱ་ཚ་བུའི་རླུང་གིས་གཟིར། །ས་སྟེང་སློབ་མ་ཕོ་མོ་གཅེར་བུར་རྒྱུགས། །བསྐལ་པ་མེ་ལྟར་འབར་བའི་ཕོ་བྲང་གྱུར། །རྒན་པོ་ལུས་ཟུངས་ཟད་པས་མ་ཐེག་སྟེ། །ཚ་རླུང་གྲིབ་ཀྱིས་འདུ་བ་གཏིང་ནས་འཁྲུགས། །ཟུག་རྔུ་ཁབ་རྩེ་ལྟ་བུའི་ལག་གཡས་གདུང༌། །གྲིབ་ཁམས་རྙོགས་པས་བྱིང་རྨུག་འཐིབ་གསུམ་འཛོམས། །སྐད་གདངས་ཆག་ནས་ས་ཕུག་བྱི་བ་ལྟར། །གྱུར་ནས་མལ་སྟན་མཐོན་པོར་འགྲེ་ལྡོག་བྱས། །བསིལ་བའི་རེག་བྱ་ནམ་ཞིག་འཐོབ་སྙམ་སྟེ། །སྐོམ་པ་ཆུ་གདུང་ལྟ་བུར་གྱུར་ན་ཡང༌། །ཨུ་ཚུགས་ཆེན་པོས་ཆོས་འཁོར་བསྐོར་བར་བསྐུལ། །ན་བའི་སྐད་གྲགས་རྒྱལ་ཁམས་ཡོངས་ལ་ཁྱབ། །ཁམས་འཕྲོད་ཡུལ་དུ་ཤོག་ཅེས་མང་ཟེར་ཡང༌། །འདོད་དོན་མ་གྲུབ་བར་དུ་ཐབས་ཀྱིས་བཤོལ། །ནམ་མཁར་བལྟས་ན་ཨིནྡྲའི་མདོག་ལྟར་སྔོ། །ཚ་ཟེར་བརྒྱ་པའི་གཟི་བརྗིད་ཉིན་བཞིན་ཆེ། །སྤྲིན་དཀར་བུ་མོ་ནམ་ལངས་སྐར་མ་འདྲ། །གྲང་བའི་རེག་བྱ་རིན་ཆེན་གསེར་ལས་དཀོན། །ཉིང་འཁྲུལ་མང་པོས་ཆོ་འཕྲུལ་ཅིར་ཡང་སྟོན། །ཅི་བྱ་བདོལ་མེད་ཤུགས་རིང་འདོན་ནས་བསྡད། །ཁ་བཞི་ལྷོ་ཡི་ཆོས་ཀྱི་རྒྱལ་ཁབ་དང༌། །དགེ་འདུན་སྡེ་བཞིས་ཞབས་བརྟན་བཀའ་དྲིན་བསྐྱངས། །ཉིན་ཤས་མཚམས་ནས་བསིལ་ལྡན་ར་བ་དཀར། །རྒྱུ་བའི་རྟེན་འབྲེལ་ཟླ་གཞོན་ཤར་ལ་ཁད། །བར་དེར་མཁས་བླུན་དཀར་དམར་མང་པོ་ཡིས། །འབྲེལ་དང་མ་འབྲེལ་ཆོས་བཤད་གདུགས་ལྟར་ཕུབ། །ཉམས་ལ་མཚར་དགུའི་ལྟད་མོ་ཅི་ཡང་མཐོང༌། །ཁྱེད་ནི་མཁས་བཙུན་བློ་གྲོས་ལྡན་པའི་དབུས། །རྒྱན་དྲུག་མཁས་པའི་ལེགས་བཤད་ཐོས་བསམ་མཛད། །མང་ཐོས་ནོར་བསགས་བསམ་བྱུང་རིན་ཐང་ལྗིད། །སྒོམ་པའི་ཉི་མ་སྙིང་ལ་རིམ་བཞིན་འཆར། །རྒྱལ་བསྟན་པདྨའི་དགའ་ཚལ་དལ་བུས་འགྲིམ། །ཐོས་འཛིན་སོན་པས་སྙིང་ནས་རྗེས་ཡི་རང༌། །རིང་མིན་དགྱེས་ཞལ་པདྨ་དཀར་པོའི་འཛུམ། །མིག་གི་བདུད་རྩིར་སིམ་སྙམ་རིམ་པ་བཞིན། །བར་དེར་འབྲེལ་མེད་གཏམ་གྱི་གླིང་བུ་ཞིག །སོ་མེད་ཁ་ནས་ཐོན་ཏེ་གུས་པས་ཕུལ། ༈ ལ་སོ་ན་རིའི་བསམ་གཏན་གྱི་ཁང་བུ་ལ་བསྔགས་པ་རབ་དགའི་རྒྱན་ཞེས་བྱ་བ། ཀ་མ་ལ་ཡི་འདབ་ལྟར་ཡངས་པའི་ཀླུང༌། །ཁ་དོག་གཅིག་ཏུ་མི་གནས་ལྗོན་ཤིང་ཚལ། །ག་ཤའི་ཕྲེང་བཞིན་ཕྱོགས་མཚམས་ཚར་དུ་དངར། །ང་ཡི་བསམ་གཏན་སྐྱིལ་བུ་ཉམས་སུ་དགའ། །ཅ་ཅོ་རྣ་བར་གཟན་པའི་གྲོང་ཁྱིམ་མེད། །ཆ་མེད་ཀུན་འགྲོ་ནམ་མཁའི་གོ་སྐབས་ཡངས། །ཇ་ཧོང་འཆར་ཀའི་སྤྲིན་ལས་ཉི་ཟླའི་འཛུམ། །ཉ་ལྡན་དག་བྱེད་ཕྲེང་བའི་དོ་ཤལ་སྤུད། །ཏཱ་རེའི་ཞིང་མཆོག་གཡུ་ལོ་བཀོད་པ་ལྟའི། །ཐ་དད་ནེའུ་གསེང་རྐང་འཐུང་དོ་ར་རྣམས། །ད་དུས་སྣོད་བཅུད་རྒུད་པས་མ་རྨས་པ། །ན་གཞོན་ལང་ཚོ་བཞིན་དུ་ཕན་ཚུན་འགྲན། །པ་ར་སིདྡྷི་སྒྲུབ་པའི་གནས་མཆོག་གི །ཕ་མཐའ་ཡས་པའི་ཡོན་ཏན་ཀུན་རྫོགས་པས། །བ་མཆོག་གཟན་ལ་བཀྲམ་འདྲའི་རྣལ་འབྱོར་བདག །མ་མ་དགྱེས་དགུའི་སྐྱོང་བཞིན་སྐྱིད་ཉལ་བྱས། །ཙཱ་རི་བཞིན་དུ་ནགས་ཚལ་བྲག་རིའི་ཁང༌། །ཚ་གྲང་ཉམས་འགྱུར་ཅི་ཡང་གསལ་བ་དང༌། །ཛམ་བུ་ནཱ་དའི་ལྗོན་བཟང་འབྲས་བུ་བཞིན། །ཝ་ལེར་ཡོན་ཏན་གསལ་བའི་ལྗོངས་འདི་རྨད། །ཞ་རེངས་བྲལ་བའི་མི་རྣམས་རྩེ་འཇོས་བྲེལ། །ཟ་མ་ཤིང་འབྲས་མེ་ཏོག་བཅུད་སོགས་ལ། །འ་འོལ་སྒྲ་ལྡན་གྲོང་ཁྱེར་དུ་མའི་དབུས། །ཡ་མཚན་བསམ་གཏན་ཁང་བུ་ཡིད་འོང་གྲུབ། །ར་བ་ལྟར་མཛེས་ལྷུན་པོའི་ཕྱོགས་ཀུན་བསྐོར། །ལ་སོ་ན་རིའི་བསམ་གཏན་ཁང་བུ་འདི། །ཤ་བ་མ་བུ་བག་ཕེབས་དལ་གྱིས་རྒྱུ། །ས་ཡི་དཔྱད་ལེགས་བདག་གི་སྐལ་བར་བབ། །ཧ་ཅང་གཅམ་བུ་མ་ཡིན་དོན་གནས་ཀྱིས། །ཨ་ཧོ་སྒྲུབ་པའི་གནས་འདིར་བསྔགས་པའི་ངག །ཧ་རིའི་བསུང་ཞིམ་ལྟ་བུ་ཉམས་མཚར་དུ། །ཨ་དི་ཀ་དིའི་ཕྲེང་བར་སྤེལ་ཏེ་སོང༌། །ཨི་ཤྭ་ར་གནས་ཏི་སེའི་ལྷུན་པོ་བཞིན། །ཨུ་རྒྱན་མཁན་པོའི་ལུང་གིས་བསྔགས་པའི་གནས། །ཨེ་མ་སྣང་བ་སྒྱུ་མའི་བཀོད་པ་ལ། །ཨོ་རྒྱན་བླ་མས་མཁྱེན་བརྩེས་བསྐྱངས་དེས་སྨྲས། །ཞེས་ཕྱོགས་མེད་རྒྱལ་ཁམས་ཉུལ་བའི་རྒན་པོ་མངྒ་ལས་སུག་ལས་སོ། ༈ ཀྭ་ཡེ་དབུ་མཛད་པདྨ་བཀྲ་ཤིས་དང་བདེ་ལེགས། །ཁ་ཆེ་གཉེར་མ་མང་པོའི་དགེ་སྦྱོང་ལ་ཞུ་བའི། །ག་བུར་འཛིན་པའི་ཟིལ་མངར་ལྟ་བུ་ཡི་ངག་འདི། །ང་ཡིས་འབུལ་ལོ་དགྱེས་པས་གཟིགས་རྟོགས་ཀྱང་ཞུའོ། །ཅ་ཅོའི་སློང་ཡིག་ལ་སོགས་ཟིང་ཟིང་ཟིང་མེད་ཀྱང༌། །ཆ་ཤས་ཐིགས་པ་བསགས་པའི་རྒྱ་མཚོ་རུ་གྱུར་ནས། །ཇ་བཟང་ཤིང་བཞིན་ཀུན་དགའ་དོན་འགྲུབ་ཀྱི་དཔལ་ཡོན། །ཉ་གང་ཟླ་དཀྱིལ་ལྟ་བུ་ལེགས་ཐོབ་ལ་དགའ་ཡོ། །ཏ་ཐཱ་ག་ཏའི་བསྟན་པ་ཡེ་རྫོགས་ཀྱི་མངའ་བདག །ཐ་མའི་དུས་ལ་སངས་རྒྱས་མི་གཟུགས་སུ་བྱོན་པ། །ད་ལྟའི་བསྟན་འཛིན་འགྲན་བྲལ་འཇམ་དབྱངས་མགོན་རྣམ་གསུམ། །ན་ཚོད་བརྟས་པའི་བསྟན་ལ་ལྷག་བསམ་གྱི་སྒོ་ནས། །པ་སངས་ཤར་རིར་ཆས་པའི་སྐྱ་རེང་བཞིན་མཛེས་པ། །ཕ་ལ་བྱས་པ་དྲིན་བཟོའི་གཙུག་ལག་གི་བསྟན་རྩ། །བ་མཆོག་འོ་ཞོ་ལྟ་བུ་ཟད་མེད་དུ་བྱུང་བས། །མ་ལུས་ཕན་བདེའི་དཔལ་གྱུར་ལུང་རྟོགས་སྡེ་ཚུགས་སོང༌། །ཙཱ་རི་གཉིས་པ་མཚོ་ཆེན་པདྨ་དང་འདབས་འབྲེལ། །ཚ་གྲང་སྙོམས་པའི་གནས་སུ་ཆོས་ཀྱི་གཞིས་ཚུགས་པས། །ཛ་ལནྡྷ་སོགས་གནས་ཆེན་གནས་ཕྲན་གྱིས་བསྐོར་དེར། །ཝ་ལྟར་ཉམས་དམན་མ་བྱུང་མཐོ་མཐོ་རུ་ཆས་སོང༌། །ཞྭ་ལྷྭམ་ལྟོ་གོས་དོན་གྱི་ཀུ་སཱ་ལི་མ་ཡིན། །ཟ་འདོད་ཐབས་ཀྱི་གཡོ་རྒྱུ་ཁ་བསག་གི་སྐྱོན་མེད། །འ་འུར་ཚུར་འཆོས་གཞོག་སློང་ཐོབ་ཐང་གིས་མ་འཕྲོག །ཡ་མཚན་བསྟན་ལ་དད་པའི་བསམ་སྦྱོར་དེ་རྨད་བྱུང༌། །ར་བ་གངས་རིའི་ལྗོངས་གྱི་བསྟན་པ་ཙམ་མེད་ཀྱང༌། །ལ་ཀླུང་ངལ་བས་བརྒལ་ནས་འཕགས་ཡུལ་དུ་ཕྱིན་ཚེ། །ཤ་ཁྲག་ཟས་ལ་རྔམ་བཞིན་སངས་རྒྱས་ཀྱི་བསྟན་པ། །ས་སྟེང་ཁྱབ་པར་བརྡལ་བའི་རྟེན་འབྲེལ་ཡང་ཞུའོ། །ཧ་ཧ་ཅི་ཡིན་མེད་པའི་སྨྱོན་པ་ཡི་ངག་འདི། །ཨ་མཚར་གང་དྲན་མ་བཅོས་བྲིས་པའི་མོད་ཉིད་ནས། ཨ་ཏི་སྒྲུབ་བརྒྱུད་འཛིན་པའི་སྦས་གནས་སུ་ཕྱིན་ནས། །ཧ་ཧེ་ངོམས་ཤིང་ཚིམས་པའི་སྨོན་ལམ་ཀྱང་ཞུའོ། མངྒ་ལས་སོ། ༈ ཀ་དག་ལྟ་བ་ཁ་ཁྱེར་ཨ་མཱ་ར། །ཁ་བཤད་བདེ་མདོག་ཁ་པོའི་ཆོས་བཤད་མང༌། །ག་ལེར་རང་གི་སེམས་ལ་བརྟགས་དཔྱད་ཐོང༌། །ང་བདག་གྱོང་པོ་ཐུལ་དང་མ་ཐུལ་ལྟོས། །ཅ་ཅོའི་ཆོས་བཤད་འོན་པའི་རོལ་མོ་ཡིན། །ཆ་ལུགས་ཆོས་གོས་ངེས་འབྱུང་སེམས་ཀྱིས་གྱོན། །ཇ་སོགས་ཟས་ལ་སྲེད་པ་མེད་པར་མཛོད། །ཉ་ཟླ་ལྟ་བུའི་ཚུལ་ཁྲིམས་ཡོན་ཏན་སོམས། །ཏཱ་ལའི་ལྗོན་ཤིང་སྐྱེས་པ་རྒྱ་གར་དང༌། །ཐ་དད་རྒྱ་མཚོའི་མཐར་སྐྱེས་རྒྱལ་ཁབ་ཏུ། །ད་ལྟ་རབ་བྱུང་ཁྲིམས་འཛིན་ཉིན་སྐར་འདྲ། །ན་ཆུང་འདོད་པའི་ཁོལ་པོར་མ་འཕྱན་མཛོད། །པ་སང་ལྟ་བུའི་ཚུལ་ཁྲིམས་མ་ཉམས་ན། །ཕ་རོལ་འཇིག་རྟེན་ཚུར་རོལ་གཉིས་ཀ་སྐྱིད། །བ་གླང་ལྟ་བུའི་དེང་སང་རྨོངས་པ་རྣམས། །མ་རབ་སྤྱོད་ལ་སྟོད་བསྔགས་དགོས་འདི་འཁྲུལ། །ཙཱ་རི་གངས་རི་དབེན་གནས་མ་ཟིན་ཡང༌། །ཚ་ཟེར་བརྒྱ་མཚུངས་ཚུལ་ཁྲིམས་རིན་པོ་ཆེ། །ཛ་ཡ་ཐུབ་པས་ཕ་ནོར་བུར་གཞག་པ། །ཝ་ལེར་སེམས་ཞོག་གཅེས་སྤྲས་རེམས་ཤིག་ཨང༌། །ཞྭ་མོ་སྐྲ་ལོ་འཁྱོར་པོ་མེད་ཀྱང་སླ། །ཟ་འདོད་རྙེད་ཚུལ་གྱ་གྱུ་མ་མཛད་པར། །འ་འུར་ཐམས་ཅད་སྒྱུ་མའི་ཆོ་འཕྲུལ་ཕྱིར། །ཡ་མཚན་མི་འདུག་ཕྱིས་ནས་བརླག་ཏ་རེ། །ར་རིས་འཁྲུལ་པའི་དྲི་མེད་སངས་རྒྱས་ཀྱི། །ལ་འུར་གོ་འཕང་ཐོབ་པའི་ཡོན་ཏན་ཚོགས། །ཤ་རྐྱང་སྤང་ལ་རྩེན་བཞིན་ཚུལ་ཁྲིམས་ཀྱིས། །ས་སྟེང་སྐྱེས་བུ་བཞིན་དུ་འཛིན་པར་བསྔགས། །ཧ་ལོ་ལྟ་བུའི་ཉོན་མོངས་རང་རྒྱུད་བསྟེན། །ཨ་ཏི་ཐེག་མཆོག་སྔགས་ལ་ཁ་གཡར་བ། ཨ་མཚར་བྱིས་པའི་རྩེ་མོ་ལྟ་བུ་ཡིན། །ཧ་ཧ་དེ་འདྲ་མ་མཛད་ཕ་བཟང་བུ། །དེ་སྐད་རང་རྒྱུད་ཉོན་མོངས་དབང་སོང་བའི། །སྡུག་བསྔལ་ཉམས་སུ་མྱོང་བའི་དམར་ཁྲིད་འདི། །ཕན་འདོད་སེམས་ཀྱིས་བྲིས་པས་ཡིད་ལ་ཞོག །ཨེ་བདེན་དགུང་ལོ་བགྲེས་བཞིན་མཁྱེན་ངེས་སོ། །ད་ནི་དུས་ངན་སྙིགས་མའི་མཐའ་ལ་ཐུག །ཚུལ་ཁྲིམས་ལྡན་པ་ལྐུག་པ་ལུག་ཏུ་རྩི། །ཅུང་ཟད་ཤེས་པ་དག་གིས་ཐེག་དམན་ཟེར། །བསྟན་པ་འཇིག་པའི་སྔ་ལྟས་འདི་བསམ་ལ། །སྤྲུལ་སྐུ་འཆི་མེད་བན་རྒན་སྡོམ་གཙང་མཛོད། །རྫུ་འཕྲུལ་སྤྱོད་པས་སྣང་སྲིད་དབང་བསྒྱུར་བའི། །ཆེ་རྟགས་སྣ་གཅིག་མེད་པར་བུད་མེད་ཙམ། །བསྟེན་པ་སྔགས་ལམ་ཡིན་ན་མི་ཕྱེད་ལྷག །སྔགས་པར་འདུག་པས་གྲོལ་སྙམ་གད་མོའི་གནས། །གསང་སྔགས་སྟོན་པ་ཨོ་རྒྱན་ཆེན་པོས་ཀྱང༌། །ལྟ་ཕྱོགས་སྤྱོད་པ་མ་ཤོར་གདམས་མཛད་ན། །དེང་སང་ལྟ་བ་དམའ་ལ་སྤྱོད་པ་མཐོ། །གནམས་གོ་ལྡོག་སོང་བའི་མཚང་འདི་གཟིགས། །དེ་ཚུལ་ཤེས་པས་དམ་པའི་སྐྱེས་བུ་ཁྱེད། དམ་པའི་སྐྱེས་བུའི་ཡོན་ཏན་གཞན་མེད་ཀྱང༌། །དམ་ཚིག་སྡོམ་པ་གཙང་འདི་ཉི་མ་བཞིན། །མཐའ་ཏུ་ཕྱིན་པར་ཕན་སྙམ་བྲིས་ཏེ་ཕུལ། མངྒ་ལས་སོ ༈ ཀ་དག་དབྱིངས་ཀྱི་སྦུབས་ནས་འོད་གསལ་ཡེ་གདང༌། །ཁ་དོག་རྣམ་བཀྲའི་ལྟད་མོས་ཟག་པ་རང་ཟད། །ག་བུར་འཛིན་བཞིན་ཞི་བསིལ་སྒོ་མཆོག་ཀྱིས་མཛད། །ང་ཡི་སྐྱབས་གཅིག་ཞེ་ཆེན་པ་དེ་མཁྱེན་ནོ། །ཅ་ཅོའི་འུར་གྱིས་ཆོས་བརྒྱད་སྟོང་སྒྲོབ་མེད་ཀྱང༌། །ཆ་ཤས་ནང་གི་ས་ལམ་རྫོགས་པའི་རིག་འཛིན། །ཇ་བཟང་བདུད་རྩིའི་མི་མཚོན་སྐྱེས་ཀྱིས་སིམ་པའི། །ཉ་གང་ཟླ་གཞོན་ལྟ་བུའི་བུ་ཁྱོད་ངོ་མཚར། །ཏ་ལའི་ནགས་ཚལ་རྒྱས་པ་རྒྱ་གར་གླིང་ནས། །ཐ་དད་གཟུགས་ཀྱིས་རྣམ་པ་ངོ་བོ་དབྱེར་མེད། །ད་ལྟ་ཕ་བུ་འཕྲད་པའི་དགའ་སྟོན་སྐྱེས་སོང༌། །ན་ཚོད་གཞོན་ཡང་ཡེ་ཤེས་རྩལ་རྫོགས་མཇལ་བྱུང༌། །པཱ་ར་མི་ཏ་མདོ་དང་གསང་སྔགས་ཀྱི་ཟབ་གནད། །ཕ་མཐའ་ཡས་པའི་གནད་དོན་གཅིག་ཏུ་བསྡུས་ནས། །བ་མཆོག་འཇོ་བཞིན་ཆོས་སྒོ་བགྲང་ཡས་སྟོན་པས། །མ་རྒན་འགྲོ་བ་སྒྲོལ་མཛད་བུ་ཁྱོད་ངོ་མཚར། །ཙཱ་རི་ཏྲ་སོགས་མ་ངེས་རྡོ་རྗེའི་གནས་སུ། །ཚ་གྲང་ཁུར་དུ་བཟོད་པའི་རྒྱལ་ཁམས་བྱ་བྲལ། །ཛ་ལེནྡྷ་ར་ལ་སོགས་གྲུབ་ཐོབ་བུ་བརྒྱུད། །ཝ་ལེར་ཆོས་སྐུའི་དགོངས་པས་ཉུལ་འདི་སྐྱིད་དོ། །ཞྭ་ལྟར་འཁྱོགས་པོ་འཁྱིལ་བ་སྙིགས་མའི་སྡུག་བསྔལ། །ཟ་འདོད་ཟས་ཀྱི་གདུང་བཞིན་ཐོག་ཏུ་བབ་ཀྱང༌། །འ་འུར་འཁྲུལ་པའི་རྫུན་ཕུག་ནང་ནས་རྡིབ་པས། །ཡ་མཚན་ཆོས་ཉིད་རྗེན་པའི་གྲོགས་སུ་འཆར་བྱུང༌། །ར་རི་བྲལ་བའི་ཡེ་ཤེས་མངོན་སུམ་མཐོང་བཞིན། །ལ་ལ་ཙམ་མིན་མཁའ་ཁྱབ་འགྲོ་སྒྲོལ་སེམས་ཅན། །ཤ་ཚ་སྙིང་རྗེའི་འབྲེལ་ཚད་དོན་ལྡན་ངང་ནས། །ས་ལམ་ནང་ནས་རྫོགས་པའི་རིག་འཛིན་སྐྱིད་དོ། །ཧ་ཧ་སྨྱོན་པའི་ཟོབ་གཏམ་གཏད་སོ་མེད་ཀྱང༌། །ཨ་ཏི་ཐེག་མཆོག་སྒོམ་པའི་བུ་བརྒྱུད་ངེད་ཅག །ཨ་དོན་ཟང་ཐལ་ཀློང་ནས་དགའ་སྐྱིད་འཛོམ་པས། །ཧ་ཧོ་ངོམས་པའི་ཚུལ་དུ་ཐལ་བྱུང་སྨྲས་སོ། །ཅེས་པའང་མངྒ་ལས་སོ།། ༈ །དཔལ་མགོན་བླ་མ་རྗེས་སུ་དྲན་པའི་ཐོལ་གླུ་བཅོས་མིན་དད་བརྒྱའི་གླིང་བུ་ཞེས་བྱ་བ་བཞུགས་སོ། ། ཨ་ཧོ། ཨོཾ་ཡིག་ལྔ་ལྡན་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་རྩེད། །སྐུ་གསུམ་རྒྱལ་བ་ཡོངས་ཀྱི་སྤྱི་མེས་སུ་གྲུབ་པ། །ཟག་མེད་ཡོན་ཏན་ཆོས་དབྱིངས་མཉམ་ཉིད་དུ་བཀོད་པའི། །རྒྱལ་ཀུན་སྤྱི་གཟུགས་དཔལ་མགོན་བླ་མ་དེ་མཁྱེན་ནོ། །ཨཱཿཡིག་སྲིད་ཞིའི་ཆོས་ཀུན་ཐིག་ལེ་གཅིག་ཟླུམ་སྟེ། །རང་བྱུང་འོད་གསལ་ཟག་མེད་བདེ་བ་ཆེའི་ཀློང་དུ། །མ་ལུས་ཡོན་ཏན་ལྷུན་རྫོགས་དང་པོ་ཡི་སངས་རྒྱས། །ཆོས་སྐུའི་བླ་མ་ནམ་མཁའི་རྡོ་རྗེ་དེ་མཁྱེན་ནོ། །གུ་རུ་མཆོག་ཏུ་མི་འགྱུར་བདེ་སྟོང་གི་གསང་གསུམ། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཡི་ཚུལ་གྱིས། །མཐའ་ཡས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུ་ཡི་བྱེད་པོ། །ལོངས་སྐུའི་བླ་མ་རྡོ་རྗེ་དབང་ཕྱུག་རྩལ་མཁྱེན་ནོ། །ཤྲཱི་དོན་གཉིས་ལྷུན་གྲུབ་ཐབས་མཁས་ཀྱི་ཕྲིན་ལས། །ཀུན་ཁྱབ་ཐུགས་རྗེའི་སྤྲིན་གྱི་ཤིང་རྟ་ལ་འཛེགས་ནས། །སྲིད་ཞིའི་རྒུད་སེལ་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སྣང༌། །སྤྲུལ་སྐུའི་བླ་མ་ཆོས་ཀྱི་བློ་གྲོས་མཆོག་མཁྱེན་ནོ། །པདྨའི་རིགས་མཆོག་འགྲོ་འདུལ་འཕགས་པ་ཆེའི་གདུལ་ཞིང༌། །གངས་ཅན་བསྟན་པའི་ཤིང་རྟ་ཁྲི་སྲོང་རྗེ་ཁུ་དབོན། །རིས་མེད་བསྟན་འགྲོའི་མུན་སེལ་མཁས་གྲུབ་ཀྱི་ཚུལ་འཛིན། །ཐུབ་བསྟན་ཡོངས་རྫོགས་བདག་པོ་ཆོས་ཀྱི་རྗེ་མཁྱེན་ནོ། །ཧེ་རུ་ཀ་དཔལ་སྣང་སྲིད་ཟིལ་གནོན་གྱི་ཆེ་མཆོག །གནས་གསུམ་མཁའ་འགྲོའི་ཚོགས་རྗེ་སྤྱི་དཔལ་ཆེའི་རྗེ་བཙན། མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་གྱི་རོལ་མོས། །རིགས་འཛིན་སར་སྦྱོར་རྒྱུད་ཀུན་བདག་པོ་ཆེ་མཁྱེན་ནོ། །སརྦ་སིདྡྷིའི་གནས་སྐབས་ལས་བཞི་ཡི་ཕྲིན་ལས། །མཐར་ཐུགས་སྐུ་ལྔ་ལྷུན་གྲུབ་བདེ་བ་ཆེའི་གྲོང་དུ། །མགོན་ཁྱོད་དྲན་པ་ཙམ་གྱིས་ངལ་མེད་དུ་འདྲེན་པའི། །སངས་རྒྱས་ཀུན་ལས་བཀའ་དྲིན་རྨད་བྱུང་དེ་མཁྱེན་ནོ། །ཕ་ལ་སྐལ་པ་རྨད་བྱུང་ཁྱོད་ཀྱི་གསུང་བསྙེན་ནས། །བཀའ་གཏེར་གདམས་པའི་བདུད་རྩིའི་དགའ་སྟོན་ལ་སྤྱོད་པས། །རྣམ་གྲོལ་ཕྱིར་མི་ལྡོག་པའི་ངལ་སྟེགས་ལ་སྦྱོར་བའི། །བཀའ་དྲིན་རྗེས་སུ་དྲན་ནས་བླ་མ་རྗེ་མཁྱེན་ནོ། །ཧཱུྃ་ཡིག་ཡེ་ཤེས་སྲོག་གི་སྙིང་པོ་ནས་བསྐུལ་བས། གསང་གསུམ་རྡོ་རྗེའི་དབྱིངས་སུ་གཉིས་མེད་ཀྱི་དབང་ཆེན། །བདག་ལ་ད་ལྟ་བསྩལ་ཏེ་ཕ་ཁྱོད་དང་མཉམ་པའི། །བྱིན་རླབས་ཆར་ཆེན་ཕོབ་མཛོད་རྗེ་ཁྱེད་གཅིག་མཁྱེན་ནོ། །མཁྱེན་ནོ་འཇམ་པའི་དབྱངས་དངོས་དྲིན་ཆེན་གྱི་བླ་མ། །ཁྱོན་ནི་ཕྱོགས་དུས་རྒྱལ་བའི་རྣམ་ཐར་དང་གཉིས་མེད། །རབ་འབྱམས་དག་པའི་ཞིང་ན་བཏང་སྙོམས་སུ་མ་བཞུགས། །འཁྲུལ་པས་གདུང་ཞིང་མནར་བའི་གདུལ་བྱ་ལ་གཟིགས་མཛོད། །རབ་འབྱམས་འདྲེན་པ་ཀུན་ལས་ཐུགས་བསྐྱེད་ཀྱི་གོ་ཆ། །ཁྱད་འཕགས་འཇམ་དཔལ་དབྱངས་ཞེས་རྒྱལ་ཀུན་གྱིས་བསྔགས་པའི། །བདེན་དོན་མངོན་སུམ་གྱུར་པས་གདུལ་དཀའ་ཡི་སྐྱེ་བོ། །སྲིད་ཞིའི་གཡང་ལས་སྒྲོལ་ཅིག་རེ་ལྟོས་ཀྱི་ཡུལ་གཅིག །འཁྲུལ་ཞིང་འཁོར་བར་འཁྱམ་བྱེད་གཉིས་སྣང་གི་མདུད་པ། །ཡེ་ཤེས་རལ་གྲི་རྣོན་པོས་ཡུད་ཙམ་གྱི་བཅད་དེ། །མཁྱེན་གཉིས་སྣང་བ་ཆེན་པོས་མ་རིག་གི་མུན་པ། །མྱུར་དུ་སེལ་བར་མཛོད་ཅིག་དཔལ་མགོན་གྱི་བླ་མ། །རང་རིག་ཡེ་ཤེས་རྡོ་རྗེ་ངེས་དོན་གྱི་བླ་མ། །གདོད་ནས་འདུ་འབྲལ་མེད་ཀྱང་མངོན་སུམ་དུ་མ་མཐོང༌། །ཕྱིར་བལྟས་སྒྱུ་མའི་རྩེད་མོས་ཅོལ་ཆུང་ང་འདྲིད་པས། །རང་ཞལ་མངོན་སུམ་མཇལ་བའི་སྐལ་བཟང་ལ་སྦྱོར་ཅིག །རྣམ་འདྲེན་ཕྱི་ཡི་བླ་མས་ཆོས་སྒོ་རུ་བཙུད་ཀྱང༌། །ངེས་དོན་ནང་གི་བླ་མ་སྙིང་དབུས་ནས་སྟོར་ཏེ། །རིག་རྩལ་བདག་ཏུ་འཛིན་པས་སྲིད་ཞིའི་གཡང་འཕྱན་ནས། །ཆོས་དང་རང་རྒྱུད་འཛོལ་བའི་དྲེད་པོ་ང་ཐུལ་མཛོད། །རྒྱལ་ཀུན་ཐུགས་ཀྱི་དབུས་སུ་ཡེ་ཤེས་ཀྱི་སེམས་དཔའ། །འགྲོ་ཀུན་སྙིང་ལ་ཁྱབ་བརྡལ་ཡེ་ཤེས་ཀྱི་གསང་མཛོད། །ཤེས་དང་ཤེས་བྱ་གཉིས་མེད་ངེས་དོན་གྱི་བླ་མ། །རྡོ་རྗེ་ནམ་མཁའ་ལྟ་བུའི་དགོངས་པའི་རྩལ་སྤོར་ཅིག །དེ་སྐད་དཔལ་མགོན་བླ་མ་དྲན་པ་ཡི་གདུང་གླུ། །བཅོས་མིན་རིག་པའི་གསང་ནས་ཐོལ་བྱུང་དུ་ཤར་བ། །ཟིལ་གནོན་སྣྲོན་ཟླའི་ཚེས་ ༦ ལ་ཡུད་ཙམ་གྱི་ངང་ནས། །རྒྱལ་ཁམས་བུང་བ་བཀྲ་ཤིས་དཔལ་འབྱོར་དེས་སྨྲས་སོ།། །།
[edit]

khyab bdag bla ma rjes su dran pa'i gdung dbyangs byin rlabs bdud rtsi'i char 'bebs bzhugs/_a ho/_phyogs dus rgyal ba'i sku dang ye shes kyi khyab bdag_/ngo mtshar rnam thar bsam mi khyab pa yi 'byung gnas/_/yab gcig 'jam dpal dpal mgon bla ma'i skur bzhengs pa/_/mkhas grub zla med mkhyen brtse'i dbang po de mkhyen no/_/rje de'i ye shes pad 'byung bi ma la dngos snang*/_/yongs rdzogs rgyal bstan dbang bsgyur 'jam dpal gyi bshes gnyen/_/snyigs ma'i mun sel phrin las 'dzam gling kun khyab brdal/_/'jam dpal dbyangs dngos chos kyi blo gros de mkhyen no/_/DA ki'i gtso mo mtsho rgyal shel dkar bza' dbyer med/_/rdo rje'i tshe mchog spel ba'i phyag rgya ru bzhengs pas/_/pad+ma ye shes rdo rje'i dgyes sde'i tshul mdzad pa/_/ma gcig tshe ring chos kyi sgron ma de mkhyen no/_/rang byung sangs rgyas pad+ma bi dza yas rjes bzung*/_/zab rgyas bka' gter rgyud lung man ngag gi mdzod 'chang*/_/skye kun 'jam mgon dgyes pa'i bka' 'bangs su smon pa/_/'gyur med theg mchog bstan pa'i rgyal mtshan de mkhyen no/_/mkhyen no bla ma mkhyen no bdag rgyud la gzigs shig_/dus ngan snyigs ma'i sems can las ngan la goms pas/_/thar pa'i go skabs bral ba'i dmus long bzhin gyur pas/_/re sa gzhan la med pa'i gdung shugs kyis 'bod do/_/thog med goms pa'i 'khrul snang lcags gong las sra ba/_/yang 'khrul snyigs ma'i spyod pa'i g.ya' bregs kyis btums pa/_/chags thogs bral ba'i byin gyis sman chen du bsgyur nas/_/blo sna chos la bsgyur ba'i kha lo pa mdzod cig_/ltar snang ngan spyod sa gzhi'i rdul phran las mang kyang*/_/chos bzhin spyod pa'i bsam sbyor gser bzang las dkon pas/_/'khrul snang rtog pa'i drwa ba btsan thabs su chod la/_/chos bzang theg mchog lam la spyod nus zhig mdzod cig_/bsags sbyang byas tshad tshe 'di'i legs pa'i rgyur dmigs shing*/_/lta log lta ngan rjes slob chos brgyad kyi 'ching thag_/bcad nas rgyal ba dgyes pa'i lam mchog la sbyor bas/_/byang chub spyod pa rgya mtsho spyod nus su mdzod cig_/snang spyod ye shes chen po'i 'khor lo ru shar nas/_/rang rig ye shes bla ma'i byin rlabs kyi nyi mas/_/'khrul pa gzhi la dag pa'i btsan sa zhig zin nas/_/sku gsum bla ma mjal ba'i skal bzang la sbyor mdzod/_/ces pa'ang bstan pa'i sbyin bdag chen po la dkar sras sprul sku bsod nams rgyal mtshan bzhed skong du bla ma'i rnal 'byor dang mthun pa'i bla ma rgyang 'bod bris zhes ched bskul bzhin rgan po mgo dkar mang+ga las pha ran si byang shar me tog gi skyed tshal du nyal mal nas bris pa don ldan du gyur cig__!__dus snyigs ma lnga bdo'i skabs su yang*/_/lam snang bzhi mtha' ru phyin pa yi/_/'khor 'das gzhir zad kyi rdzogs chen pa/_/rje pad+ma bi dza snying nas dran/_/sku mjal bas tha mal 'khrul snang 'gags/_/gsung thos pas 'brel tshad thar lam sbyor/_/thugs dgongs pa gtad pas ye shes 'pho/_/rje khyed mtshungs bla ma su zhig yod/_/bdag dus ngan snyigs mar skyes na yang*/_/pha khyed kyi thugs rje'i bzung bas 'tshengs/_/dus gnas skabs gang la bsam na yang*/_/gter rin chen rnyed pa'i dbul phongs bzhin/_/khyed rigs kyi bdag por thob 'di spro/_/dpe dngul chu sa la lhung ba bzhin/_/nang yon tan rdzogs pa'i gong bu de/_/rje khyed mtshungs gcig kyang mjal rgyu med/_/mgon pad 'byung grags kyang de ga rang*/_/sku na phra gzhon bu'i skabs nas kyang*/_/dbyings dgongs pa'i rtsal chen rdzogs pa la/_/rje 'jam mgon gsum gyis dgyes pas bsngags/_/chos zad sar 'khyol ba'i rnal 'byor pa/_/rje bi ma mi tra logs su med/_/tshe gcig la mchog gi dngos grub ster/_/sgra ji bzhin mngon du mdzad pa yi/_/rtags gdung dang ring bsrel char du bab/_/lha yang dag grub brnyes nam snying dngos/_/dpal rdo rje gzhon nu'i bsnyen sgrub kyis/_/lam thal 'byin rnam bzhi grub pa'i rtags/_/rdo sra mkhregs steng du 'dam ltar brdzis/_/rje lang lab byang chub rdo rje dngos/_/phyi mkhas pa'i stong 'ur ma mchis kyang*/_/don 'chad rtsod rtsom pa'i legs bshad tshogs/_/mgon mi pham chos rjes yang yang bsngags/_/dpal kun mkhyen chos kyi rgyal po dngos/_/dgra 'jig rten chos brgyad rlung la bskur/_/thugs byang chub sems kyi go cha mkhregs/_/byams snying rje'i mnga' bdag rgyal ba'i sras/_/rje bka' gdams yongs kyi dge ba'i bshes/_/dbang bzhi yi chu bos gdul bya smin/_/lam snang rgyud mthar phyin rgyud sde'i mdzod/_/dpal sa skya'i bla ma chen po lags/_/ri dben pa'i nags la gcig tu dgyes/_/thugs zhen log mthar phyin sgrub la gzhol/_/nyams rtogs pa'i nor bus thugs rgyud phyug_/rje dwags po lha rje dngos byon lags/_/lam gtum mos rtsa rlung dbu mar dag_/snang srid kun sgyu ma'i cho 'phrul gzigs/_/skye 'chi dang bar do sku gsum shar/_/nges don gyi 'khrul zhig rnal 'byor dbang*/_/na tsha dang rkyen ngan gang byung yang*/_/bar chad kun dngos grub grogs su bzhes/_/'gal rkyen gyis mi brdzis lam du khyer/_/zhi byed kyi lam la dam pa dngos/_/phyi nang dang gzhan gsum gcig tu 'dres/_/'pho med kyis bde bas thugs rgyud gang*/_/lhan skyes kyi dgongs pa mkha' ltar dag_/mgon dang po'i sangs rgyas khyed gcig lags/_/sgo gsum gyi 'khrul gzhi rtsad nas chod/_/lam rdo rje gsum gyi bsnyen sgrub kyis/_/'bras zag med gnyug ma'i gsang gsum grub/_/'bras mthar phyin mkhas grub rin chen dpal/_/lo bcu phrag lon nas sngon smon gyis/_/mgon sangs rgyas khyed kyi zhabs pad bsten/_/chos mdo sgyu sems kyi pha phog rtsal/_/nyams dga' 'o skyid do drin can rje/_/bod gangs can ris med bstan pa'i srog_/dpal sgrub brgyud shi rta che brgyad kyi/_/zab rgya che'i smin grol rgyab brten bcas/_/mgon 'jam dbyangs bla ma'i drin gyis thob/_/pha bka' drin can gyi bla ma la/_/bstod 'dod kyi rab brtags ma yin te/_/blo gzur gnas chos rjes 'brang ba yis/_/don tshad ma'i skyes bu kun gyis bsngags/_/dus deng sang bla ma mjal ba'i tshe/_/rje khyed kyi yon tan lhag par dran/_/gser bzhu btul byas pa'i rin thang bzhin/_/sems gting nas mos gus che ru song*/_/nga las nyon 'dam rdzab ches rnyogs kyang*/_/rje khyed kyi byin rlabs nyi 'od kyis/_/dus kun tu skyob pa'i blo gdeng gis/_/mthar spang rtogs pad+mo rgyas par rloms/_/'bras zag med yon tan rgya mtsho yang*/_/mgon bla ma'i drin las 'byung zhes su/_/mdo rgyud sde man ngag kun las bsngags/_/nga de phyir blo yi gdeng zhig rnyed/_/rje khyed kyis bstsal ba'i zab rgyas chos/_/tshig bcad pa re re mjal na yang*/_/drin nam mkha' sa gzhis mi mtshon pa'i/_/tshul bsam bzhin yid kyi gtad so mchis/_/de ma bzod kha nas glu 'di shor/_/yid nges shes 'drong ba'i gdung yus phyir/_/byin btsan thabs 'pho ba'i dgongs brgyud kyis/_/mthar tshom bu gcig tu grol bar shog_/gnas gang du skyes kyang khyed zhal mjal/_/rab sgrub pa'i mchod pas mnyes byas te/_/las bstan 'gro'i don kun 'grub pa yi/_/dge mtshan gyis 'jig rten gsum mdzes shog_/dge'o/__!__rje btsun 'jam pa'i rdo rje kun bzang gdod ma'i mgon po 'jam dbyangs chos kyi blo gros la gsol ba 'debs pa'i thol glu mos gus sprin gyi rol mo zhes bya ba bzhugs/__na mo gu ra we/_chos dbyings brdal ba chen po blo 'das kyi zhing na/_/'gags med thugs rje'i rtsal snang ye shes kyi bla ma/_/dpag med mkhyen brtse nus gter rgyal kun dang dbyer med/_/'jam dbyangs bla ma chos kyi blo gros de mkhyen no/_/'od gsal snying po srid zhi ma lus pa'i khyab bdag_/zag med sku dang ye shes mi zad pa'i 'byung gnas/_/phyogs dus rgyal ba kun gyi thugs dbus su sim pa'i/_/ye shes sems dpa' rgyal kun mes po de mkhyen no/_/rang snang sku dang zhing khams rgya mtsho yi 'byung gnas/_/lhun grub bde chen 'byor pa 'phel 'grib dang bral bas/_/rab 'byams sgyu 'phrul drwa ba'i dkyil 'khor gyi khyab bdag_/rigs kun 'khor los bsgyur ba'i byang chub de mkhyen no/_/khyad par rmad byung thugs bskyed dpag bsam gyi ljon bzang*/_/ngo mtshar rnam thar me tog 'bras bzang gis spud pas/_/thub bstan yongs rdzogs kun dga'i skyed tshal gyi mdzes byed/_/snyigs dus 'gro ba'i 'dren pa gcig pu de mkhyen no/_/rnam dag sdom gsum gser gyi sa 'dzin gyi ngogs su/_/shes bya'i dngos kun gzigs pa'i rnam dpyod kyi chu gter/_/ngo mtshar yon tan rin chen sa 'dzin gyis brjid pas/_/ma lus phan bde'i rtsa lag chen po de mkhyen no/_/gzhan phan thugs bskyed sprin gyi 'dzum 'phreng las 'phos pa'i/_/tshogs gnyis bdud rtsi'i gru char mi zad pa'i dga' ston/_/'gro la kun dga'i gsos sman rtag pa ru stsol mdzad/_/bka' gdams dge ba'i bshes gnyen chen po de mkhyen no/_/lam gyi 'jug sgo dbang bzhi'i rten 'brel gyi nus pas/_/dag pa'i rdo rje gsum gyi 'khor lo ru smin nas/_/sku bzhi'i rgyal thabs skyong ba'i mdzangs 'phrul gyi blo ldan/_/lam 'bras mthar son rdo rje 'dzin rgyal de mkhyen no/_/chos brgyad 'khrul pas mi g.yo nges 'byung gi ri dbang*/_/mos gus na bun g.yo ba'i mgul chings kyis brgyan pas/_/snang srid chos skur 'char ba'i don brgyud kyi chu klung*/_/spro mdzad bka' brgyud rnal 'byor dbang phyug de mkhyen no/_/rdo rje gtum mo'i reg pas zag pa'i chos kun zad/_/kun rdzob sgyu mar 'char bas skye 'chi yi 'phrang brgal/_/'od gsal nyi zla'i snang bas khor yug tu mdzes pa'i/_/dpal ldan shangs pa'i grub thob rgyal po de mkhyen no/_/stong chen shes rab phar phyin rtogs pa yi mtshon chas/_/sdug bsngal bdud bzhi'i 'khri shing rming med du bcom pas/_/mchog tu zhi bsil bdud rtsi sim byed kyi bcud stsol/_/rten 'brel dbang thob zhi gcod 'khrul zhig rgyal mkhyen no/_/phyi yi 'jig rten nang gi rdo rje'i lus rdzogs pas/_/sbyor ba yan lag drug gi shing rta la brten nas/_/gzhan du 'pho med bde stong ye shes dbyings sim pa'i/_/dang po'i sangs rgyas dus kyi 'khor lo de mkhyen no/_/mkha' khyab snang stong rdul bral rdo rje'i sku'i dbyings su/_/gzhom med rdo rje nA da'i gsung dbyangs kyi dpyid grub/_/mi 'gyur bde chen rdo rje'i thugs dbyings dang gnyis med/_/bsnyen sgrub rdo rje'i rnal 'byor mthar son mgon mkhyen no/_/'khrul chos kun dag snang grags rig pa yi dkyil 'khor/_/mnyam nyid sgyu 'phrul drwa ba'i gsang ba gsum rdzogs pas/_/ye shes snying po'i shing rtas rig 'dzin bzhi'i mthar son/_/mchog thun dngos grub rgya mtsho'i mdzod brnyes khyed mkhyen no/_/thabs kyi byed pas nyi zla'i rgyu ba kun bcings nas/_/thig rlung sems kyi 'khrul rtog yud tsam gyis dag ste/_/'pho med dga' bzhis rtsad 'joms sa lam kun rdzogs nas/_/gsang mchog dgyes pa'i gar gyis rtsen mdzad de mkhyen no/_/blo 'das ye shes nam mkha'i khor yug gi klong du/_/'od gsal snang ba chen po'i 'phel 'grib dang bral bas/_/gzung 'dzin rdzun ris ka dag nam mkha' yi rnal 'byor/_/kun bzang gdod ma'i mgon po bla ma rje mkhyen no/_/rtag tu 'pho 'gyur med pa'i sku gsum gyi rgyal thabs/_/gzod nas mnga' dbang bsgyur kyang snyigs dus kyi bstan 'gro/_/skyong phyir bstan pa yongs rdzogs shing rta ru byon pa'i/_/dran pas snying gi gdung sel skyabs gcig pu mkhyen no/_/brtse chen thugs rje'i rgya mtsho chen po las 'ong ba'i/_/zab rgyas chos kyi bdud rtsis dus kun tu bskyangs kyang*/_/gshis ngan sems kyi zhing sa tha rgod du song ba'i/_/gdul dka' snyigs ma'i yid can bdag 'dra la gzigs mdzod/_/mgon khyod yon tan mi shes 'khrul rtog gis bslad cing*/_/bka' drin rjes su mi dran yid chad kyi yus 'dren/_/rang byas rang gi gnya' bar sgrib pa'i khur bskyed pa'i/_/sangs rgyas kun gyis ma thul skal ngan bdag dgongs mdzod/_/dmigs med thugs rje'i phyag gis co to nas bzung ste/_/las ngan g.yang sar 'phyan pa yud tsam gyis bsgral nas/_/lam mchog ngal stegs dbugs 'byin ded dpon khyed bsam tshe/_/gdung bas gsol ba 'debs pa'i nges shes shig skyes byung*/_/mgon khyed dag pa'i zhing khams rab 'byams kyi gling du/_/rig 'dzin 'od kyi lam nas DA ki yi bsun mas/_/rgyal sras mdzad pa rgya mtsho'i sgyu 'phrul la dgyes pa'i/_/ngo mtshar blo las 'das pa'i dpal yon la spyod kyang*/_/bdag cag zhal bzang zla ba'i dkyil 'khor ni mi mthong*/_/zab rgyas chos kyi bdud rtsi'i dga' ston dang bral te/_/dwa phrug thang du 'khyams pa'i ngang tshul 'di dgongs nas/_/myur mgyogs byin rlabs pho nya mngon sum du stsol mdzod/_/blang dor lam mchog ston pa'i mig bu dang bral zhing*/_/mi shes sgrib pa'i khur pos gnya' ba na non pas/_/lam mchog them skas 'dzegs pa'i skal ba ni phra ba/_/yab gcig bka' drin can gyi thugs rje yis ma gtong*/_/nges 'byung rlan gyis khyab pa'i sems rgyud kyi zhing sa/_/dri med tshul khrims gtsang ma'i myu gu yis mdzes par/_/gzhan phan 'bras bu'i snye ma'i mgo lcog kyang dud de/_/gsang chen mtshan rtog sdom pa'i 'bras bzang gi dpal stsol/_/mtha' klas shes bya'i gzugs 'dzin blo gros kyi me long*/_/mdzes sdug chos kyi snying po'i lang tsho'i rgyan smin pas/_/nyams rtogs nor bu'i rgyan mdzes zlos gar dang chabs cig_/thub bstan kun dga'i do rar brtson nus su mdzod cig_/bka' gdams chos kyis theg mchog lam bzang gi rming brtan/_/lam 'bras snyan brgyud gdams pas rin chen gyi mkhar brtsegs/_/bka' bzhi don brgyud gser gyi mda' yab kyi rtse mor/_/mthar thug lnga ldan nor bu bsam 'phel gyi tog mdzes/_/zhi gcod chos kyi snang bas srid zhi yi mun sel/_/rigs kun khyab bdag dang po'i sangs rgyas kyi rgyal thabs/_/rdo rje gsum gyi bsnyen sgrub mthar son pa'i ngang nas/_/'khrul snang mun pa ka dag ye grol gyi dgongs klong*/_/lhun grub snang bzhi'i ltad mor gzhir rdzogs kyi thig ler/_/sku gsum yon tan rdzogs pa'i dga' ston la spyod de/_/don gnyis 'bad med lhun gyis grub pa rang mdzod cig_/ris med chos kyi kha 'bab klung bzhi yis bskor zhing*/_/dri med ma dros rgya mtsho'i thos bsam dang sgom pas/_/'khrul med gser sbyangs mtha' yas bstan 'gro yi don chen/_/'bad med sgrub la dka' tshegs med pa ru mdzod cig_/g.yengs dang 'du 'dzi spangs ba'i dben ri yi spo na/_/chags sdang mdud pa zhig pa'i ting 'dzin gyi bcud len/_/nyams rtogs lang tsho dar ba'i gsos sman du gyur nas/_/tshe gcig zung 'jug go 'phang mngon gyur du mdzod cig_/gzigs shig bka' drin mtshungs med drin chen gyi bla ma/_/dgongs shig ye shes klong nas 'bral med du skyong bar/_/mdzod cig skal bzang bu kun rjes su rang bzung ste/_/stsol cig dgongs brgyud ye shes 'pho ba yi dbang bskur/_/kun bzang brda yi bla mas zab lam gyi sgo 'byed/_/don dam 'bras bu'i bla ma rang rig tu mthong nas/_/gnyis med ye shes bla ma'i thugs dgongs dang ro gcig_/mthar phyin khyab bdag bla mar byang chub par mdzod cig_/mdor na sras bcas rgyal ba'i yab gcig gi mgon po/_/byang chub bar du 'bral ba med pa yi ngang nas/_/sku gsung thugs kyi gsang ba gnyis med du grol ba'i/_/byin rlabs dge mtshan mngon sum da lta ru stsol cig_/ces pa'ang shar mdo khams rdzong sar bkra shis lha rtse'i gdan sa chen po'i mnga' ris chos rje'i mchog sprul rin po che dang*/_rje bla ma'i zhal slob mdo khams grwa dge legs bcas pas lha rdzas kyi rten bcas gsung bskul gnang ba bzhin 'jam mgon chos kyi rgyal po'i slob 'bangs rgya mtsho'i gral mthar skyes pa'i btsun gzugs mkhyen brtse'i 'od zer bkra shis dpal 'byor gyis sgang tog chos kyi pho brang gi gtsug lag khang du sku gdung yid bzhin nor bu'i spyan sngar dad mos gdung bas gsol ba btab pa don dang ldan par gyur cig__!__kye ho/_/pha gcig drin chen bla ma chos kyi ni blo gros/_/rab 'byams dag pa'i zhing na ji lta ru bzhugs ang*/_/yab gcig smra ba'i nyi ma dran pa yi gdung dbyangs/_/smre ngag lhang lhang 'don pa yud tsam zhig gsan mdzod/_/khyed ni sras bcas rgyal ba ma lus pa'i spyan sngar/_/rdzu 'phrul dgyes rgu'i rol bas ci dga' ru rtsen nas/_/gzungs dang mngon shes ting 'dzin 'phags chen gyi rnam thar/_/blo las 'das par skad cig re re bzhin dbang thob/_/bdag cag 'jam mgon khyed kyi zhal bzang ni mi mjal/_/zab rgyas chos kyi bdud rtsi bstsal mkhan ni mi 'dug_/blang dor thar lam ston pa'i ded dpon dang bral bas/_/'od dod khyed la mi 'bod su zhig la re 'cha'/_/snyigs ma'i dus kyi bstan pa rlung gseb kyi mar me/_/bstan 'dzin skyes bu phal cher khri mun gyis bcings nas/_/lung rtogs nam lang skar ma lta bu ru byung ba/_/bod yul chos kyi nyi ma khyed gcig gis bor ram/_/bde chen bde ba'i dpal 'byor ci dga' ru spyod pa'i/_/khyed kyi ngang tshul dran nas tshugs thabs ni mi 'dug_/pha bu ya bral byung ba'i sdug bsngal ni sus bzod/_/mchog gi sprul pa'i zla ba myur ba ru phebs shog_/ma gcig mkha' 'gror 'bum phrag yangs pa yi dbus na/_/he ru ka dpal pad+ma ye shes kyi rdo rje/_/'chi med rtag pa dam pa'i rgyal thabs la mi bzhugs/_/gzugs sku dbyings su bsdus ba'i ngang tshul 'di ci zhig_/'dzum pa'i zhal bzang ldan pa'i sku mchog ni mi 'dug_/zab rgyas gdams pa'i gter gyi gsung mchog kyang ma thob/_/ye shes dgongs pas dbang bskur byin rlabs zhig med na/_/dwa phrug thang du 'khyams pa'i gdung ba 'di sus sel/_/'di nas byang chub bar du 'du 'bral kyang med pa'i/_/dam tshig rdo rje'i thag pas lhan cig tu sbrel ba/_/yid kyi gtad so zhus nas nyin mtshan kun 'bod pas/_/dgongs brgyud rig pa rtsal gyi dbang bskur zhig stsol mdzod/_/lho nub rnga yab pad+ma 'od gling gi dbus su/_/rgyal dbang pad 'byung rje dang dbyer med kyi bla ma/_/bod yul sdug bsngal chu yis khyer ba 'di gzigs nas/_/phan bde'i dbugs dbyung stsol cig nyams thag gi skyabs gnas/_/dngos nyams rmi lam dag pa'i snang cha yi bkod pa/_/yang yang rjes su 'dzin pa'i dga' ston la dbugs 'byin/_/pha yis bu la rtag par bstsal ba yi ngang nas/_/'bral med byin gyis rlobs shig 'jam mgon gyi bla ma/_/spyan dang mngon shes dbang bcu'i dpal 'byor dang ldan khyod/_/gdul dka'i sems can mi dgongs ltos med du bor nas/_/dag pa'i zhing khams sbyangs ba 'ba' zhig la dgyes na/_/thugs bskyed dam bca' btsan po 'dor ba la phyogs sam/_/de phyir ye shes sgyu ma'i dgyes zhal gyi nyin byed/_/mos gus skya rengs gsar pas mngon sum la drangs nas/_/'dod rgu'i byin rlabs snang ba'i dga' spro yi me tog_/yid kyi kun dga'i tshal na bzhad pa ru mdzod cig_/de skad gang shar mgrin pa'i glu dbyangs kyi gling bu/_/rgyal khams nyul ba'i bung ba mang+ga la'i ming gis/_/sbas yul 'bras ljongs bkra shis lding grags pa'i gnas nas/_/mgo zla'i dmar phyogs tshes la yud tsam gyis bris so/__!__khyab bdag bla ma'i bka' drin rjes su dran pa'i rgyang 'bod mos gus sprin gyi pho nya bzhugs/__a ho/_rdo rje nyi ma snying gi gsang mdzod du 'char bas/_/thog med 'khrul rtog mun pa skad cig gis brtol ba'i/_/pho nya mtshungs med sangs rgyas thams cad kyis bsngags pa/_/khyab bdag dpal ldan bla ma snying dbus nas dran byung*/_/rgyal dang de sras mkhas grub rgyu skar gyi phreng bas/_/'dul ba'i spyod yul ma gyur dus ngan gyi sems can/_/zla med snying rje'i phyag gis co to nas bzung ba'i/_/bka' drin mtshungs med rnam 'dren snying dbus nas dran byung*/_/sangs rgyas zhal bzang mjal ba'i skal pa yis phongs kyang*/_/chos sku'i ye shes rjen pa mngon sum du bstan te/_/nges legs thar pa'i yon tan rtsol med du skyed mdzad/_/thar pa'i ded dpon mtshungs med snying dbus nas dran byung*/_/bgrang du ma mchis bskal par ngal ba brgyas btsal ba'i/_/ston pa mchog de'i pha phog phyag sor gyi rtse nas/_/ci 'dod lhug par rang gi bgo skal du stsol ba'i/_/chos kyi gter mdzod chen po snying dbus nas dran byung*/_/tshig skam kha la 'khyer ba'i rtog ge yi tshwa chu/_/blun sgom mun nag mda' 'phen bdag 'dzin gyi kha snon/_/ma 'dres brgyud gsum bla ma'i zhal chab kyi bdud rtsi/_/ma god ma nyams stsol mdzad snying dbus nas dran byung*/_/ngo mtshar gdams pa'i tshig rkang re re la bsam na/_/zab rgyas bka' gter bdud rtsi'i nying khu yi thigs pa/_/sngon byon gong mas lus srog yal dor gyis bsags pa/_/phangs med ci dgar ston mdzad snying dbus nas dran byung*/_/tshe rabs gtan du phan pa'i mdzad bzang gi gser rtsis/_/bdag rgyud lcags khams rin chen rin thang can bsgyur mdzad/_/sngon med yab gcig bdag gi skal pa ru thob pa'i/_/ngang tshul bsam gyin brjed med snying dbus nas dran byung*/_/tshig tsam snyan pa ma yin don brgyud kyi drod ldan/_/kha bshad 'ur gog ma yin tshad ma gsum ldan pa/_/ltar snang ma yin rgyal bstan snying po yi zab tig_/rdzogs par thob pa'i che ba snying dbus nas dran byung*/_/nges don chos sku'i bla ma 'bral med du bzhugs kyang*/_/phyir bltas byis pas mi shes rgyang ring du 'tshol ba/_/yab gcig brtse ba chen pos rang nor rang sprad pas/_/'phyugs med khyod zhal mi brjed snying dbus nas dran byung*/_/brtan g.yo srid zhi kun khyab ye shes kyi bla ma/_/snang ba chos su shar ba'i brda thabs de bstan pas/_/thams cad chos nyid don gyi bla ma ru thag chod/_/yongs grub chen po'i mos pas snying dbus nas dran byung*/_/mi 'dod rkyen ngan bla ma'i drag shul gyi mdzad spyod/_/las ngan glo bur sgrib sprin sel byed kyi pho nya/_/nges 'byung byams dang snying rje'i bskul 'debs su bzhengs pas/_/byang chub lam gyi grogs mdzad snying dbus nas dran byung*/_/yid bde phun tshogs dpal sbyin bde dga' yi rol rtsed/_/rmi lam sgyu ma'i brda ston bla ma rje'i phrin las/_/rtsis gdab med pa'i gu yangs blo bde yi ngang nas/_/snang stong gnyis med bla ma snying dbus nas dran byung*/_/sna tshogs rkyen gyi shun pa zhen med du grol bas/_/nges don chos sku rdo rje nam mkha' yi dkyil 'khor/_/rdul bral ye shes sku can yengs 'khrul dang bral ba/_/mnyam rjes dbyer med bla ma snying dbus nas dran byung*/_/thog ma'i dus nas 'du 'bral med pa'i tshul bzhugs kyang*/_/rang ngo ma shes mya ngam thang chen du 'khyams te/_/skye 'chi bar do'i bkres skom zug ngu yis mnar kyang*/_/deng 'dir khyed zhal mjal bas snying dbus nas dran byung*/_/rang ngo shes na skye ba sprul sku yi bla ma/_/'chi ba 'od gsal don dam chos kyi sku'i bla ma/_/bar do longs sku'i bla ma'i rnam rol du shes pas/_/'khrul pa gzhi grol bla ma snying dbus nas dran byung*/_/kun rdzob brda yi bla ma'i man ngag gi 'phrul gyis/_/don dam chos sku'i bla ma 'bral med du bzhugs tshul/_/mnyam rjes gnyis su med pa'i gsol 'debs kyi gdung glus/_/thugs yid gcig 'dres gdeng gis snying dbus nas dran byung*/_/phyogs dus 'dren pas ma thul skal pa dman bdag la/_/ye shes nyi ma'i snang ba rjen cer du ston pas/_/'bras bu phyi nas 'tshol ba'i re dogs kyi mdud grol/_/gzhon nu bum skur 'dren khyod snying dbus nas dran byung*/_/dran snang bla ma yid kyi gdung ba sel khyed kyis/_/dran rtog ka dag chos dbyings rjen pa ru bskyal bas/_/gnyis med ye shes chen po'i byin rlabs kyi snang bas/_/'bras bu gzhi la rdzogs pa'i byin rlabs kyi mchog stsol/_/de skad theg mchog seng ge'i nga ro dang sbyar ba'i/_/gsol 'debs kha ta mthon po don 'bras kyis lci ste/_/'od gsal chos dbyings klong du tshom bu gcig grol ba'i/_/dge legs shis pa'i dga' ston mthong chos su stsol cig_/ces theg mchog rdzogs pa chen po'i lam la yid ches kyi dad pa brtan pos dben par sgrub pa la gzhol ba'i 'jigs med kun bzang ma bu nas yang yang bskul ba bzhin snyoms las chos su rlom pa'i rgyal khams pa rgan po mang+ga las 'dzam gling nub phyogs pha ran se'i rdo gdong lta na sdug pa'i nags tshal du nyal ba'i tshe bris pa 'dis kyang rang gzhan 'brel tshad bla ma chos sku'i rang zhal mjal ba'i rten 'byung du gyur cig__!__mi rgan gyi skyid glu bdud rtsi'i dbyangs snyan bzhugs/_a ho/_bsil ldan 'dzin ma chos ldan zhing khams su grags pa'i/_/snying po sgrub brgyud shing rta che rnam brgyad/_/khyad par mdo sgyu sems dang 'jigs bral gyi paN chen/_/mi pham 'jam dbyangs rnam par rgyal ba yi phyag rjes/_/legs bshad bdud rtsi'i rgyun bzang lhug pa ru stsol mdzad/_/mkhas grub dbang phyug rgyal ba zhe chen pa chen pos/_/bka' drin rmad du byung pas skal bzang du gyur tshul/_/bsam bzhin dad pa'i chu skyes snying dbus nas bzhad do/__/bdag rgyud thog med goms pa'i las nyon gyis mun sprul/_/nyi ma gcig gis 'jig rten mun pa kun sel bzhin/_/khyed kyi ye shes snang bas yud tsam la sbyangs nas/_/dran shes bdud rtsis gsos pa'i bka' drin ni mtha' yas/_/las nyon sa rdos mkhregs pa'i gshis ngan gyi tha rgod/_/mgon po'i byams brtse bdud rtsi'i sim char gyis brlan pas/_/chos brgyad dgra ru mthong ba'i nges 'byung gi zil pa/_/bdag blo ku sha'i rtser chags khyod drin las ci zhig_/g.yengs dang 'du 'dzi'i shing la dus rtag tu brtse ba'i/_/rang sems yal ga'i ri dwags zlos gar gyis brel ba/_/nyes pa'i 'byung gnas mthong nas mi med kyi lung par/_/gcig pu sgrub la brtson spro pha khyed kyi bka' drin/_/mgon po'i rnam thar gtsang ma gser zhun gyi cha shas/_/yid la dran pas skyon bral yon tan gyi gong bu'i/_/rin thang snying la shar tshe dbang med du 'khul nas/_/mtshan ldan bla ma khyed las dran yul du mi 'dug_/zhal gdams 'chi med bdud rtsi'i zil thig re kho nas/_/dad pa'i lce yis myangs pas ris med kyi bstan dang*/_/bstan 'dzin kun la phyogs med dag snang gis btud las/_/chags sdang las ngan ma bsags yid ches zhig skye 'dug_/khyad par rong klong kun mkhyen yab sras kyi legs bshad/_/bka' gter shing rta smin gling sku mched kyi phyag rjes/_/mi pham 'jam dpal dgyes pa'i legs bshad kyi seng skad/_/pha nor dgra ru ma ldang khyod gcig gi bka' drin/_/mkhas kyang tha snyad rtog ge'i tshig skam du ma song*/_/grub kyang gti mug zog po'i hol rgyug tu ma 'phyan/_/bzang yang gcig gso gcig gsod las kyi mtha' ma log_/bstan 'dzin 'jam mgon brgyud bcas sangs rgyas ru mjal byung*/_/rje de'i pha nor bu la lag mthil du sprad nas/_/ma nyams ma rul ma brlags byams brtse yis bsnams nas/_/ma ma sdug gu bu bzhin kho bo la bstsal ba'i/_/bka' drin pha mtha' yas pa dran ches pas spro byung*/_/pha rjes bu yis zin pa'i yon tan ni phra yang*/_/pha nor 'khor los bsgyur ba'i bang mdzod de mjal tshe/_/pha gcig rdzogs pa'i sangs rgyas pad+ma ni bi dza/_/pha mtha' yas pa'i skye bar brjed thabs zhig ci yod/_/rtse gcig nyams len skal pa shin tu yang phra mod/_/thos dang bsam pa'i bdud rtsi'i ro nus la bsam tshe/_/gdung dbyangs gling bus yid kyi ri skyes kyang myos nas/_/snyigs mar skyes kyang skal bzang rang mthong zhig skye 'dra/_/khyed zhal mngon sum mjal skabs lus ngag gi zhabs tog_/zang zing sgyu ma'i mchod pa 'bul nus su med kyang*/_/smin grol gdams pa'i bdud rtsi'i dga' ston gyis skyes bzang*/_/spel zhing 'dzin pa'i mchod sprin 'gyur snyem gyis phul yod/_/ngo mtshar gdams pa'i bdud rtsi'i cha shas re re la/_/rin thang brjod bral nor bu'i rdul phye bzhin sems pas/_/cha tsam rnyed kyang 'dzin spel sdud pa yis brel ba'i/_/bya ba don ldan bstan 'gro'i srog mthud du 'gyur snyam/_/chos rjes 'brang ba'i blo yis chos kyi dbyig bsags nas/_/tshe rabs phreng bar lung rtogs gan mdzod kyi 'byor bas/_/phyug nas rgyal ba dgyes pa'i lam bzang du zhugs te/_/bstan pa'i mnga' thang spel ba'i byed po zhig 'gyur srid/_/bsags bsags sgyu ma'i nor rdzas dgra bo yis khyer song*/_/legs legs rten gsum chag grum rdo gong bzhin gyur kyang*/_/bla ma'i gdams ngag rang sems gshis lugs su sim pas/_/skye 'chi'i 'khrul pa byung pa brlag snyam ni mi 'dug_/rgyal ba'i phrin las nor bu don yod kyi zhags pas/_/bka' gter rab 'byams smin grol dri za yi bu mo/_/na tshod rgas pa'i rgan po'i mdun sa ru phebs byung*/_/theg mchog chos kyi rgyal thabs 'dzin pa la spro byung*/_/gser 'khor rtsibs stong gling bzhi rgyu ba zhig med kyang*/_/mdo rgyud bshad sgrub las kyi 'khor lo gsum mtha' dag_/rgyal khams mi rgan khur du bab bab 'dra byed 'dug_/chog shes med pa'i 'dun ma chos kyi nor bsags snyam/_/bsam dgu 'jo ba'i nor bu'i thor tshugs ni med kyang*/_/ris med skyes chen dam pa'i zhabs sen gyi nor bu/_/tshangs gnas spa bas rnyed dka'i rin thang gi gsog srung*/_/gzhon nu nor bzang rnam thar smon lam du byas yod/_/gangs can chos 'byor sprin phreng lang ling du g.yo bas/_/bdag blo bsil ldan ri ngogs lhang lhang du 'khrigs kyang*/_/drug zung mche ba ldan pa'i lag ldan 'dra med kyang*/_/lung dang rtogs pa'i khur gyis ljid ljid 'dra snyam mod/_/myur mgyogs rta mchog rin chen mthong thos su med kyang*/_/zab rgyas chos la 'dun pa rgas bzhin du che bas/_/yab gcig chos kyi rgyal po'i theg mchog gi rgyal thabs/_/bdag gi khur du lhung snyam dad spro'i shugs 'phel 'dug_/'byung bzhi'i 'phrul 'khor mang po'i dgra sde'i dpung brlag pa'i/_/dmag dpon rin chen sku srung kho bo la med kyang*/_/rgyal bstan snying po'i dpal de bdag blo ru mdza' bas/_/dpa' brtul med kyang dad brtson snying rje yi mtshan ldan/_/rin chen mig ldan gter 'byin blo gros yis dbul kyang*/_/ris bral mkhas grub rgya mtsho'i legs bshad kyi bka' bstan/_/gces dgu'i chos kyis phyug pa'i gtsug lag khang brtsigs pas/_/gser dngul nor dbyig dbul kyang yid pham ni mi 'dug_/mtshan bzang rgyan ldan rigs kyi bu sras 'dra med kyang*/_/rnam 'dren rgya mtshos bstsal ba'i chos bzang gi tshogs rnams/_/dam pa'i skyes bu yongs la dgyes mchod du phul bas/_/bshad sgrub chos kyi rab chad ma gyur tsam yin snyam/_/phrin las gling bzhi dbang bsgyur rmi lam du med kyang*/_/mthong thos dran reg 'gro kun gtan bde ru sbyor ba'i/_/smon lam sras bcas rgyal ba'i rnam thar bzhin btab pas/_/kun phan phrin las ming btags byas tsam zhig rung snyam/_/rang don rtogs pas bdag rgyud grol ba zhig med kyang*/_/chos dang bla mar yid ches re smon gyis brtan pas/_/thugs rjes gzhan rgyud grol ba'i sems dpa' ni min kyang*/_/chos min zog pos mi mgo ma bskor tsam red 'dug_/yid dpyod blo las ye shes rtogs pa ni phra yang*/_/theg mchog snying po'i bka' gter kun bzang gi thugs bcud/_/thos pa 'di yang sngon sbyangs las 'phro bzang yin snyam/_/nges don seng ge'i nga ro blo gtad kyang bkal snyam/_/bka' gdams bstan 'dzin thub bstan rgyan gcig ni lta ci/_/nag chang lus dang grib bzhin 'grogs pa yi sngags hrul/_/rin chen byang chub sems kyi pha lam gyi mtshon cha/_/bdag 'dzin 'gong po'i steng du bskul ba ni ma brjed/_/gsang chen rgyud sde'i srol 'byed shing rta ni min mod/_/thub gsung snying po rgyud sde rnam drug gi smin grol/_/thob tshad yid ches shel gyi bum bzang du bskyil nas/_/spyod pa'i skal bzang rdo rje'i rigs can du rloms shor/_/chos brgyad rlung bskur g.ya' gangs dben pa yi gnas su/_/rlung sems dbu mar thim pa'i grub pa'i rtags med kyang*/_/bka' bzhi brgyud pa'i gser ri'i phreng mdzes kyi tshogs la/_/dad pas gsol btab chos skal ma chad tsam byung song*/_/mthar thug lnga ldan khyung po'i gser chos kyi yang zhun/_/skal bzang rin chen bum par ma nyams par bskyil bas/_/chos brgyad chu ris ded pa'i pho tshugs de zhig nas/_/nges don nyams su len pas skal chad du ma gyur/_/rdo rje nA da'i sgra dbyangs jo zhal gyi thugs bcud/_/smin grol rgyud rgyal bshad khrid skal bzang du thob pas/_/zab don smra ba'i rgyud sde'i slob dpon zhig min kyang*/_/dad spro'i thos bsam sgom dang 'chad nyan kyang byas rloms/_/mi phyed rdo rje gsum gyi bsnyen sgrub la bsten nas/_/phyi nang gzhan gsum gnyis med mchog brnyes zhig min mod/_/rdo rje btsun mo'i zhal chab bde stong gi ro mchog_/myong ba'i ngo mtshar 'dzum gyis yid blo yang bde snyam/_/mdor na 'dir snang 'khrul ba'i rba rlabs la ma g.yengs/_/mtshan nyid yongs rdzogs mkhas grub mtshungs med kyis rjes bzung*/_/sgo gsum bya bas rnam dkar ci nus su brtson pas/_/shi yang mi 'gyod tsam 'di bla ma rje'i bka' drin/_/ji snyed legs byas 'bras bu nor bu yi rdul phye/_/bdag rgyud chos la sbyor ba'i pha ma dang spun zla/_/drin chen rnams gtsos sdang dgra gdon bgegs kyis thog drangs/_/mkha' khyab yid can rnam grol thob phyir du bsngo'o/__/rgyal sras spyod la 'jug pa'i skal ldan zhig gyur tshe/_/shAkya'i tog dang gu ru myur ma yi dpal mo/_/'jam dbyangs spyan gzigs nye ba'i sras mchog brgyad ji bzhin/_/nam mkha' ji srid 'gro ba'i bran khol du gyur cig_/rgyal ba'i thugs mdzod gsang ba bsam mi khyab mtha' dag_/mi brjed gzungs spobs blo gros mchog dbyings kyis 'dzin cing*/_/gdul dka' 'dul dang dam chos mi nub par spel ba'i/_/thos bsam sgom pa'i yon tan bsam mi khyab thob smon/_/dbyangs yig gcig gis rab 'byams chos kyi sgo ston cing*/_/de snyed gdul bya byang grol ngal stegs la bkod kyang*/_/bsnyengs dang zhum pa med nas gdul dka'i zhing rgya mtshor/_/zhi bsil bdud rtsi'i zim char 'bebs mkhan la smon no/__/rab 'byams zhing rdul mnyam pa'i rgyal ba yi spyan sngar/_/dpa' chen sems dpa'i rnam thar rgya mtsho'i sprin bkod bzhin/_/bde gshegs dgyes pa'i spyod yul rlabs chen gyi mdzad pa/_/ngo mtshar chos dbyings mnyam par bkod nus su gyur cig_/de tshe bdag gi bshes gnyen chos kyi grogs kun dang*/_/gshe bskur dmod sdang lus bskyed pha ma dang spun zla/_/bskal bzang sangs rgyas stong bzhin mthun pa'i mched gyur nas/_/byang chub lam 'god mthun grogs rgad po bdag gyur cig_/'gro phyir srog kyang gtong nus snying rje che'i go cha/_/rnam 'dren bzhi pa'i smon lam bdag nyid rang byas nas/_/dpag yas sgyu 'phrul bsam gyis mi khyab pa'i ngo mtshar/_/sras bcas rgyal bas bsngags 'os kho na ru gyur cig_/grol tshad mngon du gyur pa'i sgom chen 'dra min yang*/_/nges don chos skal chad pa'i rtog ge ru ma 'khyams/_/sbyor ba yan lag drug gi myur lam la brten nas/_/rlung sems dbu ma ru tshud pa'i phyi nang gzhan gsum/_/mchog bde'i ye shes 'char ba'i skal ba ches phra yang*/_/gnyis med rgyud kyi rgyal po'i thos bsam la rtag 'dun/_/rdo rje btsun mo'i zhal lung bsnyen sgrub kyi gseng lam/_/rdo rje gsum gyi rnal 'byor shing rta la 'dzegs te/_/rdo rje sdom pa chen po'i spang rtogs kyis dbul yang*/_/rdo rje'i rnal 'byor 'dun pa'i yid ches kyi ngang yod/_/he he mi rgan zhi ba'i ri sul du phyin pas/_/'brel med ca co chang bzi'i gleng mo 'dra byung kyang*/_/bskal mang rnyed dka'i chos sgo rab 'byams kyi ltad mo/_/mig dang sems la sim pas skyid glu 'di shor song*/_/da dung tshe mjug ci yod ris med kyi thub bstan/_/phyogs med mkhas grub rgya mtsho'i zhal sgo nas blangs te/_/chog shes chos la med pa'i thos pa yi rgya mtsho/_/dad pa'i gzings la brten nas brgal 'dod kyi blo skyes/_/dus kyi zhags pas 'jig rten pha rol du drangs kyang*/_/dkon mchog rin chen gsum gyi snang ba dang mi 'bral/_/bsags pa'i chos 'byor dgra sdes brlag dogs kyang med pas/_/rgyal ba dgyes pa'i shul lam rgad po ngas snyogs snyam/_/mang+ga las so/__!__oM swa sti shrI bi dza yan+tu/_mkha' khyab ye shes rdo rje nam mkha'i sku/_/rgyal ba rtag pa'i rigs kyi nyin mor byed/_/snang srid 'bar ba'i phyag rgyas zin gnon pa/_/'jam dpal rdo rje rnon po'i mtshon 'chang rgyal/_/shrI ma hA he/_bde chen rngams pa'i snying rje'i rta skad can/_/khams gsum srid zhi'i g.yang sa las sgrol phyir/_/gzhom med rdo rje nA da'i gsung rdo rje/_/gar gyi dbang phyug dpa' bo'i cho 'phrul rmad/_/shrI ma hA su kha haM/_srid zhi las 'das mnyam nyid zhi ba'i thugs/_/gnyis med 'bar ba'i khyab bdag he ru ka_/mchog tu mi 'gyur yang dag bde ba'i gar/_/mkha' 'gro sgyu ma dgyes dgu'i sprin gyis sgeg_/shrI a mr-i ta ho/_zug rngu kun bral chos dbyings bsam mi khyab/_/ye shes bcud kyi dwangs mar zhu ba'i sman/_/rtog bral bde chen rdo rje'i dpyid grub pas/_/khrag 'thung rje btsan che ba'i mchog tu bzhengs/_/shrI badz+ra ku mA ri/_/rtag brtan rdo rje'i ye shes gzhon nu'i gar/_/snying rje'i bdud bzhir rngams pa khro bo'i rje/_/sangs rgyas kun gyi phrin las 'bar ba'i mtshon/_/mthar byed stobs bcu'i rtsal 'chang kI la ya/_/shrI a haM ho ye/_bde chen dpyid kyi thig le'i rtag pa'i rgyal/_/snang srid dbyings chen rnam thar gsum gyi mkhar/_/bde chen ye shes klong gi zil mngar can/_/ngo mtshar thig le sgyu ma'i khyab bdag rmad/_/shrI ma hA gu ra we/_/phyogs dus rgyal ba'i mkhyen brtse'i ye shes sprin/_/rang byung sgyu 'phrul phrin las zlos gar gyis/_/rmad byung rnam 'dren rgya mtsho'i mdzad pa las/_/btsan thabs rdo rje'i byin 'bebs bla ma rje/_/ho mA ra ya phaT/_/gzung 'dzin las 'das lta ba'i rdzong btsan zhing*/_/bying rgod 'phrang brgal rgol ba'i dmag dpung btsan/_/srid zhi'i srog 'phrog mi srun spyod 'chang ba'i/_/drag po gsang ba sngags kyi 'phrul 'khor ltos/_/he rU tra b+h+yoH_rdo rje'i tha tshig bskul bas dregs pa 'bod/_/srog snying gnad kyis bkar te dgra la rbad/_/nyams pa'i lus srog mthar byed bsad pa yis/_/bstan pa'i lcags ri mchod bstod las la rngams/_/ha ha/__!__dza ya nirma ka la bsngags pa dad pa'i me tog bzhad pa zhes bya ba/_/na mo gu ru shrI dza ya nirma ka ye/_ka ba med pa'i brag ri'i khang bzang du/_kha ba can gyi rna rgyan mi la bzhin/_/ga bur 'dzin mtshungs rnam thar bdud rtsi'i mdzod/_/nga bdag snyigs ma'i gdung ba sel de bsngags/_/ca co'i tha snyad rig pa ma sbyangs yang*/_/cha byad ras kyi gos gsol sbyangs yon can/_/ja dngul zang zing 'byor pa ring spang nas/_/nya zla ltar mdzes dkar thub dang du bzhes/_/ta la'i shing gyi mgo bo bcad pa lta'i/_/tha mal tshe 'di'i 'dun ma blos btang ste/_/da lta snyigs spyod rdul gyis ma gos pas/_/na rga skye 'chi'i chu bzhi'i pha mthar brgal/_/pa sangs ltar dkar ras kyi bla gos can/_/pha rol phyin drug dbu ma'i dbyings rdzogs pas/_/ba glang lta bu'i 'gro sgrol ras pa che'i/_/ma lus ngo mtshar rnam thar khyed la rdzogs/_/tsA ri tra mtshungs gnam rdzong brag skyibs su/_/tsha grang dus kun ras rkyang na bza' bzhes/_/dza ya nirma ka zhes nges don gyi/_/wa ler chos nyid mngon gyur rnal 'byor dbang*/_/zhwa gos tsam gyi bstan pa ma skyongs zhing*/_/za 'dod rnyed tshol bral ba'i bshad sgrub las/_/'a 'ur tsam min nges don phrin las kyis/_/ya mtshan 'brel tshad don ldan sems dpa' che/_/ra rib dang bral lhan skyes dgongs pa rtogs/_/la la ra sa'i mdud grol lam rtags rgyas/_/sha khrag 'od dengs ting 'dzin zas su bsten/_/sa gsum che dgu'i bla ma'i bla mar gyur/_/ha cang rab brtag ngag gis ma yin par/_/a dbyings bden mthong skyes chen bsngags pa'i don/_/a li ka phreng bya dka'i ngag 'di yang*/_/ha cang don gyi rnam thar dran pas bstod/_/e ma khyod ni brtan g.yo srid zhi'i srog_/u rgyan rje bzhin chos skur bzhugs snyam pas/_/i daM stu ta yi tshigs bcad phreng*/_/o Di yA na'i ming gis gus bstod pas/_/srid pa'i 'jigs bcil zhi dbyings ji bzhin gzigs/_/mkhyen brtse ye shes dpe med mdzes gter brnyes/_/sku gsung thugs mthu kun tu gus btud mthus/_/'gro mgon gtso khyod blo gros mtshor rol mdzod/_/ces dbyangs nges pa'i bya dka'i tshig gi brjod pa 'di yang rgyal khams kun tu rgyu ba'i b+hu su ku zhi ba'i sman ljongs kyi dbus na mdzes pa'i rkang 'thung gi lang tsho rnam par bkra ba'i bsam gtan gyi khang bur bag phebs pa'i tshe kun byed kyi me long du shar ba bzhin yi ge'i ris su spel ba dpal mgon bla ma dam pa'i byin rlabs 'jug pa'i nye rgyu kho nar gyur cig_!__rgyal yum rdo rje btsun mo mkhar chen ye shes mtsho rgyal rjes su dran pa'i thol glu lhan skyes bde stong rdo rje'i rol mo zhes bya ba sa map+ta/_/a ho/_/ka dag skye med rdo rje dbyings phyug gi btsun mo/_/kha sbyor bdun ldan rigs lnga'i 'khor lo'i bsgyur chen po/_/ga bur mdangs 'dzin gangs can skyabs gcig gi ma ma/_/nga tsho'i 'di phyi'i re ltos a ma rje mkhyen no/_/ca re zhig gi spyod yul dngos mtshan du med kyang*/_/cha med kun 'gro kun khyab srid zhi'i srog bzhugs pa/_/ja hang li khri'i mdangs 'dzin mtshan dpe'i dpyid mtshar sdug_/nya gang ston zla lta bu'i gdung sel ma mkhyen no/_/ta na ga na'i thabs shes rdo rje yi lam nas/_/tha mal sems can bde stong d+hU ti yi dbyings su/_/da lta yud kyis sems can sangs rgyas su bsgyur bas/_/na gzhon chags pas gdung bzhin a ma khyod dran byung*/_/pa ra mi ta rgyal sras spyod mchog gi shing rtas/_/pha rol srid zhi'i mtsho brgal theg chen gyi lam snying*/_/ba mor tsha zer reg bzhin bde myur du skyob pa'i/_/ma gcig 'phags bzhi'i yum chen snying dbus nas dran byung*/_/tsa ko ra yi mgrin glu'i dpyid dus kyi dpal bzhin/_/tsha grang a haM 'bar zhus mi rtog pa'i dwangs ma/_/dza lan+d+ha ra ngal 'tsho lhan skyes kyi de nyid/_/wa ler 'char ba'i gseng lam ston pa la rings 'dug_/zha nye ltar lcid las nyon 'khrul snang gi bag chags/_/zwa ltar rtsub pa'i las rlung d+hU ti'i dbyings sim pas/_/'a 'ur ma brtags nyams dga'i 'khrul snang gi ga bur/_/ya mtshan rnam thar gsum du bde myur gyis sbyor mdzod/_/ra rib dwangs bral chos dbyings rgyal kun gyi ma gcig_/la la ra sa'i gzung 'dzin ra ri yis sgrib pa/_/sha za srin pos bos bzhin d+hU ti'i dbyings bcom nas/_/sa bcu'i yon tan rdzogs pa'i nu bo'i mchog ster mdzod/_/ha cang snyigs ma'i nad gdung bzhi brgya dang rtsa bzhi/_/a don skye 'gag gnas med stong chen du ngal bso'i/_/ha ho gtan bde'i dga' ston zad mi shes 'jo ba'i/_/a mas rjes su zungs shig bod 'bangs kyi yum chen/_/o Di yA na'i rdo rje'i slob dpon gyi dgyes sder/_/e ma dad pa'i chu mtsho bzod med du rgyas pas/_/u da d+hI ltar kun dga'i zla gzhon gyis bskyang te/_/e ma byang chub bar du rjes 'dzin du mdzod cig_/ces pa'ang shing byi snron zla'i dmar phyogs kyi tshes bcu'i mchod pa'i skabs rgyal khams kyi dA ri dra mang ga la'i ming gis phyi rgyal pe ras si nas gsol 'debs gdung dbyangs su bris pa lhan skyes ye shes kyi mkha' 'gro dngos su mjal ba'i rten 'byung du gyur cig__!__theg mchog rdzogs pa chen po'i rnal 'byor gyi dbang phyug dpal chen seng+he shwa ra rjes su dran pa'i thol glu rtsol med nA da'i rang sgra zhes bya ba bzhugs so/__a ho/_ka dag ye grol chen po gzhi dbyings kyi klong du/_/kha sbyor yan lag bdun rdzogs rigs kun gyi khyab bdag_/ga bur ltar bsil zhi ba chen po'i dbyings 'ub chub/_/nga bdag kun bral seng+he shwa ra de mkhyen no/_/ca re dbang yul shor ba'i sred len gyi 'ching ba/_/cha med kun 'gro ye shes nam mkha'i dbyings dag pas/_/ja hang mdangs 'dzin 'pho chen rdo rje yi mtshan dpe/_/nya gang zla ltar gsal ba'i sangs rgyas de mkhyen no/_/ta na ga Na'i rdo rje'i gsang spyod kyi mthar son/_/tha mal 'dzin grol ye shes snang ba bzhi mthar son/_/da dus snyigs 'gro 'dul phyir 'da' ka yi zhal chems/_/nA da'i gsang tshig rjes bstsal bka' drin can mkhyen no/_/pa sangs tho rengs 'char bzhin ye shes kyi rol rtsed/_/pha mtha' zhing kun brdal bzhin 'gro 'dul gyi phrin las/_/ba mchog lta bu 'od gsal sprul pa'i sku'i rdo rjes/_/ma lus gdod ma'i gzhi klong grol mdzad khyed mkhyen no/_/tsA gangs dang mtshungs 'o yug rdza brag gi ra bar/_/tsha zer brgya bzhin zag zad ye shes kyi snang bas/_/dza ti'i dri bsung bzhin du phyogs dus kun brdal bas/_/wa ler grol ba drug ldan phrin las can mkhyen no/_/zhwa l+h+wam mdzes pa'i co dreg 'dus pa tsam ma yin/_/za ma'i yun gyis grol tshad mthong ba'i chos sbyin byed/_/'a 'ur gcam bu ma yin lag mthil du gnang ba'i/_/ya mtshan rjes su dran pas rje khyod rang mkhyen no/_/ra rib shes nyams yid dpyod re dogs kyi mdud grol/_/la klung brgal ba'i grong khyer srang mdo ru ma 'khyams/_/sha zan rgod po nam mkha'i ngo lam du rgyu bzhin/_/sa lam nang nas rdzogs pa'i he ru ka mkhyen no/_/ha ha rdo rje gad mo bcu gnyis kyi don bzhin/_/a ti khyab brdal chen po'i nang dbyings su grol ba'i/_/a ho ngo mtshar skyes pa'i thol byung gi glu yang*/_/ha ri'i 'khri shing rgyas pa'i nags tshal nas bris so/_/zhes rdo rje'i gnas mchog gdod nas grub pa dang rnam dbyer med pa 'phags yul gyi paN grub nags kyi rin chen gyis bsngags pa o rgyan sangs rgyas gnyis pas bod yul snyigs ma'i gdul bya phan bde'i dpal la 'god phyir bstan zhabs gter gyis bskyangs ba'i mdzad pa'i cho 'phrul gyi re khA rnam par bkra ba stag tshang seng ge bsam grub kyi mdun du mdzes pa'i dben pa'i nags tshal rtsi sman rnam par bkra bar gu yangs rgan po mang+ga la gnas pa'i tshe sa sbrul ston zla ra ba'i yar ngo'i tshes bcu'i dus mchod kyi skabs su ma hA gu ru seng+he shwa ra yang yang dran pa'i glu byung rgyal ma'o/__!__rnal 'byor dbang phyug tshogs drug rang grol rjes su dran pa'i thol glu mos gus dag pa'i dbyangs snyan bzhugs/__ka chen rgod po lta bu mi la rje'i rnam 'phrul/_/kha ba'i ljongs su bya btang grub thob kyi rgyal po/_/ga pur 'dzin bzhin skyon bral rnam thar gyi bdud rtsi'i/_/nga bdag 'khrul mun sel ba'i yon tan de dran byung*/_/ca co'i snyan grags chos brgyad thal ba bzhin rlung bskyur/_/cha lugs gos dkar lcang lo sngags 'chang gi tshul can/_/ja chang sha sogs log 'tsho'i rnyed 'tshol dang bral bas/_/nya gang zla ba ston mkhar chas 'dra de mkhyen no/_/ta la'i nags tshal rgyas pa bal yul dang ti se/_/tha dad gnas su ri dwags ljongs rgyu bzhin phebs nas/_/da lta'i rten 'dir zung 'jug rgyal thabs su gshegs la/_/na mar sgo gsum gus pas yang yang du 'dud do/_/pa sangs ltar dkar thugs bskyed rmad byung gi mthu las/_/pha rol rmu rgod gdul bya snying rje yis btul te/_/ba glang ltar rmongs 'gro kun thar lam du drangs tshul/_/ma ma sdug gus bu gces skyong ba bzhin ngo mtshar/_/tsA gangs mkha' 'gro 'du ba'i gnas chen gyi tshogs la/_/tsha grang dka' spyad bzod pa'i 'khor tshogs dang bcas te/_/dza ya rgyal byed tshal du bzhugs pa bzhin byon pas/_/wa ltar 'khyam pa'i 'gro kun rdo rje'i lam bstan mdzad/_/zhwa gos l+h+wam la 'chol ba'i grub mtha'i chags sdang*/_/za 'dod rnyed 'tshol sdud pa'i sgyu thabs kun spang nas/_/'a 'ol tsam min nges 'byung dad mos dang brtson pas/_/ya mtshan mkhas grub slob tshogs rgyu skar gyi phreng bkod/_/ra rib bral ba'i gnas lugs rjen pa yi ngor ston/_/la lung kun tu rnam thar grags snyan gyis khyab ste/_/sha za 'dre srin tshogs kyang snying rje yis brtul ba'i/_/sa bcu'i dbang phyug phyag na pad+mo dngos khyed gcig_/ha ri tsan+dan tshal gyi ma la yar phyin bzhin/_/a ho khyed tshul mig dang rna lam du thos tshe/_/ha cang dad mos gdung bas gsol 'debs kyi rgyang glu_/a mtshar rtsed mo tsam min thol byung du len spro/_/e ma khyod 'dra'i 'phags mchog 'jig rten na dkon pas/_/o Di ya na mkha' 'gro'i tshogs gral du son bzhin/_/u da d+hi ltar dkar ba'i dad gdung zhig skyes pas/_/i dam ngo mtshar glu 'di mang+ga las bris so/_/snyan snyan gre ba'i 'gyur khug rgan bu la med kyang*/_/dad dad mos gus rgyun mi chad pa yi byed pas/_/gus gus tshig gi me tog bstar legs su brgyus nas/_/yang yang tshe rabs kun tu thugs rje yis zungs shig_/de skad ljon shing rgyas pa'i grib bsil du mdzes pa'i/_/bsam gtan spyil bu nyams dgar bag yangs su gnas pa/_/'khos med kyi na ba yi chos gzugs kyi stong gsob/_/bkra shis dpal du 'byor ba'i yid mtsho las thon no/_/mang+ga laM/_/zhes mang+ga las so/__!__a ho/_mtshungs med bla ma rdzogs pa'i sangs rgyas dngos byon pa/_/kun mkhyen yab sras brgyud pa gser ri yi phreng bzang*/_/theg mchog rin chen lhun po mdzes pa ru bskor bas/_/bdag cag dad mos gus pa'i pha chos su thob pa/_/brgyud pa ngo mtshar che ba bsam bzhin du dga' yo/_/byin rlabs char chen 'bebs phyir gsol 'debs kyis skul mdzod/_/dam chos bdud rtsi'i nying khu mdo sngags kyi srog tig_/ma dang mkha' 'gro'i snying thig 'od gsal gyi theg pa/_/snga 'gyur bstan pa'i nying khu 'chi med kyi bdud rtsi/_/deng dus ma nyams mngon sum rang skal du spyod pa/_/zab rgyas che ba rmad byung bsam bzhin du dga' yo/_/nyams rtogs lus zung rgyas kyis sgrub pa la rems shig_/mi med dben pa'i nags tshal gu ru yi sgrub gnas/_/rnam g.yeng 'du 'dzi med pa rang byung gi brag phug_/chu dwangs nags tshal me tog phang phung du bkra ba'i/_/bya bral grub thob yongs kyi gdan sa ni rmad byung*/_/rang dbang bag yangs 'grim pa bsam gyin du dga' yo/_/gong ma'i rnam thar bsam pas snying rus la dril cig_/ma bcos sems kyi gnas lugs 'od gsal ba'i chos sku/_/rang ngo rang gis shes pa'i gdeng tshad zhig thob na/_/skye 'chi bar do'i 'khrul pa btsan thabs su bshig ste/_/chos nyid gnyug ma'i thang la kha yan du klod pa/_/e ma grub thob brgyud pa'i man ngag 'di dga' yo/_/nyams len gnad du khel ba'i brtson 'grus zhig bskyed mdzod/_/phyi tshul rab byung khrims srung rang gcig pu gu yangs/_/nang du rtogs pa'i gdeng thob chos nyid kyi don rtogs/_/sgo gsum gang byas chos mthun ci nus su brtson pas/_/bya byed mang po med pa'i bsam blo gcig btang na/_/'di bde phyi ma skyid pa'i ngang tshul 'di dga' yo/_/dam dam sems kyi mdud pa lhod lhod du mdzod cig_/pha gcig bla ma'i zhabs rtogs dam chos kyis 'grub 'ong*/_/ma gcig 'gro ba'i don yang chos sgrub las lhag med/_/tshe gcig byang chub sgrub pa'i bsam mno zhig thong la/_/las gcig byas pa don ldan lha chos la 'bad na/_/na bza' ngur smrig gyon pa don ldan gyis dga' yo/_/don de bsams la chos la 'dun ma gcig gtod cig_/lha dang bla ma gcig gyur skal bzang gi mched lcam/_/dad mos gdung ba'i shugs kyis o rgyan rje dran bzhin/_/dga' ston tshogs kyi 'khor lo'i 'du ba ru phebs pa/_/tshom bu gcig tu grol ba'i rten 'byung gi smon tshig_/rtsa gsum dkon mchog rgya mtsho'i gnang ba 'di dga' yo/_/thugs dam rjes su bskul phyir glu snyan gyis bskul bas/_/mtshungs med mkhyen brtse nus pa'i byin rlabs kyi me tog_/phang phung char du bsnyil ba'i bkra shis kyang zhu'o/_/de skad gang dran kha bshad mkhas pa yi gling bu/_/mi shes shes brdzu'i bla ma'i byus thog la goms pas/_/snyan snyan tshig gis gling bu dal bu ru bris pa/_/gsan na 'di phyi phan pa'i slob ston kyang yin pas/_/dge slong dngos grub dgyes pa bskyed phyir du bris pa/_/bsam don chos bzhin 'grub pa'i rten 'brel kyang zhu'o/__!__nges pa don gyi rdo rje 'dzin dbang ngag dbang mdo sngags bstan 'dzin nor bu la gsol 'debs kyi gdung glu byin rlabs sprin chen sdud pa'i pho nya bzhugs/_na mo gu ru/_/chos dbyings bsam mi khyab pa'i ye shes kyi klong na/_/mkhyen brtse nus pa'i nyi zla skar phreng gi bkod pa/_/rab 'byams rgyal ba kun dang gnyis med du gyur pa/_/ngag dbang mdo sngags bstan 'dzin nor bu de mkhyen no/_/khyad par drug ldan kuna~M bza~Mng chos sku yi rgyal thabs/_/rnam bzhi'i riga~M 'dzi~Mn spang rtogs mthar phyin pas bgrod nas/_/mkha~M' khyaba~M sku dang ye shes bsam mi khyab mngon gyur/_/'oda~M gsa~Ml rdo rje snying po'i mnga' bdag khyed mkhyen no/_/sangs rgyas kun 'dus mtsho skyes rgyal ba yi zhabs dang*/_/snang mdzad lo tsA chen po'i thugs sras kyi thu bo/_/snang bzhi mthar son rgyal mo g.yu sgra yi snying po/_/bsam bzhin byon pa'i nges gsang shing rta che mkhyen no/_/nges 'byung tshul khrims mthar phyin gnas brtan gyi rgyal po/_/snyigs dus bstan 'gro'i gdung sel nges don gyi rgyal sras/_/rdo rje'i lam kun dngos rdzogs gsang sngags kyi ston pa/_/skyon bral yon tan rdzogs pa'i bla ma rje mkhyen no/_/srid las nges 'byung mthar son chos brgyad kun blos btang*/_/dben par sgrub pa'i rgyal mtshan g.yo med du btsugs te/_/mchog dang thun mong dngos grub phyag gi rtser thob pa'i/_/rdo rje'i rnal 'byor mthar son grub mchog rje mkhyen no/_/mdo sngags chos kyi gnad gzigs nges don gyi mkhas pa/_/bla med rdo rje snying po'i lta sgom la byan tshud/_/smin grol snying po'i gseng lam skal ldan la ston mdzad/_/'brel tshad don dang ldan pa'i sems dpa' che mkhyen no/_/bstan rtsa 'dul ba'i kun spyod snga 'gyur gyi rgyan bskrun/_/gang 'dul chos kyi bdud rtsis skal ldan gyi yid bsgyur/_/bshad sgrub las kyi 'khor lo'i rmad byung gi phrin las/_/snyigs dus bstan 'gro'i gdung ba sel mdzad de mkhyen no/_/chos phyir dka' ba spyad pas lus sems kun blos btang*/_/rmad byung brtson 'grus chen pos nyams rtogs kyi mdzod bsags/_/ngo mtshar 'phags chen spyod pa ma 'dres par ston pas/_/don gnyis lhun gyis grub pa'i skyes bu che mkhyen no/_khyad par bka' gter snying po lo tsA che'i thugs bcud/_/'brel tshad don ldan zab lam bde gshegs kun 'dus pa'i/_smin grol srog rtsa mthud pa'i mchog bstan gyi sgron me/_/bsam bzhin byon pa'i ngo mtshar bshes gnyen che mkhyen no/_/rtsod dus snyigs ma'i smag gis khor yug tu khyab tshe/_/chos mthun mdzad skyong 'khor tshogs 'gran bral gyi 'dus pas/_/ri sul dben par mdzes byed phrin las kyi rgyun ring*/_/rdo rje'i lam ston chos kyi rgyal po khyed mkhyen no/_/rin chen dngul chu'i gong bu sa rdul du lhung bzhin/_/skyon bral yon tan rdzogs pa'i rnam thar gyi dpal yon/_/dri med ston zla'i lang tsho rdzogs pa bzhin ston pa'i/_/ngo mtshar yid la bkod bzhin rnam 'dren khyed mkhyen no/_/snang mdzad lo tsA'i sgyu 'phrul 'khrul zhig gi mtshan gyis/_/rdo rje'i lung gis bsngags bzhin nges gsang gi bshad sgrub/_/ming tsam ma gyur deng dus ci dga' ru spyod pa'i/_/skal bzang mngon du gyur ba'i yid ches kyi dad pas/_/rnam thar drod bcud dad brgya'i pad+mo yis 'thung bzhin/_/gsol 'debs bung ba'i rgyud mang lhang lhang du brdungs na/_/byin rlabs sbrang rtsi'i zil mngar ci dgar ru 'jo bas/_/zung 'jug dga' tshal mdzes nus byin gyis rang rlobs shig_/srid las nges 'byung dbyar skyes myu gu yi khrod du/_/sdom gsum skyon bral 'dab stong rnam bkra yi ngang nas/_/smin grol stobs nus rdzogs pa'i ngo mtshar gyi snye mas/_/dkyil 'khor don ldan nus par byin gyis rang rlobs shig_/dpal mgon bla ma'i byin rlabs shing rta yis drangs ba'i/_/rdo rje dbang gi nyin byed snying dbus su shar te/_/sa lam me tog 'khri shing dar bab kyi dga' ston/_/snyigs dus bstan 'gro'i rgyan du ngoms nus su byin rlobs/_/rmad byung sku bzhi'i rgyal thabs bde myur gyis 'dzin pa'i/_/byin rlabs pha phog dpal ldan bla ma rjes bstsal nas/_/ma lus mkha' khyab 'gro sgrol phrin las kyi rgyun bzang*/_/nam mkha' ji srid 'dzin pa'i dngos grub zhig zhu'o/_/mkhyen no mkhyen no snying gi gdung sel khyed mkhyen no/_/gsol 'debs rgyang glus bskul ba myur mgyogs kyi thugs rjes/_/bzung nas srid pa dong sprugs smon lam gyi go cha/_/kun bzang rdo rje sems dpa' mchog bzhin du mdzod cig_/ces pa'ang blo gsal dad blo rab dge shar khum dge slong pad+ma 'gyur med nas rten bcas bskul ngor rang gis kyang mi phyed dad pa'i kha gsos tshul mdo smad shar gyi 'khyams po mang+ga la shrI b+hU tis spungs thang bde chen pho brang du bris pa rje btsun bla ma dgyes pa'i 'bab stegs su gyur cig__!__na mo gu ru/_gzhi dbyings gdod nas mi 'gyur 'pho med kyi klong na/_/ngo bo chos sku'i bla ma phyi rol du mi bzhugs/_/ka dag rang ngo shes pas gsol ba zhig 'debs na/_/lta ba klong du gyur par byin gyis rang rlobs shig_/gzhi snang 'od gsal chen po khyab brdal gyi ngang du/_/rang bzhin longs sku'i bla ma phyi rol du mi bzhugs/_/lhun grub ma bcos ngang bzhag gsol ba zhig 'debs na/_/sgom pa rang bzhag 'char bar byin gyis rang rlobs shig_/zung 'jug dbyings rig gnyis su med pa yi gshis su/_/thugs rje sprul sku'i bla ma phyi rol du mi bzhugs/_/zung 'jug ye shes rol mos gsol ba zhig 'debs na/_/spyod pa rang grol bde chen byin gyis rang rlobs shig_/mkhyen no bla ma mkhyen no rang gnas kyi ye shes/_/rang rig 'du 'bral med pas phyi rol du mi bzhugs/_/rig rtsal mos gus dad pas gsol ba zhig 'debs na/_/'bras bu sku bzhi dbyer med rang grol du mdzod cig_/nges 'byung snying rje'i bsil bcud rigs khams la reg pas/_/gzhan phan phar phyin drug gi me tog dang 'bras bus/_/rab mdzes rnam mkhyen kun dga'i do ra'i khyon khyab pas/_/thun mong lam gyi yon tan rdzogs pa ru mdzod cig_/dbang bzhi'i gser sbyang skud par bstar legs su brgyan pa'i/_/rim gnyis rin chen nor bu'i phreng ba yi do shal/_/mchog thun dngos grub mdzes pa'i chun 'phyang gis brgyan pas/_/rig 'dzin bzhi yi lang tsho dar bab par mdzod cig_/chos nyid khyab brdal nam mkha'i khor yug tu 'char ba'i/_/'od gsal nyi zla'i 'dzum zer mthar klas par snang bas/_/sgrib bral ye shes pad+mo'i nags klong gis mdzes pas/_/don gnyis lhun gyis grub pa'i dga' ston la sbyor mdzod/_/de skad yid la ji ltar shar ba yi brjod pa/_/mos gus bla mar gsol 'debs gdung glu yi tshul du/_/mdo khams shar du skyes pa'i mi rgan gyi ngag nas/_/rang byung mchog sdong chen po'i spyan snga ru thal lo/__!__'jam mgon chos kyi rgyal po pad+ma dri med kyi thugs dam gnad nas bskul ba'i thol glu rang byung rdo rje nA da'i rol mo zhes bya ba bzhugs/__a ho/_snang bcas brda yi bla ma 'khor 'das kyi chos kun/_/snang srid gzhir bzhengs bla ma'i dkyil 'khor du bzhengs pa/_/dag pa chen po'i mi phyed mos gus _skyabs rje rdo rje 'chang lha sar phebs skabs lud phung chen po zhig gzigs pa ngas bltas na da lta'i lud phung 'di la sher phyin gyi mkhyen gsum sbyor bzhi rnam mkhyen bcas thams cad tshang 'dug gsungs nas bla ma pad stobs nged gnyis la go don mdor bsdus gsungs pa lta bu _dang bcas te/_/pha gcig pad+ma dri med snying dbus nas dran byung*/_/snang med don gyi bla ma _don brgyud ngo sprad pa'i bka' drin dran pas _rig stong gi ye shes/_/'od gsal gsang ba chen po'i sku gsum gyi ston pa/_/gdod nas 'bral med bzhugs pa'i mos gus dang bcas te/_/pha gcig pad+ma dri med snying dbus nas dran byung*/_/thar lam 'dren pa'i bla ma rgyal kun gyi mkhyen brtse/_/rab 'byams sku dang ye shes zhing kun gyi bkod pa/_/rnam snang gangs chen _sprul gzhi'i che ba _mtsho rgyal bai ro ni tsa na/_/pha gcig pad+ma dri med snying dbus nas dran byung*/_/rnam 'dren bzhi pa'i _skye phreng gi che ba _drung na mang thos kyi mchog gcig_/gsang chen rgyud sde'i shing rta rgyal po dzaHchen po/_/bod yul chos kyi snang byed sam b+ho Ta'i tshul bzhin/_/pha gcig pad+ma dri med snying dbus nas dran byung*/_/gangs can chos kyi mig gcig rnam snang gi lo tsA/_/bsam yas sgyu 'phrul gsang chen bstan mchog gi shing rta/_/deng 'dir bdag cag 'dren pa mkhas grub kyi rgyal po/_/pha gcig pad+ma dri med snying dbus nas dran byung*/_/ji snyed sgyu 'phrul bkod pas rgyal ba'i bstan rmad byung*/_/'dzin spel skyong ba'i rnam thar _sku phreng thams cad kyi mdzad pa'i che ba _lhur bzhes pa'i ngang nas/_/chos kyi nyi ma chos kyi rgyal po dang chos rje/_/pha gcig pad+ma dri med snying dbus nas dran byung*/_/sngon zhig sa spyod 'og min pad+ma _rten 'dir bzang 'brel gyi dga' ston dran pas _'od gling du/_/rje btsun yab sras mkhas grub 'dus pa yi tshul gyis/_/smin grol bdud rtsi 'thung ba'i skal bzang la sbyor mdzod/_/pha gcig pad+ma dri med snying dbus nas dran byung*/_/mgon po yab sras dgongs brgyud gser sbyang gi bdud rtsis/_/bdag cag sgo gsum lcags khams reg pa yi byin gyis/_/theg mchog snying po'i don mthong bka' drin de bsam pas/_/pha gcig pad+ma dri med snying dbus nas dran byung*/_/khyod ni srid zhi kun khyab ye shes kyi lus can/_/zang thal sgyu ma dngos kun bdag nyid du bzhugs pa/_/yid ches rang ngo shes pa'i dad gdung gis bskul te/_/pha gcig pad+ma dri med snying dbus nas dran byung*/_/nges 'byung chen pos _don gyi rnam thar zol sbyor gyis ma bslad pa yin _srid pa'i dgra sde kun bcom ste/_/chos brgyad 'khrul pa'i drwa ba gtad med du bcad nas/_/srid las rnam grol zhi ba chen po'i dbyings sim pa'i/_/pha gcig pad+ma dri med snying dbus nas dran byung*/_/snying rje chen pos mkha' khyab 'gro ba la 'khyud nas/_/gces 'dzin bdag gi 'gong po pha mtha' ru bskrad de/_/srid pa ji srid rgyal kun dgyes spyod kyi dpa' bo/_/pha gcig pad+ma dri med =_shes rab chen pos chos kyi mthar thug kun mkhyen pas/_/rdo rje theg pa'i sa lam gzhir rdzogs kyi ston pa/_/'od gsal rdo rje snying po'i dgongs klong du dgyes pa/_/pha gcig pad+ma =_mkhas pa chen po tha snyad shes bya kun gzigs kyang*/_/rtog ge'i drwa bar ma 'phyan rtogs ldan gyi rgyal po/_/so so yang dag rig bzhi'i spobs pa'i gzengs mtho ba'i/_/pha gcig pad+ma =_btsun pa chen po sdom gsum spyod gtsang gi gser rgyan/_/sku gsung thugs la bcos med tshul khrims kyis bzhes pas/_/zol bral don gyi 'phags pa'i gnas brtan du bzhugs pa/_/pha gcig pad+ma =_mdzad bzang chen po rgyal bstan rin po che spyi dang*/_/gsang chen snga 'gyur bstan pa'i bshad sgrub kyi srog snying*/_/spong klog las kyis nyin mtshan bar med du spel ba/_/pha gcig pad+ma =_thos pa chen pos mdo sngags chos tshul kun thugs chud/_/yang dag bsam pas nges don gser sbyang gi bcud bzhes/_/mthar thug sgom pas ye shes gsang mdzod la spyod pa'i/_/pha gcig pad+ma =_'chad pas nyin mtshan chos kyi 'khor lo yis dus 'da'/_/rtsod pas lta ngan log smra'i mun sprul kun sel mdzad/_/rtsom pas zab don man ngag rjen cer du ston mdzad/_/pha gcig pad+ma =_smon lam dbang gis 'brel tshad rdo rje'i sar sbyor zhing*/_/grol byed gdams pas 'gro kun yang dag gi lam dkri/_/gsang chen chos tshul rgya mtsho'i 'byung gnas su gyur pa/_/pha gcig pad+ma =_bskyed rim cir snang ye shes rol rtsed du 'byams klas/_/rdzogs pas 'khor 'das chos kun bde chen gyi dbyings sdom/_/zung 'jug lhan skyes chos sku'i rgyal thabs la 'byor ba'i/_/pha gcig pad+ma =_snang dbyings thig le chen po'i 'od sku dang zhing khams/_/kun khyab 'od gsal dbyings su 'du 'bral med sim pas/_/re dogs mdud bral blo 'das rgya yan gyi rnal 'byor/_/pha gcig pad+ma =_dran rgyu'i bla ma mi rnyed chos nyid klong ro gcig_/yang dag lta bas rang snang rang rig tu bskyangs te/_/skye 'chi bar do'i 'khrul snang gzhi med du dag phyir/_/pha gcig pad+ma =_mi shigs rig pa'i thig le d+hu ma yi _da lta bzhugs pa'i zhing dang sku'i gtso bo _tha lar/_/'pho med bde chen dpa' bo thod pa yi dum bu/_/zab gsang dga' bas myos pa'i he ru ka chen po/_/pha gcig pad+ma =_bla ma phyi na med de chos nyid kyi yo lang*/_/yengs 'khrul mnyam rjes bral ba'i dgyes zhal 'di mjal dang*/_/tshogs drug dbyings su dag pa'i cho 'phrul la brtse ba'i/_/pha gcig pad+ma =_gdams ngag tshig la med de rang rig gis rtogs bya/_/zab don logs su mi 'tshol thos byung gis rnyed pa/_/gsang chen rgyud sde'i srog tig zad med du ston mdzad/_/pha gcig pad+ma =_'khor ba spang bya med de myang 'das kyi cho rol/_/'od gsal bla ma'i sku dang ye shes kyi rang bzhin/_/mi phyed rdo rje gsum gyi dkyil 'khor du shes pas/_/pha gcig pad+ma =_myang 'das sgrub bya'i re ba rang zad du song bas/_/sku gsum 'du 'bral med pa'i 'od gsal gyi gsang mdzod/_/rang gnas gzhir rdzogs thugs yid dbyer med du 'dres phyir/_/pha gcig pad+ma =_pha rgod bla ma'i rdo rje'i byin rlabs kyi gshol mdas/_/thog med 'khrul pa'i tha ba yud tsam gyis btul nas/_/rnam grol snye mas mdzes pa'i dga' ston la sbyor bar/_/gsol ba snying nas 'debs pas byin gyis rang rlobs shig_/'dir snang 'khrul pa'i tshang tshing ci dga' ru bor te/_/zhen med sgyu ma rol pa'i lta ba yi gdeng gis/_/bden 'dzin drwa ba yud kyis gcod pa yi ngang nas/_/dbyings klong btsan sa zin pa'i byin rlabs kyi mchog stsol/_/kun rdzob sgyu ma'i rten 'byung bslu med kyi bkod pa/_/mkha' khyab snying rje chen po'i char ldan gyi sprin gyis/_/gzhan phan pha mtha' yas pa'i rgyal sras kyi spyod pas/_/thabs mkhas rdzogs smin sbyang ba mthar son du mdzod cig_/don dam ye shes nyag gcig snang ba dang mi 'bral/_/yid byed mtshan ma'i gdung ba nyer zhi ba'i dbyings su/_/rtag tu 'pho 'gyur med pa'i dgongs pa la spyod pa/_/rje btsun khyed rang lta bur byin rlabs kyis dbugs dbyung*/_/lhang lhang bla ma dran pa'i gsol 'debs kyi rgyang glu/_/yang yang bcos min snying gi chu gter nas byung bzhin/_/dad dang mos gus snang bas rtse gcig tu gsol na/_/myur myur byin rlabs pha phog da lta rang stsol cig_/chos nyid nam mkha' lta bu bya rtsol dang bral yang*/_/chos can dad mos gdung ba'i khu byug gi dbyangs kyis/_/dpyid sos dga' ba'i char sprin lta bu yi byin snang*/_/da lta myur du stsol mdzad dpal mgon gyi bla ma/_/srid las nges 'byung gsher ldan 'jam legs kyi ne'u gseng*/_/blang dor ma nor spyod pa'i mdzes sdug gi me tog_/bla ma mchog gsum nyin byed zhal bzang la sgeg pa'i/_/rnam grol dbyar gyi dga' ston dar bab par mdzod cig_/byams chen dwangs ba'i chu rgyun lhung lhung du bab par/_/snying rje'i dbyangs snyan ngang pa'i khyu mchog gis rtsen bzhin/_/dga' ba'i mgrin glu sgrog pas btang snyom gyi sa gzhir/_/bag yod dal gyis rtsen pa'i dga' ston la sbyor mdzod/_/gzhan phan yid kyi rtsa ba 'pho med du brling bar/_/phyin drug yal 'dab rgyas pa'i rkang 'thung gi bu mo/_/bsdu bzhi'i lag pa g.yo bas 'gro kun gyi bya tshogs/_/thar bde'i mgron du 'bod la ngal med du mdzod cig_/dngos mtshan spros pa'i 'jur mdud mtha' bral du bshig ste/_/chos nyid ji bzhin rtogs pa'i bdud rtsi yi bcud kyis/_/thabs mkhas sgyu ma'i lang tsho dar bab kyi dbu ma/_/grub mtha' myong bas gtan la dbab nus su mdzod cig_/smin lam dbang bzhi'i sprin gyi me tog gis sgeg pa'i/_/grol byed gdams pa'i dbyar rnga dir dir ru sgrog pas/_/skal pa mchog ldan mdongs mtha' rdo rje'i sar rtsen pa'i/_/ngo mtshar zlos gar mig gi dga' ston du stsol mdzod/_/dag mnyam lta ba'i lus rgyas lag ldan gyi khyu mchog_/snang srid gzhir bzhengs bskyed rim goms pa'i 'gros brling zhing*/_/rnam bzhi'i rig 'dzin grub pa'i yab yum zung gi mche bas/_/grub gnyis li shi sbrus pa'i zas bcud kyang stsol cig_/rdo rje'i lus kyi khams drug dar bab kyi khye'u/_/rlung bcu dbu mar sbyor ba'i gling bu'i glu sgrog bzhin/_/'pho med dga' bzhi'i 'dzum bcas kun tu dga'i bro gar/_/bde stong dga' ba'i tshal la rtsen nus su mdzod cig_/reg 'jam mtshan nyid rdzogs pa'i ri dwags kyi mig can/_/thabs chen rdo rje'i sgyu rtsal drug cu yi rtsen pas/_/lhan skyes ma dA na yis bar med du myos pa'i/_/sa bcu dbu mar thob pa'i pho nya yang stsol cig_/snang srid chos kun lhan skyes chos kyi skur 'ub chub/_/sna tshogs snang ba rang shar chos sku yi 'od zer/_/chos can chos nyid gnyis med 'od gsal gyi phyag rgya/_/'khrul rtogs dbyings su thim pa'i lam mchog kyang stsol mdzod/_/rtogs na 'khor 'das chos kun ye shes kyi rol rtsed/_/rtsol med lta dgongs mig gis mngon sum du spyod pas/_/blos byas 'khrul pa'i gdung ba rming med du gzhil ba'i/_/theg mchog lta sgom glu bro bsgyur nus su mdzod cig_/rang grol rgyal po lta ba'i gshog rlabs kyis bskyod pas/_/yid byed sgom pa'i 'phrang las yud tsam gyis brgal nas/_/zag zad chos sku'i mkha' mtha' ci dga' ru chod pa'i/_/theg mchog rgyal po'i mkha' lding gdod ma ru grol mdzod/_/'od gsal snang bzhi'i nyi zla bkrag 'tsher du brjid pas/_/zang thal chos sku rjen pa'i snang ba yi dga' ston/_/mthong ba'i chos la longs su spyod pa yi ngang nas/_/'pho med rdo rje'i sa la rtsen nus su mdzod cig_/khyab bdag rig 'dzin bla ma ye shes kyi sku can/_/mi phyed rdo rje'i gsang ba mi zad pa'i rgyan 'khor/_/ji bzhin longs su spyod pa'i skal pa can gyur nas/_/thugs yid gcig tu 'dres par byin gyis rang rlobs mdzod/_/bla ma'i bkra shis dgongs rgyud nam mkha'i dbyings rgya che/_/slob ma'i bkra shis dad dam rgyu skar gyi phreng mdzes/_/smin grol bkra shis snang ba khor yug tu 'char bas/_/rgyal bstan bkra shis lung rtogs 'phel rgyas su mdzod cig__/ces pa'ang pha mtha' bral ba'i rgya mtsho'i klong na gnas pa'i nub phyogs e gal gyi gling du mchog gsum rin po che'i phrin las 'char ka'i pho nya 'dren pa'i bya ma rta dam pa'i yon tan snang bas rgyud phyug pa'i mdo khams shar gyi btsun pa karma chos kyi rgya mtsho 'gyur med ye shes snang ba rgyas pa'i sdes shul ring gi lam nas rang gam du phebs shing*/_chos kyi bgro gleng don dang ldan pa mang du bgyis pa'i mthar 'di lta bu zhig 'bri bar 'os zhes lha rdzas kyi rten snag smyug dang bcas te thugs brtse dad gdung gis gsung bskul gnang ba'i bzhed pa skong slad shes tshad kha la khyer zhing*/_snying po shes rgyu med pa'i rnying sngags rgan po 'gyur med bslab gsum rgyal mtshan phrin las snang ba rtsal gyis kha bzhi lho yi sman ljongs kyi bye brag yul gyi dge bcu g.yang du 'khyil ba'i grong khyer na mdzes pa'i spa gro skyer chu'i mtha' 'dul gyi gtsug lag khang du o rgyan sangs rgyas gnyis pa'i sprel lo sprel zla'i tshes bcu'i dus mchod kyi skabs su dad mos yid ches kyi nges pas bris shing gsol ba btab pas mkha' khyab kyi yid can mtha' dag dpal mgon bla ma'i zag med ye shes chen po'i thig ler yud tsam gyis mngon par byang chub brnyes pa'i dga' ston gyi dpal du gyur cig__!__a ho/_rgyal kun ye shes phung po rnam 'dren du shar ba/_/sangs rgyas sku bzhi'i khyab bdag karma pa chen po/_/mi 'bral spyi gtsug bde chen 'khor lo ru mchod pas/_/dgongs brgyud byin rlabs thob pa'i dga' ston 'di a ho/_/de yi thugs rje'i ye shes rol mo yi snang cha/_/zhing khams sprul pas khyab pa'i mkhas grub kyi 'dren pa/_/smin grol bdud rtsi'i sbrang char zad mi shes 'bebs pas/_/sku bzhi'i lo 'bras ci dgar smin pa 'di a ho/_/snang grags rig pa rdo rje gsum dbyings su shar bas/_/bla ma'i sku gsung thugs kyi dkyil 'khor dang 'bral med/_/gzung 'dzin gnyis snang rtog bral ro mnyam gyi ngang nas/_dag pa rab 'byams mos gus rtsal 'char 'di a ho/_/rang byung rdo rje phung po'i grong khyer gyi klong nas/_/bde stong ye shes bskyed pa'i rtsa rlung dang thig le/_gdod nas 'pho med bde chen bla ma ru bzhugs nas/_/lhan skyes dgongs nyams rdzogs pa'i brtul zhugs de a ho/_/snang ba lhan cig skyes pa chos sku yi 'od zer/_/sems nyid lhan cig skyes pa chos sku yi ye shes/_/snang sems ro gcig 'dres pa'i don dam gyi bla ma/_/ma bcos rang la bzhugs pa'i nyams dga' 'di a ho/_/sems kyi chos nyid rig stong ye shes su grol bas/_/'khor 'das kun khyab zang thal rang byung gi klong na/_/skye 'chi bar do'i 'khrul snang gzhi med du dag pa/_/gnyug ma'i bla ma 'du 'bral med pa 'di a ho/_/nang dbyings rig stong chos zad blo 'das kyi dgongs pas/_/'khrul pa rang grol zag pa rang zad du gyur te/_/gtad med chos sku'i bla ma mngon sum du mjal ba'i/_/skyid glu 'brug ltar sgrog pa'i rnal 'byor de a ho/_/de skad nub phyogs a ri'i rgyal khab tu nyul ba'i/_/mdo khams rnal 'byor mkhyen brtse'i 'od zer du grags pas/_/chos bzhin spyod pa'i dge sbyong mkhyen sgom kun mtshungs med/_/karma phrin las dgyes pa'i rol mo ru 'bul lo/_/dge bas ma bcos gnyug ma'i gtan srid la zhugs pa'i/_/chos sku'i bla ma dgyes pa'i dga' ston gyi pha phog_/mngon sum thob nas chos dbyings 'dus ma byas chen po/_/tshom bu gcig tu grol ba'i dga' ston kyang zhu'o/__!__lhang lhang dad pas myos pa'i gzhan gsos kyi bu mor/_/yang yang byin rlabs bdud rtsi'i sprin gzhon gyi klong nas/_/dgongs brgyud zim char 'bebs mdzad thod phreng rtsal chen po/_/dbyer med dpal mgon bla ma snying dbus nas dran byung*/_/nges 'byung so thar khrims kyi ne'u thang gi dkyil mdzes/_/gzhan phan pad dkar phreng ba phang phung du g.yo nus/_/gsang chen zab don rtogs pa'i dri bsung gis 'khyud pa'i/_/skyes chen chos kyi grogs por mchid lan 'di 'bul lo/_/bsil ldan ri bo'i mgul mdzes dge tshul ma'i dgon par/_/rgyal kun ye shes sku gcig rdo rje 'chang dngos byon/_/sangs rgyas karma'i zhabs bkod dgyes zhal gyi bdud rtsis/_/re zhig khams gso byung snyam yid yul du shar song*/_kun rdzob phyi yi bla mas dgongs brgyud kyi rtogs pas/_/rang gnas zang thal chen po thal byung du sad pas/_/blo 'das chos sku'i gsang ba mngon sum du gyur pa'i/_/nges don ye shes 'khor lor nyin mtshan kun spyod mdzod/_/gnad gsang chos nyid rjen pa'i phu thag zhig chod na/_/'khrul pa'i byas chos rdzun ris nam mkha' la sprin bzhin/_/yud kyis dengs pas rang gsal rjen cer gyi gshis lugs/_/chos nyid nam mkha' lta bu'i gu yangs zhig yin snyam/_/snang cha 'khor 'das lam gyi rgyu skar 'bum bkra yang*/_/gshis la phan gnod med pa'i gu yangs kyi ngang nas/_/chags med zhen bral gcer bu phyal pa ru gdeng pas/_/'od gsal nyi ma'i zhal bzang khor yug tu 'char 'dra/_/gshis kyi rang gdangs kun khyab thugs rje yi ye shes/_/mkha' khyab 'gro la phyogs ris med pa ru brdal bas/_/gzhan phan sim pa bskyed pa kun dga' yi rol ston/_/nam mkha' ji srid sgrol ba'i go cha zhig 'byung nges/_/chos kun snying po 'od gsal de nyid kyi rnal 'byor/_/bdag cag phyag rdzogs brgyud pa'i pha nor du bab pa/_/grub mtha' gzhan la med pa'i gseng lam zhig yod pas/_/lam de rang sor thob tshe yud tsam gyis gshegs mdzod/_/bshad bshad kha mkhas mi dgos nang don gyi rnal 'byor/_/byas byas yus kyis mi gdung byar med kyi dgongs pa/_/ring ring 'bad rtsol mi dgos rang ngo na bzhugs pas/_/tshub tshub re dogs skyungs la lhod lhod kyis gzigs dang*/_/ma bcos gnyug ma'i rgyal po nam mkha' yi rnal 'byor/_/bram ze chen po'i dgongs pa mngon sum du shar tshe/_/yid dpyod tshig gi spu ris rang grol du thongs la/_/gnyug ma'i gshis su kha yan klod pa la spro'o/_/gnad gcig grol na 'khrul mdud rang zhig tu thub pa/_/gnad kyi snying po gcig shes kun grol gyi man ngag_/gnad don 'di la thug pas chig grol du thongs la/_/gnad kyi gseng lam rtogs shog skal bzang gi dam pa/_/de skad rang la med kyang khyed thugs kyi rma bya/_/dgyes phyir rgad po'i glu yi 'brug sgra 'di phul bas/_/nyams rtogs spu ris rgyas pa'i zlos gar dang chabs cig_/sgrub brgyud dbyar gyi dga' ston 'phel ba rang shog cig_/snyan snyan kha tsam ma yin nges don la gnas pa'i/_/dad dad brtse gdung me tog bcos med kyi 'dzum dkar/_/yang yang khyed la phyogs pas zhabs brtan gyi smon 'dun/_/mdzes mdzes ge sar bzhad pa'i zil mngar las spros so/_/zhes mkhyen sprul pas rdo rje gdan gtsug lag khang gi zhol bod dgon d+ha ram sa nas bod zla11 tshes24la gus phul/__!__a ho/_yul la ming du chags pa mdo khams kyi sde dge_/'phags yul gnyis par grags pa don ldan du 'dug ste/_/chos lugs rnam bzhi bshad sgrub las gsum gyi mdzad pa/_/phan tshun 'gran pa ltar gyur bsam pa'i tshe a ho/_/bla ma chen por grags pa 'jam mgon ni rnam gsum/_/mkhas btsun bzang grub mdzad pa yar ngo yi zla ba/_/rgyan drug rnal 'byor dbang phyug brgyad cu dang dbyer med/_/don gyi rnam thar mthong thos yid sgul te a ho/_/slob tshogs mkhas grub gter chen gser ri yi phreng ba/_/gcig las gcig mtshar shrI na len+d+ra lta bu'i/_/smin grol bshad sgrub sum rtsen dal 'gro ltar gyur bas/_/rnam thar u dum wa ra'i dga' ba'i tshal a ho/_/phyag rjes mdzod chen lnga dang rgyud sde dang sgrub thabs/_/lung rig seng ge'i sgra ldan legs bshad kyi gter mdzod/_/gtsug lag nor bu'i bang mdzod rgya mtsho ltar zab rgyas/_/smin grol kha 'bab klung bzhi rol pa 'di a ho/_/'og min rdo rje dbyings kyi grong khyer du son 'dra'i/_/tshul 'di bsam tshe tha mal 'khrul shes kun 'gag nas/_/nub phyogs so ma pu ri'i 'du ba bzhin gyur bas/_/grol ba rnam bzhi'i pha phog thob pa 'di a ho/_/de kun log smon kla klos 'joms pa la brtson tshe/_/skya rengs bsu mas nyi ma dbang med du 'dren bzhin/_/'phags yul mtha' 'khob gling kun chos kyi 'od bkyes pas/_/bod ljongs skal pa bzang po snga ltas 'di a ho/_/dpal 'byor mthun pa'i rkyen kun dgra zas su song yang*/_/lung rtogs nor gyi dbyig kun rang lag tu thob pas/_/srid zhi'i gdung ba sel ba'i gnas tshul la bsam na/_/rkyen ngan grogs su shar ba'i khyad chos de a ho/_/na tshod bcu phrag brgyad las lhag pa ru phyin kyang*/_/chos rab rnam 'byed 'dren byed ma ldong pa'i dbang gis/_/dad dang 'dun pa'i thal mo snying ga ru zum ste/_/skyid glu'i rkang bro nyal 'dar sprad pa 'di a ho/_/'brel pa chos la thogs pa'i mi rgan ni mgo se/_/tshe rabs phreng bar ngan 'gro lam log tu mi lhung*/_pha nor bu lag 'phrod pa'i rten 'brel de bsam nas/_/so med kha nas glu chung len pa 'di a ho/__!__a ho/_rang byung gdod nas grub pa he ru ka'i zhing*/_/sa bcu rdo rje'i lam rdzogs nye ba'i tshan+d+ho/_/ngo mtshar yul gyi bye brag yangs le shod/_/mtsho skyes pad+ma'i sgrub gnas de ring phyin song*/_/sngon dus gsung gi rdo rje pad+ma saM b+ha bas/_/phyag chen mchog gi rig 'dzin gnas 'dir mngon mdzad/_/bar chad bdud tshogs rdo rje phur pas bsgral ba'i/_/dpal chen he ru ka yi tshogs khang yongs grags/_/dmar zlum rdo rje'i brag ri zla gam dbyibs can/_/chos kun bde chen yang dag grub pa gcig pur/_/zlum pa'i brda rtags rdzogs pa'i ke'u tshang 'dir/_/drag po bsgral ba'i 'phyang 'phrul mngon sum bkod mdzes/_/'bad rtsol sdig pas ma bsags rang byung lhun grub/_/rnam g.yeng 'du 'dzi med pas rlung rig dwangs pa/_/chags med yab mes rig 'dzin gshegs shul mthong tshe/_/chos brgyad 'ching thag gcod pa'i brda ston go byung*/_/lcug phran drwa phyed mdzes pa'i ljon shing khong gseng*/_/mdangs mdzes me tog bstar ba'i mchod phreng dang bcas/_/sngo sangs nam mkha'i bu mo'i 'dzum bag gzigs dang*/_/'od gsal zer snang ston pa'i pho nya yod nges/_/byams dang snying rje'i gsal 'debs bya dang byi'u/_/skad snyan gser gyi dril chung lta bur grags nas/_/'phur lding rtse 'jo'i rgyu bas sdig pa'i grogs bral/_/gcig pur dben par yan 'di skyid pa'i yang rtse/_/tshogs drug yul snang zhen pa'i rjes su ma 'brang*/_/gcer mthong rig pa'i gshis klong shugs kyis phyin pas/_/bag yangs snang ba gding 'ded 'dar kal sprod dang*/_/lta sgom dmigs gtad zhig pa'i bzhugs tshul mthong snyam/_/bzhin lag rgyan chas spud pa'i ye shes lha sku/_/chu bur mig gis mjal ba'i skal pa phra yang*/_/zang thal rig stong gnyug ma cha tsam mthong ba/_/don gyi he ru ka dpal yin snyam 'dug go_/'khor 'das sgyu ma'i ltad mo ma bkod shar bas/_/blang dor ched 'dzin zhig pa'i babs su bzhag tshe/_/'pho med chos sku gdod ma'i he ru ka dpal/_/snang spyod bde chen shar te dgyes so snyam mo/_/'khor 'das bar lag 'gyel ba'i lta stangs gcig gis/_/gzhi grol don gyi ltad mo rang snang gsal tshe/_/phyag rgya chen po mchog gi dngos grub nye lam/_/ye shes rig pa'i gshis su ma btsal lhun grub/_/gnad gcig khyab brdal chos nyid khor mo yug tu/_/mthong tshe ji ltar shar ba'i rtsal gyi snang cha/_/kun bzang gdod ma'i zhing skur ma bcos lhun grub/_/skyid sdug gdod nas zad pa'i ngang du nyal snyam/_/don dam 'phags pa'i dgongs pa dbyings dang mnyam tshe/_/kun rdzob 'khrul pa'i rdzun ris klong du brdibs nas/_/gtad med chos sku'i yo lang nyin mtshan khor yug_/shar ba nam mkha'i rnal 'byor ngo mtshar rmad byung*/_/lta ba dgag sgrub med de ka dag phyogs yan/_/sgom pa yengs 'khrul mi srid 'od gsal khor yug_/spyod pa rang grol yin te spang blang mi rnyed/_/'bras bu phyi dus re ba'i re dogs skyungs la/_/theg mchog rdzogs pa chen po'i ye shes dgongs pa/_/mngon sum rtogs pa'i lag rjes bdag la med kyang*/_/legs bshad seng ge'i sgra dbyangs thos bsam gyur pa/_/cha shas yid la gang shar bris nas song ngo*/_/a cang ku re lags te las nyon pho nyas/_/'jab khung mang por rig pa'i khye'u chung btsas pas/_/mtha' med 'khor ba'i grong khyer rgyu grab 'dug pas/_/thugs rje'i lcags kyus zungs shig bla ma mkhyen no/_/de skad gnas 'brel phyin pa'i thun gseng zhig tu/_/o rgyan gzhan phan dge ba'i blo yis bskul te/_/mdo smad mi rgan kha nas bcos gtam shor bas/_/khyed dgyes dge la brtson cig blo gsal grogs po/_/zhes sa bya nag zla'i 3tshes 28la mang+ga las gnas de nyid du bris pa'o/__!__pha ran si yi sman ljongs nyams dga' bar/_/rgan po rab gsal zla ba phyin pa'i tshe/_/sman ljongs me tog ljon shing skyed mo'i tshal/_/sum rtsen lha la 'gran pa lta bu 'dug_/ras dkar lding gur mthon po'i khri stan sogs/_/bkod pa rmad byung 'khor gyi tshogs dang bcas/_/zab rgyas chos kyi kha khram gdugs ltar phub/_/steng nas tsha zer rgyal pos ngad kyi gdung*/_/bar nas reg bya tsha bu'i rlung gis gzir/_/sa steng slob ma pho mo gcer bur rgyugs/_/bskal pa me ltar 'bar ba'i pho brang gyur/_/rgan po lus zungs zad pas ma theg ste/_/tsha rlung grib kyis 'du ba gting nas 'khrugs/_/zug rngu khab rtse lta bu'i lag g.yas gdung*/_/grib khams rnyogs pas bying rmug 'thib gsum 'dzoms/_/skad gdangs chag nas sa phug byi ba ltar/_/gyur nas mal stan mthon por 'gre ldog byas/_/bsil ba'i reg bya nam zhig 'thob snyam ste/_/skom pa chu gdung lta bur gyur na yang*/_/u tshugs chen pos chos 'khor bskor bar bskul/_/na ba'i skad grags rgyal khams yongs la khyab/_/khams 'phrod yul du shog ces mang zer yang*/_/'dod don ma grub bar du thabs kyis bshol/_/nam mkhar bltas na in+d+ra'i mdog ltar sngo/_/tsha zer brgya pa'i gzi brjid nyin bzhin che/_/sprin dkar bu mo nam langs skar ma 'dra/_/grang ba'i reg bya rin chen gser las dkon/_/nying 'khrul mang pos cho 'phrul cir yang ston/_/ci bya bdol med shugs ring 'don nas bsdad/_/kha bzhi lho yi chos kyi rgyal khab dang*/_/dge 'dun sde bzhis zhabs brtan bka' drin bskyangs/_/nyin shas mtshams nas bsil ldan ra ba dkar/_/rgyu ba'i rten 'brel zla gzhon shar la khad/_/bar der mkhas blun dkar dmar mang po yis/_/'brel dang ma 'brel chos bshad gdugs ltar phub/_/nyams la mtshar dgu'i ltad mo ci yang mthong*/_/khyed ni mkhas btsun blo gros ldan pa'i dbus/_/rgyan drug mkhas pa'i legs bshad thos bsam mdzad/_/mang thos nor bsags bsam byung rin thang ljid/_/sgom pa'i nyi ma snying la rim bzhin 'char/_/rgyal bstan pad+ma'i dga' tshal dal bus 'grim/_/thos 'dzin son pas snying nas rjes yi rang*/_/ring min dgyes zhal pad+ma dkar po'i 'dzum/_/mig gi bdud rtsir sim snyam rim pa bzhin/_/bar der 'brel med gtam gyi gling bu zhig_/so med kha nas thon te gus pas phul/__!_la so na ri'i bsam gtan gyi khang bu la bsngags pa rab dga'i rgyan zhes bya ba/_ka ma la yi 'dab ltar yangs pa'i klung*/_/kha dog gcig tu mi gnas ljon shing tshal/_/ga sha'i phreng bzhin phyogs mtshams tshar du dngar/_/nga yi bsam gtan skyil bu nyams su dga'/_/ca co rna bar gzan pa'i grong khyim med/_/cha med kun 'gro nam mkha'i go skabs yangs/_/ja hong 'char ka'i sprin las nyi zla'i 'dzum/_/nya ldan dag byed phreng ba'i do shal spud/_/tA re'i zhing mchog g.yu lo bkod pa lta'i/_/tha dad ne'u gseng rkang 'thung do ra rnams/_/da dus snod bcud rgud pas ma rmas pa/_/na gzhon lang tsho bzhin du phan tshun 'gran/_/pa ra sid+d+hi sgrub pa'i gnas mchog gi_/pha mtha' yas pa'i yon tan kun rdzogs pas/_/ba mchog gzan la bkram 'dra'i rnal 'byor bdag_/ma ma dgyes dgu'i skyong bzhin skyid nyal byas/_/tsA ri bzhin du nags tshal brag ri'i khang*/_/tsha grang nyams 'gyur ci yang gsal ba dang*/_/dzam bu nA da'i ljon bzang 'bras bu bzhin/_/wa ler yon tan gsal ba'i ljongs 'di rmad/_/zha rengs bral ba'i mi rnams rtse 'jos brel/_/za ma shing 'bras me tog bcud sogs la/_/'a 'ol sgra ldan grong khyer du ma'i dbus/_/ya mtshan bsam gtan khang bu yid 'ong grub/_/ra ba ltar mdzes lhun po'i phyogs kun bskor/_/la so na ri'i bsam gtan khang bu 'di/_/sha ba ma bu bag phebs dal gyis rgyu/_/sa yi dpyad legs bdag gi skal bar bab/_/ha cang gcam bu ma yin don gnas kyis/_/a ho sgrub pa'i gnas 'dir bsngags pa'i ngag_/ha ri'i bsung zhim lta bu nyams mtshar du/_/a di ka di'i phreng bar spel te song*/_/i shwa ra gnas ti se'i lhun po bzhin/_/u rgyan mkhan po'i lung gis bsngags pa'i gnas/_/e ma snang ba sgyu ma'i bkod pa la/_/o rgyan bla mas mkhyen brtses bskyangs des smras/_/zhes phyogs med rgyal khams nyul ba'i rgan po mang+ga las sug las so/__!__kwa ye dbu mdzad pad+ma bkra shis dang bde legs/_/kha che gnyer ma mang po'i dge sbyong la zhu ba'i/_/ga bur 'dzin pa'i zil mngar lta bu yi ngag 'di/_/nga yis 'bul lo dgyes pas gzigs rtogs kyang zhu'o/_/ca co'i slong yig la sogs zing zing zing med kyang*/_/cha shas thigs pa bsags pa'i rgya mtsho ru gyur nas/_/ja bzang shing bzhin kun dga' don 'grub kyi dpal yon/_/nya gang zla dkyil lta bu legs thob la dga' yo/_/ta thA ga ta'i bstan pa ye rdzogs kyi mnga' bdag_/tha ma'i dus la sangs rgyas mi gzugs su byon pa/_/da lta'i bstan 'dzin 'gran bral 'jam dbyangs mgon rnam gsum/_/na tshod brtas pa'i bstan la lhag bsam gyi sgo nas/_/pa sangs shar rir chas pa'i skya reng bzhin mdzes pa/_/pha la byas pa drin bzo'i gtsug lag gi bstan rtsa/_/ba mchog 'o zho lta bu zad med du byung bas/_/ma lus phan bde'i dpal gyur lung rtogs sde tshugs song*/_/tsA ri gnyis pa mtsho chen pad+ma dang 'dabs 'brel/_/tsha grang snyoms pa'i gnas su chos kyi gzhis tshugs pas/_/dza lan+d+ha sogs gnas chen gnas phran gyis bskor der/_/wa ltar nyams dman ma byung mtho mtho ru chas song*/_/zhwa l+h+wam lto gos don gyi ku sA li ma yin/_/za 'dod thabs kyi g.yo rgyu kha bsag gi skyon med/_/'a 'ur tshur 'chos gzhog slong thob thang gis ma 'phrog_/ya mtshan bstan la dad pa'i bsam sbyor de rmad byung*/_/ra ba gangs ri'i ljongs gyi bstan pa tsam med kyang*/_/la klung ngal bas brgal nas 'phags yul du phyin tshe/_/sha khrag zas la rngam bzhin sangs rgyas kyi bstan pa/_/sa steng khyab par brdal ba'i rten 'brel yang zhu'o/_/ha ha ci yin med pa'i smyon pa yi ngag 'di/_/a mtshar gang dran ma bcos bris pa'i mod nyid nas/_a ti sgrub brgyud 'dzin pa'i sbas gnas su phyin nas/_/ha he ngoms shing tshims pa'i smon lam kyang zhu'o/_mang+ga las so/__!__ka dag lta ba kha khyer a mA ra/_/kha bshad bde mdog kha po'i chos bshad mang*/_/ga ler rang gi sems la brtags dpyad thong*/_/nga bdag gyong po thul dang ma thul ltos/_/ca co'i chos bshad 'on pa'i rol mo yin/_/cha lugs chos gos nges 'byung sems kyis gyon/_/ja sogs zas la sred pa med par mdzod/_/nya zla lta bu'i tshul khrims yon tan soms/_/tA la'i ljon shing skyes pa rgya gar dang*/_/tha dad rgya mtsho'i mthar skyes rgyal khab tu/_/da lta rab byung khrims 'dzin nyin skar 'dra/_/na chung 'dod pa'i khol por ma 'phyan mdzod/_/pa sang lta bu'i tshul khrims ma nyams na/_/pha rol 'jig rten tshur rol gnyis ka skyid/_/ba glang lta bu'i deng sang rmongs pa rnams/_/ma rab spyod la stod bsngags dgos 'di 'khrul/_/tsA ri gangs ri dben gnas ma zin yang*/_/tsha zer brgya mtshungs tshul khrims rin po che/_/dza ya thub pas pha nor bur gzhag pa/_/wa ler sems zhog gces spras rems shig ang*/_/zhwa mo skra lo 'khyor po med kyang sla/_/za 'dod rnyed tshul gya gyu ma mdzad par/_/'a 'ur thams cad sgyu ma'i cho 'phrul phyir/_/ya mtshan mi 'dug phyis nas brlag ta re/_/ra ris 'khrul pa'i dri med sangs rgyas kyi/_/la 'ur go 'phang thob pa'i yon tan tshogs/_/sha rkyang spang la rtsen bzhin tshul khrims kyis/_/sa steng skyes bu bzhin du 'dzin par bsngags/_/ha lo lta bu'i nyon mongs rang rgyud bsten/_/a ti theg mchog sngags la kha g.yar ba/_a mtshar byis pa'i rtse mo lta bu yin/_/ha ha de 'dra ma mdzad pha bzang bu/_/de skad rang rgyud nyon mongs dbang song ba'i/_/sdug bsngal nyams su myong ba'i dmar khrid 'di/_/phan 'dod sems kyis bris pas yid la zhog_/e bden dgung lo bgres bzhin mkhyen nges so/_/da ni dus ngan snyigs ma'i mtha' la thug_/tshul khrims ldan pa lkug pa lug tu rtsi/_/cung zad shes pa dag gis theg dman zer/_/bstan pa 'jig pa'i snga ltas 'di bsam la/_/sprul sku 'chi med ban rgan sdom gtsang mdzod/_/rdzu 'phrul spyod pas snang srid dbang bsgyur ba'i/_/che rtags sna gcig med par bud med tsam/_/bsten pa sngags lam yin na mi phyed lhag_/sngags par 'dug pas grol snyam gad mo'i gnas/_/gsang sngags ston pa o rgyan chen pos kyang*/_/lta phyogs spyod pa ma shor gdams mdzad na/_/deng sang lta ba dma' la spyod pa mtho/_/gnams go ldog song ba'i mtshang 'di gzigs/_/de tshul shes pas dam pa'i skyes bu khyed/_dam pa'i skyes bu'i yon tan gzhan med kyang*/_/dam tshig sdom pa gtsang 'di nyi ma bzhin/_/mtha' tu phyin par phan snyam bris te phul/_mang+ga las so__!_ka dag dbyings kyi sbubs nas 'od gsal ye gdang*/_/kha dog rnam bkra'i ltad mos zag pa rang zad/_/ga bur 'dzin bzhin zhi bsil sgo mchog kyis mdzad/_/nga yi skyabs gcig zhe chen pa de mkhyen no/_/ca co'i 'ur gyis chos brgyad stong sgrob med kyang*/_/cha shas nang gi sa lam rdzogs pa'i rig 'dzin/_/ja bzang bdud rtsi'i mi mtshon skyes kyis sim pa'i/_/nya gang zla gzhon lta bu'i bu khyod ngo mtshar/_/ta la'i nags tshal rgyas pa rgya gar gling nas/_/tha dad gzugs kyis rnam pa ngo bo dbyer med/_/da lta pha bu 'phrad pa'i dga' ston skyes song*/_/na tshod gzhon yang ye shes rtsal rdzogs mjal byung*/_/pA ra mi ta mdo dang gsang sngags kyi zab gnad/_/pha mtha' yas pa'i gnad don gcig tu bsdus nas/_/ba mchog 'jo bzhin chos sgo bgrang yas ston pas/_/ma rgan 'gro ba sgrol mdzad bu khyod ngo mtshar/_/tsA ri tra sogs ma nges rdo rje'i gnas su/_/tsha grang khur du bzod pa'i rgyal khams bya bral/_/dza len+d+ha ra la sogs grub thob bu brgyud/_/wa ler chos sku'i dgongs pas nyul 'di skyid do/_/zhwa ltar 'khyogs po 'khyil ba snyigs ma'i sdug bsngal/_/za 'dod zas kyi gdung bzhin thog tu bab kyang*/_/'a 'ur 'khrul pa'i rdzun phug nang nas rdib pas/_/ya mtshan chos nyid rjen pa'i grogs su 'char byung*/_/ra ri bral ba'i ye shes mngon sum mthong bzhin/_/la la tsam min mkha' khyab 'gro sgrol sems can/_/sha tsha snying rje'i 'brel tshad don ldan ngang nas/_/sa lam nang nas rdzogs pa'i rig 'dzin skyid do/_/ha ha smyon pa'i zob gtam gtad so med kyang*/_/a ti theg mchog sgom pa'i bu brgyud nged cag_/a don zang thal klong nas dga' skyid 'dzom pas/_/ha ho ngoms pa'i tshul du thal byung smras so/__/ces pa'ang mang+ga las so//__!__/dpal mgon bla ma rjes su dran pa'i thol glu bcos min dad brgya'i gling bu zhes bya ba bzhugs so/_/ a ho/_oM yig lnga ldan ye shes sgyu 'phrul gyi rol rtsed/_/sku gsum rgyal ba yongs kyi spyi mes su grub pa/_/zag med yon tan chos dbyings mnyam nyid du bkod pa'i/_/rgyal kun spyi gzugs dpal mgon bla ma de mkhyen no/_/AHyig srid zhi'i chos kun thig le gcig zlum ste/_/rang byung 'od gsal zag med bde ba che'i klong du/_/ma lus yon tan lhun rdzogs dang po yi sangs rgyas/_/chos sku'i bla ma nam mkha'i rdo rje de mkhyen no/_/gu ru mchog tu mi 'gyur bde stong gi gsang gsum/_/rab 'byams dkyil 'khor 'khor lo'i mgon po yi tshul gyis/_/mtha' yas dkyil 'khor rgya mtsho spro bsdu yi byed po/_/longs sku'i bla ma rdo rje dbang phyug rtsal mkhyen no/_/shrI don gnyis lhun grub thabs mkhas kyi phrin las/_/kun khyab thugs rje'i sprin gyi shing rta la 'dzegs nas/_/srid zhi'i rgud sel rje btsun 'jam dpal dbyangs dngos snang*/_/sprul sku'i bla ma chos kyi blo gros mchog mkhyen no/_/pad+ma'i rigs mchog 'gro 'dul 'phags pa che'i gdul zhing*/_/gangs can bstan pa'i shing rta khri srong rje khu dbon/_/ris med bstan 'gro'i mun sel mkhas grub kyi tshul 'dzin/_/thub bstan yongs rdzogs bdag po chos kyi rje mkhyen no/_/he ru ka dpal snang srid zil gnon gyi che mchog_/gnas gsum mkha' 'gro'i tshogs rje spyi dpal che'i rje btsan/_mchog thun dngos grub rgya mtsho'i dga' ston gyi rol mos/_/rigs 'dzin sar sbyor rgyud kun bdag po che mkhyen no/_/sarba sid+d+hi'i gnas skabs las bzhi yi phrin las/_/mthar thugs sku lnga lhun grub bde ba che'i grong du/_/mgon khyod dran pa tsam gyis ngal med du 'dren pa'i/_/sangs rgyas kun las bka' drin rmad byung de mkhyen no/_/pha la skal pa rmad byung khyod kyi gsung bsnyen nas/_/bka' gter gdams pa'i bdud rtsi'i dga' ston la spyod pas/_/rnam grol phyir mi ldog pa'i ngal stegs la sbyor ba'i/_/bka' drin rjes su dran nas bla ma rje mkhyen no/_/hU~M yig ye shes srog gi snying po nas bskul bas/_gsang gsum rdo rje'i dbyings su gnyis med kyi dbang chen/_/bdag la da lta bstsal te pha khyod dang mnyam pa'i/_/byin rlabs char chen phob mdzod rje khyed gcig mkhyen no/_/mkhyen no 'jam pa'i dbyangs dngos drin chen gyi bla ma/_/khyon ni phyogs dus rgyal ba'i rnam thar dang gnyis med/_/rab 'byams dag pa'i zhing na btang snyoms su ma bzhugs/_/'khrul pas gdung zhing mnar ba'i gdul bya la gzigs mdzod/_/rab 'byams 'dren pa kun las thugs bskyed kyi go cha/_/khyad 'phags 'jam dpal dbyangs zhes rgyal kun gyis bsngags pa'i/_/bden don mngon sum gyur pas gdul dka' yi skye bo/_/srid zhi'i g.yang las sgrol cig re ltos kyi yul gcig_/'khrul zhing 'khor bar 'khyam byed gnyis snang gi mdud pa/_/ye shes ral gri rnon pos yud tsam gyi bcad de/_/mkhyen gnyis snang ba chen pos ma rig gi mun pa/_/myur du sel bar mdzod cig dpal mgon gyi bla ma/_/rang rig ye shes rdo rje nges don gyi bla ma/_/gdod nas 'du 'bral med kyang mngon sum du ma mthong*/_/phyir bltas sgyu ma'i rtsed mos col chung nga 'drid pas/_/rang zhal mngon sum mjal ba'i skal bzang la sbyor cig_/rnam 'dren phyi yi bla mas chos sgo ru btsud kyang*/_/nges don nang gi bla ma snying dbus nas stor te/_/rig rtsal bdag tu 'dzin pas srid zhi'i g.yang 'phyan nas/_/chos dang rang rgyud 'dzol ba'i dred po nga thul mdzod/_/rgyal kun thugs kyi dbus su ye shes kyi sems dpa'/_/'gro kun snying la khyab brdal ye shes kyi gsang mdzod/_/shes dang shes bya gnyis med nges don gyi bla ma/_/rdo rje nam mkha' lta bu'i dgongs pa'i rtsal spor cig_/de skad dpal mgon bla ma dran pa yi gdung glu/_/bcos min rig pa'i gsang nas thol byung du shar ba/_/zil gnon snron zla'i tshes _6_la yud tsam gyi ngang nas/_/rgyal khams bung ba bkra shis dpal 'byor des smras so//_//

Footnotes

Other Information