DKR-KABUM-02-KHA-039: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
(8 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=སྙིང་ཐིག་གསལ་སྒྲོན་བླ་མ་མཆོད་པའི་ཚུལ་དུ་སྤྲོས་པའི་ལྷན་ཐབས་ངོ་མཚར་ནོར་བུའི་ཕྲེང་བ། | |||
|fulltitle=snying thig gsal sgron bla ma mchod pa'i tshul du spros pa'i lhan thabs ngo mtshar nor bu'i phreng ba | |||
|citation=[[Khyentse, Dilgo]]. ''Snying thig gsal sgron bla ma mchod pa'i tshul du spros pa'i lhan thabs ngo mtshar nor bu'i phreng ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 2: 189-207. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|associatedpeople='jam dbyangs mkhyen brtse chos kyi blo gros | |||
|associatedpeopletib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |||
|tibgenre=Guru Offering Texts- bla ma mchod pa, Guru Yoga Texts - bla ma'i rnal 'byor | |||
|terma=No | |||
|dkroutline=Two | |||
|cycle=zab lam snying thig gsal sgron | |||
|cycletib=ཟབ་ལམ་སྙིང་ཐིག་གསལ་སྒྲོན་ | |||
|language=Tibetan | |||
|volumenumber=002 | |||
|volnumtib=༢ | |||
|volyigtib=ཁ་ | |||
|totalvolumes=25 | |||
|textnuminvol=039 | |||
|pagenumbers=189-207 | |||
|totalpages=37 | |||
|beginfolioline=1a | |||
|endfolioline=19a5 | |||
|totalfolios=19 | |||
|multivolumework=No | |||
|rectonotes=lhan thabs | |||
|versonotes=snying thig gsal sgron | |||
|colophontib=།ཅེས་པའང་ཨེ་ཝྃ་ཁང་སར་ཞབས་དྲུང་མཆོག་སྤྲུལ་འཇམ་དབྱངས་ཆོས་ཀྱི་གྲགས་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་དང༌། དད་དམ་རྣམ་པར་དཀར་བ་འཇམ་དབྱངས་སེང་གེ་ཟུང་ནས་ཆེད་དུ་བསྐུལ་བ་ལྟར་རྗེ་བཙུན་བླ་མ་མཆོག་གིས་ཐུན་མོང་མ་ཡིན་པའི་བཀའ་དྲིན་ཆེན་པོའི་རྟག་པར་སྐྱོང་ཞིང་དད་སློབ་ཀུན་གྱི་གྲལ་མཐར་འཁོད་པ་བཀྲ་ཤིས་དཔལ་འབྱོར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་སྦས་གནས་ཆེན་པོ་འབྲས་ལྗོངས་སྤྲུལ་པའི་ཞིང་གི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་ཞེས་རང་བྱུང་གྲུབ་པ་ཆེན་པོ་དུ་མས་བྱིན་གྱིས་རླབས་པའི་སྨན་ལྗོངས་སུ་ཆོས་རྗེ་འཇམ་པའི་དབྱངས་ཀྱི་དུས་ཆེན་ཉིན་གྲུབ་པར་སྦྱར་བ་འདིས་ཀྱང་འགྲོ་ཀུན་དཔལ་ལྡན་བླ་མའི་ཟབ་གསང་ཡེ་ཤེས་ཀྱི་འཁོར་ལོར་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། | |||
|colophonwylie=/ces pa'ang e wa~M khang sar zhabs drung mchog sprul 'jam dbyangs chos kyi grags pa bkra shis rgyal mtshan dpal bzang po dang*/__dad dam rnam par dkar ba 'jam dbyangs seng ge zung nas ched du bskul ba ltar rje btsun bla ma mchog gis thun mong ma yin pa'i bka' drin chen po'i rtag par skyong zhing dad slob kun gyi gral mthar 'khod pa bkra shis dpal 'byor rang byung 'od gsal thugs mchog rdo rje'i sbas gnas chen po 'bras ljongs sprul pa'i zhing gi lte ba brag dkar bkra shis lding zhes rang byung grub pa chen po du mas byin gyis rlabs pa'i sman ljongs su chos rje 'jam pa'i dbyangs kyi dus chen nyin grub par sbyar ba 'dis kyang 'gro kun dpal ldan bla ma'i zab gsang ye shes kyi 'khor lor mngon par byang chub pa'i rgyur gyur cig___/dge'o/___/mang+ga laM// | |||
|recensionlink=JKCL-KABUM-10-THA-021 | |||
|pdflink=File:DKR-KABUM-02-KHA-039.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙིང་ཐིག་གསལ་སྒྲོན་བླ་མ་མཆོད་པའི་ཚུལ་དུ་སྤྲོས་པའི་ལྷན་ཐབས་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས། | |||
༄༅། །ཆོས་ཀྱི་དབྱིངས་ཀློང་མཁྱེན་བརྩེའི་བློ་གྲོས་མཐུ། །ཡེ་ཤེས་འོད་གསལ་སྤྲིན་གྱིས་རབ་འབྱམས་ཞིང༌། །མཛེས་བརྡལ་དགེ་ལེགས་ཆར་གྱིས་སྲིད་ཞིའི་དཔལ། །འདོད་འཇོ་དཔལ་ལྡན་བླ་མ་རྒྱལ་གྱུར་ཅིག །ཁྱོད་ཞབས་དད་པའི་བསྙེན་བཀུར་འབའ་ཞིག་གིས། །མངོན་མཐོ་ངེས་ལེགས་ཡོན་ཏན་ཟད་མེད་དུ། །སྩོལ་ཕྱིར་རྡོ་རྗེའི་གསུང་གི་གསང་བ་ལ། །མཛེས་རྒྱན་ངོ་མཚར་ནོར་བུའི་ཕྲེང་བ་སྤེལ། །རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་གཟིགས་མཆོག་གི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱུང་བའི་བླ་མའི་རྣལ་འབྱོར་རྡོ་རྗེ་གསང་བའི་ཚིག་ཐུན་མོང་མ་ཡིན་པ་སྙིང་ཐིག་གསལ་སྒྲོན་ཉིད་བླ་མ་མཆོད་པའི་ཚུལ་དུ་ཅུང་ཟད་སྤྲོས་ཏེ་ཉམས་སུ་ལེན་པའི་ཚུལ་ལ་གསུམ། དང་པོ་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ས་ནི། གནས་ཁང་ཕྱག་བདར་རྒྱན་གྱིས་སྤྲས་པའི་གུང་དུ་བླ་མའི་སྐུ་འབག་སོགས་རྟེན་ཁྱད་པར་ཅན་གྱི་མདུན་མཎྜལ་སྟེང་དྲི་བཟང་གིས་སྦག་པའི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་ཀྱི་མཆོད་པ་གཙང་ཞིང་རྒྱ་ཆེ་བ་ཇི་ལྟར་འབྱོར་བ་བཀོད་མཛེས་སུ་བསྟར། རང་གི་མདུན་དུ་མཎྜལ། རྡོར་དྲིལ། རོལ་མོའི་རིགས་སོགས་འདུ་བྱས་ཏེ་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་འཁོད་པས། དད་པ་དང་ངེས་འབྱུང་གི་བློ་བཅོས། བྱང་ཆུབ་སེམས་ཀྱི་ཀུན་སློང་དང་མ་བྲལ་བས་སྒོ་གསུམ་གཅིག་དྲིལ་དུ་ཉམས་སུ་ལེན་པར་བྱ་དགོས་ཤིང༌། དེ་ཡང་སྐྱབས་འགྲོ་དང༌། སེམས་བསྐྱེད། ཚད་མེད་བཞིའི་རྒྱུད་སྦྱངས་བ་རྣམས་གཞུང་ལྟར་གྲུབ་པའི་རྗེས་གནས་ཡོ་མཆོད་རྫས་བྱིན་གྱིས་བརླབས་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོ་འཕྲུལ་གྱི་བཀོད་པ་སྣོད་བཅུད་རྣམ་དག་འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་ཆེན་པོ་ལྷུན་གྱིས་རྫོགས་པ་མཉམ་ཞིང་མཛེས་པའི་རིན་པོ་ཆེའི་གཞི་དང་ལྷུན་པོའི་བཀོད་པ་ཡིད་དུ་འོང་ཞིང༌། ཕྱོགས་ཀྱི་ཁྱོན་དག་ཏུ་སྤོས་ཆུའི་རྒྱུན་དལ་གྱིས་འབབ་པ་གསེར་གྱི་བྱེ་མ་འདྲེན་པ་དང༌། མཚོ་དང་རྫིང་བུ་ལྡེང་ཀ་དུ་མས་བརྒྱན་པ། རིན་པོ་ཆེ་སྣ་བདུན་གྱི་བྲག་རི་དང་གངས་རིས་བསྐོར་བ། ནགས་ཚལ་དང་མེ་ཏོག་གི་ཕྲེང་བས་ཁྱབ་པ་ལ་སྤྲུལ་པའི་བྱ་དང་རི་དྭགས་བུང་བའི་ཚོགས་རྣམས་བག་ཕེབས་ཏེ་རྒྱུ་བ། ས་གཞི་དང་བར་སྣང་དུ་ནོར་བུའི་སྤྲིན་དང་འཇའ་ཟེར་གྱི་དྲྭ་བ་ལས་མཆོད་པའི་ཚོགས་དུ་མ་སྒེག་ཅིང་རྒྱན་དང་ལྡན་པའི་ལྷ་མོའི་ཚོགས་ཀྱིས་བསྟི་སྟངས་དང་བཅས་སྟེ་འབུལ་བ། རིན་པོ་ཆེ་དང་སྨན་དང་མེ་ཏོག་སྣ་ཚོགས་པའི་ཆར་དང༌། གདུགས་དང་རྒྱལ་མཚན་བ་དན་དུ་མ་ཕྱོགས་ཀུན་ནས་དཀར་ཕྱོགས་ཀྱི་ལྷས་བསྒྲེངས་བ། མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ཏིང་ངེ་འཛིན་གྱི་མཐུ་ལས་བྱུང་བའི་དག་པའི་ཞིང་ཆེན་པོ་བདེ་བ་ཅན་ལ་སོགས་པའི་བཀོད་པ་ཚད་མེད་པ་བཞིན་ཆོས་ཀྱི་དབྱིངས་དང་མཉམ་པར་རྟག་ཏུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་དང༌། མཆོད་པའི་སྤྲིན་གཟུངས་ཀྱང་བཟླ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ། ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ། བཛྲ་སྥ་ར་ཎ་ཁཾ། གཉིས་པ་དངོས་གཞི་གཞུང་གི་རྟེན་བསྐྱེད། ཨཱཿ མདུན་མཁར་འཇའ་འོད་སོགས་ནས། ཆེན་པོར་གསལ། ཞེས་པའི་བར་གྲུབ་པའི་རྗེས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་མཆོག་གི་དབུའི་སྤྱི་བོའི་གཙུག་ཏུ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་སྐུ་མདོག་དཀར་གསལ་རབ་ཏུ་བྱུང་བའི་ཆས་ངུར་སྨྲིག་གི་ན་བཟའ་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱང་བས་རྡོ་རྗེ་འཛིན་ཅིང༌། དྲིལ་བུ་དང་བཅས་པའི་ཕྱག་གཡོན་པ་མཉམ་བཞག་གི་ཕྱག་རྒྱ་ཅན། གཡས་གཡོན་གྱི་ཕྱག་ལས་སྐྱེས་པའི་ཨུཏྤ་ལའི་སྡོང་བུ་འདབ་མ་སྙན་གྱི་ཐད་སོར་རབ་ཏུ་རྒྱས་པའི་ཟེའུ་འབྲུར་གཡས་སུ་ཚེ་བུམ་དང༌། གཡོན་དུ་གླེགས་བམ་རལ་གྲིས་མཚན་པ། དབུ་ལ་སྡེ་སྣོད་རབ་འབྱམས་འཛིན་པའི་པཎ་ཞུ་གསོལ་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་དར་ཟབ་དམར་སེར་གྱི་གདན་ལ་བཞུགས་པའི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཆས་ཅན་ཕྱག་གཡས་ཆོས་འཆད་དང་གཡོན་པས་མཉམ་བཞག་གི་སྟེང་གླེགས་བམ་གྱིས་མཚན་པ་འཛིན་པའི་མདུན་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། གཡས་སུ་རིག་འཛིན་དགའ་རབ་རྡོ་རྗེ། གཡོན་དུ་སློབ་དཔོན་ཤྲཱི་སེང་ཧ་སོགས་ཟབ་དོན་མན་ངག་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་བསྐོར་བ། གཙོ་བོའི་དབུ་གཙུག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་རྗེ་བཙུན་འཇམ་དཔལ་དབྱངས་གསེར་བཙོ་མའི་མདོག་ཅན་རལ་གྲི་དང་གླེགས་བམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་འོད་ཟེར་གྱི་ཀློང་ན་བཞུགས་པ། གཡས་སུ་འཇམ་མགོན་བློ་གྲོས་མཐའ་ཡས་དང༌། གཡོན་དུ་མཆོག་གྱུར་བདེ་ཆེན་གླིང་པ་ལ་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མས་བསྐོར་ཏེ་བཞུགས་པ། དེ་དག་གི་རིགས་བདག་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་གཡས་ཕྱོགས་སུ་གངས་ཅན་རྒྱུད་སྡེའི་ཤིང་རྟ་ཆེན་པོ་བི་མ་ལ་མི་ཏྲ་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་ལྗང་སེར་གཟི་བྱིན་རབ་ཏུ་འབར་བ་པཎྜི་ཏའི་ཆས་ཅན་དར་སྔོན་གྱི་སྟོད་གཡོག་ཅན། ཕྱག་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་གང་བའི་ཚེ་བུམ་འཛིན་པ། ཤངས་རྩེར་སྐྱེ་མེད་ཀྱི་ཡི་གེ་ཨ་དཀར་པོས་མཚན་པ། སློབ་དཔོན་བི་མ་ལའི་མཐའ་སྐོར་དུ་སློབ་དཔོན་སངས་རྒྱས་གསང་བ། པཎ་ཆེན་སྒེག་པའི་རྡོ་རྗེ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཉགས་ཛྙཱ་ན་ཀུ་མཱ་ར། རྨ་ལོ་རིན་ཆེན་མཆོག །སོ་ཡེ་ཤེས་དབང་ཕྱུག །གསང་བདག་ཟུར་མེས་དབོན་གསུམ་ལ་སོགས་པ་སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་ལོ་པཎ་མཁས་གྲུབ་དུ་མས་བསྐོར་བ། གཡོན་དུ་བོད་ཡུལ་སྒྲུབ་སྡེའི་ཤིང་རྟ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁོར་ལོའི་བསྒྱུར་བའི་ཆས་ཅན་ཕྱག་མཉམ་བཞག་གི་སྟེང་གསེར་གྱི་འཁོར་ལོ་རྩིབ་སྟོང་ལྡན་པ་བསྣམས་ཤིང༌། གཡས་གཡོན་དུ་པདྨའི་སྡོང་བུའི་སྟེང་རལ་གྲི་དང་གླེགས་བམ་གྱིས་སྤྲས་པ། མཐའ་བསྐོར་དུ་མཁའ་འགྲོ་ལས་ཀྱི་དབང་མོ། བཀའ་བབ་རིག་འཛིན་རྣམ་དགུ། རྗེ་འབངས་སྙིང་གི་བུ་དགུ་ལ་སོགས་པ་གསང་བ་རྒྱ་མཚོའི་མངའ་བདག་གྱུར་པའི་རིག་འཛིན་གྲུབ་བརྙེས་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། གཙོ་མཆོག་བླ་མ་ཧེ་རུ་ཀ་ཆེན་པོའི་མདུན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ལ་མདོ་སྒྱུ་སེམས་ཀློང་མན་ངག་གི་བརྒྱུད་པ་དང༌། བཀའ་གཏེར་དག་སྣང་གི་མཁས་གྲུབ་རིག་པ་འཛིན་པའི་ཚོམས་བུ་མཐའ་ཡས་པ་དང་བཅས་པ། གཡས་སུ་འཕགས་མཆོག་མིག་མི་འཛུམ་དངོས་ཀུན་གཟིགས་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་ལ་བཀའ་གདམས་གསར་རྙིང་གི་སྲས་བྱང་ཆུབ་སེམས་དཔའ་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུའི་ཚོགས་དང་བཅས་སྟེ་བཞུགས་པ། རྒྱབ་ཏུ་གངས་ཅན་རྡོ་རྗེ་འཛིན་པའི་རྒྱལ་པོ་གྲགས་པ་རྒྱལ་མཚན་ལ་གསང་ཆེན་ལམ་འབྲས་ཚོགས་སློབ་བཀའ་བབས་ངོ་མཚར་གསུམ་གྱི་མཁས་གྲུབ་རྣལ་འབྱོར་གྱི་སྐྱེས་བུ་བརྒྱུད་པའི་ཕྲེང་བ་བསམ་མི་ཁྱབ་པས་མཛེས་པ། གཡོན་དུ་མཉམ་མེད་དྭགས་པོ་ལྷ་རྗེ་ལ་རྟོགས་པ་དོན་བརྒྱུད་ཀྱི་ཡེ་ཤེས་ཆེན་པོའི་གཟི་བརྗིད་དཔལ་དུ་འབར་བའི་བཀའ་བརྒྱུད་གྲུབ་པའི་ཁྱུ་ཚོགས་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པས་བསྐོར་བ། གཞན་ཡང་དེ་དག་གི་བར་མཚམས་སུ་དཔལ་ལྡན་ཤངས་པ་བཀའ་བརྒྱུད། དམ་ཆོས་སྡུག་བསྔལ་ཞི་བྱེད། ཟབ་མོ་བདུད་ཀྱི་གཅོད་ཡུལ། དཔལ་ལྡན་དུས་ཀྱི་འཁོར་ལོ། རྡོ་རྗེའི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་སོགས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དང༌། གངས་ཅན་བཤད་པའི་བཀའ་སྲོལ་བཅུ་ལ་སོགས་པ་རྒྱལ་བསྟན་རིན་པོ་ཆེ་འཛིན་སྤེལ་སྐྱོང་བའི་སྐྱེས་ཆེན་གྱི་རིས་སུ་མ་ཆད་པའི་ཚོགས་ཐམས་ཅད་རིག་འཛིན་བླ་མའི་གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་དངོས་གཅིག་དུ་མའི་ཆོ་འཕྲུལ་འབྱམས་ཀླས་པས་མཛེས་པའི་མཐའ་བསྐོར་དུ་རྒྱུད་སྡེ་དྲུག་གི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་དྭངས་བའི་མཁའ་ལ་ཆར་སྤྲིན་དཀྲིགས་པ་ལྟར་ཆོས་ཀྱི་དབྱིངས་དང་མཉམ་པར་འབྱམས་ཀླས་པའི་བཀོད་པ་ཆེན་པོ་ལྷུན་གྱིས་གྲུབ་པ་མངོན་སུམ་བཞིན་དུ་བཞུགས་པར་གྱུར། དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་འབྲུ་གསུམ་གྱི་མཚན་པ་ལས་གྱུར་བའི་འོད་ཟེར་དང༌། མོས་གུས་གདུང་བའི་ཤུགས་ཀྱིས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པའི་རིག་འཛིན་བླ་མའི་ལྷ་ཚོགས་རྣམ་དང་གཉིས་མེད་དུ་བཞུགས་པར་གྱུར། ཞེས་གསལ་བཏབ་སྟེ་བླ་སྒྲུབ་གཞུང་གི་སྤྱན་འདྲེན་ཚང་བར་བཏང་རྗེས། ཨོཾ། རབ་འབྱམས་ཞིང་གི་རྒྱལ་བ་སྲས་དང་བཅས། །དཔལ་ལྡན་བླ་མའི་ཡེ་ཤེས་ཆོ་འཕྲུལ་ཏེ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཀུན། །དད་ལྡན་མོས་པའི་གནས་འདིར་གཤེགས་སུ་གསོལ། །ངོ་བོ་གཤེགས་བཞུགས་སྤྲོས་པ་མི་མངའ་ཡང༌། །རྣམ་པ་ཐུགས་རྗེས་ཡུལ་ལ་འཇུག་པའི་མཐུ། །དད་ལྡན་མོས་པའི་སྣང་ངོར་གང་འདུལ་གར། །འགག་མེད་ཅིར་ཡང་འཆར་བས་གཤེགས་སུ་གསོལ། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་རྨད་བྱུང་བས། །སྙིགས་དུས་སངས་རྒྱས་མཛད་པ་མངོན་སུམ་ཅན། །རྟག་ཏུ་མི་འབྲལ་དགོངས་པས་བྱིན་བརླབས་ཏེ། །རྡོ་རྗེའི་ཡེ་ཤེས་ཆེན་པོར་རོ་གཅིག་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་རུ་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿ མོས་གུས་མཆོད་སྤྲིན་བསམ་མི་ཁྱབ་པའི་དབུས། །དད་པའི་འདབ་སྟོང་བཀྲ་བའི་ཀེ་ས་རཿ ཚོགས་གཉིས་རིན་ཆེན་སེང་གེའི་ཁྲི་རྐང་སྟེང༌། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན༔ པདྨ་ཀ་མ་ལ་ཡ་སྟྭྃ། དེ་ནས་བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་རྒྱས་པར་འབུལ་བ་ལ་དང་པོ་ཕྱག་འཚལ་བ་ནི། གྲུབ་ན་ལུས་ཕྱག་དངོས་སུ་འཚལ་བ་དང་བཅས། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པ་སྤྲུལ་ནས་གུས་ཕྱག་འཚལ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་དུས་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དམ་ཆོས་ཆར་འབེབས་དགེ་འདུན་འདུས་པའི་གཙོ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་དངོས། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གདུལ་དཀའ་སྙིགས་མ་སྐྱོབས་པའི་དེད་དཔོན་མཆོག །ཁྱོད་ནི་སངས་རྒྱས་ཀུན་གྱི་གསང་མཛོད་འཛིན། །ཟབ་རྒྱས་ཆོས་སྒོ་འབྱེད་དང་སྡུད་ལ་དབང༌། །བསྟན་པའི་ཉིན་བྱེད་མཆོག་ལ་ཕྱག་འཚལ་ལོ། །སྐྱེས་རབས་དུ་མའི་ཐུགས་བསྐྱེད་མཛད་པ་ནི། །རབ་འབྱམས་ཞིང་དུ་ཆོས་ཀྱི་སྒྲོན་མེ་སྦར། །རྒྱལ་ཀུན་ཕྲིན་ལས་ཤིང་རྟའི་ཁ་ལོ་པ། །ཕན་བདེའི་རྩ་ལག་ཆེན་པོར་ཕྱག་འཚལ་ལོ། །སྟོན་པས་ལེགས་གསུང་དམ་ཆོས་བདུད་རྩིའི་མཚོ། །ཕྱོགས་སུ་མ་ལྷུང་གསན་བསམ་གྲུ་ཡིས་བརྒལ། །ཐུབ་བསྟན་ནོར་བུའི་འབྱོར་པས་ཡོངས་སུ་ཕྱུག །བསྟན་པའི་མངའ་བདག་མཆོག་ལ་ཕྱག་འཚལ་ལོ། །སྲིད་གསུམ་ཆེ་དགུའི་འབྱོར་པ་མཐའ་དག་ལས། །ཆོས་ཀྱི་ཉིང་ཁུ་མཆོག་ཏུ་གཅེས་པ་རུ། །གཟིགས་ནས་ཆོས་ཚུལ་འཛིན་དང་སྤེལ་བའི་མཐུས། །དོན་གྱི་ཤིང་རྟ་ཆེན་པོར་ཕྱག་འཚལ་ལོ། །དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས། །ལྷ་དང་ཌཱ་ཀིས་དངོས་སུ་བྱིན་གྱིས་བརླབས། །ཐུན་མིན་ཆོས་ཀྱི་སྒོ་གཏད་དགོངས་དོན་གྱི། །གཏིང་དཔོག་བདག་པོར་གྱུར་ལ་ཕྱག་འཚལ་ལོ། །ཟབ་དོན་བདུད་རྩིའི་ཉིང་ཁུའི་ཐུགས་ལ་སིམ། །ཉེ་བརྒྱུད་བཀའ་བབ་ལམ་སྲོལ་འདོད་དགུར་དབྱེ། །སྐལ་བཟང་ཡིད་ཀྱི་ཤིང་རྟ་ཡོངས་གང་བས། །རྫོགས་ལྡན་དང་པོར་བཞད་ལ་ཕྱག་འཚལ་ལོ། །བླ་མཆོད་འབྲིང་པོའི་སྐབས་འདི་ནས་འོག་གི་རྟགས་བར་བཞག་ཀྱང་རུང་ངོ༌། །མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །མ་བཅོས་ཀ་དག་ཟུང་འཇུག་རོལ་པའི་ངང༌། །དགོངས་པ་བརྡ་དང་སྙན་ཁུངས་གཏེར་ལ་སོགས། །དགུ་ལྡན་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེས་བུ་གསུམ་གྱི་ལམ་གྱི་རྒྱུད་སྦྱངས་ནས། །མཐའ་ཡས་སེམས་ཅན་བདེ་ལ་འགོད་མཛད་པའི། །དཔལ་ལྡན་ཇོ་བོ་རྗེ་ལ་སོགས་པ་ཡི། །བཀའ་གདམས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྣང་གསུམ་བརྒྱུད་གསུམ་སྙན་བརྒྱུད་མན་ངག་གིས། །དབུ་མར་འགྲོས་བཞི་ཐིམ་ནས་མཆོག་བརྙེས་པ། །དབང་ཕྱུག་བིརཝ་པ་ལ་སོགས་པ་ཡི། །ལམ་འབྲས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལུས་ལ་རླུང་སེམས་རྟེན་འབྲེལ་འགྲིགས། །དགའ་བཞི་ཡེ་ཤེས་བདེ་སྟོང་གར་གྱི་རོལ། །ཟུང་འཇུག་འོད་གསལ་འགྲོ་འོང་མེད་པར་རྟོགས། །མར་པ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །སྒྱུ་ལུས་རྨི་ལམ་ཟབ་མོས་རྒྱུད་སྦྱངས་ནས། །ཟུང་འཇུག་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་སོགས་པ། །ཤངས་པ་བཀའ་བརྒྱུད་རྣམས་ལ་ཕྱག་འཚལ་ལོ། །ཐབས་ཤེས་རྟེན་འབྲེལ་ལམ་གྱིས་རྒྱུད་སྦྱངས་ནས། །ཕྱི་ནང་འགལ་རྐྱེན་ཆོས་སྐུ་ཆེན་པོར་རྟོགས། །རྗེ་བཙུན་དམ་པ་རྒྱ་གར་ལ་སོགས་པའི། །ཞི་བྱེད་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྦྱང་བྱ་མེད་པའི་དོན་ལ་རྒྱུད་སྦྱང་ནས། །རོ་སྙོམས་སྤྱོད་པས་གང་བྱུང་ཐད་ཀར་སྤྱོད། །མ་གཅིག་ལབ་ཀྱི་སྒྲོལ་མ་ལ་སོགས་པའི། །གཅོད་ཡུལ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རླུང་སེམས་དག་པའི་རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྐུ་ཡི་རྡོ་རྗེའི་གནད་ཀྱིས་རྒྱུད་སྦྱངས་བས། །གསུང་གི་རྡོ་རྗེས་རླུང་སེམས་དབུ་མར་ཞུགས། །ཐུགས་ཀྱི་རྡོ་རྗེས་ཡེ་ཤེས་སྐུ་བསྒྲུབ་པ། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །མདོར་ན་ངོ་མཚར་ཆོས་ཀྱི་ཆུ་ཀླུང་འབུམ། །ཁྱོད་ལས་སྤྲོ་ཞིང་གཅིག་ཏུ་འདུས་པའི་སྲོག །ལུང་རྟོགས་དབྱིག་གི་གཏེར་གྱིས་ཕྱུར་བུར་གང༌། །ཡོངས་རྫོགས་བསྟན་པའི་མངའ་བདག་ཕྱག་འཚལ་ལོ། །ཁྱད་པར་པདྨའི་རིང་ལུགས་དངོྃས་གཏེརྃ་གྱི། །གསང་བ་རྨད་བྱུང་གསེར་གྱི་རྩིས་སྟོང་ཅན། །སྙིགས་མའི་རྒུད་སེལ་ཆོས་ནོར་འདོད་དགུའི་རྫས། །ཐོགས་མེད་ཡིད་བཞིན་སྩོལ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་རྗེ་འབངས་འདུས་པའི་སྨོན་ལམ་དང༌། །ཐུགས་བསྐྱེད་མཐུས་བསྐྲུན་ཆོས་ཀྱི་སྒོ་རབ་འབྱམས། །སླར་ཡངྃ་བོད་ཡུལ་བསྟན་འགྲོའི་རྒུད་སེལ་གཏེྃར། །སྤེལ་བའི་ཁྱིམ་བདག་མཆོག་ལ་ཕྱག་འཚལ་ལོ། །རིག་སྟོང་དགོངས་རྩལ་རྫོགས་པའི་སྙིང་སྟོབས་ཀྱིས། །ལེགས་བླང་མཁྱེན་བརྩེ་ནུས་པའི་མཚོན་ཆ་ཡིས། །དབང་འབྱོར་དགོངྃས་གཏེྃར་ནམ་མཁའ་མཛོད་ཆེན་པོའི། །སྐལ་ངན་གཡུལ་ངོ་བཟློག་ལ་ཕྱག་འཚལ་ལོ། །ཆོས་རྒྱུན་ཏིང་འཛིན་ལང་ཚོའི་ཀུན་དགའི་ཚལ། །རྩ་གསུམ་དགྱེས་པའི་རྩེད་འཇོའི་རོལ་པ་ལས། །མཐའ་ཟླས་ཆོས་ཀྱི་དགའ་སྟོན་སྣ་ཚོགས་པས། །དབུགས་དབྱུང་དགྃ་སྣངྃ་ཆོས་བརྙེས་ཕྱག་འཚལ་ལོ། །གསང་བ་རྨད་བྱུང་སྙིང་པོའི་ལུས་སྟོབས་རྒྱས། །སྙནྃ་བརྒྱུདྃ་གདམས་པའི་རིན་ཆེན་རྒྱན་གྱིས་སྒེག །ངེས་པའི་ལམ་བཟང་བགྲོད་ལ་མི་ངལ་བས། །དངོས་གྲུབ་གཏེར་མཆོག་སྦྱིན་ལ་ཕྱག་འཚལ་ལོ། །སྐྱེས་རབ་གླིང་བཞིའི་ཁྱོན་ནས་ལེགས་བླང་བའི། །གསང་བ་རྗེསྃ་སུ་དྲནྃ་པའི་དཔལ་འབྱོར་གཏེར། །གཟུངས་སྤོབས་བློ་གྲོས་སྣང་བས་མ་ཉམས་བར། །ཚུལ་བཞིན་སྩོལ་བར་མཛད་ལ་ཕྱག་འཚལ་ལོ། །ཐུབ་དབང་པདྨའི་རིང་ལུགས་རི་དབང་ལ། །སྔོན་མེད་རྣམ་ཐར་ཉི་ཟླས་གཡས་སུ་བསྐོར། །བཀའ་བབ་རིན་ཆེན་བདུན་གྱི་མངའ་ཐང་ཅན། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་རྣམ་འདྲེན་ཀུན་ལས་འཇྃམ་དཔལ་དབྱངྃས། །རྣམ་ཐར་དཔལ་གྱི་ཆེ་བས་ཆེས་འཕགས་པའི། །ངང་ཚུལ་མ་སྦས་རྩོད་དུས་མུན་པའི་གཤེད། །མཁྱེནྃ་བརྩེྃའི་དབྃང་ཕྱུག་གྱུར་ལ་ཕྱག་འཚལ་ལོ། །སྲིད་པ་ལས་འདས་རྒྱལ་སྲས་ངང་ཚུལ་གྱི། །སྒྱུ་འཕྲུལ་བཀོད་པའི་ཟློས་གར་ཀུན་གྱི་ཕུལ། །ཆོསྃ་ཀྱིྃ་སྲོག་འཛིན་བློྃ་གྲོསྃ་སྤོབ་པའི་མཐུ། །འགྲན་བྲལ་བཤེས་གཉེན་ཆེན་པོར་ཕྱག་འཚལ་ལོ། །ལས་ཉོན་མི་གཙང་རྙོགས་པའི་མཚོར་བྱིངས་ཤིང༌། །སྡུག་བསྔལ་འབུ་སྲིན་འཁྲུགས་པས་ཉམས་ང་བའི། །བདག་སོགས་ཐར་འདོད་ཉིན་བྱེད་འདྲེན་པའི་བདག །བཀའ་དྲིན་མཉམ་མེད་བླ་མར་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་སྐུ་དང་སྲོག་གིས་ཀྱང༌། །ཡུན་རིང་སྒྲུབ་པའི་ཆོས་ཀྱི་སྒོ་མཐའ་དག །ལྷུག་པར་བསྩལ་བས་དབུགས་འབྱིན་ཆོས་ཀྱི་རྗེ། །སངས་རྒྱས་ལས་ཀྱང་ལྷག་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་སྲས་ཀྱི་གདུལ་བྱའི་ཡུལ་མིན་པའི། །རྨུ་རྒོད་བདག་ཅག་བརྩེ་བས་རྗེས་འཛིན་ཞིང༌། །ཐར་གྲོལ་སྒོ་འཕར་ཡངས་པོར་འབྱེད་མཛད་པའི། །རྣམ་འདྲེན་འཁོར་ལོའི་བསྒྱུར་རྒྱལ་ཕྱག་འཚལ་ལོ། །སྙིང་ནས་དད་པའི་རླབས་ཀྱིས་ལེགས་བསྐུལ་བའི། །གུས་ཕྱག་འཁྲི་ཤིང་ཞིང་གི་ཁྱོན་འགེངས་པའི། །ཟློས་གར་སྒོ་གསུམ་འཇུག་པ་གཅིག་དྲིལ་བས། །མི་ཕྱེད་གུས་པ་ཆེན་པོའི་ཕྱག་འཚལ་ལོ། །ངེས་པའི་དོན་དུ་བླ་མ་རང་གི་སེམས། །རིག་སྟོང་གཉུག་མ་མི་ཕྱེད་རྡོ་རྗེའི་དབྱིངས། །གདོད་ནས་འདུ་འབྲལ་མེད་པའི་གནས་ལུགས་ཀྱི། །རང་ཞལ་མངོན་སུམ་མཇལ་བས་ཕྱག་འཚལ་ལོ། །བླ་མ་མཆོག་དང་རང་རིག་དོན་གྱི་དབྱིངས། །བཟང་ངན་བླང་དོར་ཡུལ་དུ་ཡེ་མི་གནས། །ཀུན་ཀྱང་མི་གནས་ཆོས་སྐུའི་དཀྱིལ་འཁོར་དུ། །མངོན་སུམ་ལྷུན་གྱིས་གྲུབ་པས་ཕྱག་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་གུ་རུ་མཎྜ་ལ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱཀྩིཏྟ་པྲ་ཎ་མེ་ཎ་བྷནྡྷ་ནཾ་ཀ་རོ་མི༔ ཞེས་ཕྱག་བྱ། ཁྲིད་ཡིག་ཡེ་ཤེས་གསལ་སྒྲོན་དགོངས་པ་ལྟར་ཉམས་ཆགས་བཤགས་པ་གཙོ་བོར་བྱེད་ན་སྐབས་འདིར་ན་རཀ་སྐོང་བཤགས་ཀྱི། ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ༔ སོགས་ནས། ཞི་ཁྲོའི་ལྷ་ཚོགས་མཚན་ནས་བརྗོད་ཞེས་པའི་བར་བཏང་ཞིང་ལུས་ཕྱག་ཀྱང་འཚལ། གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། ཨོཾ། སྣང་སྲིད་མ་ལུས་བླ་མའི་དཀྱིལ་འཁོར་ཆེ། །སྣོད་བཅུད་ཀུན་བཟང་རྡོ་རྗེའི་ལོངས་སྤྱོད་སྤྲིན། །ཆོས་དབྱིངས་མུ་མཐའ་མེད་པར་རྒྱས་འགེངས་བའི། །ཡེ་ཤེས་རོལ་པའི་འཁོར་ལོ་མཆོག་ཏུ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ ལན་གསུམ། བཛྲ་སྥ་ར་ཎ་ཁཾ། ཞེས་པའི་མཆོད་སྤྲིན་སྤྲོ་བས། རང་དོན་ཡིད་བྱེད་རྙོགས་བྲལ་སེམས་མཆོག་མཚོར། །གཞན་ཕན་མུ་ཏིག་སྦུ་ཕྲེང་རླབས་ཀྱིས་སྒེག །ཚོགས་གཉིས་བདུད་རྩིའི་རོ་བཅུད་ཕུན་ཚོགས་པས། །རྒྱལ་སྲས་དབང་ཕྱུག་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དབང་དང་སྟོབས་བཅུའི་ཕྱག་ཞབས་སོར་མོའི་ཁྱོན། །འོད་ཟེར་དྲྭ་བས་འབྲེལ་བ་དག་བྱེད་ཆབ། །རྒྱུད་གསུམ་རྣམ་དག་རྡོ་རྗེའི་ཞབས་བསིལ་གྱིས། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ངེས་འབྱུང་གཤེར་ལྡན་ཀུན་དགའི་དོ་རའི་ངོགས། །མོས་གུས་གེ་སར་རབ་རྒྱས་ཟིལ་མངར་ཕྱུག །ཉམས་རྟོགས་འདབ་སྟོང་རྣམ་བཀྲའི་མེ་ཏོག་ཚལ། །གྲུབ་བརྒྱའི་དེད་དཔོན་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། རྡོ་རྗེའི་དབང་བཞིའི་ལྗོན་བཟང་ལས་སྐྱེས་པའི། །རིམ་གཉིས་དངར་པོའི་གསུང་གི་རྫི་ཕྱོགས་ཀྱིས། །ཀུན་ཏུ་སིམ་སྟེར་ལྷན་སྐྱེས་སྦྱར་བའི་སྤོས། །རྟོག་པའི་དབང་ཕྱུག་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། དམ་ཆོས་རྩི་བཅུད་རེག་པས་ལེགས་བསྐྲུན་པའི། །སྡུག་བསྔལ་མུན་ཚོགས་ཞི་བྱེད་འོད་བརྒྱའི་ཕྲེང༌། །ཀུན་ཏུ་སྣང་བ་དམ་པའི་གཏེར་ཆེན་པོའི། །འཁྲུལ་པ་རང་གྲོལ་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། མཆོག་ཏུ་མི་འགྱུར་བདེ་བའི་ཀཏྤུ་ར། །རྣམ་ཀུན་མཆོག་ལྡན་དབྱིངས་སུ་སིམ་པའི་རྒྱུན། །ཀུན་ཁྱབ་རྡོ་རྗེའི་དྲི་མཆོག་དམ་པའི་ཕུལ། །དང་པོའི་སངས་རྒྱས་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། སྣང་སྟོང་མི་ཕྱེད་རྡུལ་བྲལ་རིན་ཆེན་སྣོད། །རྡོ་རྗེ་ནཱ་ད་རོ་བརྒྱའི་བཟའ་བཏུང་བསྐྱིལ། །མཁའ་ཁྱབ་ལྷན་སྐྱེས་ཡེ་ཤེས་ཞལ་གྱི་ཟས། །རྡོ་རྗེ་སེམས་དངོས་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། སྨིན་བྱེད་དབང་བཞིའི་ཟབ་དོན་རྡོ་རྗེའི་གླུ། །རིམ་གཉིས་ལམ་གྱི་ཏམྦུ་རར་སྦྱར་བས། །དངོས་གྲུབ་དགའ་སྟོན་འགུགས་པའི་རོལ་མོའི་མཆོད། །རིག་འཛིན་རྒྱལ་པོ་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཐུན་མོང་ཉེར་སྤྱོད་ཀྱི་མཆོད་པ་དང༌། ཞུ་བདེའི་འཇོ་སྒེག་གཟུགས་དང་སྒྱུ་མའི་སྒྲ། །འཁྲུལ་རྟོག་ཀུན་སྦྱངས་དྲི་མཆོག་འོད་གསལ་བཅུད། །རླུང་སེམས་དག་པའི་རེག་བྱ་ཆོས་དབྱིངས་རྒྱན། །རྡོ་རྗེའི་འདོད་པའི་ཡོན་ཏན་རྒྱ་མཚོ་འབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོ། གང་དང་འཕྲད་པས་རྒྱལ་སྲས་ཆོས་ཀྱི་ཞབས། །འདོད་དགུར་དབང་བྱེད་ཕུན་ཚོགས་བསོད་ནམས་མཐུས། །ལེགས་བསྐྲུན་རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །བྱང་ཆུབ་ཡན་ལག་རྫོགས་པའི་ཚུལ་དུ་འབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་སཔྟ་རཏྣ་པྲ་ཏཱིཙྪ་ཧོ། ཕུལ་བྱུང་ཡོན་ཏན་བྱེ་བའི་བཀོད་པ་འབུམ། །ཆེས་ཆེར་མཛེས་པའི་བདེ་གཤེགས་རིན་ཆེན་གླིང༌། །མྱུར་བགྲོད་འཕགས་ལམ་ཡན་ལག་བརྒྱད་རྫོགས་པའི། །བཀྲ་ཤིས་རྟག་མཆོག་བརྒྱད་ཀྱིས་བླ་མ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལ་པྲ་ཏཱིཙྪ་ཧོ། ཕུན་སུམ་ཚོགས་པའི་རྫུ་འཕྲུལ་མཐུ་སྦྱིན་པའི། །ཏིང་འཛིན་བཀོད་པའི་ཁྱད་པར་ལས་བྱུང་བའི། །ངོ་མཚར་རྣམ་ཐར་བརྒྱད་ཀྱི་རང་གཟུགས་ཆེ། །བཀྲ་ཤིས་གྲུབ་པའི་རྫས་མཆོག་རྣམས་ཀྱིས་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་མངྒ་ལ་དྲ་བྱ་པྲ་ཏཱིཙྪ་ཧོ། སྨོན་ལམ་དཔག་བསམ་ལྗོན་པའི་དགའ་ཚལ་ངང༌། །ཚོགས་གཉིས་རིན་ཆེན་དབྱིག་གི་གཏེར་ཁ་རྡོལ། །གཟུངས་དང་ཏིང་འཛིན་གཏེར་གྱི་བུམ་པ་བཟང༌། །ཟག་མེད་འབྱོར་པ་རྒྱ་མཚོའི་ཡོངས་སུ་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ། ཞེས་ཁྱད་པར་གྱི་མཆོད་པ་དང༌། སྐབས་འདིར་མཎྜལ་ཚོམས་བུ་སོ་བདུན་མ་དང༌། ཨོཾ་ཨཱཿཧཱུྃ། བདག་དང་མཐའ་ཡས་སོགས་མཎྜལ་བསྡུས་པ་བླ་སྒྲུབ་གཞུང་ལས་འབྱུང་བ་ལྟར་གྲངས་བསགས། ཕུང་ཁམས་སྒྱུ་མ་རྡོ་རྗེ་བཀོད་པའི་ལྷ། །དབྱིངས་རིག་དྲྭ་བ་སྡོམ་པའི་ཆོ་འཕྲུལ་ཆེ། །སྣང་སྟོང་མི་ཕྱེད་མཁའ་ཁྱབ་དམ་ཚིག་རྫས། །ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཕུད་ཀྱིས་མཆོད། །མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། སྲིད་རྩ་འཁྲུགས་པའི་རུ་ཏྲ་སྡེ་དང་བཅས། །རྣམ་ཐར་སྒོ་གསུམ་མཁའ་རུ་བསྒྲལ་བའི་རྫས། །རང་ཤར་སྲོག་སྩོལ་དག་པའི་ནཱ་དའི་དཔྱིད། །གཞོམ་མེད་རྡོ་རྗེའི་རུ་དྷི་ར་ཡིས་མཆོད། །མ་ཧཱ་རཀྟ་ཁཱ་ཧི། མཚན་འཛིན་ཀུན་བྲལ་དབྱིངས་ཀྱི་བྷཉྫ་རུ། །གཏད་མེད་འོད་གསལ་ཆོས་སྐུའི་གཏོར་ཆེན་བཤམས། །ཅིར་སྣང་ཡེ་ཤེས་རྒྱན་གྱི་ལོངས་སྤྱོད་ཆེ། །ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་དབང་ཕྱུག་མཆོད། །མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་ནང་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྫས་ཀྱི་མཆོད་པ་དང༌། བརྒྱད་གཉིས་ལང་ཚོའི་མེ་ཏོག་འཁྲི་ཤིང་ནི། །དགའ་བཞིའི་སྒྱུ་རྩལ་གསར་པས་གཡོ་དང་བཅས། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྡོ་རྗེའི་ལྷ་མོས་སྐུ་ཡི་དཀྱིལ་འཁོར་མཆོད། །ཨོཾ་བཛྲ་ཝི་ནི་ཧཱུྃ༔ ཨོཾ་བཛྲ་ཝཾ་སེ་ཏྲཱྃ༔ ཨོཾ་བཛྲ་མྲྀ་ཏཾ་གི་ཧྲཱིཿ ཨོཾ་བཛྲ་མུ་རཉྫ་ཨཱཿ བལྟ་ན་སྡུག་པའི་གཟུགས་ཀྱི་བརྟན་པ་ནི། །མཆོག་དགའི་ནོར་བུའི་མེ་ལོང་འཕོས་པའི་གར། །སྒེག་བཞད་གླུ་དང་གར་གྱི་ཉམས་འགྱུར་གྱིས། །རྡོ་རྗེའི་ལྷ་མོས་གསུང་གི་དཀྱིལ་འཁོར་མཆོད། །ཨོཾ་བཛྲ་ལ་སྱཱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ གཞོན་མཛེས་མཚར་སྡུག་རྫོགས་པའི་རི་དྭགས་ཅན། །ཁྱད་པར་དགའ་བའི་གཟུགས་ཀྱི་རེ་ཁཱས་བཀྲ། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཀྱིས། །རྡོ་རྗེའི་ལྷ་མོས་ཐུགས་ཀྱི་དཀྱིལ་འཁོར་མཆོད། །ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ལང་ཚོའི་ཀུན་ཏུ་མྱོས་པའི་མིག་ཡངས་མ། །ལྷན་ཅིག་སྐྱེས་དགའི་སྒྱུ་རྩལ་ཅིར་ཡང་སྟོན། །གཟུགས་རེག་རོ་དང་ཆོས་ཀྱི་དབྱིངས་མཚོན་པའི། །རྡོ་རྗེའི་ལྷ་མོས་ཡེ་ཤེས་དཀྱིལ་འཁོར་མཆོད། །ཨོཾ་བཛྲ་རཱུ་པ་ཨོཾ། ཨོཾ་བཛྲ་རཱ་ས་ཧྲཱིཿ ཨོཾ་བཛྲ་སྤརྴེ་ཏྲཱྃ། ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཨ། ཞེས་ཡང་གསང་རྡོ་རྗེའི་མཆོད་པ་བཅས་དགྱེས་དགུར་བསྟབས་ལ། ངོ་བོ་བརྗོད་འདས་ནམ་མཁའི་ཀློང༌། །རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་འགྲོ་ཀུན་ཡོངས་ལ་ཁྱབ། །སྐྱབས་མཆོག་དཔལ་ལྡན་བླ་མ་བསྟོད། །སྙིང་རྗེའི་ཀློང་དུ་ཡེ་ནས་གྲོལ། །གསལ་སྣང་ཞིང་ཁམས་ཆེན་པོར་རྒྱས། །ཐམས་ཅད་མཉམ་སྦྱོར་ནམ་མཁའི་ངང༌། །དཔེ་བྲལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཡེ་ནས་ཀུན་བཟང་རོལ་བའི་ངང༌། །ཁྱོད་ནི་རྟག་ཏུ་མཉམ་བཞག་ཀྱང༌། །ནོར་བུ་ཇི་བཞིན་གཞན་དོན་མཛད། །ཡིད་བཞིན་ཁྱོད་ལ་ཕྱག་འཚལ་བསྟོད། །ཏིང་ངེ་འཛིན་དང་མངོན་ཤེས་ཀྱིས། །གདུལ་བྱའི་འཇིག་རྟེན་མ་ལུས་ཀུན། །གདོད་མའི་དབྱིངས་སུ་ཁྲིད་མཛད་པ། །དེད་དཔོན་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་བར་མགོན་མེད་རབ་འཁྱམས་ཤིང༌། །སྡུག་བསྔལ་རྒྱ་མཚོའི་ཀློང་ཡངས་ལས། །སྒྲོལ་བར་མཛད་པའི་གྲུ་བོ་ཆེ། །བརྩེ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ལས་དང་ཉོན་མོངས་འཁྲུལ་འཁོར་གྱིས། །ཡུན་རིང་སྲིད་པར་དུབ་པ་ལ། །སྤང་གཉེན་རང་གྲོལ་མངོན་སུམ་ལམ། །སྟོན་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །གང་ཞིག་མཐོང་བས་རབ་དད་ཅིང༌། །ཐོས་པས་ཐེ་ཚོམས་དྲྭ་བ་གཅོད། །རེག་པས་བྱིན་རླབས་དངོས་གྲུབ་འབྱུང༌། །མཚུངས་བྲལ་ཁྱོད་ལ་ཕྱག་འཚལ་བསྟོད། །མདོར་ན་སྲིད་ཞིའི་ལེགས་ཚོགས་ཀུན། །ཁྱོད་མཚན་ཐོས་དང་དྲན་པས་ཀྱང༌། །ཡིད་བཞིན་རྗེས་སུ་སྩོལ་མཛད་པའི། །དཔལ་མགོན་བླ་མར་ཕྱག་འཚལ་ལོ། །གང་ཞིག་ཁྱོད་སྐུ་མཐོང་བ་དང༌། །ཁྱོད་གསུང་ཐོས་དང་འཛིན་པ་ཡི། །འགྲོ་བ་དེ་དག་ཀུན་ལ་ཡང༌། །རྟག་ཏུ་བདག་ནི་ཕྱག་འཚལ་ལོ། །ཞེས་བསྟོད་པའི་དབྱངས་ཀྱིས་ཀྱང་དགྱེས་པ་བསྐྱེད། གསུམ་པ་སྡིག་བཤགས་སོགས་ཡན་ལག་ལྷག་མ་རྣམས་ནི། སྔར་ན་རཀ་བསྐང་བཤགས་སྦྱར་ན། ཨཱཿ བདག་གི་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་དང༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ སྦྱོར་མཚམས་ནས་བྱུང་ཚངས་བུག་ཞུགས༔ ལུས་གང་སྡིག་སྒྲིབ་ཉེས་ལྟུང་རྒྱུ༔ འབྲས་བུ་ནད་གདོན་སྡུག་བསྔལ་ཀུན༔ དག་ཅིང་དྲི་མ་མེད་པར་བསམ༔ ཞེས་བརྗོད་ལ་ཡིག་བརྒྱ་བསགས་མཐར། གལ་ཏེ་ན་རཀ་སྐོང་བཤགས་དང་མ་འབྲེལ་ན་འོག་གི་བཤགས་པ་འདི་ཁོ་ནས་ཆོག་གོ །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཐོག་མར་འཁྲུལ་པ་ནས་བཟུང་སྟེ་དུས་དེ་རིང་ལ་ཐུག་གི་བར་དུ་མ་རིག་པའི་གཞན་དབང་དུ་སོང་སྟེ། ཀུན་འབྱུང་གི་ཉེ་བར་ལེན་པས་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་མངོན་པར་འདུ་བྱས་ཏེ། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང་གསོད་སེམས་སྐྱེས་པ་དང༌། མ་བྱིན་པ་བླངས་པ་དང༌། འདོད་པས་ལོག་པར་གཡེམ་པའི་རིགས། ངག་གི་སྒོ་ནས་བརྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱི་སྒོ་ནས་བརྣབས་སེམས་གནོད་སེམས་ལོག་ལྟ་སྟེ་མི་དགེ་བ་བཅུ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སོགས་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་ལ་སོགས་པ་སྟེ་མི་དགེ་བའི་ཕྱི་མོ་རྣམས་ཀྱི་སྟེང༌། བཅས་པའི་ཁྲིམས་དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་སྟེ་སོ་སོ་ཐར་བའི་སྡོམ་པ་རིགས་བདུན་ལ་ཕམ་ལྟུང་དང་ཉེས་བྱས་བྱུང་བ་དང༌། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་སྤྱི་དང༌། རྩ་ལྟུང་དང་སྦོམ་པོའི་རྣམ་གྲངས་ཐ་དད་པ་དང་འགལ་བ་དང༌། ཁྱད་པར་དུ་རིག་པ་འཛིན་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་སྨོད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་ཕམ་པ་དང༌། ཁ་ན་མ་ཐོ་བའི་མཐུས་བཅོམ་ཏེ་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་ཕྲ་ཞིབ་སྲུང་དཀའ་བ་ལས་འདས་པ་ཐམས་ཅད་དང༌། རང་བཞིན་དུ་ཉོན་མོངས་པའི་གཞན་དབང་གིས་སེམས་ཟིལ་གྱིས་ནོན་ནས་དཀོན་མཆོག་གསུམ་དང་བླ་མ་ལ་བརྙས་པ་དང༌། དམ་པའི་ཆོས་སྤང་བ་དང༌། མཁན་པོ་ལ་མ་གུས་པ་དང༌། བྱང་ཆུབ་སེམས་དཔའ་ལ་བསྐུར་བ་བཏབ་པ་དང༌། ཕ་མའི་དྲིན་ལན་མ་བཙལ་བ་དང༌། དཀོན་མཆོག་དཀོར་ཕྲོག་པ་དང༌། ཚངས་པར་མཚུངས་སྤྱོད་སུན་ཕྱུངས་བ་དང༌། བསམ་གཏན་སྒོམ་པའི་ཐུགས་དཀྲུགས་པ་དང༌། དགེ་བ་ཅན་གྱི་ཚོགས་བཅགས་པ་དང༌། དད་པ་ཅན་སུན་ཕྱུངས་བ་དང༌། རྒྱུ་འབྲས་ལ་བསྐུར་བ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བྱས་པ་དང༌། ཁྲེལ་དང་ངོ་ཚ་སྤངས་བ་ལ་སོགས་ཏེ་མདོར་ན་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང༌། གཞན་ལ་བྱེད་དུ་བཅུག་པ་དང༌། བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་ཀྱང་རྟག་པའི་སེམས་དང༌། མངོན་པར་ཞེན་པ་དང༌། གཉེན་པོ་སྟོབས་ཞན་པ་དང༌། ཡུལ་ཁྱད་པར་ཅན་དང༌། གཞི་ལས་བྱུང་བ་ལ་སོགས་པས་ཁ་ན་མ་ཐོ་བ་ཆེན་པོར་གྱུར་པས་མཚོན། མདོར་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པར་ལྡན་པ་རྣམས་ཀྱི་སྤྱན་སྔར་ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། །སྔོན་ཆད་ནི་བཀའ་ལས་འདས་སོ། །ད་ནི་ཉེས་པར་མཐོང་བ་ལགས་པས་མི་འཆབ་བོ། །མངོན་གྱུར་དུ་སྒྲོགས་པས་མི་སྦེད་དོ། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྡིག་ལྡན་བདག་ལ་དགོངས་ཤིག །དེང་བདག་གི་འགྱོད་ཚངས་དང་དུ་མ་བཞེས་ན་སྐྱབས་མེད་དོ། །མགོན་མེད་དོ། །དཔུང་གཉེན་དང་བྲལ་ལོ། །དེ་བས་ན་སེམས་ཅན་ཉོན་མོངས་པའི་གཞན་དབང་ཅན་ལ་དགོངས་ཏེ་ཚངས་པར་བསྩལ་དུ་གསོལ། །ཧོཿ ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ་སོགས་ན་རཀ་སྐོང་བཤགས། བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ཞེས་པའི་བར་དང༌། རྡོར་སེམས་སྒོམ་བཟླས་འཇུག་གི། ཨོཾ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆགས་སྡིག་ལྟུང་སྦྱོང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་བསླབ་ལས་འགལ་བ་ཀུན༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཁྱད་པར་རྡོ་རྗེའི་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་གཅིག་ཏུ་ལྷུན་གྲུབ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབས་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ སྙིང་ནས་གདུངས་པས་གསོལ་བཏབ་པས༔ བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ སྡིག་ལྟུང་དག་པའི་གནང་བ་བསྩལ༔ དགྱེས་པས་འོད་ཞུ་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་སྲུང་ཐིག་ལེ་ཉག་གཅིག་ངང༔ སྤང་བླང་ལས་འདས་ཕྱལ་བ་ཆེ༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ ཉམས་ཆགས་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པའོ༔ ཨ་ཨ་ཨཿ ན་རཀ་སྐོང་བཤགས་ཀྱི། ཧཱུྃ༔ ཆོས་ཀྱི་དབྱིངས་ཉིད་སོགས་ཀློང་བཤགས་ཚང་བར་སྦྱར། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་གཉིས་སོ་སོའི་སྐྱེ་བོ་མ་ལུས་པའི། །དུས་གསུམ་དགེ་བ་བགྱིས་དང་བགྱིད་བསྩལ་དང༌། །བགྱིད་པར་གྱུར་པ་ཀུན་ལ་རྗེས་ཡི་རང༌། །གློ་བུར་ཉོན་མོངས་དང་ལྡན་སེམས་ཅན་རྣམས། །ཁམས་དེའི་རང་བཞིན་དག་པ་མཐོང་བྱའི་ཕྱིར། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་དུ་གསོལ། །སངས་རྒྱས་འཇིག་རྟེན་ཉི་མ་གང་དུ་བྱོན། །འགྲོ་བའི་གཉེན་གྱུར་སྲས་དང་བཅས་པ་ཀུན། །སྲིད་པའི་མུན་ནག་འཐིབ་པོ་བསལ་སླད་དུ། །འགྲོ་བ་ཇི་སྲིད་སྒྲོན་མེ་མཛད་པར་གསོལ། །ཡོན་ཏན་དགེ་འོས་རྒྱལ་བའི་བྱང་ཆུབ་མཆོག །སྐྱེ་རྒུ་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། །བསོད་ནམས་ཕུང་པོ་ཡོངས་སུ་བསྔོ་བགྱིས་པ། །འགྲོ་ཀུན་ཐར་པའི་གྲོང་དུ་ཕྱིན་པར་ཤོག །ཞེས་གྲུབ་ན་ཡན་ལག་བདུན་པ་རྒྱས་པ་དང༌། བླ་སྒྲུབ་དཀྱུས་ཀྱི་ཡན་ལག་བདུན་པ་གྲང་བསགས་པ་སྤེལ་ཏེ་བྱ། དེ་ནས་གསོལ་འདེབས་དངོས་ལ་རྗེ་བླ་མ་རྡོ་རྗེ་འཆང་གི་ཞལ་གསུང་མ་སྐྱེས་ཕྲེང་གསོལ་འདེབས་རྒྱས་བསྡུས་གཉིས་དང༌། གསོལ་འདེབས་ལྷ་ཡི་རྔ་ཆེན་རྣམས་ཀྱང་སྦྱར། གཞུང་གི་གསོལ་འདེབས་ཉིད་གྲང་བསགས་པ་དང་བཅས་ཏེ་མོས་གུས་རྩལ་དུ་བཏོན་པས་གསོལ་བ་བརྩེ་གཅིག་ཏུ་གདབ། གཞན་ཡང་སྡོམ་གསུམ་བརྒྱུད་པའི་གསོལ་འདེབས་དང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གསོལ་འདེབས་སོགས་དགོས་པ་དང་འབྲེལ་ན་སྦྱར་དུ་རུང་ལ། མཐར་མཚན་སྔགས་ཀྱང་བཟླ། དེ་དག་གི་སྐབས་སུ་ཉམས་ལེན་གྱི་སྙིང་པོ་མོས་གུས་ཡིན་པས་ཁྲིད་གཞུང་ལས་འབྱུང་བ་ལྟར་གནད་དུ་བརྡེག་པ་ཅིས་ཀྱང་གལ་ཆེ། ཐུན་མཐར་ན་རཀ་བསྐང་བཤགས་ཀྱི་སྨན་རཀ་གཏོར་མ་མར་མེའི་སྐོང་བ་དང་སྨོན་ལམ། ཚོགས་ཀྱི་མཆོད་པ་བཅས་རྒྱས་པར་བྱ། བླ་མའི་རྣལ་འབྱོར་ཆོ་ག་གྲང་བསགས་སོགས་ཀྱི་སྐབས་འདི་ནས་གཞུང་གི་དབང་ལེན་བསྡུས་པ་སྦྱར། སླར་ཡང་སྐྱབས་སེམས་ནས་བརྩམས་དཀྱུས་ལ་འཇུག་གྲངས་རྫོགས་པ་དང༌། དབང་ལེན་རྒྱས་པར་བྱས་པས་གྲུབ་པའོ། །དབང་ལེན་དཀྱུས་ལྟར་རམ། ཅུང་ཟད་རྒྱས་པར་མོས་ན། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང༌། །བདག་སོགས་འགྲོ་ལ་ཐུགས་རྗེའི་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། རགས་པ་ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམས་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ། ངག་རགས་པའི་སྒྲིབ་པ་སྦྱངས། ལམ་རྩ་རླུང་གཏུམ་མོ་བསྒོམས་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། ཡིད་རགས་པའི་སྒྲིབ་པ་དག །ལམ་ཐིག་ལེའི་རྣལ་འབྱོར་སྒོམས་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གཅིག་ཆར་དུ་འཕྲོས། རང་གི་གནས་གསུམ་དུ་གཅིག་ཆར་དུ་ཐིམ་པས་དབང་བཞི་པ་ཐོབ། ཀུན་གཞིའི་སྒྲིབ་པ་ཕྲ་བ་དང་བཅས་པ་དག །ལམ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཐོད་རྒལ་བསྒོམས་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ལ་དབང་དོན་གྱི་ཡེ་ཤེས་བསྐྱངས། བླ་མ་ཧེ་རུ་ཀ་དཔལ་ཉིད༔ དགྱེས་པ་ཆེན་པོའི་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་པའི་དོན་ལ་མཉམ་པར་བཞག །སྣང་བའི་དངོས་ཀུན་མཁའ་ཁྱབ་ཡེ་ཤེས་སྐུ། །སྒྲ་གྲགས་གཞོམ་མེད་རྡོ་རྗེའི་དབྱིངས་སུ་རྫོགས། །དྲན་རྟོག་རང་གྲོལ་བདེ་སྟོང་ནམ་མཁའི་དཀྱིལ། །རྡོ་རྗེ་གསུམ་གྱི་ངོ་བོར་ཨེ་མ་ཧོ། །ཞེས་སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་དག་པ་ཆེན་པོའི་ལམ་ཁྱེར་བྱ། གཞུང་གི་བསྔོ་སྨོན་ཤིས་བརྗོད་དང༌། ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དུས་གསུམ་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡབ། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རིགས་བརྒྱའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང༌། །སྙིགས་དུས་སློབ་དཔོན་གཟུགས་སུ་རྣམ་པར་རོལ། །མཁྱེན་བརྩེ་ནུས་པའི་མངའ་བདག་ཆོས་ཀྱི་རྗེ། །ཐར་པའི་ལམ་འདྲེན་དེ་ལ་གུས་པས་འདུད། །མ་རིག་མུན་སེལ་ཉིན་མོར་བྱེད་པ་སྟེ། །ཉོན་མོངས་གདུང་སེལ་ཟླ་བའི་དཀྱིལ་འཁོར་མཆོག །དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བདེ་ཆེན་སྲོག་སྟེར་བདུད་རྩིའི་རྒྱ་མཚོ་ཉིད། །ཕྱོགས་བཅུའི་རྣམ་འདྲེན་སློབ་མར་བཅས་པས་ཀྱང༌། །ཁྱོད་ལ་མཆོད་ཅིང་བསྙེན་ཏེ་མདུན་ནས་བསྔགས། །ཁྱོད་ཀྱིས་བཟུང་རྣམས་གཏན་བདེའི་དཔལ་ལ་སྦྱོར། །ངན་འབྲེལ་ཙམ་ཡང་འཁོར་བ་མཐའ་ཅན་མཛད། །ཁྱོད་ལ་མ་བརྟེན་ཐར་པ་ཡོངས་མེད་པས། །དུས་དང་ཕྱོགས་དང་རྣམ་པ་ཐམས་ཅད་ནས། །མོས་གུས་བསམ་མི་ཁྱབ་པ་སྐྱེ་བ་དང༌། །མཉེས་པ་ཚུལ་བཞིན་འགྲུབ་པར་བྱིན་གྱིས་རློབས། །དབང་བསྐུར་མཆོག་ཐོབ་རྡོ་རྗེ་སློབ་དཔོན་ལ། །འཇིག་རྟེན་འདྲེན་པས་དུས་གསུམ་ཕྱག་མཛད་ན། །མགོན་མེད་བྱིས་པས་སྨོས་ཀྱང་ཅི་ཞིག་འཚལ། །སྒོ་གསུམ་གུས་པས་རྟག་ཏུ་འདུད་གྱུར་ཅིག །མཆོག་ལ་མཉེས་པ་དུ་མས་བསྙེན་བཀུར་ཞིང༌། །བླ་མ་ཁྱིམ་པའམ་ནི་གསར་བུའང་རུང༌། །དུས་སྐབས་བྱེད་པས་དངོས་བརྒྱུད་སྲི་ཞུ་ཡིས། །ནམ་ཡང་མི་མཉེས་སྐད་ཅིག་མི་སྒྲུབ་ཤོག །དམ་ཚིག་རྩ་བ་སློབ་དཔོན་སློབ་མ་ཡི། །འབྲེལ་པ་བརྟག་ལ་རྣམ་དཔྱོད་བློ་ཐོབ་ཅིང༌། །བརྩེ་མེད་འདོད་ཁྲོ་ཁེངས་པའི་དབང་གྱུར་སོགས། །མི་དགེའི་བཤེས་དང་སྐྱེ་ཀུན་མི་འཕྲད་ཤོག །བརྟན་དུལ་བློ་གྲོས་ལ་སོགས་ཐུན་མོང་དྲུག །སྔགས་རྒྱུད་སྦྱོར་བ་ཤེས་སོགས་ཁྱད་པར་གྱི། །མཚན་ཉིད་དགུ་ཚང་དཔལ་ལྡན་བླ་མ་ཉིད། །རྙེད་ནས་འབྲལ་བ་མེད་པར་བསྟེན་པར་ཤོག །སློབ་དཔོན་བརྙས་ན་སངས་རྒྱས་ཀུན་ལ་བརྙས། །མཐོང་ཆོས་སྡུག་བསྔལ་ཕྱི་མ་དམྱལ་མེས་སྲེག །གུས་མཆོད་འདི་གཏན་བདེ་བའི་དཔལ་ལ་སྦྱོར། །དེ་བས་བསྟེན་ཚུལ་ཕྱིན་ཅི་མ་ལོག་ཤོག །ཚེ་འདིར་བྱང་ཆུབ་རྩོལ་མཛད་བླ་མ་རྗེར། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་བསྟི་སྟང་སྒྲུབ། །དམ་ཚིག་ལེགས་སྲུང་བླ་མས་བཞེད་པའི་དངོས། །ཅུང་ཟད་གང་མཆིས་ཞེན་མེད་འབུལ་ནུས་ཤོག །བླ་མ་མཆོད་པས་རྒྱལ་ཀུན་མཆོད་ཅིང་མཉེས། །བསོད་ནམས་ཚོགས་རྫོགས་དངོས་གྲུབ་མཆོག་ཐོབ་ཕྱིར། །ལྷ་དང་བླ་མ་དབྱེར་མེད་རྡོ་རྗེ་འཆང༌། །གཅིག་ཏུ་ངེས་པས་སྐྱབས་གཞན་མི་འཚོལ་ཤོག །སྐུ་ཡི་གྲིབ་མ་འགོམ་ཡང་སངས་རྒྱས་ཀྱི། །མཆོད་རྟེན་བཤིག་འདྲའི་སྡིག་པ་ཐོབ་པས་ན། །བཞོན་པ་ཉེར་སྤྱད་ལ་སོགས་ནམ་དུ་ཡང༌། །མི་སྤྱད་མི་འགོང་གཙང་སྦྲ་ལྷུར་ལེན་ཤོག །དངོས་གྲུབ་འབྱུང་གནས་བླ་མས་བགོ་བ་ཡི། །བཀའ་ལས་མི་འདའ་གང་གསུང་འབད་པས་སྒྲུབ། །མི་ནུས་ངེས་པ་ཚིག་གི་ཞུ་གསོལ་གྱིས། །གནང་བའི་སྐབས་ཕྱེད་ཟུར་ཙམ་མི་གཅོག་ཤོག །བླ་མའི་རྫས་ནི་སྲོག་བཞིན་བསྲུང་བ་དང༌། །བླ་མའི་ཐུགས་ཟིན་བླ་མ་ཉིད་བཞིན་བཀུར། །བླ་མའི་འཁོར་ཡང་རང་གི་གཉེན་དུ་ལྟ། །ཉོན་མོངས་དབང་གི་སྡིག་པ་མི་གསོག་ཤོག །སྤྱན་སྔར་མི་འོས་པ་དང་མ་གུས་པའི། །བྱ་བ་ངན་པ་གཞར་ཡང་མི་བྱེད་ཅིང༌། །འོས་ཤིང་གུས་བཅས་བཀའ་བཞིན་རྗེས་སྒྲུབ་པའི། །སྤྱོད་ལམ་ང་རྒྱལ་མེད་པས་བཀུར་བར་ཤོག །བླ་མ་བཞུགས་པའི་ཡུལ་དུ་མ་གནང་བཞིན། །སློབ་དཔོན་ལས་དང་བླ་མའི་སྤྱན་སྔ་རུ། །རང་ལ་གུས་མཆོད་དང་དུ་ལེན་སྤང་ནས། །གུས་པས་བླ་མ་ཉིད་ལ་མཆོད་ནུས་ཤོག །བདག་ཉིད་དྲན་བརྩོན་དྲག་པོས་མི་ཉམས་ཤིང༌། །མཆེད་ལྕམ་བླ་མའི་བྱ་བ་ཚུལ་བཞིན་དུ། །སྒྲུབ་ལས་འདས་ཚེ་དགའ་ཞིང་སྙན་པ་ཡིས། །བཟློག་ནས་བརྟུལ་ཞུགས་མཆོག་ལ་འགོད་པར་ཤོག །ནད་ཀྱིས་གཟིར་སོགས་རང་དབང་མ་གྱུར་པས། །གནང་བ་མ་ཐོབ་བཀག་པ་སྤྱད་དགོས་ཀྱང༌། །གུས་བཅས་དགེ་བའི་ཡིད་དང་མ་བྲལ་བས། །རྣམ་སྨིན་རྩུབ་མོའི་རྒྱུ་རུ་མི་འགྱུར་ཤོག །མདོར་ན་དངོས་གྲུབ་སློབ་དཔོན་རྗེས་འབྲང་ཕྱིར། །བླ་མ་དགྱེས་བྱེད་གང་ཡིན་རྟག་ཏུ་སྒྲུབ། །མི་མཉེས་བྱེད་ཀུན་དུག་ལྟར་སྤང་ནས་སུ། །ཐུགས་ཡིད་གཅིག་འདྲེས་མྱུར་དུ་འཚང་རྒྱ་ཤོག །མཐའ་ཡས་འགྲོ་རྣམས་དཔལ་ལྡན་བླ་མ་ཡིས། །རྗེས་བཟུང་ཀུན་གྱིས་མཉེས་པ་ཚུལ་བཞིན་སྒྲུབ། །དཀའ་བ་མེད་པར་རྡོ་རྗེ་འཛིན་པ་ཡི། །གོ་འཕང་མཆོག་ཐོབ་དོན་གཉིས་ལྷུན་གྲུབ་ཤོག །ཅེས་སོགས་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །ཡང་སྐབས་འགའ་ཞིག་ཏུ་བླ་མཆོད་ཉིད་གྲངས་བསགས་པའམ། འཇུག་པ་བདེ་བ་འབྲིང་པོའི་ཚུལ་དུ་བྱེད་ན་རྟེན་དང་མཆོད་པ་སོགས་གཞུང་ལྟར་ནས། མཆོད་པ་བྱིན་རླབས་ཚོགས་རྟེན་བསྐྱེད་པ་སྙིང་ཐིག་གསལ་སྒྲོན་རྡོ་རྗེའི་ཚིག་རྐང་དངོས་ཉིད་ཡན་ལག་བདུན་པའི་ཕྱག་ཀྱང་ཅུང་ཟད་བསྡུ་ཆོག་པ་མཆན་གོང་ལྟར་དང༌། མཆོད་ཕྲེང་བཤགས་པ་སོགས། གཞན་དཀྱུས་ལྟར་དང༌། དབང་ལེན་སྐུ་བཞིའི་དབང་ཕྱུག་སོགས་བསྔོ་སྨོན་བཅས་བྱས་ནས་རྒྱས་བསྡུས་མཚམས་པར་འགྱུར་བས་ཤེས་པར་བྱའོ། །སྤྱིར་བླ་སྒྲུབ་རྩ་བ་ཉིད་ཉམས་སུ་བླང་ན་རྡོ་རྗེའི་ཚིག་རྐང་མ་ཉམས་པ་བྱིན་རླབས་ཆེ་ཞིང་དོན་འདུས་པར་ཡོད་བཞིན་རང་བཟོའི་བསྲེ་སླད་མང་པོ་མ་དགོས་ཀྱང༌། བླ་མཆོད་ལ་སོགས་པའི་སྐབས་ཅུང་ཟད་རྒྱས་ན་ལེགས་པའི་ཡན་ལག་ཏུ་བསམ་ནས་བཀོད་པ་ལ་ལྷ་དང་བླ་མ་ཌཱ་ཀིའི་ཚོགས་ཀྱིས་རང་གཞན་གྱི་རྒྱུད་ལ་ཉེས་པའི་རྒྱུར་མི་འགྱུར་ཞིང་ཡེ་ཤེས་གཟིགས་པའི་བྱིན་རླབས་ཁྱད་པར་ཅན་ཐོབ་པར་མཛད་དུ་གསོལ། །འདིས་ཀྱང་ཡེ་ཤེས་ཟབ་མོ་ནམ་མཁའ་ལྟར། །རྒྱུད་ལ་འཆར་བས་ཕན་བདེའི་ཉིན་བྱེད་གསལ། །ཀུན་འབྱུང་མུན་པའི་གོ་སྐབས་འཕྲོག་པའི་མོད། །དགེ་ལེགས་འདབ་སྟོང་གྲོལ་བས་མཛེས་གྱུར་ཅིག །ཅེས་པའང་ཨེ་ཝྃ་ཁང་སར་ཞབས་དྲུང་མཆོག་སྤྲུལ་འཇམ་དབྱངས་ཆོས་ཀྱི་གྲགས་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་དང༌། དད་དམ་རྣམ་པར་དཀར་བ་འཇམ་དབྱངས་སེང་གེ་ཟུང་ནས་ཆེད་དུ་བསྐུལ་བ་ལྟར་རྗེ་བཙུན་བླ་མ་མཆོག་གིས་ཐུན་མོང་མ་ཡིན་པའི་བཀའ་དྲིན་ཆེན་པོའི་རྟག་པར་སྐྱོང་ཞིང་དད་སློབ་ཀུན་གྱི་གྲལ་མཐར་འཁོད་པ་བཀྲ་ཤིས་དཔལ་འབྱོར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་སྦས་གནས་ཆེན་པོ་འབྲས་ལྗོངས་སྤྲུལ་པའི་ཞིང་གི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་ཞེས་རང་བྱུང་གྲུབ་པ་ཆེན་པོ་དུ་མས་བྱིན་གྱིས་རླབས་པའི་སྨན་ལྗོངས་སུ་ཆོས་རྗེ་འཇམ་པའི་དབྱངས་ཀྱི་དུས་ཆེན་ཉིན་གྲུབ་པར་སྦྱར་བ་འདིས་ཀྱང་འགྲོ་ཀུན་དཔལ་ལྡན་བླ་མའི་ཟབ་གསང་ཡེ་ཤེས་ཀྱི་འཁོར་ལོར་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
<headertabs/> | |||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-02-KHA]] | [[Category:DKR-KABUM-Volume-02-KHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 17:24, 8 November 2022
Wylie title | snying thig gsal sgron bla ma mchod pa'i tshul du spros pa'i lhan thabs ngo mtshar nor bu'i phreng ba | ![]() |
---|---|---|
Location | dil mgo mkhyen brtse bka' 'bum Volume 2, Text 39, Pages 189-207 (Folios 1a to 19a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Associated People | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) | |
Citation | Khyentse, Dilgo. Snying thig gsal sgron bla ma mchod pa'i tshul du spros pa'i lhan thabs ngo mtshar nor bu'i phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 189-207. Delhi: Shechen Publications, 1994. | |
Genre | Guru Offering Texts- bla ma mchod pa · Guru Yoga Texts - bla ma'i rnal 'byor | |
Cycle | ཟབ་ལམ་སྙིང་ཐིག་གསལ་སྒྲོན་ (zab lam snying thig gsal sgron) | |
Recension Link | Other Versions on this site: སྙིང་ཐིག་གསལ་སྒྲོན་བླ་མ་མཆོད་པའི་ཚུལ་དུ་སྤྲོས་པའི་ལྷན་ཐབས་ངོ་མཚར་ནོར་བུའི་ཕྲེང་བ། | |
Colophon |
།ཅེས་པའང་ཨེ་ཝྃ་ཁང་སར་ཞབས་དྲུང་མཆོག་སྤྲུལ་འཇམ་དབྱངས་ཆོས་ཀྱི་གྲགས་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་དང༌། དད་དམ་རྣམ་པར་དཀར་བ་འཇམ་དབྱངས་སེང་གེ་ཟུང་ནས་ཆེད་དུ་བསྐུལ་བ་ལྟར་རྗེ་བཙུན་བླ་མ་མཆོག་གིས་ཐུན་མོང་མ་ཡིན་པའི་བཀའ་དྲིན་ཆེན་པོའི་རྟག་པར་སྐྱོང་ཞིང་དད་སློབ་ཀུན་གྱི་གྲལ་མཐར་འཁོད་པ་བཀྲ་ཤིས་དཔལ་འབྱོར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་སྦས་གནས་ཆེན་པོ་འབྲས་ལྗོངས་སྤྲུལ་པའི་ཞིང་གི་ལྟེ་བ་བྲག་དཀར་བཀྲ་ཤིས་ལྡིང་ཞེས་རང་བྱུང་གྲུབ་པ་ཆེན་པོ་དུ་མས་བྱིན་གྱིས་རླབས་པའི་སྨན་ལྗོངས་སུ་ཆོས་རྗེ་འཇམ་པའི་དབྱངས་ཀྱི་དུས་ཆེན་ཉིན་གྲུབ་པར་སྦྱར་བ་འདིས་ཀྱང་འགྲོ་ཀུན་དཔལ་ལྡན་བླ་མའི་ཟབ་གསང་ཡེ་ཤེས་ཀྱི་འཁོར་ལོར་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། | |
/ces pa'ang e wa~M khang sar zhabs drung mchog sprul 'jam dbyangs chos kyi grags pa bkra shis rgyal mtshan dpal bzang po dang*/__dad dam rnam par dkar ba 'jam dbyangs seng ge zung nas ched du bskul ba ltar rje btsun bla ma mchog gis thun mong ma yin pa'i bka' drin chen po'i rtag par skyong zhing dad slob kun gyi gral mthar 'khod pa bkra shis dpal 'byor rang byung 'od gsal thugs mchog rdo rje'i sbas gnas chen po 'bras ljongs sprul pa'i zhing gi lte ba brag dkar bkra shis lding zhes rang byung grub pa chen po du mas byin gyis rlabs pa'i sman ljongs su chos rje 'jam pa'i dbyangs kyi dus chen nyin grub par sbyar ba 'dis kyang 'gro kun dpal ldan bla ma'i zab gsang ye shes kyi 'khor lor mngon par byang chub pa'i rgyur gyur cig___/dge'o/___/mang+ga laM// |