DKR-KABUM-17-TSA-027: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-027
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=TSA | |||
|textnuminvol=027 | |||
|pdflink=File:DKR-KABUM-17-TSA-027.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|སྐྱ རང་བྱུང་པདྨའི་སྙིང་ཐིག་ལས༔ རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་སྨིན་བྱེད་དབང་གི་རིམ་པ་ཟབ་ལམ་མཆོག་གི་དཔལ་སྦྱིན་བཞུགས༔ | |||
སྐྱ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་པས༔ མཚན་ཉིད་ལྡན་པའི་སློབ་དཔོན་ལས༔ ཐོག་མར་དབང་གིས་སྨིན་པ་གཅེས༔ དབང་གི་མཆོག་ནི་རང་ལ་རྫོགས༔ བསྐུར་ཐོབ་བྲལ་བ་རྡོ་རྗེ་བཞིའི༔ དཀྱིལ་འཁོར་གདོད་ནས་ལྷུན་རྫོགས་པ༔ རང་བྱུང་ཉིད་དུ་བཞུགས་ན་ཡང༔ མ་རྟོགས་འཁྲུལ་པའི་བག་ཆགས་ཀྱིས༔ ནུས་པ་མངོན་དུ་མ་གྱུར་པ༔ སད་པར་བྱེད་པའི་ཐབས་ཟབ་མོ༔ ཀུན་རྫོབ་བརྡ་ཡི་དབང་ལ་བརྟེན༔ ས་མ་ཡ༔ དང་པོ་བླ་མའི་བྱིན་རླབས་ནི༔ བུམ་པ་བྷཉྫ་མེ་ལོང་དང༔ གཏོར་མ་བཞི་ལ་བརྟེན་ནས་བསྐུར༔ དཀྱིལ་འཁོར་བཀོད་ལེགས་མཆོད་པས་བསྐོར༔ བདག་མདུན་གཞུང་བསྲང་བཟླས་པ་བྱ༔ ཚོགས་དང་གཏོར་མ་འབུལ་བ་དང༔ བདག་ཉིད་འཇུག་ལས་གནང་བ་ནོད༔ དད་བརྩོན་ངེས་འབྱུང་བློ་ལྡན་པའི༔ སློབ་མར་ཁྲུས་བྱ་བགེགས་ཚོགས་བསྐྲད༔ ལོ་རྒྱུས་བརྗོད་པས་ཡིད་ཆེས་བྱ༔ མཎྜལ་ཕུལ་ལ་གསོལ་གསུམ་གདབ༔ ཀྱཻ༔ བླ་མ་སངས་རྒྱས་རིན་པོ་ཆེ༔ མ་ཧཱ་གུ་རུ་པདྨ་འབྱུང༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རྡོ་རྗེའི་དཀྱིལ་འཁོར་གཞུག་ཏུ་གསོལ༔ སྐྱབས་སེམས་ཡན་ལག་བདུན་པ་དང༔ སྡོམ་གསུམ་དམ་ཚིག་བཟུང་ཞིང་བསྲུང༔ ནང་མཆོད་བདུད་རྩིའི་ཆུ་བྱིན་ལ༔ ཧོཿ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཡེ་ཤེས་སེམས་དཔའི་ངོ་བོ་སྟེ༔ བསྲུང་ན་དངོས་གྲུབ་མཆོག་ཐོབ་ཅིང༔ ཉམས་པས་བརླག་པར་གདོན་མི་ཟ༔ ས་མ་ཡ་ཨུ་ད་ཀ་ཋ་ཋ༔ ཉམས་པའི་ཉེས་དམིགས་བསྒྲག་པ་ནི༔ ཧོཿ རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ འཇུག་པར་དཀའ་ལ་ཁེ་ཉན་ཆེ༔ ཉམས་གྱུར་ཉེས་པ་བརྗོད་མི་ལངས༔ བསྒྲིམ་སྟེ་རབ་ཏུ་སྲུང་བར་བྱ༔ ས་མ་ཡ་ཧོཿ རྡོ་རྗེ་གདེང་པས་ཐ་ཚིག་བསྒྲག༔ ཧཱུྃ༔ ང་ནི་དཔལ་ལྡན་ཧེ་རུ་ཀ༔ དཀྱིལ་འཁོར་ཀུན་གྱི་བདག་པོ་སྟེ༔ ནམ་ཡང་བཀའ་ལས་མ་འདའ་བར༔ སྙིང་དང་མིག་བཞིན་གཅེས་པར་སྲུངས༔ ས་མ་ཡ་རཀྵནྟུ༔ ཡིག་ཆེས་དད་པས་གསོལ་བ་གདབ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ ནམ་ཡང་བཀའ་ལས་མི་འདའ་ཞིང༔ རྡོ་རྗེ་ཐེག་པའི་གཞུང་བཞིན་དུ༔ དངོས་གྲུབ་དམ་པ་ངེས་པར་བསྒྲུབ༔ ནང་འཇུག་བྱིན་ཆེན་དབབ་པ་ནི༔ སྒོ་གསུམ་གནད་གཅུན་རྩེ་གཅིག་དམིགས༔ སྤོས་རོལ་གདུང་བའི་དབྱངས་ཀྱིས་བསྐུལ༔ སློབ་མ་དབང་ཆེན་ཧེ་རུ་ཀ༔ གྲི་ཐོད་འཛིན་པས་ཡུམ་དང་སྦྱོར༔ སྙིང་གར་གཡུང་དྲུང་གཡོན་དུ་འཁོར༔ སྟེང་དུ་ཕག་མོ་གར་བྱེད་པ༔ རྩེ་གཅིག་དམིགས་པའི་འོད་ཟེར་ཚོགས༔ ཞིང་ཁམས་ཀུན་དང་ཁྱད་པར་དུ༔ རྔ་ཡབ་དཔལ་གྱི་རི་བོ་ནས༔ སྐུ་གསུམ་བླ་མའི་ཐུགས་རྒྱུད་བསྐུལ༔ སྐུ་སྔགས་ཕྱག་མཚན་ཚོགས་དཔག་མེད༔ ཆར་བཞིན་བབ་ནས་བྱོན་པར་བསམ༔ ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རང་བྱུང་སངས་རྒྱས་ཐོད་ཕྲེང་རྩལ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ གདུང་བས་ཐུགས་དམ་རྒྱུད་བསྐུལ་ན༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་དབང་བསྐུར་ཕྱིར༔ རྡོ་རྗེའི་བྲོ་གར་ལམས་སེ་ལམ༔ ངག་ལ་གསུང་གི་བྱིན་རླབས་ཕྱིར༔ ཧཱུྃ་ཕཊ་བརྡ་གླུ་དི་རི་རི༔ ཡིད་ལ་ཡེ་ཤེས་ངོ་སྤྲོད་ཕྱིར༔ མཁྱེན་བརྩེའི་དགོངས་པ་ཏ་ལ་ལ༔ གཉིས་སུ་མེད་པར་བྱིན་རློབས་ལ༔ དབང་གི་ཡེ་ཤེས་ད་ལྟ་སྩོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨཿ ལུས་བདེ་ངག་གི་བརྡ་གླུ་ལེན༔ སེམས་ལ་བདེ་གསལ་མི་རྟོག་པའི༔ ཡེ་ཤེས་སྐྱེས་ན་ཕེབས་པའི་རྟགས༔ སླར་ཡང་སྤོག་པའི་དམིགས་པ་ནི༔ སྙིང་གའི་གཡུང་དྲུང་དྲག་ཏུ་འཁོར༔ བཟོད་མེད་བདེ་བས་རྟ་མཆོག་དཔལ༔ གར་མཛད་སྣང་སྲིད་ཡམ་ཡམ་གཡོས༔ ཞིང་ཁམས་ཀུན་བཞུགས་རྩ་གསུམ་ལྷའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ ཆར་ཆེན་དྲག་ཏུ་བབ་པ་བཞིན༔ བྱོན་ནས་སློབ་མར་ཐིམ་པར་དམིགས༔ ཐོད་ཕྲེང་རྩལ་གྱི་ཛཔ་དབྱངས་བྱ༔ ཨ་རལླི་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛ་ཛ༔ ཞེས་བཏགས་ཌཱ་དྲིལ་དྲག་ཏུ་འཁྲོལ༔ དེས་ནི་ངེས་པར་འབེབས་པར་འགྱུར༔ ཏིཥྛ་བཛྲས་བརྟན་བྱ་ཞིང༔ གཡོ་མེད་དགོངས་པའི་རྒྱ་ཡིས་གདབ༔ དངོས་གཞི་དབང་སྦྱིན་གསོལ་གདབ་ནི༔ དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀ༔ དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱིས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཐོག་མར་བུམ་པ་གནས་བཞིར་བཞག༔ ཧཱུྃ༔ བུམ་པ་ཟླུམ་པོ་དབྱིངས་ཀྱི་གཞལ་མེད་ཁང༔ ལྷ་ཚོགས་ཡེ་ཤེས་བདུད་རྩིའི་བཅུད་དུ་འཁྱིལ༔ གཉིས་མེད་རྡོ་རྗེའི་ཆུ་ཡིས་དབང་བསྐུར་བས༔ སྒྲིབ་དག་ཡོན་ཏན་མ་ལུས་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་སྦྱིན་ཞིང་འཐོར་འཐུང་བྱ༔ ལྷ་ཚོགས་ཕྱག་རྒྱའི་དབང་བསྐུར་ནི༔ ཧྲཱིཿ དང་པོའི་སངས་རྒྱས་པདྨ་ཀུན་ཏུ་འཆང༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ༔ བདེ་ཆེན་རྡོ་རྗེའི་བླ་མས་དབང་བསྐུར་བས༔ བྱིན་རླབས་ཡོན་ཏན་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨཱ་ཀ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རང་བྱུང་ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས༔ རྡོ་རྗེ་རིན་ཆེན་པདྨ་ཀརྨ་ཡི༔ རིགས་མཆོག་ཐོད་ཕྲེང་སྡེ་ལྔས་དབང་བསྐུར་བས༔ ཕུང་ཁམས་ཉོན་མོངས་ཡེ་ཤེས་ལྔར་དག་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཚོགས་བརྒྱད་གནས་དག་ཡེ་ཤེས་ཀློང་དགུའི་ལྷ༔ སྤྲུལ་པའི་མཚན་མཆོག་བརྒྱད་ཀྱིས་དབང་བསྐུར་བས༔ འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ་པ་ཡི༔ སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ནིརྨ་ཀཱ་ཡ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལ༔ མོས་གུས་གདུང་བའི་ཤུགས་བསྐྱེད་ཅིང༔ རྡོ་རྗེའི་ཚིག་རྐང་བདུན་པ་ཡིས༔ གསོལ་བཏབ་བཛྲ་གུ་རུ་དང༔ ཐོད་ཕྲེང་རྩལ་གྱི་ཛཔ་དབྱངས་བྱ༔ བྱིན་རླབས་བརྟན་ཕྱིར་སྔགས་དབང་བསྐུར༔ ཧྲཱིཿ གྲགས་སྟོང་སྐྱེ་མེད་རང་བྱུང་རྡོ་རྗེའི་གསུང༔ སྙིང་པོ་ཛཔ་ཀྱི་ཚུལ་དུ་རང་ཤར་བ༔ འགྱུར་མེད་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བསྙེན་སྒྲུབ་ལས་ཀྱི་དངོས་གྲུབ་མཆོག་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཐུགས་མཆོག་མེ་ལོང་བརྡ་ཡིས་མཚོན༔ ཧྲཱིཿ བདེ་སྟོང་གཉིས་མེད་ཡེ་ཤེས་ཐམས་ཅད་པ༔ མ་འདྲེས་གསལ་སྟོང་མཚན་མའི་ཆོས་ལས་འདས༔ དམིགས་གཏད་ཀུན་བྲལ་ཡེ་ཤེས་ཕྱག་རྒྱའི་གཟུགས༔ སྣང་སྟོང་སྒྱུ་མའི་བརྡ་འདིས་ཤེས་པར་གྱིས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ གསང་བ་བྱང་ཆུབ་སེམས་དབང་བསྐུར༔ ཧྲཱིཿ བྷཉྫ་ཟླུམ་པོ་རང་བྱུང་བདེ་ཆེན་སྣོད༔ ལྷག་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་གཏམས༔ སངས་རྒྱས་ཀུན་གྱི་ངོ་བོས་དབང་བསྐུར་བས༔ གསང་བ་ཡོངས་རྫོགས་ཕྱག་རྒྱའི་མཆོག་འགྲུབ་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ ཐོད་པ་གནས་བཞིར་བཞག་པ་དང༔ བདུད་རྩི་མྱོང་བའི་དབང་བསྐུར་བྱ༔ ཤེས་རབ་ཡེ་ཤེས་ཕྱག་རྒྱ་གཏད༔ ཧྲཱིཿ མེ་ལོང་ཟླུམ་པོ་སྟོང་གསལ་ཡེ་ཤེས་གཟུགས༔ བདེ་ཆེན་རྡོ་རྗེའི་ཕོ་ཉ་རྨད་བྱུང་བ༔ ཐབས་མཆོག་ཡེ་ཤེས་ཕྱག་རྒྱ་འདི་གཏད་པས༔ ལྷན་སྐྱེས་དགའ་བཞིའི་དེ་ཉིད་མངོན་འགྱུར་ཤོག༔ པདྨ་བྷཉྫ་མོ་ཀྵ་ཧོཿ དངོས་ཡིད་ཕྱག་རྒྱར་རོལ་པ་ཡིས༔ འདུ་ཤེས་གསུམ་གྱི་དོན་ངོ་སྤྲད༔ དམ་རྫས་གཏོར་མ་གནས་བཞིར་བཞག༔ ཧྲཱིཿ གཏོར་སྣོད་ཟླུམ་པོ་དབང་གི་གཞལ་མེད་ཁང༔ གཏོར་ཆེན་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་གསལ༔ དངོས་གྲུབ་སྒྲུབ་པའི་རྫས་ཀྱིས་དབང་བསྐུར་བས༔ ཡེ་ཤེས་གསང་བ་རབ་འབྱམས་དོན་རྟོགས་ཤོག༔ ཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཨ༔ དབང་བཞིའི་བྱིན་རླབས་བརྟན་པའི་ཕྱིར༔ བླ་མའི་སྐུ་འབག་སྤྱན་དྲངས་ལ༔ གདུང་བའི་དབྱངས་བཅས་རྗེས་བསྐུར་བས༔ བྱིན་རླབས་བརྟན་ཅིང་རྒྱས་པར་བྱ༔ ཧྲཱིཿ སྔོན་ཚེ་པད་འབྱུང་ཁྱོད་དང་ཐུགས་དམ་གཅིག༔ ད་ལྟ་བདག་ཅག་མོས་པའི་སྟངས་འཛིན་ཕྱིར༔ སྣང་སྲིད་ཀུན་ཁྱབ་ཡེ་ཤེས་ཕྱག་རྒྱའི་གཟུགས༔ བྱིན་རླབས་ནུས་པ་བླ་མའི་སྐུ་འབག་འདི༔ མཐོང་ཐོས་དྲན་པས་མཆོག་ཐུན་དངོས་གྲུབ་སྟེར༔ རྡོ་རྗེའི་ཞལ་བཞེས་བསླུ་མེད་དེང་བསྐུལ་ན༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང༔ དབང་དང་དངོས་གྲུབ་མ་ལུས་*སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ རྗེས་ལ་དམ་ཚིག་ཁས་བླངས་དང༔ ཡོན་འབུལ་གཏང་རག་མཆོད་པ་བྱ༔ དེས་ནི་བླ་མ་ལ་བརྟེན་ནས༔ དངོས་གྲུབ་སྒྲུབ་ལ་དབང་བའོ༔ ས་མ་ཡ༔ གཉིས་པ་ཡི་དམ་ལྷ་ཚོགས་ཀྱི༔ ནུས་པ་འཇུག་པའི་དབང་བསྐུར་ནི༔ བླ་མའི་བྱིན་རླབས་ལམ་བྱེད་པའི༔ གསང་བའི་དབང་དང་རྗེས་འབྲེལ་བྱ༔ དབང་ཆེན་ལྷ་ཚོགས་སྐུའི་དབང་བསྐུར༔ ཧྲཱིཿ བདེ་ཆེན་འབར་བ་པདྨ་དབང་གི་ཞིང༔ རིགས་ཀྱི་གཙོ་བོ་རྟ་མཆོག་ཧེ་རུ་ཀ༔ ཡེ་ཤེས་སྒྱུ་མ་ཕྱག་རྒྱའི་སྐུ་འདི་ཡི༔ སྣང་སྟོང་གཉིས་མེད་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་པདྨ་ཧེ་རུ་ཀ་ཧ་ཡ་གྲཱྀ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རྡོ་རྗེ་བཞི་དབྱིངས་དགའ་བཞིའི་དེ་ཁོ་ན༔ རིགས་བཞིའི་དཔའ་བོ་ཌཱ་ཀི་ཡབ་ཡུམ་གྱི༔ གཉིས་མེད་ཕྱག་རྒྱ་མཆོག་གིས་དབང་བསྐུར་བས༔ ལས་བཞི་རབ་འབྱམས་སྒྲུབ་པའི་དབང་ཐོབ་ཤོག༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་སརྦ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་པའི་ལུང་སྦྱིན་བརྟན་པའི་ཕྱིར༔ ཧྲཱིཿ འགག་མེད་རྡོ་རྗེ་དབྱངས་ཀྱི་གསང་བའི་སྔགས༔ རང་བྱུང་ཡེ་ཤེས་བདག་ཉིད་དངོས་གྲུབ་དཔལ༔ འཛིན་པ་གྲགས་སྟོང་གསུང་གིས་དབང་བསྐུར་བས༔ ལས་དང་དངོས་གྲུབ་ཐོགས་མེད་འགྲུབ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ལྷར་སྣང་དབྱིངས་བསྡུས་མཉམ་པར་བཞག༔ ཧྲཱིཿ མཆོག་ཏུ་མི་འགྱུར་བདེ་བའི་དེ་ཁོ་ན༔ རྣམ་ཀུན་མཆོག་ལྡན་དབྱིངས་དང་གཉིས་སུ་མེད༔ ཟུང་འཇུག་ལྷན་ཅིག་སྐྱེས་པའི་དབང་བསྐུར་བས༔ དོན་གྱི་ཡེ་ཤེས་མངོན་དུ་འགྱུར་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ལྷ་སྔགས་ཡེ་ཤེས་ཇི་ལྟར་སྣང་ན་ཡང༔ ཆོས་ཉིད་འདུས་མ་བྱས་པའི་དབྱིངས་སུ་གཅིག༔ གདོད་ནས་གཉུག་མའི་རྡོ་རྗེ་གསུམ་ཀློང་དུ༔ དབྱེར་མེད་དགོངས་པའི་དབང་མཆོག་ཐོབ་པར་ཤོག༔ དེ་ནི་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ རྡོ་རྗེ་བཞི་ཡི་ཡེ་ཤེས་སུ༔ བྱིན་གྱིས་རླབས་པའི་རིམ་པ་སྟེ༔ རྨད་དུ་བྱུང་བའི་གསང་བའོ༔ ས་མ་ཡ༔ མཁའ་འགྲོ་བརྡ་ཡི་དབང་བསྐུར་ནི༔ ཤེས་རབ་ཡེ་ཤེས་རྗེས་འབྲེལ་བྱ༔ རྡོ་རྗེ་ཕག་མོའི་སྐུ་ཡི་གཟུགས༔ མེ་ལོང་ནང་དུ་འཆར་བ་བསྟན༔ ཧྲཱིཿ སྣང་ཞིང་སྟོང་པའི་ཡེ་ཤེས་སྐུ༔ གསལ་བ་མ་འགག་རང་བྱུང་བ༔ རྡོ་རྗེའི་བརྡ་འདིས་མཚོན་བྱོས་ལ༔ སྣང་སྲིད་རྒྱལ་བའི་ཞིང་དུ་ལྟོས༔ མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་ཨོཾ༔ གྲག་སྟོང་དྲིལ་བུའི་སྒྲ་བསྒྲགས་ཏེ༔ ཧྲཱིཿ གྲག་ཅིང་སྟོང་པ་རྡོ་རྗེའི་སྒྲ༔ ཐོག་མཐའ་གང་དུའང་མི་གནས་པ༔ ཡེ་ཤེས་དབྱིངས་ཀྱི་རང་གཟུགས་འདི༔ བརྡ་ཡིས་མཚོན་ཏེ་རྟོགས་པར་གྱིས༔ ཤུནྱ་ཏཱ་ན་དཱ་བཛྲ་ཝཱ་ཀ་ཧྲཱིཿ འབར་འཛག་དམིགས་པ་གནད་དུ་བསྣུན༔ བུམ་ཅན་རླུང་དང་ལྷན་ཅིག་པར༔ ཧྲཱིཿ བདེ་སྟོང་རྣམ་པ་ཐམས་ཅད་པ༔ སྔགས་ཀྱིས་མངོན་དུ་གྱུར་ན་ཡང༔ གཉིས་མེད་ཡེ་ཤེས་དེ་ཁོ་ན༔ རང་བྱུང་གསང་བར་ལྷུན་གྱིས་གྲུབ༔ མ་ཧཱ་སུ་ཁ་ཨ་ཏི་ཧོཿ ཧྲཱིཿ རྣམ་བཅས་ཐམས་ཅད་ཕྱག་རྒྱ་ཆེ༔ སྐྱེ་འགག་གནས་བྲལ་ཡེ་ཤེས་དང༔ གཉིས་སུ་མེད་པའི་ངོ་བོ་ནི༔ དོན་གྱི་རྡོ་རྗེ་ཕག་མོ་འོ༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ མཁའ་འགྲོ་བརྡ་ཡི་ཟབ་མོའི་དབང༔ ཐོབ་པས་ཡེ་ཤེས་རབ་འབྱམས་ཀྱི༔ དངོས་གྲུབ་ཟབ་མོའི་སྒོ་རྙེད་ནས༔ ལས་ཀུན་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ བཞི་པའི་དབང་དང་རྗེས་འབྲེལ་བར༔ རྩ་གསུམ་གཏོར་མའི་དབང་བསྐུར་ནི༔ ཧྲཱིཿ སྣོད་བཅུད་ཡོངས་རྫོགས་རྡོ་རྗེའི་བ་ལིཾ་ཏ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་རྣམ་པར་ཤར༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་བསྐུར་བས༔ བྱིན་རླབས་དངོས་གྲུབ་ལས་ཀུན་གྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་བ་དྷཱ་ཀི་ནི་དྷརྨ་པཱ་ལ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ གཏོར་མ་གནས་བཞིར་བཞག་པ་དང༔ ལྷ་ཚོགས་འོད་ཞུ་བདུད་རྩིའི་བཅུད༔ མྱོང་ཞིང་དབང་བཞིའི་རྟོགས་པ་སྐྱེད༔ སྙིང་པོ་དོན་གྱི་སྨིན་བྱེད་དོ༔ ས་མ་ཡ༔ བཀའ་སྲུང་གཏོར་མ་ལྷར་གསལ་བས༔ སློབ་མ་དཔལ་ཆེན་ཧེ་རུ་ཀའི༔ ང་རྒྱལ་བཟུང་ལ་ཐ་ཚིག་བསྒྲག༔ དགོངས་པས་རྒྱས་བཏབ་སྲོག་སྙིང་བསྲེ༔ ཧཱུྃ༔ ཐབས་ཀྱི་དཔའ་བོ་མགོན་པོ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཀྱི་མ་མོ་མཁའ་འགྲོའི་ཚོགས༔ གཉིས་མེད་མཐུ་ཆེན་སྡེ་བརྒྱད་དྲེགས་ཚོགས་ཀུན༔ དཔལ་གྱི་བཀའ་བཞིན་ཐོགས་མེད་ཕྲིན་ལས་མཛོད༔ ས་མ་ཡ་སརྦ་ཀརྨ་ཀུ་རུ་ཧོཿ གཏོར་མ་བདུད་རྩིས་བཤལ་ལ་སྦྱིན༔ དེས་ནི་བཀའ་སྡོད་ལས་འཁོལ་འགྱུར༔ ས་མ་ཡ༔ ཨེ་མ་རྩ་གསུམ་ཡོངས་རྫོགས་ཀྱི༔ བྱིན་རླབས་དབང་གི་བྱང་བུ་འདི༔ སྣོད་ལྡན་སློབ་མ་རྗེས་འཛིན་ཕྱིར༔ འོད་གསལ་རིག་པའི་རྩལ་ལས་ཤར༔ ལས་དང་སྐལ་པས་མོས་པའི་བུར༔ བྱིན་རླབས་དངོས་གྲུབ་དཔལ་གྱུར་ནས༔ རྡོ་རྗེའི་ས་ལམ་རྫོགས་པ་ཡི༔ སྐལ་བཟང་མཆོག་ཏུ་འགྲུབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཅེས་པའང་རང་བྱུང་སངས་རྒྱས་དཔལ་པདྨའི་སྙིང་པོས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་མཛད་པའི་ཚུལ་བསྟན་པའི་རྡོ་རྗེའི་གནས་མཆོག་བལ་ཡུལ་ཡང་ལེ་ཤོད་རྡོ་རྗེའི་བྲག་གི་ཀེའུ་ཚང་སྨན་ཤིང་མེ་ཏོག་དྲྭ་བས་མཛེས་པའི་དབེན་པར་གནས་འབྲེལ་ལ་ཕྱིན་པའི་སྐབས་ཇི་ལྟར་ཤར་བ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའི་ཡི་གེ་པ་ནི་དད་བློ་རྣམ་གསལ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང་འགྲོ་ཀུན་རྩ་གསུམ་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་གསང་བ་གསུམ་དང་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-17-TSA]] | [[Category:DKR-KABUM-Volume-17-TSA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:33, 7 November 2022
🚧 This website is under continued development. We appreciate your patience!
Previous Text"TSA" is not a number. Back to Volume Page"TSA" is not a number.Next Text "TSA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tsa"., Text 27, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "TSA" is not a number. |
"TSA" is not a number.