DKR-KABUM-05-CA-031: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-031
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=CA | |||
|textnuminvol=031 | |||
|pdflink=File:DKR-KABUM-05-CA-031.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། དྷཱུ་ཏིའི་རྒྱ་ཅན་ལས། བླ་མ་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་ཡེ་ཤེས་བདུད་རྩིའི་འདོད་འཇོ་བཞུགས། | |||
༄༅། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྲིན་མཛེས་ལས། །བྱིན་རླབས་དངོས་གྲུབ་བདུད་རྩིའི་གྲུ་ཆར་གྱིས། །སྐུ་བཞིའི་སྙེ་མ་རྒྱས་མཛད་བླ་མ་རྗེར། །བཏུད་ནས་སྒྲུབ་ཐབས་བྱིན་རླབས་བཅས་པ་སྤེལ། །གུ་རུ་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་གུ་རུའི་སྐུ་འབག་གི་མདུན་དུ་སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་དམ། མཎྜལ་འབྲུ་དཀར་གྱི་ཚོམ་བུ་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་སོ་ལྔའི་རྫས་ཀྱིས་གཏམས་པ་ཁ་རྒྱན་མགུལ་ཆིངས་དཀར་པོས་བརྒྱན་པའི་མདུན་དུ་བླ་གཏོར་སྨན་རཀ །ཉེར་སྤྱོད་ཀྱིས་བསྐོར། བདེ་བའི་སྟན་ལ་འཁོད་པས། ཕྲིན་ལས་དངོས་ལ་སྔོན་དངོས་རྗེས་གསུམ་ལས། དང་པོ་སྐྱབས་འགྲོ་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ལན་གསུམ། གསུམ་པ་བགེགས་བསྐྲད་ནི། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པའི་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་སོགས་བརྗོད། བཞི་པ་སྲུང་འཁོར་ནི། ཧཱུྃ། ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀི་ནི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ལྔ་པ་བྱིན་འབེབས་ནི། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ ཧཱུྃ་ཧཱུྃ་ཧཱུྃ༔ དྲུག་པ་མཆོད་པ་བྱིན་བརླབ་ནི། རྃ་ཡྃ་ཁྃ། །ཐུགས་ནས་རྃ་ཡྃ་ཁྃ་འཕྲོས་པས༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱི༔ མ་དག་ཉེས་སྐྱོན་ཀུན་སྦྱངས་ནས༔ མི་ཟད་ནམ་མཁའི་མཛོད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཧཱུྃ༔ བཛྲ་གནྡྷེ་ཧཱུྃ༔ བཛྲ་ནཻ་ཝི་དྱ་ཧཱུྃ༔ བཛྲ་ཤཔྟ་ཧཱུྃ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལེཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མ་ཧཱ་པཉྩ་མ་ཧཱ་བ་ལིཾ་ཏ་རཀྟ་ཨ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ༔ གཉིས་པ་དངོས་གཞི་ལ་བདུན་ལས་དང་པོ་ལྷ་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བུམ་པའི་ཐད་ཀྱི་ནམ་མཁར་སིནྡྷཱུའི་རྒྱ་མཚོའི་དབུས་སུ་པདྨའི་འདབ་མ་ཡངས་ཤིང་རྒྱ་ཆེ་བའི་ཟེའུ་འབྲུའི་སྟེང་ཉི་ཟླ་ཟུང་འཇུག་གི་གདན་ལ་སྐད་ཅིག་གིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། གསང་གོས་སྣམ་སྦྱར་བེར་སྨུག་མཉེན་ཞུ་གསོལ་བ། འཇའ་ཚོན་གྱི་དབུས་ན་བཞུགས་པ་གསལ་བཏབ། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་བ་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་ས་མ་ཛཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ་ཧྲཱིཿ སིནྡྷཱུའི་རྒྱ་མཚོ་རོལ་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ བླ་མ་པདྨ་ཐོད་ཕྲེང་རྩལ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཕྱག་ནི། ཧཱུྃ༔ ཕྲིན་ལས་ཀུན་རྫོགས་ཐོད་ཕྲེང་རྩལ༔ གང་འདུལ་སྐུར་བསྟན་མཚན་བརྒྱད་དང་༔ དཔའ་བོ་མཁའ་འགྲོ་སྲུང་མ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་ནི། ཧྲཱིཿ ཀུན་འདུས་བླ་མའི་དཀྱིལ་འཁོར་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་སྒྲ༔ སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་སོགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་རཀྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛཔ྄་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་བུམ་པར་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཟླས་པ་ཅི་ནུས་བྱ། གཞན་ལ་རྡོ་རྗེ་གསུམ་གྱི་བྱིན་རླབས་དང་འབྲེལ་ན་ལས་བུམ་རྟ་སྔགས་ཀྱིས་སྒྲུབ། ཐུན་མཐར། ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧྲཱིཿ མ་བཅོས་སྤྲོས་བྲལ་གྱིས་བསྟོད། ཡིག་བརྒྱ་བཟླ། གསུམ་པ་རྗེས་ལ་གསུམ་ལས། དང་པོ་བསྡུ་ལྡང་ནི། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །དེ་ཡང་མི་དམིགས་འོད་གསལ་ངང༌། །སྣང་སྟོང་ལྷ་སྐུ་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་སྲུང་བར་གྱུར། །གཉིས་པ་བསྔོ་སྨོན་ནི། །དགེ་བ་འདི་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་གཉིས་དེ་འབྲས་མ་ལུས་ཀུན་བྱང་ནས། །མ་ཧཱ་གུ་རུའི་གོ་འཕང་མངོན་གྱུར་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །གསུམ་པ་ཤིས་བརྗོད་ནི། །ཆོས་སྐུ་སྣང་མཐའ་ལོངས་སྐུ་འཇིག་རྟེན་མགོན། །སྤྲུལ་པའི་སྐུ་མཆོག་པདྨ་ཐོད་ཕྲེང་རྩལ། །སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས་ཀྱིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཚུལ་འདིའི་རྡོ་རྗེ་གསུམ་གྱི་བྱིན་བརླབ་བྱེད་པར་འདོད་པས་ཕྲིན་ལས་ཀྱི་གཞུང་བསྲངས་ལ་བཟླས་པའི་མཐར་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་ལེན་བྱས་རྗེས། སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད་སྲུང་འཁོར་བསྒོམས་ལ། ལོ་རྒྱུས་ནི། དེ་ལ་འདིར་སྐུ་གསུམ་རྒྱལ་བ་ཡོངས་ཀྱི་རྣམ་འཕྲུལ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །ཨོ་རྒྱན་མ་ཧཱ་གུ་རུས་ཕྱི་མའི་གདུལ་བྱའི་དོན་དུ་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱ་གཏེར་དུ་སྦས་པར་མཛད་པ་རྗེ་འབངས་སོ་སོའི་ངོ་སྐལ་དུ་བྱོན་པ་ལས། ཡབ་གཅིག་ཚངས་པ་ལྷ་ཡི་མེ་ཏོག་སངས་རྒྱས་མ་ཆགས་པདྨ་ཅན་དུ་མི་སློབ་འབྲས་བུའི་གོ་འཕང་མངོན་དུ་མཛད་པའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་ཕྱག་རྒྱའི་རེ་ཁཱ། དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་གངས་ཅན་ཕན་བདེའི་སྲོག་རྩ། ཕྱག་ན་པདྨོ་ངག་དབང་བློ་བཟང་རྒྱ་མཚོ་ལ་ཉམས་དང་རྨི་ལམ་ཙམ་མ་ཡིན་པ་བླ་མ་དང་ལྷག་པའི་ལྷས་རྗེས་སུ་བཟུང་བའི་དག་སྣང་དུ་ཟབ་རྒྱས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་འབྱམས་ཀླས་པའི་ཆ་ཤས་ཨ་ཧཾ་དྷཱུ་ཏིའི་རྒྱ་ཅན་ལས་གུ་རུ་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། སངས་རྒྱས་ཀུན་འདུས་བླ་མ་མཆོག །མཚོ་ལས་སྐྱེས་པའི་རྡོ་རྗེ་ཡིས། །བདག་གི་ལུས་ངག་ཡིད་གསུམ་རྣམས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལན་གསུམ། སྐྱབས་གནས་ཀུན་འདུས་བླ་མའི་སྐུ་གསུང་ཐུགས་ལ་ཡིད་ཆེས་རྩེ་གཅིག་པས་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས༴ སོགས་ལན་གསུམ། ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་སྐུ་གསུམ་བླ་མའི་གོ་འཕང་ལ་འགོད་པའི་ཆེད་དུ་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ་འཇུག་པར་བགྱི་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། རྒྱུད་རྣམ་པར་དག་པའི་སླད་དུ་བསགས་སྦྱང་གི་སྙིང་པོ་ཡན་ལག་བཅུ་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༌། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ལན་གསུམ། དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སིནྡྷཱུའི་རྒྱ་མཚོའི་དབུས་སུ་པདྨའི་འདབ་མ་ཡངས་ཤིང་རྒྱ་ཆེ་བའི་ཟེའུ་འབྲུའི་སྟེང༌། ཉི་ཟླ་ཟུང་འཇུག་གི་གདན་ལ་གཞི་ལུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། གསང་གོས་སྣམ་སྦྱར་བེར་སྨུག་མཉེན་ཞུ་གསོལ་བ་འཇའ་ཚོན་གྱི་དབུས་ན་བཞུགས་པའི་གནས་གསུམ་རྡོ་རྗེའི་ཡི་གེ་གསུམ་གྱི་འོད་དང་མོས་གུས་གདུང་བས་ཐུགས་རྒྱུད་བསྐུལ་ཏེ་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ནས་རིག་འཛིན་སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས་ནམ་མཁའ་བར་སྣང་ས་གཞི་གང་བར་བྱོན་ནས་སྒོ་གསུམ་ལ་གཉིས་སུ་མེད་པར་ཐིམ་པར་མོས་ལ། ཌཱ་དྲིལ་སྤོས་རོལ་དང་བཅས་ཏེ་ཚིག་བདུན་གསོལ་འདེབས་ཐོད་ཕྲེང་རྩལ་གྱི་སྔགས་དང་བཅས་པས་བྱིན་དབབ། ཏིཥྛ་བཛྲས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱ། དབང་དངོས་ལ། སྐུ་ཡི་བྱིན་རླབས་འཇུག་པའི་སླད་དུ་བླ་མ་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོ་ནས་དབང་བསྐུར་བར་བསམ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་དབང་བསྐུར་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། བུམ་པ་སྤྱི་བོར་བཞག་ཅིང༌། བུམ་ཆུ་བླུད་པས། ཞེས་དབང་བསྐུར་བས་སློབ་མའི་ལུས་བདུད་རྩིས་གང་སྟེ་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་སྟེ་མཉམ་པར་ཞོག་ཅིག །དེ་ནས་མདུན་བསྐྱེད་གུ་རུ་ཟ་ཧོར་མ་ངོ་བོ་རྡོ་རྗེ་འཆང་རྡོར་དྲིལ་འཛིན་པ། ཡུམ་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད་པ་ཁྱེད་རང་གི་སྤྱི་བོར་བྱོན་པར་བསམ་ལ། ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་བཟླས་པས་གསོལ་བ་བཏབ་མ་ཐག །སྤྱི་བོའི་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བབས་པའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་བདེ་སྟོང་གི་ངང་ལ་མཉམ་པར་ཞོག་མཛོད། དེ་ནས་བླ་མ་རྡོ་རྗེ་འཆང་འོད་དཔག་མེད་སྤྲུལ་པའི་སྐུར་གནས་གྱུར་པས་འདི་ལྟར་གསུངས་པར་མོས་ཤིག །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། །པདྨ་ཐོད་ཕྲེང་བདག་ཉིད་ནི། །དོན་དུ་སྣང་བ་མཐའ་ཡས་ཏེ། །ཕྱི་ལྟར་སྤྲུལ་སྐུ་འོད་དཔག་མེད། །ཅེས་གསུངས་ནས་ཕྱག་གི་བུམ་པས་དབང་བསྐུར་བར་མོས་ལ། བུམ་པ་སྤྱི་བོར་བཞག་སྟེ་བུམ་ཆུ་མྱང་བས། འོད་དཔག་མེད་དེ་ཚེ་དཔག་མེད་དཀར་པོ། གོས་དཀར་མོ་རྡོ་རྗེ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའི་རྣམ་པར་གྱུར་པའི་ཞལ་ནས། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། །པདྨ་ཐོད་ཕྲེང་བདག་ཉིད་ནི། །དོན་དུ་སྣང་བ་མཐའ་ཡས་ཏེ། །ནང་དུ་ཚེ་དཔག་མེད་ལོངས་སྐུ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུར་སིདྡྷི་ཧཱུྃ༔ ཞེས་རྡོ་རྗེའི་སྔགས་ཀྱི་སྒྲས་བསྐུལ་བས་ཡབ་ཡུམ་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ས་ཆུ་མེ་རླུང་གི་བཅུད་སེར་དམར་དཀར་ལྗང་གི་རྣམ་པ། ལྷ་མིའི་ཚེ་སྲོག་ཨ་ནྲྀའི་གཟུགས། བདེ་བ་ཅན་ནས་ཚེ་དཔག་མེད་པའི་ཐུགས་ཀྱི་བདུད་རྩི་སོགས་འཁོར་འདས་ཀྱི་བཅུད་རྣམས་བསྡུས། ཡབ་ཡུམ་གྱི་སྤྱི་བོར་ཞུགས། སྦྱོར་མཚམས་ནས་བབ། ལུས་ཐམས་ཅད་གང་བས་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། དེ་རྗེས་ཡབ་ཡུམ་གཉིས་ཀྱི་ཞལ་ནས། གསང་བ་སེམས་བརྟན་པར་ཟུངས་རིགས་ཀྱི་བུ། ཞེས་གསུངས་པས་ཡབ་ཡུམ་གཉིས་མེད་དུ་ཞུ་བ་རང་དང་དབྱེར་མེད་དུ་འདྲེས། དེ་ཡི་ངོ་བོ་ལ་བལྟས་པས་སྟོང༌། དེའི་གདངས་བདེ་བའི་ཉམས་སུ་ཤར། གསལ་སྟོང་དབྱེར་མེད་བརྗོད་བྲལ་གྱི་ངང་དུ་འཇོག་པ་ནི་ཆོས་ཀྱི་སྐུའོ། །དེས་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ཐོབ་པས་དེང་ཕྱིན་ཆད་སྣང་གྲགས་རིག་པ་བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བལྟ་བའི་དག་སྣང་དང་མ་བྲལ་བར་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ། ལུས་འབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱའོ། །སྤྱིར་འདི་ཉིད་རང་དོན་ཉམས་སུ་ལེན་བྱ་དངོས་བསྟན་དུ་གསལ་ཞིང༌། གཞན་ལའང་བྱིན་རླབས་བྱེད་ན་ཚིག་ཁ་བསྒྱུར་དགོས་གསུངས་པ་བཞིན་ཅུང་ཟད་སྤྲོས་པའོ། །ངོ་བོ་འགྱུརྃ་མེདྃ་རྡོ་རྗེའི་ཡེ་ཤེས་ཉིད། །རྣམ་པ་སྐུ་གསུམ་རོལ་པའི་བྱིན་རླབས་ཚུལ། །ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱལྃ་མཚྃན་རྨད་བྱུང་བ། །སྐལ་བཟང་ཕྱོགས་ལས་རྣམ་རྒྱལ་དཔལ་དུ་མཛེས། །བླ་མ་སྐུ་གསུམ་སྒྱུ་འཕྲུལ་རོལ་པའི་བྱིན་རླབས་ཀྱི་ལེའུ་ཚན་ནོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-05-CA]] | [[Category:DKR-KABUM-Volume-05-CA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:32, 7 November 2022
🚧 This website is under continued development. We appreciate your patience!
Previous Text"CA" is not a number. Back to Volume Page"CA" is not a number.Next Text "CA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "ca"., Text 31, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "CA" is not a number. |
"CA" is not a number.