DKR-KABUM-13-PA-019: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-019
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=PA | |||
|textnuminvol=019 | |||
|pdflink=File:DKR-KABUM-13-PA-019.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་མཆོག་གྲུབ་ཀྱི་བསྙེན་ཡིག་མདོར་བསྡུས་བཞུགས། | |||
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཨ་ཛི་ཏ་བི་ཛ་ཡ་ཨ་པ་ར་ཛྙཱ་ན་ཀཱ་ཡ་ཡེ། འཇམ་དཔལ་ཞི་བ་བླ་མེད་ལུགས་ཕྱག་རྒྱ་གཅིག་པའི་བསྙེན་སྒྲུབ་བྱ་བའི་ཚུལ་ནི། ཡིད་དང་མཐུན་པའི་གནས་སུ་གཞུང་མཐུན་ཞི་དཀྱིལ་སྤྱི་ལྟར་ལྟེ་བར་ལྷ་སྐུའམ་རལ་གྲི་གླེགས་བམ་གྱི་ཕྱག་མཚན་དང་དྷཱིཿཡིག་དམར་སེར་གྱིས་མཚན་པ་ཅན་གྱི་དབུས་སུ་འཇམ་དཔལ་གྱི་སྐུ། མཚན་བརྗོད་ཀྱི་གླེགས་བམ། ཀུན་འབྱུང་ནོར་བུའི་ལས་ཚོགས་ལས་བྱུང་བ་ལྟར་བཅོས་པའི་ཕྱག་མཚན་རལ་གྲི་བཅས་པའམ། འཇམ་དཔལ་གྱི་སྐུ་བྲིས་འབུར་གང་རུང་དང་མཚན་བརྗོད་ཀྱི་གླེགས་བམ་ཙམ་བཤམས་པས་རུང༌། དེ་མཐར་ཉེར་སྤྱོད་བདུན་དང་མདུན་རྒྱབ་གང་རུང་དུ་ཞི་གཏོར་དམར་པོ་དང༌། སྨན་རཀ །བཀའ་སྲུང་ལས་གཤིན་གྱི་གཏོར་མ་བཅས་བཤམས། ཡར་ངོའི་དུས་ཚེས་བརྒྱད་སོགས་གང་རུང་དང༌། རྒྱལ་ཕུར་འགྲུབ་སྦྱོར་ལྟ་བུའི་གཟའ་སྐར་དགེ་བར་སྒྲུབ་པ་པོ་རྟེན་དང་ཞལ་སྤྲོད་བྱུང་ན་ལེགས་ཤིང༌། གང་ལྟར་ཡང་འཕྲལ་གྱི་ཤེས་རབ་བསྐྱེད་པའི་ཐབས་ཙམ་མ་ཡིན་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་ཐོགས་མེད་པའི་གོ་འཕང་མངོན་དུ་བྱ་བའི་ཕྱིར་ཡི་དམ་ལྷག་པའི་ལྷ་འདིའི་བསྐྱེད་རྫོགས་ལ་བརྩོན་དགོས་སྙམ་པས་འཁོར་བར་ཞེན་ལོག་གི་ངེས་འབྱུང༌། ཞི་མཐའ་སྐྱོབ་པའི་སྙིང་རྗེ། ལྷ་སྔགས་ལ་ཡིད་ཆེས་ཀྱི་དད་པ། བསྐྱེད་རྫོགས་མཐར་དབྱུང་བའི་བརྩོན་འགྲུས། ལམ་གྱི་གནད་ཤེས་པའི་ཤེས་རབ་གསུམ་དང་ལྡན་པས་ཐོག་མར་སྔོན་འགྲོའི་ཁྲིད་རིམ་སྤྱི་ལྟར་བློ་ལྡོག་རྣམ་པ་བཞིས་རྒྱུད་ལེགས་པར་སྦྱངས་བས། རྡོ་རྗེ་སློབ་དཔོན་ལན་གསུམ་སྔོན་དུ་འགྲོ་བས་བགེགས་བསྐྲད་ལས་འབྱུང་བ་ལྟར། རང་ཉིད་སྐད་ཅིག་གིས་སོགས་ནས། བདག་ཉིད་ཅན་དུ་གྱུར། ཞེས་མཚམས་ལྷའི་ང་རྒྱལ་བཟུང་སྟེ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླས་པ་བརྒྱ་རྩ་བཟླས་ལ་ཐོག་མར་གནས་གཞི་བདག་པོ་ལ་དཀར་གཏོར་སྤྱི་ལྟར་བཏང༌། དེ་ནས་བགེགས་གཏོར་གཞུང་ལྟར་བསྔོས་ལ་ཡུངས་ཐུན་གྱིས་གཟིར། གནས་ཁང་གི་ནང་དུ་གུ་གུལ་གྱིས་བདུག །སྒོ་དྲུང་དུ་རྒྱལ་ཐོ་བརྩེགས་པར་མཆོད་པ་དང་གཏོར་མས་བརྔན་ལ་ཕྱི་ནང་གི་རྒྱུ་འགྲུལ་སྡོམ། ཐུགས་ལས་ཁྲོ་ཚོགས་སོགས་ནས། བྷྲཱུྃ་བཛྲ་ཛྙཱ་ན་རཀྵ་ཧཱུྃ་བྷྲཱུྃ་ཨཱཿས་སྲུང་འཁོར་བསྒོམས། དེ་ནས་ནང་དུ་ཞུགས་ལ། ལས་བྱང་གི་སྐྱབས་སེམས་ནས་བརྩམས་ཐུན་གྱི་དབུ་འཛིན་དགོས། སྐུ་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ་ཚུལ་སོགས་སྤྱི་ལྟར་ཤེས་པར་བྱས་ནས་ཉམས་སུ་བླངས་ཏེ། དངོས་གཞི་བསྙེན་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་དང་འབྲེལ་བའི་བཟླས་དམིགས་ཟུར་གསལ་དང༌། སྔགས་བཞི་ལས། དང་པོ་སྤྱི་ཁྱབ་ཀྱི་བཟླས་དམིགས་ནི། ཐུགས་ཀར་ཟླ་སྟེང་སོགས་གཞུང་གི་བཟླས་དམིགས་བཏང་མཐར། བསྙེན་སྒྲུབ་ཡན་ལག་བཞིའི་བཟླས་དམིགས་སྐབས་སུ་གང་བབ་སོ་སོར་སྦྱར་དགོས་པས། དང་པོ་བསྙེན་པའི་དུས་སུ་སོགས་གོང་ལྟར་དམིགས་པ་རྩེ་གཅིག་ཏུ་གཟིར་ཏེ། ཨོཾ་མཉྫུ་ཤྲཱི་མཚན་སྔགས་གཙོ་བོར་བཟླ། གཞན་རྣམས་སྔགས་ཁོ་ན་ཁྱུག་ཙམ་བཟླས་པས་ཐུན་བསྡུ། དེས་འགྲེས་ཏེ། བསྙེན་པ་གྲུབ་པ་དང་ཉེ་བསྙེན་ལ་འཇུག་པ་སོགས་སྔ་མར་འགྲེ། གཉིས་པ་ནི་བསྙེན་དུས་སོགས་བཟླས་དམིགས་དང་སྦྲགས་ཏེ། ཨོཾ་བཛྲ་མཉྫུ་ཤྲཱི་ཨ་སོགས། གསུམ་པ་སྒྲུབ་པའི་དུས་སོགས་ཀྱི་མཐར། ཨོཾ་བཛྲ་ཏཱིཀྵྞཱ་དུཿཁ་སོགས། བཞི་པ་སྒྲུབ་པ་ཆེན་པོ་ནི་སོགས་མཐར། ཨོཾ་ཨ་ར་པ་ཙ་བཅས་སོ་སོར་སྦྱར། གྲངས་བསྙེན་གཙོ་བོར་བྱེད་ན། བསྙེན་པ། ཉེ་བསྙེན། སྒྲུབ་པ་གསུམ་འབུམ་ཕྲག་རེ་རེ། སྒྲུབ་པ་ཆེན་པོའི་ཨ་ར་པ་ཙ་འབུམ་ཕྲག་བཅུ། གསུམ་པ་རྩོད་དུས་ལ་བཞི་འགྱུར་དུ་གསུངས་པ་ལྟར་བྱུང་ན་ལེགས་ཆེ་སྙམ། དུས་བསྙེན་ཞག་བརྒྱ་ཐམ་པའི་དབང་དུ་བྱས་ན་བསྙེན་པ་ཞག་བཅོ་ལྔ། ཉེ་བསྙེན་ཞག་བཅོ་ལྔ། སྒྲུབ་པ་ཞག་བཅོ་ལྔ། སྒྲུབ་པ་ཆེན་པོ་ཞག་བཞི་བཅུ། མཐའ་བརྟེན་ཚེ་སྒྲུབ་ཞག་བདུན་བཅས་བྱས་ན་རུང་སྙམ་ཞིང༌། སྤྱིར་བསྙེན་སྒྲུབ་ཡན་ལག་བཞི་བསྙེན་པ་ལ་སྦྱར་བའི་གོ་དོན་ནི། བླ་མ་དང་དཔོན་པོ་ཆེན་པོ་ལ་ཐོག་མར་ཞལ་མཇལ་ཏེ་ངོ་ཤེས་པ་ལྟ་བུ་བསྙེན་པ། བླ་དཔོན་དང་རྒྱལ་བློན་འདྲིས་གདགས་པ་ལྟ་བུ་ཉེ་བསྙེན། སློབ་མའམ་བློན་པོའི་རྒྱུད་ཚོད་ཀྱི་ཡོན་ཏན་དཔོག་ནས་ལས་འདི་གྱིས་ཞེས་བཀའ་བསྒོ་བ་ལྟ་བུ་སྒྲུབ་པ། དེ་ལ་ནུས་པ་ཐོབ་ནས་གཞན་ལ་ཚར་གཅོད་རྗེས་འཛིན་བྱས་པ་སྒྲུབ་པ་ཆེན་པོའི་གོ་དོན་སྟེ། དེས་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་ཆེ་བའི་ཡོན་ཏན་དང་ངོ་མཚར་བའི་རྣམ་ཐར་སོགས་ངེས་ཤེས་དད་པའི་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་ལྷ་སྐུའི་གསལ་སྣང་ལ་གཙོར་བཏོན། དེ་ལ་གོམས་པ་དང༌། གསུང་གི་བཟླས་པའི་རང་སྒྲ་ལ་སེམས་གཏད་པས་ལྷག་པའི་ལྷའི་ཐུགས་རྒྱུད་བསྐུལ་ཏེ་དངོས་གྲུབ་སྩོལ་བ་ལ་ཐུགས་ཉེ་བར་བྱེད་པ་དང༌། སྐུ་ཡི་གསལ་སྣང་དང་སྔགས་སྒྲ་རྣམ་པ་གང་ལྟར་སྣང་ཡང་འཇམ་དཔལ་དབྱངས་ཀྱི་ཐུགས་བདེ་སྟོང་གི་རོལ་པ་ལས་ཐ་དད་མེད་པ་ཡེ་ཤེས་གཅིག་གི་ངོ་བོར་ཐག་བཅད་པ་དང་ངེས་ཤེས་ཀྱིས་བསྒྲུབས་པས་སྔ་མ་གཉིས་ལས་ཟབ་པ་དང༌། ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཐམས་ཅད་ལ་རྣམ་མཁྱེན་གྱི་ཡེ་ཤེས་ཀྱིས་རྩིས་མ་ཟིན་པ་གཅིག་ཀྱང་མེད་པས་བ་སྤུ་གཅིག་གིས་ཀྱང་སངས་རྒྱས་ཀྱི་མཛད་པ་མཐའ་དག་སྒྲུབ་ནུས་པས། འཁོར་འདས་སྣང་སྲིད་ཀྱི་སྣང་ཆ་ཐམས་ཅད་འཇམ་དཔལ་དབྱངས་ཀྱི་སྐུ་དང་ཞིང་ཁམས། སྒྲ་གྲགས་ཐམས་ཅད་ཨ་ར་པ་ཙའི་སྔགས། སེམས་ཀྱི་དྲན་རྟོགས་ཐམས་ཅད་མཁྱེན་གཉིས་ཡེ་ཤེས་ཀྱི་ངོ་བོར་གསལ་བས་རང་སེམས་མ་བཅོས་པའི་ངང་དུ་ཨ་ར་པ་ཙ་བཟླ། ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་དང༌། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི་སོགས་མཐར། ཨོཾ་ཨཱརྻ་མཉྫུ་ཤྲཱི་བཛྲ་ཨརྒྷཾ་ནས་ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ ཞེས་མཆོད་པ་དང༌། མཚན་བརྗོད་ཀྱི་རྒྱུད་བཀླག་པས་བསྟོད། བསྟོད་པ་བསྡུ་ན། ཨོཾ་རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད། །མཁྱེན་རབ་ཡེ་ཤེས་སྐུ་ཅན་ཏེ། །ཡེ་ཤེས་སྐུ་ཅན་གསུང་དབང་ཕྱུག །འགྲོ་བ་སྨིན་བྱེད་ཁྱེད་ལ་བསྟོད། །ཅེས་པས་ཀྱང་རུང༌། མ་རྙེད་ཡོངས་སུ་མ་ཚང་སོགས་དང༌། ཡིག་བརྒྱས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་ཨ་ར་པ་ཙ་ན་དྷཱིཿཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཨཱཿས་རྒྱུན་གྱི་དངོས་གྲུབ་བླང༌། ཧཱུྃ་ཧཱུྃ་ཧཱུྃ་ཞེས་སོགས་བརྗོད་ནས་བསྡུ་ལྡང༌། བསྔོ་སྨོན་བྱ། ཤིས་བརྗོད་དང༌། འཇམ་དཔལ་ལམ་རིམ་གྱི་སྨོན་ལམ་ཀྱང་བྱ། གཞུང་གི་བཟླས་པ་བཞི་རྫོགས་པ་དང༌། དཀྱིལ་འཁོར་དུ་དམིགས་རྟེན་ཚེ་བུམ་ཚེ་རིལ་ཚེ་ཆང་བཅས་པ་བཤམས། ལས་བྱང་གི་བསྟོད་པ་གྲུབ་པ་དང༌། ཐུགས་ཀར་རྡོ་རྗེའི་རྒྱ་གྲམ་སོགས། ཨ་ར་པ་ཙ་ལ་ཚེ་ཤམ་སྦྱར་བ་སྔགས་འབུམ་ཕྲག་གམ། ཞག་བདུན་ལེགས་པར་བཟླ། མདའ་དར་གཡབ་སྟེ་ཚེ་འགུགས་དང༌། ཡི་གེ་གསུམ་གྱིས་རྒྱས་བཏབ་ལ་མཆོད་བསྟོད་སོགས་སྔར་ལྟར་བྱ། མཚམས་ལ་འཇུག་པའི་ཐུན་དང་པོ་དང༌། བསྙེན་པ་བཞི་འཕོ་མཚམས། མཚམས་གྲོལ་བ་ཡར་མར་གྱི་ཚེས་བཅུ། གཉིས། བརྒྱད། བཅོ་ལྔ་རྣམས་བཅས་ལ་ཚོགས་དང་བསྐང་བ་རྒྱས་པར་ཟུར་གསལ་ལྟར་བྱ་དགོས་པ་དང༌། བཀའ་སྲུང་ལས་གཤིན་གཏོར་འབུལ་མ་ཆད་པར་བྱ། བསྙེན་པ་གྲངས་ཐེམས་པ་དང་ཨ་ར་པ་ཙའི་མཐར། ཨོཾ་ཨཱཿཧཱུྃ་ཨ་ར་པ་ཙ་ན་དྷཱིཿཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་སྔགས་ཨ་ར་པ་ཙ་དང་བཏགས་པ་བཟླ། ནམ་ལངས་བ་དང་མཆོད་བསྟོད་བཅས་སྒྲུབ་རྟེན་རྣམས་གནས་གསུམ་དུ་བཞག་ལ། ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི། །ཕྲིན་ལས་ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་བསྩལ་ཞིང་བརྟན་པར་མཛོད། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ། །བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་ཨ་ར་པ་ཙ་ན་དྷཱིཿཀཱ་ཡ་ཝཱཀྩིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་སྒྲུབ་དང་འབྲེལ་ན་ཚེ་རྫས་ཀྱང་མྱང༌། སླར་ཡང་ཚོགས་སྐོང་རྒྱས་པ་དང༌། ཆོས་སྐྱོང་གི་མཆོད་གཏོར། ཆད་བརྟན་རྟ་བྲོ་སོགས་མཐར་དབྱུང༌། ཁ་སྐོང་ཞི་བའི་སྦྱིན་སྲེག་རྗེ་བླ་མའི་གསུང་རྒྱས་བསྡུས་གང་འགྲུབ་བསྙེན་པའི་བཅུ་ཆ་ལོངས་བར་བྱ། དེ་ནས་འཇམ་དཔལ་དམར་སེར་ལས་ཐམས་ཅད་གྲུབ་པའི་རྒྱུན་ཁྱེར་དང་འཇམ་དཔལ་མཚན་བརྗོད་མ་ཆགས་པར་ཉམས་སུ་ལེན་པ་ལ་བརྩོན་པ་གལ་ཆེའོ། །ཞེས་པའང་ཆོས་རྩེའི་དགེ་སློང་རང་སློབ་ངག་དབང་བརྩོན་འགྲུས་དཔལ་ལྡན་བསྙེན་སྒྲུབ་ལ་འཇུག་པའི་ཚེ་རིག་འཛིན་གོང་མའི་ཕྱག་བཞེས་དང༌། རྗེ་བླ་མ་འཇམ་པའི་དབྱངས་ཀྱི་ཉེ་གནས་ཐུགས་སྲས་ཤེས་རབ་འོད་གསལ་གྱི་ཞལ་ཁྲིད་ལྟར་འབྲུག་ཕུན་ཚོགས་ཆོས་གླིང་དགོན་པར་འཇམ་དཔལ་དགའ་བའི་བཤེས་གཉེན་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་རང་གཞན་ཐམས་ཅད་བླ་མ་མཁྱེན་པའི་བདག་པོས་རྟེན་འདིར་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །། ༈ རྒྱུད་ལུགས་འཇམ་དཔལ་གྱི་ཚོགས་བསྡུས་པའི་འདོན་ཐོ་བཞུགས། རྒྱུད་ལུགས་འཇམ་དཔལ་གྱི་བསྙེན་པའི་སྐབས་སུ་ཚོགས་མཆོད་རྒྱས་པ་མི་ལྕོགས་པས་ཅུང་ཟད་བསྡུས་པའི་ཚུལ་ནི། ཚོགས་ཀྱི་དབུར། ཧཱུྃ་ཧཱུྃ༔ གང་དག་གསང་བའི་སོགས་བགེགས་བསྐྲད། རྃ་ཡྃ་ཁྃ། ཡེ་ཤེས་སྒྱུ་མ་སོགས་ཚོགས་བྱིན་བརླབ། ཧཱུྃ་ཧྲཱི༔ ཚོགས་ཁང་ཡེ་ཤེས་སོགས་སྤྱན་འདྲེན་རྗེས། ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱེ་ཧཱུྃ་ནས། ས་མ་ཡ་ཧོཿས་མཆོད། ཚོགས་ཕུད་དང་པོ་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་སོགས། བར་པ་བཤགས་པ་ནི། ཧཱུྃ། སེམས་ཉིད་ཡེ་ནས་སོགས། ཐ་མ་བསྒྲལ་བ་ནི། ཧཱུྃ། ཨེ་ལས་སོགས། དེ་ནས་ཞལ་དུ་བསྟབ་པ་ནི། ཧཱུྃ༔ འདོད་ཆགས་ཁྲག་གི་སོགས། རྣལ་འབྱོར་རང་ཉིད་ཚོགས་ལ་རོལ། བསྐང་བཤགས་རྒྱས་པ་མ་ལྕོག་ན། ལྷག་མ་བྱིན་གྱིས་བརླབ་སྟེ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་སོགས་དང༌། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་སོགས་ཆད་བརྟན་རྟ་བྲོ་བཅས་བྱའོ། ཧཱུྃ། སྣང་སྲིད་རྣམ་དག་སོགས་བསྐང་བཤགས་གཉིས་ཀྱིས་རུང་གསུངས། ཞེས་པའང་ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེའི་ཐུགས་ཟིན་ཉེ་གནས་བླ་མ་རིན་པོ་ཆེ་འོད་གསལ་གྱི་ཞལ་རྒྱུན་བཞིན་འཇམ་དབྱངས་བླ་མ་ཡབ་སྲས་དགྱེས་པའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་བརྗེད་ཐོར་བྲིས་པ་དགེ་ཞིང་བཀྲ་ཤིས་རྣམ་པར་རྒྱལ་བར་གྱུར་ཅིག། ༈ བསྐང་བ་ནི། ཧཱུྃ། སྣང་སྲིད་རྣམ་དག་ངང་ལས་རང་ཤར་བ། །ཡིད་བཞིན་དགྱེས་དགུར་འཆར་བ་བསྐང་བའི་རྫས། །ཕྱི་ནང་གསང་བའི་འདོད་ཡོན་མ་ཚང་མེད། །ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་འདི། །རྩ་གསུམ་དམ་རྒྱ་མཚོའི་ཐུགས་དམ་བསྐང༌། །འཁོར་ཚོགས་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང༌། །ཐུགས་དམ་དགྱེས་བསྐང་ཉམས་ཆགས་འགལ་འཁྲུལ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བསྐང་བའི་རྒྱལ་པོ་རྡོ་རྗེ་ཚིག་བརྒྱད་པ་སོ་སོར་ཁ་བསྒྱུར་བཅས་ཏེ། རྡོ་རྗེ་སེམས་དཔའི་ལྷ་ཚོགས་ཐུགས་དམ་བསྐང༌། ས་མ་ཡཿབཤགས་པ་ནི། ཧཱུྃ། རྩ་གསུམ་སྲུང་མ་གསན་ཅིང་དགོངས་སུ་གསོལ། །མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱི། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །ལྷ་ཚོགས་རྣམས་ཀྱི་ཐུགས་དང་ཅི་འགལ་བ། །སྙིང་ནས་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །བཤགས་པའི་རྒྱལ་པོ་རྡོ་རྗེ་ཚིག་དྲུག་པ་སོ་སོར། རྡོ་རྗེ་སེམས་དཔའི་ཞེས་ཁ་བསྒྱུར་བཅས་ཏེ་ཉམས་ཆགས་སྦྱང༌། ས་མ་ཡཿ}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-13-PA]] | [[Category:DKR-KABUM-Volume-13-PA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:13, 7 November 2022
🚧 This website is under continued development. We appreciate your patience!
Previous Text"PA" is not a number. Back to Volume Page"PA" is not a number.Next Text "PA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "pa"., Text 19, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "PA" is not a number. |
"PA" is not a number.