DKR-KABUM-18-TSHA-028: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=TSHA | |||
|textnuminvol=028 | |||
|pdflink=File:DKR-KABUM-18-TSHA-028.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ པདྨ་དྲག་པོའི་སྨིན་བྱེད་དབང་གི་རིམ་པ་བཞུགས༔ | |||
༁ྃ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ པདྨ་དྲག་པོ་སྒྲུབ་འདོད་པས༔ སྨིན་བྱེད་དབང་གི་རིམ་པ་ནི༔ དལ་དམར་པདྨ་འདབ་བཞི་ལ༔ དབུས་སུ་གྲུ་གསུམ་སྨུག་ནག་དབུས༔ ཐིག་ལེའམ་ཚོམ་བུ་དམར་པོ་བཀོད༔ མཐའ་བསྐོར་པད་ཕྲེང་རྡོ་ར་དང༔ མེ་རིའི་བསྐོར་བ་བཀྲམ་བྱས་ཁར༔ བུམ་པ་སྐུ་ཙཀ་ཐོད་ཆང་དང༔ སྔགས་ཕྲེང་མེ་ལོང་ཤེལ་རྡོ་བརྩེགས༔ ཕྱི་ནང་མཆོད་པ་ཚོགས་གཏོར་བཤམས༔ བདེ་བའི་སྟན་ལ་སྡོད་བྱས་ཏེ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་གྲུབ༔ དབང་གིས་རང་ཉིད་ནུས་ལྡན་བྱ༔ དད་ལྡན་སློབ་མ་ཁྲུས་ནས་དབྱུང༔ བགེགས་བསྐྲད་སྲུང་བའི་འཁོར་ལོས་བཅིངས༔ མཎྜལ་འབུལ་ཞིང་གསོལ་བ་བཏབ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ གསང་བ་ཟབ་མོའི་སྒོར་ཞུགས་ན༔ སྨིན་གྲོལ་དབང་བསྐུར་བསྩལ་དུ་གསོལ༔ ཞེས་གསོལ་གནང་བ་སྦྱིན་པ་ནི༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྡོ་རྗེའི་དཀྱིལ་འཁོར་འདིར་ཞུགས་ནས༔ དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང༔ དམ་སྲུང་དབང་བསྐུར་སྦྱིན་པར་བྱ༔ རྡོ་རྗེ་མགོར་བཞག་བདུད་རྩི་བླུད༔ བཛྲ་ས་མ་ཡ་རཀྵནྟུ༔ བཛྲ་ས་མ་ཡ་ན་ར་ཀན༔ རྒྱུད་སྦྱང་བྱ་ཞིང་ཡེ་ཤེས་དབབ༔ ཏིཥྛ་བཛྲས་བརྟན་པར་བྱ༔ དབང་ལྷ་སྤྱན་དྲངས་མཆོད་གསོལ་བཏབ༔ རྣམ་རྒྱལ་བུམ་པས་དབང་བསྐུར་རོ༔ ཧཱུྃ༔ ཕྱི་ནི་རིན་ཆེན་བུམ་པ་ལ༔ ནང་བཅུད་པདྨ་དྲག་པོ་ནི༔ འོད་ཞུ་བདུད་རྩིའི་ཆུ་འདི་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བྱ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཿཨ་བྷི་ཥིཉྩ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྐུ་ཙཀ་གིས་ནི་དབང་བསྐུར་ཏེ༔ ཨོཾ༔ པདྨ་དྲག་པོ་ལྷ་ཡི་ལྷ༔ རྒྱལ་འགོང་དམ་སྲི་འདུལ་མཛད་ཅིང༔ ཡེ་ཤེས་ཕྱག་རྒྱས་དབང་བསྐུར་བས༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་གི་བཟླས་ལུང་སྦྱིན་པ་དང༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔ ཨཱཿ བརྗོད་མེད་བརྗོད་པ་ཀུན་གྱི་གསུང༔ གྲགས་སྟོང་སྔགས་ཀྱི་དབང་བསྐུར་བས༔ ངག་ལ་ནུས་པ་རབ་འབར་ཏེ༔ དྲག་པོའི་གསུང་མཆོག་ཐོབ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཐུགས་ཀྱི་ཕྱག་མཚན་དབང་སྦྱིན་ཏེ༔ ཧཱུྃ༔ པདྨ་དྲག་པོའི་ཐུགས་ཕྱག་རྒྱའི༔ ངོ་བོ་རང་རྟགས་ཕྱག་མཚན་འདིའི༔ དབང་བསྐུར་ཡིད་ཀྱི་སྒྲིབ་དག་སྟེ༔ དྲག་པོའི་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་ཕྲིན་ལས་ཆས་རྣམས་སྦྱིན༔ ཧཱུྃ་ཧྲཱིཿ ཆེ་བའི་ཡོན་ཏན་ཡོངས་རྫོགས་པའི༔ དུར་ཁྲོད་དཔལ་གྱི་ཆས་རྣམས་ཀྱི༔ སྐལ་ལྡན་ཁྱོད་ལ་མངའ་གསོལ་བས༔ ཡོན་ཏན་ཕྲིན་ལས་དབང་ཐོབ་ཤོག༔ གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧོཿ ཤཱནྟིང༌། པུཥྚིཾ། ཝཱ་ཤཾ། མཱ་ར་ཡ་ཕཊ྄། དེ་ནས་ཟབ་མོའི་དབང་གསུམ་སྦྱིན༔ ཐོད་པའི་བདུད་རྩིའི་དབང་བསྐུར་ཏེ༔ ཨེ་མ་ཧོཿཤིན་ཏུ་གསང་བ་ཡི༔ བདུད་རྩི་ཆེན་པོ་སངས་རྒྱས་ཀུན༔ བདེ་བ་ཆེན་པོའི་རོལ་པ་ཡི༔ ཞུ་བའི་བདུད་རྩིས་དབང་བསྐུར་རོ༔ ཨ་ཧོཿམ་ཧཱ་སུ་ཁ་ཧོ༔ བདེ་བའི་ཡེ་ཤེས་ངོས་བཟུང་བྱ༔ གསུམ་པ་ཤེར་དབང་རིག་མ་སྦྱིན༔ ཧོཿ བདེ་ཆེན་འབྱུང་གནས་བདེ་བའི་མཆོག༔ སངས་རྒྱས་ཀུན་གྱི་གསང་བའི་ལམ༔ རིག་མའི་བརྟུལ་ཞུགས་བླ་མེད་པས༔ འདིར་བསྟེན་ཡང་དག་སྦྱོར་བ་གྱིས༔ པདྨ་བྷཉྫ་མོཀྵ་ཧོཿ དབབ་ལྡོག་དགའ་བཞིའི་རིམ་པ་བྱ༔ བཞི་པའི་ཡེ་ཤེས་བརྡ་ཡི་མཚོན༔ ཨཿ དག་ཅིང་གསལ་ལ་དྲི་མ་མེད༔ རང་བྱུང་ཡེ་ཤེས་བདེ་བ་ཆེ༔ ཤིན་ཏུ་རྣམ་པར་དག་པའི་དབྱིངས༔ འོད་གསལ་ལྷུན་གྲུབ་ཆེན་པོའོ༔ ཨ་ཏི་ཧོཿ ཡོངས་རྫོགས་གཏོར་མའི་དབང་བསྐུར་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོའི་སྐུ༔ དཀྱིལ་འཁོར་གཙོ་མཆོག་པདྨ་དྲག་པོ་ཡིས༔ དེང་འདིར་སྐལ་ལྡན་བུ་ལ་བརྩེ་བས་དགོངས༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ལུས་ལ་སྣང་སྟོང་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གྲགས་སྟོང་གསུང་གི་བྱིན་གྱིས་རློབས༔ ཡིད་ལ་རིག་སྟོང་ཐུགས་ཀྱི་བྱིན་གྱིས་རློབས༔ དབྱེར་མེད་བདེ་ཆེན་ངོ་བོ་ཉིད་ཀྱི་སྐུས༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཧོཿ གཏོར་མའི་ལྷ་རྣམས་སློབ་མར་བསྟིམ༔ གཏོར་རྫས་དངོས་གྲུབ་བདུད་རྩི་མྱང༔ རྗེས་ལ་དམ་ཚིག་བསྒྲག་བཟུང་དང༔ ཡོན་འབུལ་དགའ་སྟོན་ཚོགས་འཁོར་བྱ༔ ས་མ་ཡ༔ དེ་ལྟར་དབང་གི་རིམ་པའང༔ དམ་ཚིག་བརྡ་ཡི་མཚོན་པ་དང༔ ལས་ལྡན་སྐྱེས་བུའི་སྙིང་ལ་སད༔ སྐལ་ལྡན་འགའ་ཡི་དཔལ་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་ཡེ་ཤེས་རྡོ་རྗེས་ཆུ་སྦྲུལ་ཟླ་བ་གསུམ་པའི་ཚེས་གསུམ་ལ་བྲིས་པའོ༔ སརྦ་མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-18-TSHA]] | [[Category:DKR-KABUM-Volume-18-TSHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 13:42, 4 November 2022
Previous Text"TSHA" is not a number. Back to Volume Page"TSHA" is not a number.Next Text "TSHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tsha"., Text 28, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "TSHA" is not a number. |
"TSHA" is not a number.