DKR-KABUM-18-TSHA-012: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=TSHA | |||
|textnuminvol=012 | |||
|pdflink=File:DKR-KABUM-18-TSHA-012.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|སྐྱ ཤྲཱི་ཧེ་རུ་ཀ་མཆེད་ལྔའི་ཐུགས་ཏིག་ལས༔ སྨིན་བྱེད་ཡེ་ཤེས་སྙིང་པོ་བཞུགས༔ | |||
སྐྱ གདོད་མའི་ལྷ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཐེག་པའི་ལམ་གྱི་སྲོག༔ སྨིན་བྱེད་དབང་གིས་འཛིན་པ་སྟེ༔ གཞི་ཡི་དབང་མཆོག་རང་ལ་གནས༔ ནུས་པའི་དེ་ཉིད་ལམ་གྱིས་གསོ༔ མཐར་ཕྱིན་འབྲས་བུས་མངོན་བྱེད་པའི༔ ཐབས་ཀྱི་གསང་བ་རྨད་བྱུང་བའི༔ དེ་ཉིད་འབོག་པའི་ཆོ་ག་ནི༔ དཀྱིལ་འཁོར་མཚན་ཉིད་ལྡན་པའི་དབུས༔ བུམ་ཐོད་རིག་ཙཀ་ཤེལ་རྡོ་དང༔ ཕྱི་ནང་མཆོད་པ་ཚོགས་བཅས་བཤམས༔ སྣང་སྲིད་བླ་མའི་སྐུ་དང་ཞིང༔ ཀུན་བཟང་དོན་གྱི་ཕྲིན་ལས་ཀྱིས༔ གསལ་བཏབ་བཟླས་ཤིང་བུམ་པ་བསྒྲུབས༔ སློབ་དཔོན་ཉིད་འཇུག་གནང་བ་ཞུས༔ ཁྲུས་དང་བགེགས་ཀྱིས་བྱུར་བསལ་ནས༔ མཎྜལ་ཕུལ་ལ་ལོ་རྒྱུས་བཤད༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ དཔལ་ལྡན་བླ་མ་རིགས་ཀུན་བདག༔ སྐུ་བཞིའི་དབང་ཕྱུག་ཆེན་པོ་དགོངས༔ རྡོ་རྗེའི་དཀྱིལ་འཁོར་གཞུག་མཛད་གསོལ༔ སྐྱབས་སེམས་བསག་སྦྱང་སྡོམ་པ་བཟུང༔ ལྷར་བསྐྱེད་བྱིན་བརླབས་བརྟན་པར་བྱ༔ ཨོཾཿ རང་བྱུང་བུམ་པ་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ཁར་སྦྱིན་སྤྱི་བོར་བླུག༔ དེ་ཡི་ནུས་པ་ལུས་ལ་ཞུགས༔ རྡོ་རྗེའི་སྐུ་རུ་སྨིན་པའི་ཕྱིར༔ རིག་འཛིན་བླ་མའི་ཕྱག་རྒྱ་སྦྱིན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་ནམ་མཁའི་དབྱིངས་ཁྱབ་པ༔ རང་བྱུང་དེ་བཞིན་གཤེགས་ཀུན་བདག༔ རྡོ་རྗེ་གཟི་བརྗིད་དབང་བསྐུར་རོ༔ མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ མཐའ་ཡས་དཀྱིལ་འཁོར་ཀུན་གྱི་བདག༔ མི་ཕྱེད་རང་བྱུང་ཡེ་ཤེས་ཐུགས༔ རིག་པའི་རྡོ་རྗེས་དབང་བསྐུར་རོ༔ མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ ཧཱུྃཿ མཉམ་པ་ཉིད་དབྱིངས་ལྷུན་གྱིས་གྲུབ༔ ཟག་མེད་ཡོན་ཏན་ཡོངས་སུ་རྫོགས༔ རྡོ་རྗེ་ནོར་བུའི་མཚོན་ཆེན་འཆང༔ བློ་གསལ་བསྟན་སྐྱོང་དབང་བསྐུར་རོ༔ མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ ཧཱུྃཿ རྡོ་རྗེ་བདེ་བ་ཆེན་པོའི་དབྱིངས༔ ཆོས་ཀྱི་དྲྭ་བ་ཀུན་སྡོམ་པ༔ ཟུག་རྔུ་ཀུན་བྲལ་དགའ་བའི་མཆོག༔ པདྨ་གར་དབང་དབང་བསྐུར་རོ༔ མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ ཧཱུྃཿ རྡོ་རྗེའི་མཚོན་ཆེན་རྣོན་པོ་འཆང༔ བདུད་དགྲ་བདུད་འདུལ་ཧེ་རུ་ཀ༔ སྲིད་ཞི་འཆོལ་བའི་དཔལ་ཆེན་པོ༔ མཆོག་གྱུར་གླིང་པས་དབང་བསྐུར་རོ༔ མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ དོན་གྱི་དཀྱིལ་འཁོར་རྡོ་རྗེའི་ལུས༔ ཕུང་ཁམས་གདན་གསུམ་ལྷ་ཚོགས་ཀུན༔ མཉམ་སྦྱོར་ལྷག་པའི་སེམས་ཀྱི་སྤྲིན༔ མཁའ་གསང་ལས་སྤྲོས་བུའི་ལྕེར་བཞག༔ ཧཱུྃཿ ཐབས་ཤེས་གཉིས་སུ་མེད་པ་ཡི༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་སྤྲིན༔ ལྷག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར༔ བྱིན་གྱིས་གཙང་དམེ་བྲལ་བས་རོལ༔ ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཨཿ སེམས་སྤྲིན་དྭངས་མ་རླུང་གིས་འགྲེམ༔ བདེ་བས་ཐབས་བྱས་སྟོང་ཉིད་ཀྱི༔ དོན་ལ་ངོ་སྤྲད་མཉམ་པར་བཞག༔ ལྷན་སྐྱེས་དེ་ཉིད་མངོན་གྱུར་བསམ༔ རྗེས་འབྲེལ་བཟླས་པའི་ལུང་ཀྱང་སྦྱིན༔ དོན་གྱི་ཡེ་ཤེས་མངོན་བྱེད་ཐབས༔ ཕྱག་རྒྱའི་སྒྱུ་མ་གཏད་ནས་ཀྱང༔ རོལ་པ་ཆེན་པོའི་བརྟུལ་ཞུགས་ཀྱི༔ དགའ་སྟེར་སྒྱུ་རྩལ་ཆོ་གས་བསྙེན༔ ཧཱུྃཿ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ བདེ་བ་ཆེན་པོའི་ཡེ་ཤེས་གསལ༔ སྦྱིན་ཏེ་ཚུལ་བཞིན་སྤྱོད་པ་ནི༔ སངས་རྒྱས་ཀུན་གྱི་དམ་ཚིག་གོ༔ ཨོཾ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་པདྨ་སྦྱོར་བ་ཡི༔ བདེ་བས་ཐབས་བྱས་ཤེས་རབ་ཀྱིས༔ མངོན་སུམ་འཆར་བའི་དཔེའི་ཡེ་ཤེས༔ མངོན་དུ་བྱས་ལ་ངོ་ཡང་སྤྲད༔ དངོས་དང་མཚན་མ་ལས་འདས་པའི༔ དོན་གྱི་དགོངས་པ་རང་ལ་གནས༔ ཐབས་ཀྱིས་མངོན་དུ་བྱས་པ་ལ༔ དགོངས་པ་གཏད་ཅིང་མཉམ་པར་བཞག༔ ཧཱུྃཿ རྡོ་རྗེའི་ཡེ་ཤེས་དཔེ་ལས་འདས༔ སྨྲ་བསམ་བརྗོད་པ་ཀུན་དང་བྲལ༔ བློ་ཡིས་མ་བཅོས་གཉུག་མའི་སེམས༔ མངོན་སུམ་མྱོང་འདི་ཨེ་མ་ཧོ༔ ཨོཾ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ༔ དམ་ཚིག་ཁས་བླང་གཏང་རག་འབུལ༔ ཚོགས་ཀྱི་འཁོར་ལོའི་དགྱེས་པ་བསྐྱེད༔ དགེ་བ་བསྔོ་བ་ཕྱིའི་དབང་བསྐུར༔ བརྡ་ལ་བརྟེན་ནས་རང་གི་སེམས༔ ངེས་དོན་བླ་མའི་ཞལ་མཇལ་ན༔ དབང་དང་བྱིན་རླབས་དུས་གཅིག་ཐོབ༔ སྒོ་གསུམ་བླ་མའི་སྐུ་གསུང་ཐུགས༔ སྨིན་ཟིན་ལེགས་པར་གྲོལ་བའི་མོད༔ བསྐྱེད་རྫོགས་རིམ་པ་ཉམས་སུ་ལེན༔ ཚུལ་འདི་རྡོ་རྗེ་ཐེག་པ་ཡི༔ ལམ་གྱི་སྒོ་འབྱེད་གསང་བ་ཆེ༔ ཀུན་གྱིས་སྤྱོད་ཡུལ་མ་ཡིན་པས༔ དད་བརྩོན་བརྟུལ་ཞུགས་སྣོད་ལྡན་ལ༔ རང་བཞིན་བརྒྱད་ལྡན་སློབ་དཔོན་གྱིས༔ སྟེར་ལས་གཞན་དུ་ནམ་ཡང་མིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ པདྨ་གར་དབང་བདེ་ཆེན་མདོ་སྔགས་གླིང་པས་བླ་སྒྲུབ་ཧེ་རུ་ཀའི་ཐུགས་ཐིག་གི་ཆ་ལག་ཏུ་བཀོད་པ་དགོངས་གཏེར་ཡང་དག་པའོ༔ མངྒ་ལཾ། །དགེའོ། །}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-18-TSHA]] | [[Category:DKR-KABUM-Volume-18-TSHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 13:41, 4 November 2022
🚧 This website is under continued development. We appreciate your patience!
Previous Text"TSHA" is not a number. Back to Volume Page"TSHA" is not a number.Next Text "TSHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tsha"., Text 12, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "TSHA" is not a number. |
"TSHA" is not a number.