DKR-KABUM-18-TSHA-013: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=TSHA | |||
|textnuminvol=013 | |||
|pdflink=File:DKR-KABUM-18-TSHA-013.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|སྐྱ ཤྲཱི་ཧེ་རུ་ཀའི་སྙིང་ཐིག་ལས༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་འོད་གསལ་དྲྭ་བ་བཞུགས༔ | |||
སྐྱ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་དབྱངས་ལ་རབ་བཏུད་ནས༔ དེ་ཉིད་སྒྲུབ་པའི་ཐབས་ཀྱི་ཕུལ༔ ནང་གི་རྣལ་འབྱོར་སྙིང་པོ་འཆད༔ དབེན་ཞིང་འདུ་འཛི་མེད་པའི་སར༔ ངེས་འབྱུང་བྱང་ཆུབ་སེམས་ལྡན་པས༔ སྔོན་འགྲོའི་ཁྱད་པར་ཡན་ལག་རྣམས༔ སྤྱི་ཡི་ཆིངས་ལྟར་ཤེས་པར་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ༔ ཆོས་ཀུན་ཀ་དག་དབྱིངས་ཀྱི་ཀློང༔ ལྷུན་གྲུབ་ཐུགས་རྗེའི་ཀུན་སྣང་སྤྲིན༔ ཟུང་འཇུག་དྭངས་མའི་ཐིག་ལེ་དྷཱིཿ མཁའ་ལ་ཉི་ལྟར་ལམ་མེར་གསལ༔ འོད་ཀྱི་རྡོ་རྗེའི་སྲུང་འཁོར་དབུས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ པདྨ་སྣ་ཚོགས་རྡོ་རྗེའི་ལྟེར༔ རིན་ཆེན་ལས་གྲུབ་གཞལ་མེད་ཁང༔ གྲུ་ཆད་སྒོ་ཁྱམས་ཡོངས་སུ་རྫོགས༔ རྟ་བབ་ཆོས་འཁོར་རི་དྭགས་གདུགས༔ ཤར་བུ་མདའ་ཡབ་རྩིག་པ་མཛེས༔ ཕྱི་གསལ་ནང་གསལ་ལྔ་ལྡན་འོད༔ ཀུན་ཏུ་འཁྲིགས་པའི་ལྟེ་བ་རུ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ དྷཱིཿཡིག་ཡོངས་གྱུར་ཡེ་ཤེས་ཀྱི༔ རལ་གྲི་འོད་ཟེར་འབར་བར་གྱུར༔ སྤྲོ་བསྡུས་སངས་རྒྱས་མཛད་པ་བསྒྲུབས༔ ཡོངས་གྱུར་ཡེ་ཤེས་དྭངས་མའི་སྐུ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ནི༔ འཇམ་དཔལ་གཞོན་ནུའི་མཚན་དཔེ་ཅན༔ དམར་སེར་ཉི་མ་འཆར་ཀའི་མདངས༔ ཞི་འཛུམ་ལོངས་སྤྱོད་རྫོགས་པའི་ཆས༔ དར་དང་རཏྣའི་ཕྲེང་བས་བརྒྱན༔ མཐོན་མཐིང་དབུ་སྐྲ་ཟུར་ཕུད་ལྔ༔ ཕྱག་གཡས་ཡེ་ཤེས་རལ་གྲི་ཕྱར༔ གཡོན་པས་མཐེབ་མཛུབ་ཨུཏྤལ་སྟེང༔ བསྟོད་པ་གླུར་བླང་གླེགས་བམ་མཚན༔ གཡས་གཡོན་འོག་མས་མདའ་དང་གཞུ༔ འཛིན་པ་འོད་ལྔའི་དྲྭ་བར་བསྒྱིངས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ རང་འོད་རྡོ་རྗེ་དབྱངས་ཅན་མ༔ སེར་སྐྱ་བཻ་ཌཱུའི་རྒྱུད་མང་བསྒྲེངས༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ གཉིས་མེད་བདེ་སྟོང་ངོ་བོར་སྦྱོར༔ ཆོས་དབྱིངས་ཡེ་ཤེས་སེམས་དཔའ་ཆེ༔ སྒྱུ་འཕྲུལ་རྒྱ་མཚོའི་རོལ་མོ་སྟོན༔ ཤར་དུ་མེ་ལོང་ལྟ་བུ་ལས༔ སྐུ་ཡི་དབང་ཕྱུག་མཉྫུ་ཤྲཱི༔ དཀར་གསལ་ཟླ་བའི་མདོག་ཅན་ལ༔ རང་འོད་རྡོ་རྗེ་དབྱངས་ཅན་སྦྱོར༔ ལྷོ་རུ་མཉམ་པ་ཉིད་དབྱིངས་ལས༔ སྨྲ་བའི་སེངྒེ་མཉྫུ་ཤྲཱི༔ བཙོ་མ་གསེར་གྱི་ཁ་དོག་ཅན༔ རིན་ཆེན་དབྱངས་ཅན་ཡུམ་དང་སྦྱོར༔ ནུབ་ཏུ་སོ་སོར་རྟོགས་པ་ལས༔ དགའ་ཆེན་རོལ་མོ་མཉྫུ་ཤྲཱི༔ པདྨ་དབྱངས་ཅན་མ་དང་སྦྱོར༔ བྱང་དུ་བྱ་བ་ནན་ཏན་ལས༔ དོན་ཀུན་ལྷུན་གྲུབ་མཉྫུ་ཤྲཱི༔ ལས་རབ་དབྱངས་ཅན་གཉིས་མེད་སྦྱོར༔ ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པ༔ རལ་གྲི་མདའ་གཞུ་ཨུཏྤལ་སྟེང༔ རྡོ་རྗེ་རིན་ཆེན་ལྕགས་ཀྱུ་དང༔ རྒྱ་གྲམ་གྱིས་མཚན་ཡུམ་རྣམས་ཀྱིས༔ རང་རྟགས་ཕྱག་རྒྱ་པི་ཝཾ་བསྣམས༔ སྒོ་བཞིར་གཤིན་རྗེ་རིགས་བཞི་དང༔ བར་མཚམས་རྩ་གསུམ་ཆོས་སྲུང་བཅས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྫོགས་པའི་སངས་རྒྱས་སྲས་དང་བཅས༔ རབ་འབྱམས་ཞིང་ཀུན་འགེངས་པ་ཡི༔ ངོ་མཚར་བཀོད་པ་བསམ་མི་ཁྱབ༔ སྣང་སྟོང་སྐུ་ནི་ཟག་པ་ཟད༔ ཆོས་ཉིད་རང་སྒྲ་ཨཿལས་བྱུང༔ དབྱིངས་རིག་འོད་གསལ་སྒྲོན་མའི་ལྷ༔ མ་བསྒོམས་གདོད་ནས་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཧཱུྃ་ཧྲཱིཿ མངོན་སུམ་རིག་པའི་ཕོ་བྲང་ནས༔ སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ༔ འཇམ་དཔལ་རྡོ་རྗེ་ནམ་མཁའི་དཀྱིལ༔ བདག་ལ་ཉེ་བར་དགོངས་པར་མཛོད༔ འོད་གསལ་སྣང་བ་ཁྱབ་བརྡལ་ནས༔ བདེ་གཤེགས་རིགས་ཀྱི་དབང་ཕྱུག་ལྔ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བློ་འདས་རིག་པ་ཚད་ཕེབས་པས༔ ཤེས་རབ་རང་བྱུང་སྒྲོན་མ་དྲུག༔ འོད་གསལ་སྣང་བ་རྟག་ཁྱབ་པའི༔ ངོ་མཚར་རོལ་མོའི་དབང་མཆོག་བསྐུར༔ ལུས་ངག་ཡིད་ལ་ཡེ་ཤེས་སྐྱེད༔ གཉིས་སྣང་ཡིད་དཔྱོད་མ་རིག་སོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང༔ ཆོས་ཉིད་ཟད་སར་འཁྱོལ་བར་ཤོག༔ མཉྫུ་ཤྲཱི་ཛྙཱ་ན་སརྦ་སཏྭ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི༔དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨཿ ཇི་སྙེད་ཆོས་རྣམས་མ་ལུས་ཀུན༔ དག་པ་ཆེན་པོའི་དམ་ཚིག་ལ༔ བཟང་ངན་བླང་དོར་ལས་འདས་པས༔ ཇི་བཞིན་ཡེ་ཤེས་སྲོག་ཏུ་བཞུགས༔ ཏིཥྛ་ཧཱུྃ༔ རང་རིག་ལྷན་སྐྱེས་བླ་མ་ལ༔ སོ་སོར་རིག་པའི་བརྡ་ཡི་ཕྱག༔ མཉམ་པའི་ངང་དུ་གུས་འབུལ་ན༔ ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧཱུྃ༔ བློ་འདས་ལྟ་བའི་མེ་ཏོག་ནི༔ ཡིད་དཔྱོད་ཤུན་པ་ལས་གྲོལ་ཞིང༔ མཉམ་ཉིད་སྒོམ་པའི་བདུག་སྤོས་སྤྲིན༔ རང་བྱུང་རང་ཤར་རྒྱུན་མི་ཆད༔ ཡེ་ཤེས་རང་གསལ་མར་མེའི་འོད༔ འཕེལ་འགྲིབ་མེད་པའི་རྒྱན་དུ་ཤར༔ ཟག་མེད་ཏིང་འཛིན་དྲི་ཡི་ཆབ༔ ཤིན་ཏུ་སྦྱངས་པའི་སིམ་པ་སྟེར༔ མཆོག་གི་བསམ་གཏན་ཞལ་ཟས་ཚོགས༔ གཟུངས་དང་མངོན་ཤེས་རོ་བརྒྱ་ལྡན༔ ཡོན་ཏན་རྒྱ་མཚོའི་རོལ་མོ་ནི༔ རབ་འབྱམས་ཞིང་གི་ཁྱོན་བརྡལ་བས༔ བླ་མ་འཕགས་མཆོག་འཇམ་པའི་དབྱངས༔ འཁོར་དང་བཅས་པ་ཐམས་ཅད་ལ༔ གཉིས་སུ་མེད་པར་གུས་འབུལ་ན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཛྙཱ་ན་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་ཧོ༔ ཨ༔ ལུགས་རྒྱུད་རྩ་རྣམས་ཀ་ཏི་རུ༔ དག་པའི་ར་ས་ཡཱ་ནའི་སྙིང༔ འཕོ་མེད་ཐིག་ལེ་རྟེན་པའི་སྲོག༔ དབྱིངས་སུ་བསྐང་བ་རཀྟའི་སྐྱེམས༔ ཡེ་ཤེས་རླུང་ལྔ་བརྗོད་མེད་ཀྱི༔ དཔལ་དང་འདྲེས་པའི་གཏོར་ཆེན་པོ༔ ཤེས་རབ་རང་བྱུང་སྒྲོན་མེའི་ལྷ༔ འཇམ་པའི་རྡོ་རྗེ་གཙོ་ལ་འབུལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧིཿ ཨ༔ དབྱིངས་ཀྱི་ཡུམ་ལ་རིག་པའི་ལྷ༔ འདུ་འབྲལ་མེད་པ་དགྱེས་པའི་མཆོག༔ ཀུན་ཁྱབ་ཐུགས་རྗེའི་ཟེར་སྣང་གིས༔ འགྲོ་སྒྲོལ་ཕྲིན་ལས་རྡོ་རྗེ་རྣོན༔ ཡེ་ཤེས་སྤྲུལ་པའི་རྒྱུན་འཆང་བ༔ རང་གྲོལ་མཉམ་པའི་ཐིག་ལེར་འབུལ༔ དྷརྨ་དྷཱ་ཏུ་ཨ་ཏི་པཱུ་ཛ་ཧོ༔ ཨོཾ༔ མཁྱེན་རབ་ཡེ་ཤེས་སྐུ་ཅན་ནི༔ སྣང་སྟོང་མི་ཕྱེད་ནམ་མཁའ་འདྲ༔ རྡོ་རྗེ་ལྟ་བུའི་གཞོན་ནུའི་ལུས༔ ཕྱག་འཚལ་རལ་གྲི་འཛིན་ལའོ༔ ཨཿ ཡེ་ཤེས་སྐུ་ཅན་གསུང་དབང་ཕྱུག༔ ཚིག་ཏུ་བརྗོད་པ་སྤངས་པ་སྟེ༔ ཟབ་ཅིང་ཡངས་ལ་སྒྲ་ཆེ་བ༔ ཕྱག་འཚལ་སྨྲ་བའི་སེང་གེ་ལའོ༔ ཧཱུྃ༔ རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད༔ སངས་རྒྱས་ཐོག་མ་ཐ་མ་མེད༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཕྱག་འཚལ་ཡེ་ཤེས་སེམས་ལའོ༔ གཙོ་བོའི་ཐུགས་ཀར་ཉི་ཟླ་ཡི༔ གྭའུ་འོད་ལྔའི་ཐིག་ལེའི་ཀློང༔ སྲོག་ཆེན་པོ་སྟེ་ཡི་གེ་དྷཱིཿ དམར་སེར་དྭངས་མ་ཉི་ལྟར་གསལ༔ མཐའ་སྐོར་རྡོ་རྗེའི་སྔགས་ཕྲེང་གི༔ འོད་ཀྱིས་ཡེ་ཤེས་སྣང་བ་རྒྱས༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ དྷཱི་ལས་སྔགས་ཕྲེང་སྒྲར་བཅས་བྱུང༔ སྣ་བུག་གཡས་ནས་ཐོན་པའི་ཟེར༔ འཇམ་དཔལ་རིགས་བཞིའི་དཔྲལ་མགྲིན་སྙིང༔ ལྟེ་བ་ནས་ཞུགས་སོ་སོ་ཡི༔ སྦྱོར་མཚམས་ལས་ཐོན་གཙོ་བོ་ཡི༔ མཁའ་གསང་ལས་བརྒྱུད་ཐུགས་ཀར་ཐིམ༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ དོན་གཉིས་རྩེ་གཅིག་སྒྲུབ་པར་གྱུར༔ ཨོཾ་ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་པྲཛྙཱ་ཛྙཱ་ན་སརྦ་སིདྡྷི་སྭཱ་ཧཱ༔ བསྙེན་དང་སྒྲུབ་པའི་རིག་པའི་སྔགས༔ འབུམ་ཕྲག་དྲུག་དང་བཞི་བཟླས་པས༔ གཟུངས་དང་ཏིང་འཛིན་བློ་གྲོས་འཕེལ༔ ཁྱད་པར་འོད་གསལ་ཡེ་ཤེས་ཀྱི༔ སྣང་བའི་སྒོ་རྙེད་གདོན་མི་ཟ༔ ཉོན་མོངས་པས་ནི་སེམས་དཀྲུགས་པའི༔ ཡིད་ཅན་དུས་ཀྱི་ཐ་མ་ལ༔ འཇམ་དཔལ་རྡོ་རྗེའི་རིག་པའི་སྔགས༔ འགྲུབ་པ་ཉེ་བ་ལ་དགོངས་ནས༔ བདག་ཉིད་བློ་ལྡན་མཆོག་སྲེད་ཀྱིས༔ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡི༔ མན་ངག་སྙིང་པོའི་རྣལ་འབྱོར་འདི༔ སྐལ་ལྡན་མཉྫུ་ཤྲཱི་ཡི༔ སྤྲུལ་པའི་རྒྱུད་འཆང་གཞོན་ནུའི་གཟུགས༔ རིག་རྩལ་རྒྱས་པའི་སྐྱེས་བུ་ལ༔ དག་པའི་སྣང་ཆར་མངོན་གསུམ་གཏད༔ ཚུལ་འདི་འཇུག་པའི་སྣོད་ལྡན་ལ༔ དབང་གིས་རྗེས་སུ་འཛིན་འདོད་ན༔ སྟེགས་བུ་བདུད་རྩིས་བརླན་པའི་སྟེང༔ མཎྜལ་བུམ་ཐོད་མེ་ལོང་དང༔ མན་ཤེལ་མཆོད་ཚོགས་རྒྱས་པར་བཤམས༔ བདག་ཉིད་ནུས་ལྡན་ཚུལ་བཞིན་བསྒྲུབས༔ འཇུག་ཅིང་གནང་བ་ནོད་པ་དང༔ ཁྲུས་དང་བགེགས་བསལ་ལོ་རྒྱུས་བརྗོད༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ གཞོན་ནུའི་ལུས་ཅན་མཉྫུ་ཤྲཱི༔ དཔལ་ལྡན་བླ་མ་བདག་ལ་དགོངས༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ སྐྱབས་སེམས་བསག་སྦྱང་དམ་བཅའ་དང༔ ཡེ་ཤེས་ཕབ་སྟེ་བརྟན་པར་བཅིངས༔ རིན་ཆེན་བུམ་པའི་དབང་བསྐུར་སྦྱིན༔ ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ སྲས་དང་བཅས་པའི་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པའི་དབང་བསྐུར་བས༔ ཕུང་ཁམས་གདན་གསུམ་སྨིན་པར་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་སྐྱོང་བདུད་རྩི་ལྕེ་ལ་བཞག༔ ཨཱཿ བྱང་ཆུབ་སེམས་ནི་དག་པའི་ཆུ༔ དཀར་དམར་འདྲེས་པས་བྷནྡྷ་བཀང༔ རྟོག་པ་བྲལ་བར་རོལ་ཅིག་ཀྱེ༔ ལྷན་སྐྱེས་མཐོང་བར་གདོན་མི་ཟ༔ མ་ཧཱ་སུ་ཁ་ཧོ༔ སིནྡྷཱུ་ར་ཡི་མེ་ལོང་གཏད༔ ཧོཿ ཤེས་རབ་ཕྱག་རྒྱའི་ཆུ་སྐྱེས་འདི༔ སངས་རྒྱས་མ་ལུས་འབྱུང་བའི་གནས༔ ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱང༔ ཐབས་འདིས་རྟོགས་པར་གདོན་མི་ཟ༔ མ་ཧཱ་པྲཛྙཱ་ཧོཿ དཔོན་སློབ་གཉིས་ཀ་མཉམ་པར་བཞག༔ སྡིག་མཛུབ་གཏད་ཅིང་དགོངས་པས་གཟིར༔ ཨཿ ཡེ་ཤེས་རང་བྱུང་གསང་བ་ཆེ༔ འདུ་འབྲལ་མེད་པར་སྙིང་ལ་གནས༔ ཅེར་གྱིས་བལྟས་པས་ཧ་རེ་མཐོང༔ ངོ་བོ་ཀ་ནས་དག་པའོ༔ ཨ1$0000280ཨ1$0000270ཨ༔1$0000300 འདི་ལ་དབྱིབས་དང་ཁ་དོག་མེད༔ ངོ་བོ་ངོས་གཟུང་གདོད་ནས་བྲལ༔ བབ་ཀྱིས་གཤིས་ལ་ཡང་དག་ལྟོས༔ རང་བཞིན་འོད་གསལ་ངོ་མཚར་ཆེ༔ ཨ1$0000280ཨ1$0000270ཨ༔1$0000300 དཔེ་དང་ཚིག་ལས་འདས་པའི་གདངས༔ འགག་པ་མེད་པ་ཀུན་ཏུ་སྣང༔ ཁྱབ་བརྡལ་རྒྱ་ཆད་ཕྱོགས་རིས་མེད༔ ཐུགས་རྗེ་ཁྱབ་པར་བརྡལ་བའོ༔ ཨ1$0000280ཨ1$0000270ཨ༔1$0000300 ཕཊ྄་ཅེས་བརྗོད་ལ་ངང་དུ་ཞོག༔ མན་ཤེལ་ཉི་ཟླའི་ཟེར་ལ་ཕྱར༔ ཧོཿ རིག་པའི་རང་གདངས་འོད་རེ་གསལ༔ སྒྲོན་མ་དྲུག་ལྡན་མཛེས་ལ་དྭངས༔ བལྟས་པས་ཟག་པ་རང་ཟད་པའི༔ མངོན་སུམ་ཡེ་ཤེས་འདི་གཅིག་གོ༔ ཨ་ཨ་ཨ༔ བཞུགས་སྟངས་གཟིགས་སྟངས་བསླབ་ནས་ཀྱང༔ ཨཿ སྐུ་གསུམ་བཞུགས་པའི་སྟངས་གསུམ་སྟེ༔ སེང་གེས་གཟུང་འཛིན་ཟིལ་གྱིས་གནོན༔ གླང་ཆེན་རིག་པ་རང་མལ་གནས༔ དྲང་སྲོང་མཉམ་རྗེས་གཉིས་མེད་སྐྱོངས༔ ཨཿ སྒྲོན་མ་མིག་གི་སྒོ་འདི་ཡང༔ གཙུག་ཏོར་ནམ་མཁའི་འཁོར་ལོར་ལྟོས༔ མདའ་མཁན་སྙུག་མ་བསྲང་བཞིན་ལྟོས༔ དྲང་སྲོང་བསམ་གཏན་སྒོམ་བཞིན་ལྟོས༔ ཨ༔ ཡང་དག་དོན་ལ་ལྟ་རྒྱུ་མེད༔ དབྱིངས་དང་རིག་པའི་སྣང་བ་འདི༔ ཡུལ་དང་ཡུལ་ཅན་གཉིས་སུ་མེད༔ ཆོས་ཀུན་ཟད་སར་སྐྱོལ་ཅིག་བུ༔ ཞེས་པས་དོན་རྣམས་མ་ནོར་བ༔ ངོ་སྤྲོད་གཟེར་གྱིས་ཐེབས་པར་གཅེས༔ སྨིན་ནས་དམ་ཚིག་ཁས་བླངས་ཤིང༔ ལུས་འབུལ་དགེ་བསྔོ་ཤིས་པ་བརྗོད༔ དེ་ལྟར་ཡན་ལག་ཀུན་ཚང་བའི༔ འཇམ་དཔལ་སྲོག་གི་ཐིག་ལེ་ཡང༔ ལྔ་བརྒྱར་སྤྱོད་པའི་གདུལ་བྱའི་ཕྱིར༔ གཉིས་མེད་ཡེ་ཤེས་རོལ་པའི་གར༔ ཡབ་གཅིག་བཙད་པོའི་སྐྱེ་བ་ནི༔ འོད་གསལ་སྤྱོད་པའི་རིག་པ་འཛིན༔ བོད་ཁམས་སྐྱོབ་པའི་མེས་པོ་ཞིག༔ མདོ་ཁམས་བར་དུ་ནོར་སྐྱོང་ལོར༔ བསམ་བཞིན་སྐྱེ་བའི་རོལ་རྩེད་ཅན༔ ཡང་དག་ནང་གི་རྣལ་འབྱོར་གྱིས༔ སྔོན་ནས་སྦྱངས་པའི་འཕྲོ་སད་དེ༔ བག་ཆགས་བཟང་པོས་སྙིང་པོའི་བསྟན༔ ལྷག་པར་མོས་པའི་གཟུགས་ཅན་འབྱུང༔ དེ་ཚེ་དེ་ཡི་སྐལ་བ་རུ༔ དྭངས་པའི་རྩ་ཁམས་ཡེ་ཤེས་ཀྱི༔ རླུང་གིས་བསྐུལ་ཏེ་དབང་མེད་དུ༔ རྡོ་རྗེ་གསང་བའི་ཚིག་འདི་རྙེད༔ གཏན་ལ་ཕབ་ནས་མོས་པ་ཅན༔ འཇམ་དཔལ་གཤིན་རྗེ་གསང་འདི་འབྱུང༔ ཚུལ་འདི་འཕྲད་པས་ཉམས་བླང་ན༔ འོད་གསལ་ཡེ་ཤེས་སྣང་བ་རྒྱས༔ གཞན་ཡང་བི་མ་མི་ཏྲ་དང༔ པྲ་བྷ་ཧསྟི་ལ་སོགས་པ༔ དག་པའི་རིགས་ཅན་ཕལ་མོ་ཆེའི༔ སྤྱོད་པར་འགྱུར་སྲིད་གཏད་དོ་རྒྱ༔ ཡལ་བར་མ་དོར་སྙིང་གི་བུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་ཆོས་ཚུལ་འདིའི་གསང་བ་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་ཐུན་མོང་མིན་པའི་ཐུགས་བསྐྱེད་ཀྱིས་གདོད་ནས་གྲུབ་པ་འཇམ་དབྱངས་དགའ་བའི་གོ་ཆའི་ཞབས་ཀྱིས་རྡོ་རྗེའི་གསུང་གི་གསང་བས་ཆེད་དུ་བསྐུལ་བཞིན་བླ་མ་འཇམ་པའི་རྡོ་རྗེས་རྗེས་སུ་བཟུང་བའི་སྐལ་བཟང་ཅུང་ཟད་རྙེད་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བན་ཆེན་སྒྲུབ་སྡེ་ངེས་དོན་འོད་གསལ་རིག་པའི་གླིང་དུ་ནག་ཟླའི་དམར་ཕྱོགས་ཚེས་བཅུར་གཏན་ལ་ཕབ་པ་འདིས་ཀྱང་ཡིད་ཅན་མཐའ་དག་རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་གར་གྱིས་ཆོས་ཀྱི་དབྱིངས་དང་མཉམ་པའི་ཟག་མེད་ཀྱི་རྣམ་ཐར་འཛིན་པ་ལ་འཇམ་མགོན་ཟུར་ཕུད་ལྔ་པའི་ཐུགས་བསྐྱེད་ཀྱི་གོ་ཆ་འཛིན་པའི་མཐུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་སཏྭ་ཉྫུ་ཤྲཱི་ཛྙཱ་ན་ཀཱ་ཡ་སིདྡྷི་ཧཱུྃ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-18-TSHA]] | [[Category:DKR-KABUM-Volume-18-TSHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 13:41, 4 November 2022
🚧 This website is under continued development. We appreciate your patience!
Previous Text"TSHA" is not a number. Back to Volume Page"TSHA" is not a number.Next Text "TSHA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tsha"., Text 13, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "TSHA" is not a number. |
"TSHA" is not a number.