DKR-KABUM-11-DA-013: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 25: Line 25:
==Other Information==
==Other Information==
{{Footer}}
{{Footer}}
[[Category:DKR-KABUM-Volume-11-DA]]
[[Category:DKR-KABUM-Volume-11-DA]]
[[Category:DKR-KABUM-Volume-11-DA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]

Revision as of 13:41, 4 November 2022

Wylie title DKR-KABUM-11-DA-013.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "da"., Text 13, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "DA" is not a number.

"DA" is not a number.

[edit]
༄༅། །སེང་ཆེན་ནོར་བུ་དགྲ་འདུལ་གྱི་གསོལ་མཆོད་དོན་ཀུན་ལྷུན་གྲུབ་ལྷ་ཡི་རྔ་ཆེན་བཞུགས། ༄༅། །ཧཱུྃ་ཧྲཱིཿ བདེ་ཆེན་ཉམས་བརྒྱའི་རོལ་རྩེད་དང་འགྲོགས་པའི། །འདོད་དགུའི་ཕྲིན་ལས་གློག་གི་རྩེ་གར་གྱིས། །ས་གསུམ་བརྟན་པ་འཕྲོག་བྱེད་དགེ་ལེགས་ཆར། །མྱུར་འབེབས་དོན་གྲུབ་དགྲ་བླ་ཝེར་མ་རྒྱལ། །གཞི་དབྱིངས་འཕོ་མེད་རིག་སྟོང་གཉུག་མའི་དབྱིངས། །འཁོར་འདས་ཀུན་གྱི་སྲོག་གི་ཐིག་ལེར་ཟླུམ། །གཞི་སྣང་མཁྱེན་བརྩེ་ནུས་པའི་ཡེ་ཤེས་རྩལ། །འོད་གསལ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བདག །དཔལ་ལྡན་རང་བྱུང་སངས་རྒྱས་པདྨ་སྐྱེས། །ཀུན་ཁྱབ་སྙིང་རྗེ་ཤིང་རྟའི་རླུང་ཤུགས་རྩལ། །བདུད་སྲིན་དམ་སྲིའི་གཤེད་གྱུར་འཇིགས་མཛད་ཀྱི། །རོལ་པ་མཐའ་ཡས་སྟོབས་ལྡན་དབང་པོའི་སྐུ། །འོག་མིན་མཁའ་སྤྱོད་མཐོང་བ་ཀུན་སྨོན་གླིང༌། །བསམ་འགྲུབ་ལྷ་ཡི་སྐུ་མཁར་རྩེ་དགུའི་དབུས། །འདབ་སྟོང་ཉི་ཟླའི་ལྷ་རྫས་ནོར་བུའི་གཏེར། །ཕྱོགས་ཀུན་དོག་པོར་བྱེད་པའི་དབུས་རྒྱུ་བའི། །ལྷ་རྟ་ཅང་ཤེས་ནོར་བུའི་སྒ་སྟན་དང༌། །རིན་ཆེན་སྣ་ཚོགས་འཕྱང་འཕྲུལ་རབ་གཡོའི་སྟེང༌། །མི་འགྱུར་ཡེ་ཤེས་སྙིང་པོའི་སྲོག་ཡིག་ཨ། །ཟླ་མདོག་ཡོངས་གྱུར་དོན་ཀུན་མྱུར་འགྲུབ་ལྷ། །དཀར་གསལ་ཉི་ཟླ་འབུམ་གྱིས་བརྗིད་པའི་སྐུ། །སྣང་སྲིད་ཟིལ་གནོན་ལྷུན་པོའི་གཏོས་དང་མཉམ། །དག་པ་ཡེ་ཤེས་སྤྱན་གསུམ་ཟླུམ་ལ་འཁྱིལ། །དགྱེས་འཛུམ་ཞི་ཁྲོའི་རྣམ་འགྱུར་ཅི་ཡང་འཆར། །ཕྱག་གཡས་སྦ་ལྕག་བསམ་པའི་དོན་འགྲུབ་ལས། །ཚེ་དཔལ་འདོད་དགུའི་ཆར་པ་སི་ལི་ལི། །གཡོན་པས་མདུང་མོ་ཁམས་གསུམ་དགྲ་འདུལ་གསོར། །དབང་དང་དྲག་ཤུལ་ལས་བྱེད་ཕོ་ཉ་སྤྲོ། །མཛེས་བརྗིད་དཔལ་འབར་རྡོ་རྗེའི་སྐུ་ཡི་དབྱིངས། །སྣ་ཚོགས་དགྲ་བླའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་ཟུང་རྒྱལ་པོ་རོལ་པའི་སྟང་སྟབས་ཀྱིས། །ཁམས་གསུམ་བྲན་བཀོལ་ཟིལ་གནོན་དཔའ་བོའི་ཚུལ། །མ་ངེས་རོལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན། །སྐུ་ཡི་གཡས་ཕྱོགས་སེང་ཆེན་སྤྱི་དཔོན་སོགས། །དཔའ་མཛངས་དགེ་བའི་བློ་ལྡན་ཚོགས་ཀྱིས་བསྐོར། །གཡོན་དུ་འགར་བཟའ་སེང་ལྕམ་ལ་སོགས་པ། །མཛེས་སྡུག་མོ་སྨན་ཌཱ་ཀིས་གླུ་བྲོ་བསྒྱུར། །མདུན་དུ་ཞལ་དཀར་དགྲ་བླའི་རྒྱལ་པོ་དང༌། །ལྷ་སྲས་རྩེ་རྒྱལ་ལ་སོགས་ཞི་བའི་དམག །གཡས་སུ་སྐུ་སྲུང་སྒ་བདེ་བེར་ནག་དང༌། །རྒྱལ་བའི་ལྷུན་གྲུབ་ལ་སོགས་རྒྱས་པའི་དཔུང༌། །རྒྱབ་ཏུ་འཕྲུལ་ལྡན་སྟག་རོང་དཔོན་པོ་དང༌། །མེ་རུ་ཙེ་སོགས་དབང་བྱེད་ལས་ཀྱི་ཚོགས། །གཡོན་དུ་སྟོབས་ལྡན་འདན་མ་སྤྱང་ཁྲ་དང༌། །རོང་སྲས་ལྷ་རྒོད་ལ་སོགས་དྲག་པོའི་སྡེ། །ཀུན་ཀྱང་རྡོ་རྗེའི་གོ་ཁྲབ་སྲ་ལ་བརྗིད། །སྣ་ཚོགས་མཚོན་ཆའི་ལས་བྱེད་ཤ་ར་ར། །རྡོ་རྗེའི་རྟ་མཆོག་འཕྱོ་ཞིང་རྒྱུག་པའི་གར། །ཀི་བསྭོ་རྣམ་རྒྱལ་གད་མོ་འབྲུག་ལྟར་སྒྲོག །བར་མཚམས་རྩེ་གྲོགས་དགྲ་བླ་བཅུ་གསུམ་དང༌། །དགྲ་བླའི་དྲྭ་མ་ཆེ་དགུ་ལྷ་ཀླུ་གཉན། །རང་རང་སྤྲུལ་པའི་དམག་དཔུང་འབུམ་ཕྲག་སྤྲོ། །འདོད་དགུའི་ཕྲིན་ལས་ཐོག་མེད་ཡུད་ཀྱིས་སྒྲུབ། །བྱིན་རླབས་གཟི་འབར་དངོས་གྲུབ་གཡང་དུ་འཁྱིལ། །སྲིད་ཞིའི་དཔལ་ཀུན་རྫོགས་པའི་ཕྱག་རྒྱར་ཤར། །ཁྱོད་ཀྱི་ངོ་བོ་འཁོར་འདས་ཡོངས་ལ་ཁྱབ། །རྣམ་པ་འགག་མེད་གང་འདུལ་དེ་བཞིན་སྣང༌། །རྫུ་འཕྲུལ་དགྱེས་དགུའི་རོལ་པ་མི་ཟད་པས། །རང་སྣང་དག་པའི་གནས་འདིར་དགྱེས་སྤྱོན་ལ། །ཕུན་ཚོགས་རྣམ་དཀར་ལས་ཀུན་རྫོགས་པའི་ཁབ། །ཐུབ་བསྟན་ཡོངས་འདུས་སྐབས་གསུམ་ཀུན་དགའི་ཚལ། །ལུང་རྟོགས་འབྱོར་པ་བྱེ་བས་བརྒྱན་པ་འདིར། །ཕྱོགས་ལས་རྣམ་རྒྱལ་དགྲ་བླའི་རྒྱལ་པོ་བཞུགས། །ཀུན་བཟང་ཧེ་རུ་ཀ་དངོས་སྤྱི་དཔལ་ཆེ། །རིགས་གསུམ་པདྨའི་ཐ་ཚིག་མ་བསྙེལ་བར། །རྡོ་རྗེའི་གཡར་དམ་གཉན་པོའི་ཞལ་བཞེས་མཐུ། །མངོན་སུམ་སྟོན་པའི་དམ་ལས་མ་འདའ་ཤིག །ཕྱི་ཡི་མཆོད་སྤྲིན་ཀུན་བཟང་རྣམ་པར་རོལ། །དག་པའི་ལྷ་རྫས་དཔག་བསམ་སྐྱེད་མོའི་ཚལ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །དྲི་ཞིམ་ལྷ་བསང་དཀར་མངར་ཆང་གི་སྐྱེམས། །གདུང་སེལ་བདུད་རྩིའི་ཆར་དང་ནད་འཇོམས་སྨན། །ཀུན་ཏུ་སིམ་བྱེད་ཞི་བའི་མཆོད་པ་འབུལ། །ཕུན་ཚོགས་བསོད་ནམས་གཏེར་གྱི་བུམ་བཟང་དབྱིག །ནོར་བུའི་སྤྲིན་ཆེན་མ་རྨོས་ལོ་ཏོག་ཞིང༌། །འདོད་འཇོའི་བ་དང་བསམ་འཕེལ་གཏེར་མཛོད་སོགས། །དཔག་ཡས་ནམ་མཁའ་མཛོད་ཀྱི་དགྱེས་མཆོད་འབུལ། །ཕུན་ཚོགས་བསོད་ནམས་གཏེར་གྱི་བུམ་བཟང་དབྱིག །ནོར་བུའི་སྤྲིན་ཆེན་མ་རྨོས་ལོ་ཏོག་ཞིང༌། །འདོད་འཇོའི་བ་དང་བསམ་འཕེལ་གཏེར་མཛོད་སོགས། །དཔག་ཡས་ནམ་མཁའ་མཛོད་ཀྱི་དགྱེས་མཆོད་འབུལ། །ཀུན་དགའི་སིམ་གཏེར་འདོད་ཡོན་ལྔའི་རྩེ་འཇོ། །མྱོས་བྱེད་བཅུད་ཀྱི་ཕུད་དང་མཛེས་མའི་གླུ། །ཡིད་འོང་འདོད་པའི་སྒྱུ་རྩལ་ལ་སོགས་པ། །ཡིད་ཀྱི་བརྟན་འཕྲོག་དབང་གི་མཆོད་རྫས་སྟོབ། །ཉམས་པ་སྒྲོལ་བྱེད་གོ་མཚོན་དཔའ་བོའི་ཆས། །ཤ་ཁྲག་དབང་པོའི་མེ་ཏོག་ཚིལ་གསུར་སྤྲིན། །ཆེ་བརྗིད་རོལ་མོ་ལ་སོགས་དྲག་ཤུལ་གྱིས། །རྔམས་པའི་མཆོད་པ་ཆེན་པོ་ཡོངས་སུ་བཞེས། །བདེ་སྟོང་དགྱེས་དགུའི་ཆགས་པའི་ཟུར་གྱི་མིག །རིགས་ལྡན་དཔའ་མོའི་དཔྱིད་དུ་ལྷུང་བའི་མོད། །དགའ་བཞིའི་ཉམས་འགྱུར་རྫོགས་པའི་སྒྱུ་རྩལ་ཆེ། །ལྷན་སྐྱེས་དབྱིངས་སུ་སྦྱོར་བའི་མཆོད་པ་འབུལ། །དམིགས་མེད་སྙིང་རྗེའི་ཡུས་ཀྱིས་ཁྲོས་པའི་ཐུགས། །བདུད་བཞིའི་སྙིང་ལ་རྔམས་པའི་ཆུ་སྲིན་ཁས། །གདུལ་དཀའ་མི་འདོར་དྲག་ཤུལ་རྡོ་རྗེའི་སྒྱོགས། །འབེབས་མཛད་སྒྲོལ་བྱེད་སྲིན་པོའི་ལས་ཀྱིས་མཆོད། །སྒྱུ་མའི་ཆོ་འཕྲུལ་མཆོད་དང་འབུལ་བ་ལྟར། །སྣང་ཡང་ཉག་གཅིག་ཡེ་ཤེས་དེ་ཁོ་ནར། །གཉིས་མེད་དགྱེས་པའི་དམ་ཚིག་བླ་ན་མེད། །རང་བཞིན་མཉམ་རྫོགས་རྡོ་རྗེའི་མཆོད་པས་མཆོད། །བདེ་ཆེན་ལྷུན་རྫོགས་ཆོས་སྐུའི་ཡེ་ཤེས་ལ། །འཁོར་འདས་སྤང་བླང་གཉིས་མེད་རྩལ་དུ་ཤར། །རིག་རྩལ་རོལ་པ་སྐུ་དང་ཡེ་ཤེས་ཀྱི། །མི་ཟད་རྒྱན་གྱི་འཁོར་ལོའི་བཀོད་པ་སྣང༌། །ཆོས་དབྱིངས་རོལ་རྩལ་མཁྱེན་བརྩེ་ནུས་པའི་དཔལ། །དབང་དང་སྟོབས་བཅུའི་ནུས་པའི་མཐུ་ལྡན་པས། །ཕན་བདེའི་འདོད་དགུ་ཟད་མི་ཤེས་པ་ཡིས། །ཇི་ལྟར་འདོད་པའི་ལས་ཀུན་ཡིད་བཞིན་སྩོལ། །རྨད་བྱུང་སྨོན་ལམ་ཐུགས་བསྐྱེད་བཙན་པོའི་དཔུང༌། །གདུལ་དཀའ་སྙིགས་མར་ལྷག་པར་མཐུ་ཆེ་བས། །རབ་འབྱམས་ལས་ཀུན་ཁྱོད་ལ་གཉེར་གཏད་ཕྱིར། །མྱུར་དུ་སྒྲུབ་པའི་ཕྲིན་ལས་རྩལ་མ་ཞན། །ཉི་ཟླའི་འགྲོས་དང་དུས་གཞུག་མེ་རླུང་ལས། །མཐུ་རྩལ་སྟོབས་ལྡན་ཕྲིན་ལས་འདོད་འཇོ་བས། །རྫོགས་ལྡན་དུས་ཀྱི་དགའ་སྟོན་མ་བསྩལ་ན། །སྙིགས་དུས་བསྟན་འགྲོ་སྐྱོབ་པའི་བྱེད་པོ་སུ། །དབུལ་ཕོངས་འབྱུང་བཞིའི་གནོད་སོགས་མི་མཐུན་ཞི། །ཚེ་དཔལ་ལུང་རྟོགས་ཡོན་ཏན་གྲགས་སྙན་རྒྱས། །ཆེ་དགུ་ས་གསུམ་དཔལ་ཀུན་དབང་དུ་བྱེད། །བདུད་དགྲ་ནག་ཕྱོགས་རྩད་ནས་བརླག་པར་མཛོད། །ཁྱད་པར་སྲིད་ཞི་ཕན་དང་བདེ་དགའི་དཔལ། །ཀུན་འབྱུང་རིས་མེད་ཐུབ་བསྟན་ཡིད་བཞིན་ནོར། །དེ་འཛིན་བཅས་པའི་དབུ་འཕང་དགུང་དུ་བསྟོད། །ལུང་རྟོགས་དབྱར་མཚོ་ཉི་བཞིན་འཕེལ་རྒྱས་སྲུངས། །མཐའ་ཀླས་འགྲོ་དང་ཁྱད་པར་གངས་རིའི་ཁྲོད། །ཁྱོད་ཀྱིས་རྗེས་སུ་བཟུང་བའི་གདུལ་བྱའི་ཕྱིར། །ནད་མཚོན་དུས་ཀྱི་རྒུད་པ་རྒྱུན་ཆོད་ལ། །དགེ་ལེགས་ཕན་བདེའི་དཔལ་གྱི་མེལ་ཚེས་སྐྱོངས། །ནང་གི་དུག་ལྔ་ཤུགས་དྲག་སྙིགས་འགྲོའི་ཡིད། །ནག་ཕྱོགས་རྒྱལ་བསེན་དམ་སྲིས་དབང་བྱེད་པའི། །སྨོན་ལོག་བསྟན་དགྲའི་གཉེན་པོ་ཁྱོད་བསྔགས་པས། །དྲག་ཤུལ་རྡོ་རྗེའི་མཚོན་གྱིས་མགོ་བོ་ཁོས། །དབུ་ཡི་རྨོག་དཀར་རྒྱལ་བའི་དོན་གྲུབ་ལས། །སྟེང་གི་ལྷ་དམག་བྱེ་བ་དུང་ཕྱུར་སྤྲོས། །ལེགས་ལྡན་དགྲ་བླ་འབུམ་གྱི་ཀི་བསྭོ་ཆས། །དཀོན་མཆོག་རིན་ཆེན་གསུམ་གྱི་དབུ་འཕང་བསྟོད། །ཁམས་གསུམ་དགྲ་འདུལ་མཆན་གྱི་མདུང་དམར་ལས། །བར་གྱི་གཉན་དམག་རླུང་ནག་འཚུབ་མ་བཀྱེས། །གཉན་ཆེན་སྡེ་བཞིའི་དགེ་སྙེན་དམག་དཔུང་བཅས། །དཀར་ཕྱོགས་གླིང་གི་རྒྱལ་ཁབ་སྲུང་བར་མཛོད། །ཀླུ་ཡི་བླ་ཞགས་སྦལ་སྦྲུལ་འདོམས་དགུ་ལས། །འོག་ཕྱོགས་ས་བདག་ཀླུ་དམག་མཚོ་ལྟར་ཕྱུར། །ཀླུ་བརྒྱད་དཔུང་གི་ཁ་རླུང་མཛེ་སྤྲིན་ཅན། །བསྟན་བཤིག་མཐའ་ཡི་དམག་ལ་མུན་ལྟར་གནག །སྟག་དོང་འཁྱིལ་བ་དགྲ་ལྷའི་རྫོང་ཆེན་ལས། །ཐོག་ལྟར་མྱུར་བའི་མདའ་མཚོན་བུ་ཡུག་འཚུབ། །གཟིག་ཤུབ་འབར་བ་ཝེར་མའི་བླ་གནས་ནས། །རྭ་རྒོད་འཁྱིལ་བའི་མཆོག་དཀར་གཟའ་བརྒྱད་འཁྱུགས། །འཇའ་རིས་སྭོག་ལྷམ་སྡེ་བརྒྱད་ཟིལ་གནོན་ལས། །ཕྱོགས་སྐྱོང་ལས་བྱེད་སྤྲུལ་པ་རྡུལ་ལྟར་འཚུབས། །མཁའ་འགྲོའི་བླ་རྡོ་སྣ་ཚོགས་ནོར་རྒྱན་ལས། །སྣང་སྲིད་མ་མོ་འབུམ་ཕྲག་ཡངས་པ་སོགས། །རྒྱུད་གསུམ་སྡེ་བརྒྱད་དྲག་པོའི་དཔུང་གི་སྡེ། །ཀུན་ཀྱང་ཤ་ཟ་གཟན་ལ་ཆས་པ་ལྟར། །གཏུམ་རྔམས་དཔའ་བོའི་གོ་མཚོན་སྤྲིན་ལྟར་གཏིབས། །འཇིགས་རུང་ཀི་བསྭོ་རྔམས་པའི་ཆ་སྒྲ་ལྡིར། །དྲག་ཤུལ་སྙིང་རྗེས་ཁྲོས་པའི་སྟང་སྟབས་ཀྱིས། །དུག་གསུམ་རཱུ་ཏྲ་འདུལ་བའི་གཤེད་དུ་ཆོས། །དགེ་འདུན་སྡེ་བཤིག་གཙུག་ལག་རྟེན་གསུམ་འཇིག །ཡོན་སྦྱོར་སྦྱིན་པའི་བདག་པོའི་མངའ་ཐང་འཕྲོག །ནག་ཕྱོགས་རུ་མཚོན་བསྒྲེངས་བ་སྙིགས་མའི་དགྲ། །སྐྱོབ་པའི་རྒྱབ་བརྟེན་ཁྱེད་ལ་རྩེ་གཅིག་བཅོལ། །རྫུ་འཕྲུལ་ནུས་པ་མི་ཟད་བསྐལ་པའི་མེ། །གདུང་ཤུགས་རླུང་གིས་བསྐུལ་བའི་ཟ་བྱེད་ལྕེ། །བདུད་སྲིན་དམ་སྲིན་མཐའ་དམག་ནགས་ཚལ་ལ། །ཐེབས་པའི་དཔལ་རྟགས་དུས་འདིར་མངོན་སུམ་སྟོན། །བསམ་ངན་དུག་གི་མཚོན་ཆ་རང་གཤེད་ཕོབ། །རྩུབ་སྦྱོར་ལས་ཀྱི་ནུས་པ་གཡོ་མེད་ཆིངས། །ཕུང་བཤིག་བསྟན་དགྲའི་ཁ་རྗེ་དབང་ཐང་བཅས། །རྔམས་འཁྲུགས་བཞད་པའི་ཞལ་དུ་མྱུར་བར་རོལ། །ཐུབ་པའི་བསྟན་དང་དེ་འཛིན་སྐྱེས་བུའི་ཚོགས། །ཡེ་ཤེས་རྡོ་རྗེའི་གུར་གྱིས་སྲུང་ཞིང་སྐྱོབས། །མི་མཐུན་རྒུད་པ་ཀུན་ཞི་དགེ་ལེགས་དཔལ། །དཀར་ཕྱོགས་ཚེས་པའི་ཟླ་བ་ལྟ་བུར་མཛོད། །རྒྱལ་བསྟན་ཤིང་རྟ་མེས་དབོན་རྣམ་གསུམ་གྱིས། །ལམ་སྲོལ་ཕྱེས་པའི་ཆོས་འཁོར་གསུམ་ལ་སོགས། །ཕན་བདེའི་དཔལ་གྱུར་གཙུག་ལག་འདུས་པའི་སྡེ། །ཉམས་མེད་ཛམ་གླིང་རྒྱན་དུ་རྟག་བརྟན་མཛོད། །སྒྲུབ་བརྒྱུད་ཆུ་འགོ་ཤིང་རྟ་ཆེ་བརྒྱད་ཀྱི། །སྨིན་གྲོལ་གདམས་པས་སླར་ཡང་གངས་ཅན་གདལ། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྣམ་གསུམ་གྱིས། །མཛེས་པའི་སྐྱེས་བུའི་སྐུ་ཚེ་འཕྲིན་ལས་སྤེལ། །མདོར་ན་མཉམ་མེད་ཤཱཀྱའི་དབང་པོ་ཡི། །རིང་ལུགས་ཆོས་བཞིན་སྤྱོད་ལ་མཐུན་པའི་རྐྱེན། །དྲི་བཟང་པདྨོའི་བུང་བ་བཞིན་སྡུད་པས། །ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་མཛོད། །དེ་ལ་འཁུ་སེམས་ལོག་པར་ལྟ་བའི་སྡེ། །ཀུན་ཀྱང་ཚར་གཅོད་རྗེས་འཛིན་མཛད་བཟང་གིས། །མཉམ་མེད་ཐུབ་པ་ཆེན་པོའི་རིང་ལུགས་དཔལ། །འཕེལ་དང་བརྟན་པའི་གྲོགས་སུ་འགྱུར་བར་མཛོད། །བསྟན་མཆོག་འཛིན་པའི་སྐྱེས་བུའི་སྐུ་ཚེ་དང༌། །ཕྲིན་ལས་གྲགས་སྙན་ནམ་མཁའི་མུ་ཁྱུད་བརྟོལ། །ཀུན་ཏུ་དགེ་བའི་ཀླུང་རྟའི་སྟོབས་ཤུགས་རྒྱས། །ཕ་རོལ་མི་མཐུན་རྒོལ་བ་ཚར་ཆོད་ཅིག །མདོར་ན་ཇི་ལྟར་འདོད་པའི་ལེགས་བྱས་དཔལ། །ཡིད་བཞིན་འགྲུབ་ལ་ཐོགས་པ་མེད་པ་ཡི། །ས་གསུམ་འཇིག་རྟེན་དགེ་བའི་དཔལ་ཡོན་གྱིས། །རྟག་ཁྱབ་ངོ་མཚར་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་རང་ལོ་ཉི་ཤུའི་སྐོར་རང་བྱུང་པདྨ་རྒྱལ་པོའི་བྱིན་རླབས་ཉིན་བྱེད་སྣང་བས་བསྩལ་བའི་སེང་ཆེན་དགྲ་བླའི་ཆོས་སྐོར་མང་དག་ཞིག་མཆིས་ཀྱང་དུས་ཀྱི་འགྱུར་པས་ཨཀྵ་ར་དབྱིངས་ཀྱི་ཌཱ་ཀིའི་ཕྱག་ཏུ་བསྡུས་པ་སླར་ཡང་རང་རིག་མཚོ་སྐྱེས་རྡོ་རྗེའི་སྐལ་བཟང་གི་དགའ་སྟོན་དུ་ཆོས་ཀྱི་སྙིང་པོ་ཐོབ་པའི་བྱིན་རླབས་ཀྱི་སྐྱ་རེངས་འཆར་བ་དང་ལྷན་ཅིག་འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་ཕྱག་ན་པདྨོ་བཅུ་དྲུག་པའི་ཕྲིན་ལས་དཔལ་གྱི་སྒོ་འཕར་བརྒྱ་ཕྲག་འབྱེད་པའི་སྐུ་ངོ་རྣམ་པར་དཀར་བའི་མཁྱེན་བརྩེའི་དཔལ་རབ་ཏུ་རྒྱས་པ་ཀརྨ་བསམ་འགྲུབ་ནས་བཀྲ་ཤིས་པའི་ལྷ་རྫས། རིན་ཆེན་མཎྜྈྑ་བཟང་པོའི་སྐྱེས་བཅས་བཀའ་ཡིས་ཆེད་དུ་བསྐུལ་བ་བཞིན། སྐྱབས་མགོན་རྒྱལ་བའི་དབང་པོའི་སློབ་གྲལ་དུ་མཆིས་ཤིང༌། ཀུན་བཟང་ཀརྨ་བཀའ་བརྒྱུད་ལ་ལས་སྨོན་བཟང་པོས་འབྲེལ་བའི་ཤཱཀྱའི་རིག་སྔགས་འཆང་བ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་རུམ་སྟེགས་ཆོས་ཀྱི་སྒར་ཆེན་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཆོས་འཁོར་བསྐོར་བའི་དགའ་སྟོན་རྫོགས་ལྡན་དང་པོའི་སྣང་བ་ལ་སྤྱོད་པའི་སྐབས་དབྱར་འབྲིང་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་འཕེལ་ཚེས་དགའ་བ་གསུམ་པ་ལྷག་པ་ལྷ་མཚམས་ཀྱི་གྲུབ་པའི་སྦྱོར་བ་ནས་དབུ་འཛིན་གྱིས་བྲིས་པ་འདིས་ཀྱང་བསིལ་ལྡན་བསྟན་འགྲོའི་དཔལ་མགོན་སྐྱབས་མགོན་མཐིང་དམར་ཅོད་པན་འཆང་བ་ཡབ་སྲས་གཙོས་བསྟན་དང་དེ་འཛིན་གྱི་བཤད་སྒྲུབ་ཕྲིན་ལས་ཀྱི་དཔལ་འབྱོར་འཇིག་རྟེན་གསུམ་ན་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་བི་ཛ་ཡནྟུ། དགེའོ། །མངྒ་ལཾ།། །།
[edit]

@#/__/seng chen nor bu dgra 'dul gyi gsol mchod don kun lhun grub lha yi rnga chen bzhugs/ @#/__/hU~M hrIH_bde chen nyams brgya'i rol rtsed dang 'grogs pa'i/_/'dod dgu'i phrin las glog gi rtse gar gyis/_/sa gsum brtan pa 'phrog byed dge legs char/_/myur 'bebs don grub dgra bla wer ma rgyal/_/gzhi dbyings 'pho med rig stong gnyug ma'i dbyings/_/'khor 'das kun gyi srog gi thig ler zlum/_/gzhi snang mkhyen brtse nus pa'i ye shes rtsal/_/'od gsal lhun gyis grub pa'i phrin las bdag_/dpal ldan rang byung sangs rgyas pad+ma skyes/_/kun khyab snying rje shing rta'i rlung shugs rtsal/_/bdud srin dam sri'i gshed gyur 'jigs mdzad kyi/_/rol pa mtha' yas stobs ldan dbang po'i sku/_/'og min mkha' spyod mthong ba kun smon gling*/_/bsam 'grub lha yi sku mkhar rtse dgu'i dbus/_/'dab stong nyi zla'i lha rdzas nor bu'i gter/_/phyogs kun dog por byed pa'i dbus rgyu ba'i/_/lha rta cang shes nor bu'i sga stan dang*/_/rin chen sna tshogs 'phyang 'phrul rab g.yo'i steng*/_/mi 'gyur ye shes snying po'i srog yig a/_/zla mdog yongs gyur don kun myur 'grub lha/_/dkar gsal nyi zla 'bum gyis brjid pa'i sku/_/snang srid zil gnon lhun po'i gtos dang mnyam/_/dag pa ye shes spyan gsum zlum la 'khyil/_/dgyes 'dzum zhi khro'i rnam 'gyur ci yang 'char/_/phyag g.yas sba lcag bsam pa'i don 'grub las/_/tshe dpal 'dod dgu'i char pa si li li/_/g.yon pas mdung mo khams gsum dgra 'dul gsor/_/dbang dang drag shul las byed pho nya spro/_/mdzes brjid dpal 'bar rdo rje'i sku yi dbyings/_/sna tshogs dgra bla'i chas kun yongs su rdzogs/_/zhabs zung rgyal po rol pa'i stang stabs kyis/_/khams gsum bran bkol zil gnon dpa' bo'i tshul/_/ma nges rol pa'i cho 'phrul cir yang ston/_/sku yi g.yas phyogs seng chen spyi dpon sogs/_/dpa' mdzangs dge ba'i blo ldan tshogs kyis bskor/_/g.yon du 'gar bza' seng lcam la sogs pa/_/mdzes sdug mo sman DA kis glu bro bsgyur/_/mdun du zhal dkar dgra bla'i rgyal po dang*/_/lha sras rtse rgyal la sogs zhi ba'i dmag_/g.yas su sku srung sga bde ber nag dang*/_/rgyal ba'i lhun grub la sogs rgyas pa'i dpung*/_/rgyab tu 'phrul ldan stag rong dpon po dang*/_/me ru tse sogs dbang byed las kyi tshogs/_/g.yon du stobs ldan 'dan ma spyang khra dang*/_/rong sras lha rgod la sogs drag po'i sde/_/kun kyang rdo rje'i go khrab sra la brjid/_/sna tshogs mtshon cha'i las byed sha ra ra/_/rdo rje'i rta mchog 'phyo zhing rgyug pa'i gar/_/ki bswo rnam rgyal gad mo 'brug ltar sgrog_/bar mtshams rtse grogs dgra bla bcu gsum dang*/_/dgra bla'i drwa ma che dgu lha klu gnyan/_/rang rang sprul pa'i dmag dpung 'bum phrag spro/_/'dod dgu'i phrin las thog med yud kyis sgrub/_/byin rlabs gzi 'bar dngos grub g.yang du 'khyil/_/srid zhi'i dpal kun rdzogs pa'i phyag rgyar shar/_/khyod kyi ngo bo 'khor 'das yongs la khyab/_/rnam pa 'gag med gang 'dul de bzhin snang*/_/rdzu 'phrul dgyes dgu'i rol pa mi zad pas/_/rang snang dag pa'i gnas 'dir dgyes spyon la/_/phun tshogs rnam dkar las kun rdzogs pa'i khab/_/thub bstan yongs 'dus skabs gsum kun dga'i tshal/_/lung rtogs 'byor pa bye bas brgyan pa 'dir/_/phyogs las rnam rgyal dgra bla'i rgyal po bzhugs/_/kun bzang he ru ka dngos spyi dpal che/_/rigs gsum pad+ma'i tha tshig ma bsnyel bar/_/rdo rje'i g.yar dam gnyan po'i zhal bzhes mthu/_/mngon sum ston pa'i dam las ma 'da' shig_/phyi yi mchod sprin kun bzang rnam par rol/_/dag pa'i lha rdzas dpag bsam skyed mo'i tshal/_/bkra shis rdzas rtags rgyal srid rin chen bdun/_/dri zhim lha bsang dkar mngar chang gi skyems/_/gdung sel bdud rtsi'i char dang nad 'joms sman/_/kun tu sim byed zhi ba'i mchod pa 'bul/_/phun tshogs bsod nams gter gyi bum bzang dbyig_/nor bu'i sprin chen ma rmos lo tog zhing*/_/'dod 'jo'i ba dang bsam 'phel gter mdzod sogs/_/dpag yas nam mkha' mdzod kyi dgyes mchod 'bul/_/phun tshogs bsod nams gter gyi bum bzang dbyig_/nor bu'i sprin chen ma rmos lo tog zhing*/_/'dod 'jo'i ba dang bsam 'phel gter mdzod sogs/_/dpag yas nam mkha' mdzod kyi dgyes mchod 'bul/_/kun dga'i sim gter 'dod yon lnga'i rtse 'jo/_/myos byed bcud kyi phud dang mdzes ma'i glu/_/yid 'ong 'dod pa'i sgyu rtsal la sogs pa/_/yid kyi brtan 'phrog dbang gi mchod rdzas stob/_/nyams pa sgrol byed go mtshon dpa' bo'i chas/_/sha khrag dbang po'i me tog tshil gsur sprin/_/che brjid rol mo la sogs drag shul gyis/_/rngams pa'i mchod pa chen po yongs su bzhes/_/bde stong dgyes dgu'i chags pa'i zur gyi mig_/rigs ldan dpa' mo'i dpyid du lhung ba'i mod/_/dga' bzhi'i nyams 'gyur rdzogs pa'i sgyu rtsal che/_/lhan skyes dbyings su sbyor ba'i mchod pa 'bul/_/dmigs med snying rje'i yus kyis khros pa'i thugs/_/bdud bzhi'i snying la rngams pa'i chu srin khas/_/gdul dka' mi 'dor drag shul rdo rje'i sgyogs/_/'bebs mdzad sgrol byed srin po'i las kyis mchod/_/sgyu ma'i cho 'phrul mchod dang 'bul ba ltar/_/snang yang nyag gcig ye shes de kho nar/_/gnyis med dgyes pa'i dam tshig bla na med/_/rang bzhin mnyam rdzogs rdo rje'i mchod pas mchod/_/bde chen lhun rdzogs chos sku'i ye shes la/_/'khor 'das spang blang gnyis med rtsal du shar/_/rig rtsal rol pa sku dang ye shes kyi/_/mi zad rgyan gyi 'khor lo'i bkod pa snang*/_/chos dbyings rol rtsal mkhyen brtse nus pa'i dpal/_/dbang dang stobs bcu'i nus pa'i mthu ldan pas/_/phan bde'i 'dod dgu zad mi shes pa yis/_/ji ltar 'dod pa'i las kun yid bzhin stsol/_/rmad byung smon lam thugs bskyed btsan po'i dpung*/_/gdul dka' snyigs mar lhag par mthu che bas/_/rab 'byams las kun khyod la gnyer gtad phyir/_/myur du sgrub pa'i phrin las rtsal ma zhan/_/nyi zla'i 'gros dang dus gzhug me rlung las/_/mthu rtsal stobs ldan phrin las 'dod 'jo bas/_/rdzogs ldan dus kyi dga' ston ma bstsal na/_/snyigs dus bstan 'gro skyob pa'i byed po su/_/dbul phongs 'byung bzhi'i gnod sogs mi mthun zhi/_/tshe dpal lung rtogs yon tan grags snyan rgyas/_/che dgu sa gsum dpal kun dbang du byed/_/bdud dgra nag phyogs rtsad nas brlag par mdzod/_/khyad par srid zhi phan dang bde dga'i dpal/_/kun 'byung ris med thub bstan yid bzhin nor/_/de 'dzin bcas pa'i dbu 'phang dgung du bstod/_/lung rtogs dbyar mtsho nyi bzhin 'phel rgyas srungs/_/mtha' klas 'gro dang khyad par gangs ri'i khrod/_/khyod kyis rjes su bzung ba'i gdul bya'i phyir/_/nad mtshon dus kyi rgud pa rgyun chod la/_/dge legs phan bde'i dpal gyi mel tshes skyongs/_/nang gi dug lnga shugs drag snyigs 'gro'i yid/_/nag phyogs rgyal bsen dam sris dbang byed pa'i/_/smon log bstan dgra'i gnyen po khyod bsngags pas/_/drag shul rdo rje'i mtshon gyis mgo bo khos/_/dbu yi rmog dkar rgyal ba'i don grub las/_/steng gi lha dmag bye ba dung phyur spros/_/legs ldan dgra bla 'bum gyi ki bswo chas/_/dkon mchog rin chen gsum gyi dbu 'phang bstod/_/khams gsum dgra 'dul mchan gyi mdung dmar las/_/bar gyi gnyan dmag rlung nag 'tshub ma bkyes/_/gnyan chen sde bzhi'i dge snyen dmag dpung bcas/_/dkar phyogs gling gi rgyal khab srung bar mdzod/_/klu yi bla zhags sbal sbrul 'doms dgu las/_/'og phyogs sa bdag klu dmag mtsho ltar phyur/_/klu brgyad dpung gi kha rlung mdze sprin can/_/bstan bshig mtha' yi dmag la mun ltar gnag_/stag dong 'khyil ba dgra lha'i rdzong chen las/_/thog ltar myur ba'i mda' mtshon bu yug 'tshub/_/gzig shub 'bar ba wer ma'i bla gnas nas/_/rwa rgod 'khyil ba'i mchog dkar gza' brgyad 'khyugs/_/'ja' ris swog lham sde brgyad zil gnon las/_/phyogs skyong las byed sprul pa rdul ltar 'tshubs/_/mkha' 'gro'i bla rdo sna tshogs nor rgyan las/_/snang srid ma mo 'bum phrag yangs pa sogs/_/rgyud gsum sde brgyad drag po'i dpung gi sde/_/kun kyang sha za gzan la chas pa ltar/_/gtum rngams dpa' bo'i go mtshon sprin ltar gtibs/_/'jigs rung ki bswo rngams pa'i cha sgra ldir/_/drag shul snying rjes khros pa'i stang stabs kyis/_/dug gsum rU tra 'dul ba'i gshed du chos/_/dge 'dun sde bshig gtsug lag rten gsum 'jig_/yon sbyor sbyin pa'i bdag po'i mnga' thang 'phrog_/nag phyogs ru mtshon bsgrengs ba snyigs ma'i dgra/_/skyob pa'i rgyab brten khyed la rtse gcig bcol/_/rdzu 'phrul nus pa mi zad bskal pa'i me/_/gdung shugs rlung gis bskul ba'i za byed lce/_/bdud srin dam srin mtha' dmag nags tshal la/_/thebs pa'i dpal rtags dus 'dir mngon sum ston/_/bsam ngan dug gi mtshon cha rang gshed phob/_/rtsub sbyor las kyi nus pa g.yo med chings/_/phung bshig bstan dgra'i kha rje dbang thang bcas/_/rngams 'khrugs bzhad pa'i zhal du myur bar rol/_/thub pa'i bstan dang de 'dzin skyes bu'i tshogs/_/ye shes rdo rje'i gur gyis srung zhing skyobs/_/mi mthun rgud pa kun zhi dge legs dpal/_/dkar phyogs tshes pa'i zla ba lta bur mdzod/_/rgyal bstan shing rta mes dbon rnam gsum gyis/_/lam srol phyes pa'i chos 'khor gsum la sogs/_/phan bde'i dpal gyur gtsug lag 'dus pa'i sde/_/nyams med dzam gling rgyan du rtag brtan mdzod/_/sgrub brgyud chu 'go shing rta che brgyad kyi/_/smin grol gdams pas slar yang gangs can gdal/_/bshad sgrub las kyi 'khor lo rnam gsum gyis/_/mdzes pa'i skyes bu'i sku tshe 'phrin las spel/_/mdor na mnyam med shAkya'i dbang po yi/_/ring lugs chos bzhin spyod la mthun pa'i rkyen/_/dri bzang pad+mo'i bung ba bzhin sdud pas/_/phyogs dus gnas skabs kun tu 'phel rgyas mdzod/_/de la 'khu sems log par lta ba'i sde/_/kun kyang tshar gcod rjes 'dzin mdzad bzang gis/_/mnyam med thub pa chen po'i ring lugs dpal/_/'phel dang brtan pa'i grogs su 'gyur bar mdzod/_/bstan mchog 'dzin pa'i skyes bu'i sku tshe dang*/_/phrin las grags snyan nam mkha'i mu khyud brtol/_/kun tu dge ba'i klung rta'i stobs shugs rgyas/_/pha rol mi mthun rgol ba tshar chod cig_/mdor na ji ltar 'dod pa'i legs byas dpal/_/yid bzhin 'grub la thogs pa med pa yi/_/sa gsum 'jig rten dge ba'i dpal yon gyis/_/rtag khyab ngo mtshar bkra shis dpal 'bar shog_/ces pa'ang rang lo nyi shu'i skor rang byung pad+ma rgyal po'i byin rlabs nyin byed snang bas bstsal ba'i seng chen dgra bla'i chos skor mang dag zhig mchis kyang dus kyi 'gyur pas ak+Sha ra dbyings kyi DA ki'i phyag tu bsdus pa slar yang rang rig mtsho skyes rdo rje'i skal bzang gi dga' ston du chos kyi snying po thob pa'i byin rlabs kyi skya rengs 'char ba dang lhan cig 'jig rten dbang phyug rgyal mchog phyag na pad+mo bcu drug pa'i phrin las dpal gyi sgo 'phar brgya phrag 'byed pa'i sku ngo rnam par dkar ba'i mkhyen brtse'i dpal rab tu rgyas pa karma bsam 'grub nas bkra shis pa'i lha rdzas/_rin chen maN+Da\u0f88\u0f91 bzang po'i skyes bcas bka' yis ched du bskul ba bzhin/_skyabs mgon rgyal ba'i dbang po'i slob gral du mchis shing*/_kun bzang karma bka' brgyud la las smon bzang pos 'brel ba'i shAkya'i rig sngags 'chang ba pad+ma gar dbang 'od gsal mdo sngags gling pa'am 'jigs med mkhyen brtse'i 'od zer bkra shis dpal 'byor gyis rum stegs chos kyi sgar chen nas gsang chen rgyud sde rgya mtsho'i chos 'khor bskor ba'i dga' ston rdzogs ldan dang po'i snang ba la spyod pa'i skabs dbyar 'bring chu stod zla ba'i dkar phyogs kyi 'phel tshes dga' ba gsum pa lhag pa lha mtshams kyi grub pa'i sbyor ba nas dbu 'dzin gyis bris pa 'dis kyang bsil ldan bstan 'gro'i dpal mgon skyabs mgon mthing dmar cod pan 'chang ba yab sras gtsos bstan dang de 'dzin gyi bshad sgrub phrin las kyi dpal 'byor 'jig rten gsum na rtag khyab lhun gyis grub pa'i rgyur gyur cig_/sarba bi dza yan+tu/_dge'o/__/mang+ga laM//_//

Footnotes

Other Information