DKR-KABUM-10-THA-058: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-058
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=THA | |||
|textnuminvol=058 | |||
|pdflink=File:DKR-KABUM-10-THA-058.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། མ་གཅིག་གཉན་གྱི་ལྷ་མོའི་གསང་བའི་ཕྲིན་བཅོལ་རྡོ་རྗེའི་རིག་འཛིན་གདུང་བའི་སྨྲེ་སྔགས་གུ་ཧྱ་རྒྱ། ཧཱུྃ་བྷྱོ། རྡོ་རྗེ་ཕུང་པོ་ནང་གི་མཁའ་སྤྱོད་ཚལ། །དེ་ཝི་ཀོ་ཊཱའི་ཞིང་སྐྱོང་ལངྐ་མ། །རབ་དམར་རྗེས་ཆགས་ཉི་མའི་སྒེག་བཞད་སྐུ། །བསྟན་སྲུང་གཙོ་མོར་བཞེངས་ཁྱོད་དུས་འདིར་དགོངས། །གྲོང་ཁྱེར་དྲུག་རྒྱུའི་ཡིད་ཅན་གཟུང་འཛིན་གྱི། །ཚ་གྲང་ཉི་ཟླ་བསྲེགས་བཞུས་ཕྲུ་མ་ཡིས། །ངེས་དོན་དྷཱུ་ཏིའི་བསྟན་ལ་འཁུ་བའི་དཔུང༌། །གཡོ་ཞིང་འཁྲུལ་པའི་ཟུང་རྔུ་འདི་ལ་གཟིགས། །ཀུན་རྟོག་དམག་གི་རྒྱུ་བས་ཡེ་ཤེས་བཅོམ། །སྡུག་བསྔལ་མེ་ལྟར་འབར་བ་སྙིགས་མའི་དབལ། །རྟོག་བྲལ་ནང་གི་ལྷ་མོའི་རྩེ་དགའ་ཡིས། །དམ་པོར་འཁྱུད་པའི་དུས་ལ་ད་རེས་བབ། །ཁྱོད་ཞལ་བདེ་བའི་ཟླ་བས་འཛུམ་པའི་འོད། །ཀུན་འབྱུང་དུཿཁའི་ཚོར་བ་དཔྱིས་འབྱིན་པས། །བཅུ་དྲུག་ལང་ཚོ་ཀུནྡཱའི་འཁྲི་ཤིང་གིས། །འཆིང་བྱེད་སྒྱུ་རྩལ་འཕྲུལ་དེ་དེང་འདིར་སྟོན། །སྟོང་ཆེན་ཐུགས་ལ་རབ་འབར་ཞེ་སྡང་གི །ཙཎྜ་ལི་ཡི་ཞུགས་ཀྱིས་གྲོང་ཁྱེར་གསུམ། །ཟ་བྱེད་འབར་བ་ཆེན་པོ་དུས་མཐའི་མེས། །ཀླ་ཀློའི་ཚང་ཚིང་མི་བསྲེགས་འདི་ཅི་ཞིག །ཁྱོད་སྙིང་དམ་བཅའི་བདུད་རྩིའི་ཐིག་ལེ་ནི། །རྡོ་རྗེ་བཙུན་མོའི་ཡེ་ཤེས་བཅུད་ཀྱི་ཐིག །འདས་ན་ཟ་བྱེད་ཡཀྴའི་མཆེ་བ་ཡིས། །གཟས་པའི་ཐ་ཚིག་ཡལ་བར་བོར་སྲིད་དམ། །རིག་འཛིན་བླ་མ་བརྒྱུད་པས་གཉེར་གཏད་པའི། །ཆོས་ཀྱི་འཁོར་ལོའི་ཡུལ་ཀུན་འཁུ་བའི་དཔུང༌། །རྩད་ནས་གཞོམ་པའི་ལས་འདི་ཡལ་དོར་ན། །བཛྲ་ས་མ་ཡ་ཡང་འདའ་ཏ་རེ། །གཡོ་ཁྱབ་འཆིང་འཐོར་སྡུད་པའི་ཕྲིན་ལས་རླུང༌། །འཇིག་རྟེན་གསུམ་ཁྱོན་ཉུལ་བ་རྩལ་སྤྲུགས་ཀྱིས། །གདུང་བའི་ངག་འདི་ཐོས་པའི་དེ་མ་ཐག །མངོན་སུམ་འགྲུབ་པའི་རྟགས་ཀྱི་རུ་མཚོན་ཕྱོར། །བུ་ཆུང་མ་ལ་ཡུས་པའི་སྨྲེ་སྔགས་འདི། །དོན་སྙིང་འཐོར་ལ་ཉེ་བས་ཁྱོད་འབོད་ན། །ཧེ་རུ་ཀ་དཔལ་སྤྱན་སྔར་བྲོ་བོར་བའི། །ཆད་ཐོའི་ཐ་ཚིག་བཙན་པོ་ཅིས་མི་དྲན། །འཇིག་རྟེན་ཐབས་ཀུན་གཡོ་སྒྱུའི་དུག་གིས་སྦགས། །ངལ་དུབ་རྩོལ་བས་གདུང་ཡང་འགྲུབ་དཀའི་གནས། །དབང་དང་སྟོབས་བཅུའི་གང་འདུལ་དེར་སྣང་གིས། །ཕྲིན་ལས་གློག་ལྟར་གཡོ་བ་མི་མཛད་ཅི། །རང་དོན་འགོང་པོའི་ཆགས་སྡང་ལས་མཐའ་ཡང༌། །རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ་མཛད་ན། །གཅིག་ཏུ་ངེས་གསང་བསྟན་ལ་གདུངས་བ་ཡིས། །བོས་འདི་དོན་དང་ལྡན་པའི་དབུགས་འབྱིན་སྩོལ། །འཁོར་འདས་བརྟན་གཡོ་བསྐྱེད་དང་སྡུད་པའི་བདག །སྣང་སྲིད་ཐམས་ཅད་བདེ་ཆེན་མཁའ་ཀློང་རྫོགས། །སྲིད་ཞི་ལས་འདས་སྲིད་ཞིའི་ཆོ་འཕྲུལ་གྱི། །ཡ་མཚན་དེ་ཡང་དབྱིངས་སུ་སྦེད་སྲིད་དམ། །ཞི་མཛད་ཞི་བའི་མཐར་ཐུག་མ་མ་ནི། །མཁའ་མཉམ་སྟོང་ཆེན་བདུད་རྩིར་སྙོམས་ཞུགས་པའི། །བཅུད་ཀྱིས་སིམ་པས་རྟག་ཏུ་འཁྲུགས་མེད་ཀྱི། །ངང་ཚུལ་བཟང་མོའི་ནུ་ཞོ་དེང་འདིར་སྩོལ། །དྲག་ཤུལ་དྲག་མོ་མི་སྲུན་སྲིན་མོའི་རྒྱལ། །ཁྲོས་ཤིང་ཆགས་པའི་གདུང་བས་ཚིམ་མོད་ཀྱི། །སྙིང་རྗེའི་རྔམས་པས་གདུལ་དཀའ་ཀུན་ཟ་བའི། །མཆེ་བ་རྣོ་གཙིགས་དགྲ་སྙིང་ཕྲུམ་ཕྲུམ་རོལ། །ཁྲག་རྗེས་གཅོད་པའི་མི་བཟད་ཕོ་ཉ་ལྔ། །སྤྲོས་པས་བསད་རྟགས་དོན་སྙིང་མ་ཁྱེར་ན། །རྩྭ་ཕྱག་ནས་འབྲུའི་རྗེས་འབྲང་དཀོར་སྲུང་གི །ཆེ་བའི་རུ་མཚོན་འགྱེལ་ལ་ཐུགས་མ་བསྙེལ། །བསྟན་པ་གཅེས་ན་བསྟན་འཛིན་སྲོག་ལྟར་བཙའ། །དེ་ལ་འཁུ་ཚེ་རྒྱབ་རྟེན་ཁྱོད་མེད་ན། །འཁོན་སྡང་དཔུང་གིས་ལས་མཐའ་ལོག་པའི་ཤུགས། །སྡིག་ཏོའི་ཁུར་དུ་ལྕི་བས་ཅི་ཞིག་འཚལ། །དུས་དང་རྐྱེན་ངན་ཤུགས་བདོ་ལྷག་པར་དུ། །སྐྱོབས་པའི་ཞལ་བཞེས་ཕྱི་ཕྱིར་བཏང་སྙོམས་ན། །ལས་དང་ཕྱི་མར་ཁག་བསྙད་ལྡེམ་པོའི་ཚུལ། །དཀོན་མཆོག་དབུ་འཕང་སྨད་པའི་རྒྱུ་ལས་ཅི། །ཁྱོད་ཐུགས་སྙིང་རྗེའི་དྲག་ཤུལ་དུས་གཞུག་མེ། །གསོལ་བའི་ཚིག་གི་རླུང་ཤུགས་ཀྱིས་སྦྲན་པས། །ལྡོག་མེད་དུས་ཀྱི་ཞགས་པ་རྣོན་པོ་ཡིས། །བརླང་སྤྱོད་ཡིད་ལ་བརྣག་པའི་དགྲ་འདི་ལ། །ལེགས་ཉེས་སྟངས་གཅོད་ཡེ་ཤེས་སྤྱན་གྱིས་མདས། །བསྟན་བཤིག་བསམ་སྦྱོར་ཅན་ལ་ཅེ་རེ་ལྟོས། །ཁྲག་འཛག་མཆེ་བའི་སྤུ་གྲི་དེ་སྙིང་ལ། །ཤ་ཟ་གཟན་ལ་རྔམས་བཞིན་རེངས་བར་རྒྱོབ། །གནམ་ལྕགས་སེན་མོ་ཁྲག་གིས་སྦགས་པ་ཡིས། །ཁོག་པ་ཁ་ཕྱེས་སྲོག་རྩ་དམར་གྱིས་དྲོངས། །འདི་ལ་དཔགས་ན་ཚངས་ཆེན་འབྱོར་པ་ཡང༌། །རྩ་རྩེའི་ཟིལ་པ་དང་མཚུངས་གསང་ཆེན་བསྟན། །ཉམས་པ་མི་བཟོད་དྲག་ཤུལ་རྡོ་རྗེའི་ཐོག །ཕ་མ་བུ་སློབ་ཡིན་ཡང་ཐོབ་ཅིག་ཀྱཻ། །རྩ་གསུམ་རིག་འཛིན་རྒྱ་མཚོ་དབྱིངས་སུ་མནལ། །སྙིགས་སྤྱོད་དུས་ཀྱི་གདུང་བས་རྒྱལ་བསྟན་འཇིག །མཁས་གྲུབ་སྐྱེས་བུའི་དབུ་འཕང་སྨད་དྲགས་ནས། །མ་བཟོད་བུ་ཡིས་ཀུ་ཅོའི་སྨྲེ་འདི་གསོན། །ལྷག་བསམ་ཟླ་གཞོན་གྱིས་སྤ་ངག་འདི་ཡང༌། །མ་གཅིག་སྙན་གྱི་ཀུ་མུད་སོན་མ་ཐག །བརྩེ་གདུང་དངར་པོའི་བསུང་གི་ངད་ལྡང་བས། །མྱུར་མགྱོགས་ཕྲིན་ལས་བུང་བ་གཡོ་མཛད་གསོལ། །དེ་སྐད་རྩོད་དུས་སྐལ་ངན་གྱི། །རླུང་གིས་བློ་མཚོ་གཡོས་པའི་ཚེ། །ཟོལ་མེད་གདུང་བའི་རླབས་ཕྲེང་ལས། །ཚིག་གི་མེ་ཏོག་འདི་ཡང་ཐོན། །ལེགས་བྱས་ཆུ་སྐྱེས་ཆེས་ཕྲ་ཡང༌། །རྟེན་འབྱུང་མེ་ཏོག་མ་རྙིང་པའི། །དགེ་མཚན་འདབ་ཕྲེང་དར་བབ་པས། །ཨ་ཀྵ་ར་གཟུགས་བཀོད་པའི་འབྲས། །པྃདྨྃའི་བཀའ་ཡི་ཕོ་ཉ་བ། །མདོྃ་སྔགྃས་བསྟན་གཉིས་ཟུང་འཇུག་གིས། །བཤད་སྒྲུབ་དར་རྒྱས་གླིངྃ་སྤེལ་བའི། །རྒྱལ་ཁམས་དྭ་རི་དྲ་དེས་སོ། །གུ་ཧྱ། སྙིགས་ལྔའི་མཚོན་རྩེ་བསྟན་ལ་ཕྱོགས་པའི་ཚེ། །པདྨ་ཧེ་རུ་ཀ་ཁྲོས་མེའི་ཞལ་ལྕེ། །བྲན་ཁོལ་ལངྐའི་བདག་མོར་གཅོད་པའི་བཀའ། །ཐ་ཚིག་དམ་རྒྱའི་ཉག་ཕྲན་ལུང་འདི་རྨད། །ཅི་འདོད་ཆོྃས་ཀྱིྃ་སྒྲོ་ལྡན་རི་མོ་ཡང༌། །མི་སྨྲ་བདེན་སྟོབས་དམོད་པའི་མདེལ་ཁ་ཡིས། །ཕས་རྒོལ་ནག་པོའི་རྩ་ལག་སྡེ་དང་བཅས། །མིང་མཐར་བྱེད་པའི་བློྃ་གྲོསྃ་དཔུང་སྟོབས་འགྱེད། །ཅེས་སོ།། ༈ དུར་ཁྲོད་ལྷ་མོའི་གསོལ་བསྐང་མདོར་བསྡུས་ཕྲིན་ལས་མྱུར་མགྱོགས་བཞུགས། བྷྱོཿ སྐྱེ་མེད་དབྱིངས་ལས་ཞིང་སྐྱོང་དབང་མོ་གཤེགས། །གནས་འདིར་དགྱེས་བཞུགས་ཕྱི་ནང་གསང་མཆོད་བཞེས། །གནས་ཡུལ་ཉེར་སྐྱོང་ལངྐའི་བདག་མོར་བསྟོད། །དགྱེས་དགུའི་མཐུན་རྫས་མ་ཚང་མེད་པས་བསྐང༌། །མ་མོ་འཁྲུགས་པའི་རྒྱུ་འབྲས་མཐོལ་བཤགས་སྡོམ། །གང་འདོད་ཕྲིན་ལས་ཚེ་བསོད་དཔལ་འཕེལ་མཛོད། །ཨོཾ་མ་མ་ར་ལི་པྲ་མ་ཡེ་ཀ་ལི་ཡེ་ཛཿཛཿས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གྲངས་བསགས་ཆེད་འཁྲུལ་ཞིག་རིན་པོ་ཆེ་དྷརྨ་མ་ཏིའི་བཀའ་བཞིན་རྒན་པོ་མངྒ་ལས་བྲིས་ཤིང་རྒྱལ་ཟླའི༡༢ཚེས༢༩ལ་ཕྲིན་ལས་སུ་གསོལ་བ་དགེ་ལེགས་འཕེལ།། ༈ བྷྱོཿ སྟོང་ཆེན་དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ། །ཐེག་མཆོག་བསྟན་པ་སྲུང་ཕྱིར་མ་མོའི་ཚུལ། །འབུམ་ཕྲག་མཁའ་འགྲོའི་ཚོགས་རྗེ་ཨེ་ཀ་ཙ། །གསོལ་ལོ་མཆོད་དོ་སྒྲུབ་མཆོག་བུ་བཞིན་སྐྱོངས། །ཞེས་ངག་དབང་ཤེས་རབ་ནས་བསྐུལ་ངོར་མངྒ་ལས་སོ།། ༈ གནས་ཡུལ་ཌཱ་ཀིའི་གཙོ་མོ་ཞིང་སྐྱོང་དབང་མོའི་གསོལ་མཆོད་བཞུགས། བྷྱོཿ བདེ་ཆེན་འགྱུར་མེད་རྣམ་ཀུན་མཆོག་ལྡན་དབྱིངས། །ཟག་བྲལ་ཡེ་ཤེས་མཚན་དཔེར་ཤར་བའི་གར། །བརྟན་གཡོ་ཀུན་ཁྱབ་མི་འགྱུར་རྡོ་རྗེའི་གཟུགས། །གནས་ཡུལ་ཌཱ་ཀིའི་གཙོ་མོ་འདིར་གཤེགས་ཤིག །ངོ་མཚར་ཡེ་ཤེས་སྒྱུ་མའི་ཏིང་འཛིན་གྱིས། །གང་བཞེད་འཆར་བ་ཀུན་བཟང་རོལ་པའི་སྤྲིན། །ཕྱི་ནང་གསང་བ་བླ་མེད་མཆོད་པ་ཡིས། །མ་གཅིག་ཞིང་སྐྱོང་དབང་མོ་མཉེས་པར་བགྱི། །སྤྲོས་པའི་མཚན་མ་ཀུན་བྲལ་འོད་གསལ་ཐུགས། །བརྗོད་བྲལ་འགག་མེད་ཨཱ་ལི་ཀཱ་ལིའི་གསུང༌། །གང་འདུལ་འགྲོ་ལ་སྣ་ཚོགས་གཟུགས་ཅན་སྐུ། །གསང་གསུམ་རྡོ་རྗེའི་སྒྱུ་འཕྲུལ་སྟོན་ལ་འདུད། །ཁྱོད་ནི་སྣང་སྲིད་འཁོར་འདས་ཀུན་གྱི་བདག །ཡེ་ཤེས་ལས་དང་འཇིག་རྟེན་མངའ་དབང་ཕྱིར། །གར་ཡང་མ་དམིགས་ཅིར་ཡང་འཆར་བའི་མ། །སྤྲོ་དང་བསྡུ་བའི་ཚུལ་ཅན་འཕྲུལ་མོ་ཆེ། །ཀུན་བརྟགས་གཞན་དབང་འཁྲུལ་ངོར་འདྲེ་མོར་སྣང༌། །ཡོངས་གྲུབ་གདོད་ནས་རྣམ་དག་ཝཱ་རཱ་ཧི། །ཀུན་ཀྱང་དབྱེར་མེད་བདེ་གཤེགས་སྙིང་པོའི་གཤིས། །འཁོར་འདས་ཀུན་བྱེད་ཆེན་མོར་མངའ་གསོལ་ལོ། །སྣ་ཚོགས་དབང་ཡུལ་དགྱེས་སྐྱེད་འདོད་དགུའི་གཏེར། །རྡོ་རྗེའི་དམ་ཚིག་མཆོད་སྐོང་རྟེན་སྒྲུབ་རྫས། །མ་ཚང་མེད་པས་ས་དང་བར་སྣང་ཁེངས། །འཛད་མེད་ནམ་མཁའ་མཛོད་ཀྱི་བསྙེན་བཀུར་སྟོབ། །མ་རིག་རྒྱུས་བསྐྱེད་ལས་ཉོན་སྒྲིབ་པའི་དཔུང༌། །མཐར་འཛིན་ཀུན་དཀྲིས་དམ་པོས་འཆིང་གྱུར་གང༌། །རྣམ་དག་ཡེ་གྲོལ་བྱང་ཆུབ་སེམས་ཀྱི་ངང༌། །གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་བཤགས། །མཆོད་བསྟོད་བསྐང་བཤགས་མངའ་གསོལ་དམ་བསྲེ་ན། །འབྲལ་མེད་བརྩེ་དགའི་དམ་ཚིག་མཛའ་གཅུགས་ཀྱིས། །གཏང་མིན་བྱང་ཆུབ་བར་དུ་རྗེས་བཟུང་ནས། །མཆོག་ཐུན་དངོས་གྲུབ་ཕྲིན་ལས་ཡིད་བཞིན་སྒྲུབས། །ཇི་ལྟར་བུམ་བཟང་དཔག་བསམ་ནོར་བུའི་ཚུལ། །ཡིད་བཞིན་འདོད་པ་འཇོ་བའི་དཔལ་མངའ་ཕྱིར། །ཞི་མཛད་རྡོ་རྗེ་རིགས་ཀྱི་ཌཱ་ཀི་མས། །ནད་གདོན་འཇིགས་བརྒྱད་ཉི་མས་མུན་ལྟར་བཅོམ། །རྒྱས་མཛད་རིན་ཆེན་རིགས་ཀྱི་ཌཱ་ཀི་མས། །ཚེ་དཔལ་འབྱོར་དྲུག་དབྱར་གྱི་མཚོ་ལྟར་བསྐྱིལ། །དབང་མཛད་པདྨ་རིགས་ཀྱི་ཌཱ་ཀི་མས། །ཁམས་གསུམ་དབང་སྡུས་སྲིད་གསུམ་ཟིལ་གྱིས་ནོན། །དྲག་གཏུམ་ཀརྨ་རིགས་ཀྱི་ཌཱ་ཀི་མས། །བྱད་ཕུར་དགྲ་བགེགས་ཚར་གཅོད་རྩལ་མ་ཞན། །ལྷུན་གྲུབ་སངས་རྒྱས་ཡེ་ཤེས་ཌཱ་ཀི་མས། །འཕྲལ་དང་ཡུན་གྱི་ཕན་བདེ་སྤེལ་བ་དང༌། །རགས་ལུས་ཕུང་ཁམས་འགྱུར་མེད་རྡོ་རྗེར་གྲུབ། །འབྱུང་འཇུག་རླུང་སེམས་ཨ་ཝ་དྷུ་ཏིར་རྫོགས། །མཚན་རྟོག་འཁྲུལ་པ་རིག་སྟོང་འོད་གསལ་བསྡམ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་མཛོད། །གཞི་རྒྱུད་ཀ་དག་ལྟ་བའི་གནས་ལུགས་རྟོགས། །ལམ་རྒྱུད་སྒོམ་པ་གཞི་སྣང་ཚད་ལ་ཕེབས། །འབྲས་རྒྱུད་གདོད་མའི་དབྱིངས་སུ་བྱང་ཆུབ་ནས། །སྤྱོད་པ་ཀུན་ཏུ་བཟང་པོ་ཉིད་གྱུར་མཛོད། །མདོར་ན་འཁོར་དང་མྱ་ངན་འདས་པའི་ཆོས། །བཅོམ་ལྡན་རྡོ་རྗེ་བཙུན་མོའི་ཀློང་ཉིད་དུ། །མི་ཕྱེད་ཡེ་ཤེས་ཕྱག་རྒྱས་རྒྱས་བཏབ་པས། །དཔལ་ཡོན་ཟད་མེད་རྟག་ཁྱབ་ལྷུན་གྲུབ་མཛོད། །ཅེས་པའང་བཅོམ་ལྡན་རྡོ་རྗེ་བཙུན་མོ་དང་དབྱེར་མེད་པའི་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོས་ཐུན་མོང་མ་ཡིན་པའི་སྲུང་མར་གཏད་ཅིང༌། དངོས་ཉམས་རྨི་ལམ་དུ་རྗེས་སུ་བཟུང་བའི་མཚན་མ་མཐོང་བས་སྣང་མཛད་གྲུབ་པའི་རྡོ་རྗེས་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ༈ བྷྱོ། བདེ་ཆེན་རྡོ་རྗེ་བཙུན་མོ་ཝཱ་ར་ཧི། །གནས་ཡུལ་ཞིང་སྐྱོང་ཌཱ་ཀིའི་སྐུར་བཞེངས་ནས། །གསང་ཆེན་བསྟན་སྐྱོང་དུར་ཁྲོད་མ་མོའི་གཙོ། །འཁོར་བཅས་གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད། །ཅེས་པའང་པདྨ་འགྱུར་མེད་ཀྱིས་བསྐུལ་ངོར་མངྒ་ལས་བྲིས་པའོ།། ༈ རྡོ་རྗེ་བཙུན་མོ་ཤིན་ཏུ་ཁྲོས་པའི་གར། །རྗེ་བཙུན་བླ་མའི་ཐུན་མིན་བཀའ་སྡོད་ཆེའི། །ཕྲིན་ལས་རྡོ་རྗེའི་གསུང་གི་རོལ་མོ་ལས། །འབད་མེད་མཆོག་ཐུན་དངོས་གྲུབ་ད་ལྟ་སྩོལ། །ཅེས་པའང་ཕྱི་མོའི་སྲི་ཞུ་བ་ཝ་གིནྡྲ་དྷརྨ་མ་ཏིས་སོ། །སརྦ་མངྒ་ལཾ། ༈ བྷྱོ། མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །ཁོལ་མོ་ཡང་ཁོལ་བཀའ་ཉན་མངགས་གཞུག་སྡེ། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཡུལ་རིས་དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་ཆེ། །ཛམ་པོ་སྲས་ཡུམ་བློན་པོ་སྤྲུལ་འཁོར་བཅས། །གསོལ་ལོ་མཆོད་དོ་དགྱེས་དགུའི་དཔལ་བསྐྱེད་ནས། །འདོད་པའི་ཕྲིན་ལས་ཡིད་བཞིན་སྒྲུབ་པར་མཛོད། །ཅེས་མ་ཐང་ཚེ་དབང་དོན་གྲུབ་ནས་བསྐུལ་ངོར་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་དགེ་ལེགས་འཕེལ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:40, 4 November 2022
🚧 This website is under continued development. We appreciate your patience!
Previous Text"THA" is not a number. Back to Volume Page"THA" is not a number.Next Text "THA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "tha"., Text 58, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "THA" is not a number. |
"THA" is not a number.