DKR-KABUM-10-THA-043: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-043
No edit summary
No edit summary
Line 1: Line 1:
{{WyliePageHeader}}
{{Khyentse Metadata
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|language=Tibetan
|pagestatus=Temporary stub only
|volumenumber=THA
|textnuminvol=043
|pdflink=File:DKR-KABUM-10-THA-043.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅།  །ཡེ་ཤེས་མཁའ་འགྲོ་མནྡཱ་ར་བའི་སྒྲུབ་ཐབས་འཆི་མེད་མཆོག་སྦྱིན་བཞུགས། ན་མོ། གུ་རུ་ཛྙཱ་ན་ཌཱ་ཀི་ནི་ཡེ། འདི་ལ་གསུམ། སྔོན་འགྲོའི་ཐོག་མར་སྐྱབས་སེམས་ནི། ན་མོ་བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །ཡེ་ཤེས་མཁའ་འགྲོར་སྐྱབས་སུ་མཆི། །མཁའ་ཁྱབ་སེམས་ཅན་བསྒྲལ་བའི་ཕྱིར། །བདེན་གཉིས་དབྱེར་མེད་སེམས་བསྐྱེད་དོ། །ལན་གསུམ། ཡན་ལག་བདུན་པ་ནི། ཨ། ཡན་ལག་ལྔས་བཏུད་ལུས་དང་ལོངས་སྤྱོད་འབུལ། །ཉེས་ལྟུང་མི་འཆབ་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདར་བཞུགས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །ལན་གསུམ། མཆོད་རྫས་བྱིན་རླབས་ནི། ཧཱུྃ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ཡིས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །སརྦ་པཱུ་ཛ་ཨཱཿ་ཧཱུྃ། གཉིས་པ་དངོས་གཞི་ལྷ་བསྐྱེད་པ་ནི། ཨ། སྣང་སྲིད་ཐམས་ཅད་མཁའ་འགྲོའི་དལ། །ཆོས་འབྱུང་པད་ཉིར་ཧྲཱིཿདམར་པོ། །ཡོངས་གྱུར་ལྷ་ལྕམ་མནྡཱ་ར། །མཛེས་འཛུམ་གཞོན་ནུའི་ལང་ཚོ་ཅན། །ཕྱག་གཉིས་མདའ་དར་ཚེ་བུམ་འཛིན། །ཕྱེད་སྐྱིལ་འོད་ལྔའི་ཀློང་ན་འགྱིང༌། །ཐུགས་ཀར་ཚེ་དཔག་མེད་ཡབ་ཡུམ། །རིགས་བདག་པདྨ་ཐོད་ཕྲེང་བཞུགས། །ཡེ་ཤེས་པ་སྤྱན་འདྲེན་ནི། ཧྲཱིཿ འོག་མིན་ཞིང་ན་ཡུམ་ཆེན་མོ། །རིགས་ཀྱི་ཡུམ་ཆེན་རྣམ་པ་ལྔ། །ཞིང་འདིར་པདྨའི་དགྱེས་སྡེ་ཆེ། །འཆི་མེད་ཌཱ་ཀི་མནྡཱ་ར། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་བར་ཆད་སོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ བཞུགས་སུ་གསོལ་བ་ནི། ཨ། དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ། །དམ་ཚིག་ཕྱག་རྒྱར་གཉིས་མེད་བཞུགས། །རང་སྣང་དབྱིངས་ཀྱི་ཌཱ་ཀི་ནི། །གཉིས་མེད་ཆེན་པོར་ཕྱག་འཚལ་ལོ། །ན་མོ་ཧཱུྃ། མཆོད་པ་ནི། ཧཱུྃ། ཚོགས་དྲུག་གཟུང་འཛིན་རྣམ་དག་པའི། །བདེ་ཆེན་མཆོད་པའི་ཕྱག་རྒྱ་ཆེ། །རང་ཤར་མ་འགག་ལྷུན་གྲུབ་པ། །དགྱེས་པ་ཆེན་པོར་བཞེས་སུ་གསོལ། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་མ་ཧཱ་སརྦ་པཱུ་ཛ་ཧོཿ བསྟོད་པ་ནི། ཧྲཱི། རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་མཁར། །བདེ་ཆེན་འགག་མེད་ཝཱ་ར་ཧི། །ཟུང་འཇུག་མཁའ་འགྲོ་མནྡཱ་ར། །སྒྱུ་འཕྲུལ་སྣ་ཚོགས་སྟོན་ལ་འདུད། །བཟླས་པ་ནི། མཁའ་འགྲོ་མནྡཱ་ར་བ་ཡི། །ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ། །པད་ཉིར་ཧྲཱིཿ་ལ་སྔགས་ཀྱིས་བསྐོར། །འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧྲཱི་ཧྲཱི་ཧྲཱི་སྭཱ་ཧཱ། ཞེས་བཟླ། ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་བཟའ་བཏུང་བཤམས་ལ། ཨ། སྣང་སྲིད་སྣོད་བཅུད་རྩ་རླུང་ཐིག །བདེ་སྟོང་ཐབས་ཤེས་ཚོགས་ཀྱི་རྫས། །ཕྱི་ནང་གསང་བ་བླ་མེད་པའི། །ངོ་མཚར་ཚོགས་ཀྱི་མཆོད་པ་འདིས། །ཡེ་ཤེས་ཌཱ་ཀི་མནྡཱ་ར། །འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་འབུལ། །གསང་གསུམ་དམ་ཚིག་ཉམས་པ་བཤགས། །བར་ཆད་བདུད་བགེགས་དབྱིངས་སུ་སྒྲོལ། །ཐུགས་དམ་དགྱེས་པར་བསྐང་བ་དང༌། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཡིག་བརྒྱ་བརྗོད། ཚོགས་ལ་རོལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ། །དཀྱིལ་འཁོར་ཆེན་པོའི་མུ་རན་གྱི། །བཀའ་སྡོད་ཌཱ་ཀི་དམ་ཅན་རྣམས། །བདེ་སྟོང་ཚོགས་ཀྱི་ལྷག་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་སོགས་བརྗོད།  གསུམ་པ་རྗེས་རིམ་བསྡུ་ལྡང་ནི། ཡེ་ཤེས་ཕྱག་རྒྱའི་ལྷར་སྣང་ཀུན། །འོད་གསལ་ཐིག་ལེ་ཆེན་པོར་ཐིམ། །སྣང་གྲགས་རིག་པ་ལྷ་དང་སྔགས། །ལྷན་སྐྱེས་རོལ་པར་ལྷུན་གྱིས་གྲུབ། །བསྔོ་སྨོན་ནི། ཧོཿ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིང༌། །བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མ། །རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དང༌། །རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོག  ཧྲཱིཿ །ཆོས་དབྱིངས་ཡུམ་ཆེན་ཀུན་ཏུ་ཟང་མོའི་ཀློང༌། །བདེ་ཆེན་རྣམ་རོལ་རིགས་ཀྱི་འཁོར་ལོའི་བསྒྱུར། །འགྲོ་འདུལ་མཁའ་འགྲོ་དབྱིངས་ཕྱུག་མནྡཱ་རས། །བདེ་ཆེན་དགྱེས་པར་རོལ་པའི་བཀྲ་ཤིས་ཤོག  །ཅེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན་ཀརྨ་མཁས་མཆོག་དཔལ་མོས་བསྐུལ་བ་ལྟར་པདྨ་གར་དབང་འོད་གསལ་རང་བྱུང་གྲུབ་པ་རྩལ་གྱིས་བྲིས་པ་དངོས་གྲུབ་མཆོག་གི་དཔལ་དུ་གྱུར་ཅིག། །།}}
@#/__/ye shes mkha' 'gro man+dA ra ba'i sgrub thabs 'chi med mchog sbyin bzhugs/_na mo/_gu ru dz+nyA na DA ki ni ye/_'di la gsum/_sngon 'gro'i thog mar skyabs sems ni/_na mo bdag sogs 'gro kun byang chub bar/_/ye shes mkha' 'gror skyabs su mchi/_/mkha' khyab sems can bsgral ba'i phyir/_/bden gnyis dbyer med sems bskyed do/_/lan gsum/_yan lag bdun pa ni/_a/_yan lag lngas btud lus dang longs spyod 'bul/_/nyes ltung mi 'chab dge la rjes yi rang*/_/chos 'khor bskor zhing mya ngan mi 'dar bzhugs/_/dge tshogs 'gro kun rnam mkhyen thob phyir bsngo/_/lan gsum/_mchod rdzas byin rlabs ni/_hU~M/_mchod pa'i dam rdzas brtan g.yo'i dngos po kun/_/kun tu bzang po'i rnam par 'phrul pa yis/_/nam mkha' mdzod kyi 'khor lor byin gyis rlobs/_/mchod pa'i phyag rgya chen por lhun rdzogs shog_/sarba pU dza AH hU~M/_gnyis pa dngos gzhi lha bskyed pa ni/_a/_snang srid thams cad mkha' 'gro'i dal/_/chos 'byung pad nyir hrIHdmar po/_/yongs gyur lha lcam man+dA ra/_/mdzes 'dzum gzhon nu'i lang tsho can/_/phyag gnyis mda' dar tshe bum 'dzin/_/phyed skyil 'od lnga'i klong na 'gying*/_/thugs kar tshe dpag med yab yum/_/rigs bdag pad+ma thod phreng bzhugs/_/ye shes pa spyan 'dren ni/_hrIH_'og min zhing na yum chen mo/_/rigs kyi yum chen rnam pa lnga/_/zhing 'dir pad+ma'i dgyes sde che/_/'chi med DA ki man+dA ra/_/'bum phrag yangs pa'i mkha' 'gro bcas/_/gnas 'dir spyan 'dren gshegs su gsol/_/phyi nang gsang ba'i bar chad sol/_/sku gsung thugs kyi byin gyis rlobs/_/oM dz+nyA na DA ki ni sa pa ri wA ra badz+ra sa ma ya dza dzaH_bzhugs su gsol ba ni/_a/_dbyings nas spyan drangs ye shes pa/_/dam tshig phyag rgyar gnyis med bzhugs/_/rang snang dbyings kyi DA ki ni/_/gnyis med chen por phyag 'tshal lo/_/na mo hU~M/_mchod pa ni/_hU~M/_tshogs drug gzung 'dzin rnam dag pa'i/_/bde chen mchod pa'i phyag rgya che/_/rang shar ma 'gag lhun grub pa/_/dgyes pa chen por bzhes su gsol/_/oM dz+nyA na DA ki ni sa pa ri wA ra ar+g+haM nas shab+da ma hA sarba pU dza hoH_bstod pa ni/_hrI/_rnam thar sgo gsum dbyings kyi mkhar/_/bde chen 'gag med wA ra hi/_/zung 'jug mkha' 'gro man+dA ra/_/sgyu 'phrul sna tshogs ston la 'dud/_/bzlas pa ni/_mkha' 'gro man+dA ra ba yi/_/ye shes sems dpa'i thugs dbus su/_/pad nyir hrIH la sngags kyis bskor/_/'od zer spro bsdus don gnyis sgrub/_/oM AHhU~M badz+ra gu ru pad+ma man+dA ra sarba sid+d+hi hrI hrI hrI swA hA/_zhes bzla/_tshogs mchod ni/_thabs shes kyi rdzas bza' btung bshams la/_a/_snang srid snod bcud rtsa rlung thig_/bde stong thabs shes tshogs kyi rdzas/_/phyi nang gsang ba bla med pa'i/_/ngo mtshar tshogs kyi mchod pa 'dis/_/ye shes DA ki man+dA ra/_/'bum phrag mkha' 'gro'i tshogs la 'bul/_/gsang gsum dam tshig nyams pa bshags/_/bar chad bdud bgegs dbyings su sgrol/_/thugs dam dgyes par bskang ba dang*/_/sku gsung thugs kyi dngos grub stsol/_/ga Na tsakra sarba pU dza sa ma ya hoH_yig brgya brjod/_tshogs la rol/_oM AHhU~M ha ho hrIH_pheM/_/dkyil 'khor chen po'i mu ran gyi/_/bka' sdod DA ki dam can rnams/_/bde stong tshogs kyi lhag ma bzhes/_/bcol ba'i phrin las grub par mdzod/_/ye shes mkha' 'gro'i dkyil 'khor du sogs brjod/__gsum pa rjes rim bsdu ldang ni/_ye shes phyag rgya'i lhar snang kun/_/'od gsal thig le chen por thim/_/snang grags rig pa lha dang sngags/_/lhan skyes rol par lhun gyis grub/_/bsngo smon ni/_hoH_snang srid thams cad dag pa mkha' spyod zhing*/_/bde chen 'gyur med rdo rje rnal 'byor ma/_/rnam kun mchog ldan don gyi phag mo dang*/_/rang zhal mjal te mngon par byang chub shog__hrIH_/chos dbyings yum chen kun tu zang mo'i klong*/_/bde chen rnam rol rigs kyi 'khor lo'i bsgyur/_/'gro 'dul mkha' 'gro dbyings phyug man+dA ras/_/bde chen dgyes par rol pa'i bkra shis shog__/ces pa'ang rnam par dkar ba'i thugs smon can karma mkhas mchog dpal mos bskul ba ltar pad+ma gar dbang 'od gsal rang byung grub pa rtsal gyis bris pa dngos grub mchog gi dpal du gyur cig/_//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Revision as of 12:39, 4 November 2022

Wylie title DKR-KABUM-10-THA-043.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "tha"., Text 43, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "THA" is not a number.

"THA" is not a number.

[edit]
༄༅། །ཡེ་ཤེས་མཁའ་འགྲོ་མནྡཱ་ར་བའི་སྒྲུབ་ཐབས་འཆི་མེད་མཆོག་སྦྱིན་བཞུགས། ན་མོ། གུ་རུ་ཛྙཱ་ན་ཌཱ་ཀི་ནི་ཡེ། འདི་ལ་གསུམ། སྔོན་འགྲོའི་ཐོག་མར་སྐྱབས་སེམས་ནི། ན་མོ་བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །ཡེ་ཤེས་མཁའ་འགྲོར་སྐྱབས་སུ་མཆི། །མཁའ་ཁྱབ་སེམས་ཅན་བསྒྲལ་བའི་ཕྱིར། །བདེན་གཉིས་དབྱེར་མེད་སེམས་བསྐྱེད་དོ། །ལན་གསུམ། ཡན་ལག་བདུན་པ་ནི། ཨ། ཡན་ལག་ལྔས་བཏུད་ལུས་དང་ལོངས་སྤྱོད་འབུལ། །ཉེས་ལྟུང་མི་འཆབ་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདར་བཞུགས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །ལན་གསུམ། མཆོད་རྫས་བྱིན་རླབས་ནི། ཧཱུྃ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ཡིས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །སརྦ་པཱུ་ཛ་ཨཱཿ་ཧཱུྃ། གཉིས་པ་དངོས་གཞི་ལྷ་བསྐྱེད་པ་ནི། ཨ། སྣང་སྲིད་ཐམས་ཅད་མཁའ་འགྲོའི་དལ། །ཆོས་འབྱུང་པད་ཉིར་ཧྲཱིཿདམར་པོ། །ཡོངས་གྱུར་ལྷ་ལྕམ་མནྡཱ་ར། །མཛེས་འཛུམ་གཞོན་ནུའི་ལང་ཚོ་ཅན། །ཕྱག་གཉིས་མདའ་དར་ཚེ་བུམ་འཛིན། །ཕྱེད་སྐྱིལ་འོད་ལྔའི་ཀློང་ན་འགྱིང༌། །ཐུགས་ཀར་ཚེ་དཔག་མེད་ཡབ་ཡུམ། །རིགས་བདག་པདྨ་ཐོད་ཕྲེང་བཞུགས། །ཡེ་ཤེས་པ་སྤྱན་འདྲེན་ནི། ཧྲཱིཿ འོག་མིན་ཞིང་ན་ཡུམ་ཆེན་མོ། །རིགས་ཀྱི་ཡུམ་ཆེན་རྣམ་པ་ལྔ། །ཞིང་འདིར་པདྨའི་དགྱེས་སྡེ་ཆེ། །འཆི་མེད་ཌཱ་ཀི་མནྡཱ་ར། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱི་ནང་གསང་བའི་བར་ཆད་སོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ བཞུགས་སུ་གསོལ་བ་ནི། ཨ། དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ། །དམ་ཚིག་ཕྱག་རྒྱར་གཉིས་མེད་བཞུགས། །རང་སྣང་དབྱིངས་ཀྱི་ཌཱ་ཀི་ནི། །གཉིས་མེད་ཆེན་པོར་ཕྱག་འཚལ་ལོ། །ན་མོ་ཧཱུྃ། མཆོད་པ་ནི། ཧཱུྃ། ཚོགས་དྲུག་གཟུང་འཛིན་རྣམ་དག་པའི། །བདེ་ཆེན་མཆོད་པའི་ཕྱག་རྒྱ་ཆེ། །རང་ཤར་མ་འགག་ལྷུན་གྲུབ་པ། །དགྱེས་པ་ཆེན་པོར་བཞེས་སུ་གསོལ། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་མ་ཧཱ་སརྦ་པཱུ་ཛ་ཧོཿ བསྟོད་པ་ནི། ཧྲཱི། རྣམ་ཐར་སྒོ་གསུམ་དབྱིངས་ཀྱི་མཁར། །བདེ་ཆེན་འགག་མེད་ཝཱ་ར་ཧི། །ཟུང་འཇུག་མཁའ་འགྲོ་མནྡཱ་ར། །སྒྱུ་འཕྲུལ་སྣ་ཚོགས་སྟོན་ལ་འདུད། །བཟླས་པ་ནི། མཁའ་འགྲོ་མནྡཱ་ར་བ་ཡི། །ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ། །པད་ཉིར་ཧྲཱིཿ་ལ་སྔགས་ཀྱིས་བསྐོར། །འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧྲཱི་ཧྲཱི་ཧྲཱི་སྭཱ་ཧཱ། ཞེས་བཟླ། ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་བཟའ་བཏུང་བཤམས་ལ། ཨ། སྣང་སྲིད་སྣོད་བཅུད་རྩ་རླུང་ཐིག །བདེ་སྟོང་ཐབས་ཤེས་ཚོགས་ཀྱི་རྫས། །ཕྱི་ནང་གསང་བ་བླ་མེད་པའི། །ངོ་མཚར་ཚོགས་ཀྱི་མཆོད་པ་འདིས། །ཡེ་ཤེས་ཌཱ་ཀི་མནྡཱ་ར། །འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་འབུལ། །གསང་གསུམ་དམ་ཚིག་ཉམས་པ་བཤགས། །བར་ཆད་བདུད་བགེགས་དབྱིངས་སུ་སྒྲོལ། །ཐུགས་དམ་དགྱེས་པར་བསྐང་བ་དང༌། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཡིག་བརྒྱ་བརྗོད། ཚོགས་ལ་རོལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ། །དཀྱིལ་འཁོར་ཆེན་པོའི་མུ་རན་གྱི། །བཀའ་སྡོད་ཌཱ་ཀི་དམ་ཅན་རྣམས། །བདེ་སྟོང་ཚོགས་ཀྱི་ལྷག་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་སོགས་བརྗོད། གསུམ་པ་རྗེས་རིམ་བསྡུ་ལྡང་ནི། ཡེ་ཤེས་ཕྱག་རྒྱའི་ལྷར་སྣང་ཀུན། །འོད་གསལ་ཐིག་ལེ་ཆེན་པོར་ཐིམ། །སྣང་གྲགས་རིག་པ་ལྷ་དང་སྔགས། །ལྷན་སྐྱེས་རོལ་པར་ལྷུན་གྱིས་གྲུབ། །བསྔོ་སྨོན་ནི། ཧོཿ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིང༌། །བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མ། །རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དང༌། །རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོག ཧྲཱིཿ །ཆོས་དབྱིངས་ཡུམ་ཆེན་ཀུན་ཏུ་ཟང་མོའི་ཀློང༌། །བདེ་ཆེན་རྣམ་རོལ་རིགས་ཀྱི་འཁོར་ལོའི་བསྒྱུར། །འགྲོ་འདུལ་མཁའ་འགྲོ་དབྱིངས་ཕྱུག་མནྡཱ་རས། །བདེ་ཆེན་དགྱེས་པར་རོལ་པའི་བཀྲ་ཤིས་ཤོག །ཅེས་པའང་རྣམ་པར་དཀར་བའི་ཐུགས་སྨོན་ཅན་ཀརྨ་མཁས་མཆོག་དཔལ་མོས་བསྐུལ་བ་ལྟར་པདྨ་གར་དབང་འོད་གསལ་རང་བྱུང་གྲུབ་པ་རྩལ་གྱིས་བྲིས་པ་དངོས་གྲུབ་མཆོག་གི་དཔལ་དུ་གྱུར་ཅིག། །།
[edit]

@#/__/ye shes mkha' 'gro man+dA ra ba'i sgrub thabs 'chi med mchog sbyin bzhugs/_na mo/_gu ru dz+nyA na DA ki ni ye/_'di la gsum/_sngon 'gro'i thog mar skyabs sems ni/_na mo bdag sogs 'gro kun byang chub bar/_/ye shes mkha' 'gror skyabs su mchi/_/mkha' khyab sems can bsgral ba'i phyir/_/bden gnyis dbyer med sems bskyed do/_/lan gsum/_yan lag bdun pa ni/_a/_yan lag lngas btud lus dang longs spyod 'bul/_/nyes ltung mi 'chab dge la rjes yi rang*/_/chos 'khor bskor zhing mya ngan mi 'dar bzhugs/_/dge tshogs 'gro kun rnam mkhyen thob phyir bsngo/_/lan gsum/_mchod rdzas byin rlabs ni/_hU~M/_mchod pa'i dam rdzas brtan g.yo'i dngos po kun/_/kun tu bzang po'i rnam par 'phrul pa yis/_/nam mkha' mdzod kyi 'khor lor byin gyis rlobs/_/mchod pa'i phyag rgya chen por lhun rdzogs shog_/sarba pU dza AH hU~M/_gnyis pa dngos gzhi lha bskyed pa ni/_a/_snang srid thams cad mkha' 'gro'i dal/_/chos 'byung pad nyir hrIHdmar po/_/yongs gyur lha lcam man+dA ra/_/mdzes 'dzum gzhon nu'i lang tsho can/_/phyag gnyis mda' dar tshe bum 'dzin/_/phyed skyil 'od lnga'i klong na 'gying*/_/thugs kar tshe dpag med yab yum/_/rigs bdag pad+ma thod phreng bzhugs/_/ye shes pa spyan 'dren ni/_hrIH_'og min zhing na yum chen mo/_/rigs kyi yum chen rnam pa lnga/_/zhing 'dir pad+ma'i dgyes sde che/_/'chi med DA ki man+dA ra/_/'bum phrag yangs pa'i mkha' 'gro bcas/_/gnas 'dir spyan 'dren gshegs su gsol/_/phyi nang gsang ba'i bar chad sol/_/sku gsung thugs kyi byin gyis rlobs/_/oM dz+nyA na DA ki ni sa pa ri wA ra badz+ra sa ma ya dza dzaH_bzhugs su gsol ba ni/_a/_dbyings nas spyan drangs ye shes pa/_/dam tshig phyag rgyar gnyis med bzhugs/_/rang snang dbyings kyi DA ki ni/_/gnyis med chen por phyag 'tshal lo/_/na mo hU~M/_mchod pa ni/_hU~M/_tshogs drug gzung 'dzin rnam dag pa'i/_/bde chen mchod pa'i phyag rgya che/_/rang shar ma 'gag lhun grub pa/_/dgyes pa chen por bzhes su gsol/_/oM dz+nyA na DA ki ni sa pa ri wA ra ar+g+haM nas shab+da ma hA sarba pU dza hoH_bstod pa ni/_hrI/_rnam thar sgo gsum dbyings kyi mkhar/_/bde chen 'gag med wA ra hi/_/zung 'jug mkha' 'gro man+dA ra/_/sgyu 'phrul sna tshogs ston la 'dud/_/bzlas pa ni/_mkha' 'gro man+dA ra ba yi/_/ye shes sems dpa'i thugs dbus su/_/pad nyir hrIH la sngags kyis bskor/_/'od zer spro bsdus don gnyis sgrub/_/oM AHhU~M badz+ra gu ru pad+ma man+dA ra sarba sid+d+hi hrI hrI hrI swA hA/_zhes bzla/_tshogs mchod ni/_thabs shes kyi rdzas bza' btung bshams la/_a/_snang srid snod bcud rtsa rlung thig_/bde stong thabs shes tshogs kyi rdzas/_/phyi nang gsang ba bla med pa'i/_/ngo mtshar tshogs kyi mchod pa 'dis/_/ye shes DA ki man+dA ra/_/'bum phrag mkha' 'gro'i tshogs la 'bul/_/gsang gsum dam tshig nyams pa bshags/_/bar chad bdud bgegs dbyings su sgrol/_/thugs dam dgyes par bskang ba dang*/_/sku gsung thugs kyi dngos grub stsol/_/ga Na tsakra sarba pU dza sa ma ya hoH_yig brgya brjod/_tshogs la rol/_oM AHhU~M ha ho hrIH_pheM/_/dkyil 'khor chen po'i mu ran gyi/_/bka' sdod DA ki dam can rnams/_/bde stong tshogs kyi lhag ma bzhes/_/bcol ba'i phrin las grub par mdzod/_/ye shes mkha' 'gro'i dkyil 'khor du sogs brjod/__gsum pa rjes rim bsdu ldang ni/_ye shes phyag rgya'i lhar snang kun/_/'od gsal thig le chen por thim/_/snang grags rig pa lha dang sngags/_/lhan skyes rol par lhun gyis grub/_/bsngo smon ni/_hoH_snang srid thams cad dag pa mkha' spyod zhing*/_/bde chen 'gyur med rdo rje rnal 'byor ma/_/rnam kun mchog ldan don gyi phag mo dang*/_/rang zhal mjal te mngon par byang chub shog__hrIH_/chos dbyings yum chen kun tu zang mo'i klong*/_/bde chen rnam rol rigs kyi 'khor lo'i bsgyur/_/'gro 'dul mkha' 'gro dbyings phyug man+dA ras/_/bde chen dgyes par rol pa'i bkra shis shog__/ces pa'ang rnam par dkar ba'i thugs smon can karma mkhas mchog dpal mos bskul ba ltar pad+ma gar dbang 'od gsal rang byung grub pa rtsal gyis bris pa dngos grub mchog gi dpal du gyur cig/_//

Footnotes

Other Information