JKCL-KABUM-04-NGA-024: Difference between revisions
No edit summary |
No edit summary |
||
Line 34: | Line 34: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་མཆོག་དངོས་གྲུབ་པ་ཞེས་བྱ་བ་བཞུགས་སོ། ། | {{TibP|༄༅། །ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་མཆོག་དངོས་གྲུབ་པ་ཞེས་བྱ་བ་བཞུགས་སོ། ། | ||
{{TibChung|ན་མཿསརྦ་ཛྙཱ་རཏྣ་སིདྡྷི་ཡ། ཀུན་མཁྱེན་ཐུབ་པའི་བསྟན་པ་ལ། །རྒྱལ་བ་གཉིས་པའི་ཕྲིན་ལས་ཅན། །ཐམས་ཅད་མཁྱེན་གཟིགས་བུ་སྟོན་རྗེར། །བཏུད་ནས་ཟབ་ལམ་ཉམས་ལེན་དབྱེ། །དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་རྣམ་པར་དག་པས་ངེས་འབྱུང་གི་བློ་དང་། བྱང་ཆུབ་ཀྱི་སེམས་ལ་རྒྱུད་སྦྱོང་བ་སོགས་སྔོན་དུ་སོང་བས་ཉེ་ལམ་ཟབ་མོ་འདིར་འཇུག་སྟེ། དེ་ལའང་དོན་གསུམ། །དང་པོ་སྔོན་འགྲོ་སྐྱབས་སེམས་ནི།}} བདག་སོགས་མཁའ་མཉམ་སེམས་ཅན་རྣམས། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བྱང་ཆུབ་སེམས་གཉིས་བསྐྱེད་པར་བགྱི། །{{TibChung|ཞེས་ལན་གསུམ་སོགས་ཅི་ནུས་བྱ། དངོས་གཞི་ལ། ཚོགས་ཞིང་གསལ་བཏབ་པ་ནི།}} ཨོཾ་མ་ཧཱ་ཤནྱ་ཏཱ༴ {{TibChung|སོགས་ཀྱིས་སྟོང་པར་སྦྱངས།}} སྣོད་བཅུད་ཐམས་ཅད་སྟོང་པར་གྱུར། །སྟོང་པའི་ངང་ལས་དག་པའི་ཞིང་། །ཡིད་འཕྲོག་བཀོད་པ་ཕུན་ཚོགས་དབུས། །རང་ལུས་སྟོང་གསལ་འོད་ཀྱི་སྐུ། །རྡོ་རྗེ་སེམས་དཔར་གསལ་བ་ཡི། །མདུན་མཁར་སེང་ཁྲི་པད་ཟླའི་སྟེང་། །བླ་མ་བུ་སྟོན་ཆོས་ཀྱི་རྗེ། །དཀར་དམར་ཞི་འཛུམ་ཕྱག་མཉམ་བཞག །འཆི་མེད་ཚེ་ཡི་བུམ་པ་བཟང་། །ཁ་རྒྱན་དཔག་བསམ་རྒྱས་པའི་རྩེར། །ཚེ་དཔག་མེད་མགོན་ངོ་བོ་ཧྲཱིཿ། དཀར་གསལ་གཟི་བརྗིད་བཀྲག་མདངས་འཚེར། །གཡས་གཡོན་ཨུཏྤལ་རྒྱས་པའི་སྟེང་། །ཐབས་ཤེས་རྡོ་རྗེ་དྲིལ་བུས་མཚན། །དབུ་ལ་པཎ་ཞྭ་དམར་སེར་དང་། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །ཐུགས་དབུས་འཁོར་ལོ་སྡོམ་པ་ནི། །ཆོས་དབྱིངས་མི་འགྱུར་སྐུ་མདོག་སྔོ། །ཞལ་བཞི་ཕྱག་ནི་བཅུ་གཉིས་པ། །དབུས་སྔོ་གཡོན་ལྗང་རྒྱབ་དམར་ཞིང་། །གཡས་སེར་དང་པོའི་ཕྱག་གཉིས་ཀྱིས། །རྡོ་རྗེ་དྲིལ་འཛིན་ཕག་མོར་འཁྱུད། །འོག་གཉིས་གླང་ལྤགས་བརྒྱངས་ཏེ་འཛིན། །ལྷག་མ་གཡས་ཀྱིས་ཌཱ་རུ་དང་། །དགྲ་སྟྭ་གྲི་གུག་མདུང་རྩེ་གསུམ། །གཡོན་ན་ཁ་ཊྭཱྃ་ཐོད་པ་དང་། །རྡོ་རྗེའི་ཞགས་པ་ཚངས་མགོ་བསྣམས། །ཧེ་རུ་ཀ་ཡི་ཆས་ཀྱིས་བརྒྱན། །པད་ཉི་འཇིགས་དུས་གདན་གྱི་སྟེང་། །གཡས་བརྐྱང་གཡོན་བསྐུམ་གར་སྟབས་འགྱིང་། །དེ་ཡི་ཐུགས་ཀར་འོད་ལྔའི་ཀློང་། །པདྨ་ཉི་ཟླའི་གདན་གྱི་སྟེང་། །རྡོ་རྗེ་འཆང་ཆེན་གསང་བ་འདུས། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །རྩ་ཞལ་ནག་པོ་ཁྲོས་པའི་ཉམས། །གཡས་དཀར་ཞི་ལ་གཡོན་དམར་ཆགས། །ཕྱག་དྲུག་གཡས་ཀྱིས་རྩེ་དགུ་དང་། །འཁོར་ལོ་པདྨ་གཡོན་དྲིལ་བུ། །རིན་ཆེན་རལ་གྲི་འཛིན་པ་ཡི། །དང་པོ་གཉིས་ནི་ཐུགས་ཀར་བསྣོལ། །རང་འདྲའི་རེག་བྱ་རྡོ་རྗེར་འཁྲིལ། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྗེས་ཆགས་མཚན་དཔེའི་གཟི་བརྗིད་འབར། །ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་སྒྲོགས། །སྐྱབས་ཀུན་འདུས་པའི་བདག་ཉིད་ཀྱི། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་འོག་མིན་དགའ་ལྡན་ནས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །{{TibChung|ཚོགས་བསགས་པ་ནི་གུར་ནས་འབྱུང་བའི་རྒྱུན་བཤགས་དང་། སྤྲོ་ན་མཎྜལ་འབུལ། དེ་ནས་མོས་གུས་རྩེ་གཅིག་པས་གསོལ་བ་འདེབས་པ་ནི།}} ཇི་ལྟ་ཇི་སྙེད་ཤེས་བྱ་ཐམས་ཅད་མཁྱེན། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་དགོངས། །སྲིད་ཞིའི་དགེ་ལེགས་སྟོན་ནུས་རིན་ཆེན་གྲུབ། །འཇམ་དབྱངས་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཐམས་ཅད་མཁྱེན་པའི་ཆོས་ཀྱི་རྒྱལ་ཐབས་ལ། །དབང་མཛད་ཡོན་ཏན་རིན་ཆེན་རྣམ་བདུན་གྱིས། །རབ་མཛེས་གྲུབ་པའི་འཁོར་ལོས་བསྒྱུར་བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་མཛེས་པའི་ཏོག །དྲི་མེད་ལུང་རྟོགས་ཆར་ཆེན་རིན་པོ་ཆེ། །རང་དང་གཞན་གྱི་དོན་ཆེན་ལྷུན་གྱིས་གྲུབ། །བུ་སྟོན་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །བསྐལ་བཟང་སྒྲོན་མེ་བདུན་པ་རབ་གསལ་ཞབས། །ཤཱཀྱའི་བསྟན་ལ་བཟང་པོ་སྤྱོད་པའི་ཚུལ། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་མཁའ་ལྟར་ཟབ། །ས་བཅུའི་དབང་ཕྱུག་རྒྱལ་བའི་མྱུ་གུར་འདུད། །སྨྲ་བའི་སེང་གེའི་མཁྱེན་རབ་སྙིང་ལ་ཞུགས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །སྲས་བཅས་རྒྱལ་བའི་ཕྲིན་ལས་འཛིན་མཛད་པ། །འཇམ་དབྱངས་བླ་མའི་ཞབས་ལ་གསོལ་བ་འདེབས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་གསང་བ་འདུས། །ལོངས་སྐུ་དཔལ་ཆེན་འཁོར་ལོ་སྡོམ་པ་དང་། །སྤྲུལ་སྐུ་ཐུབ་དབང་གཉིས་པ་རིན་ཆེན་གྲུབ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མཁྱེན་ནོ་མཁྱེན་ནོ་ཆོས་རྗེ་ལོ་ཙཱ་མཁྱེན། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ནས་ཀྱང་། །གཟུངས་སྤོབས་བློ་གྲོས་སྒོ་བརྒྱ་འབྱེད་པ་དང་། །མཁྱེན་གཉིས་ཡེ་ཤེས་སྣང་བ་སྩལ་དུ་གསོལ། །{{TibChung|ཞེས་པ་ཡོངས་སུ་རྫོགས་པའམ། ཤྭ་ལོ་ཀ་གང་རུང་གཅིག་གྲངས་མང་དུ་གསོགས། ཐུགས་རྒྱུད་བསྐུལ་ཞིང་བྱིན་བསྡུ་བའི་ཕྱིར་བླ་མ་ཡི་དམ་དབྱེར་མེད་པའི་མཚན་སྔགས་ནི།}} སྐུ་དང་སྔགས་ཕྲེང་ཕྱག་མཚན་དང་། །འོད་ཟེར་དཔག་མེད་ཆར་ལྟར་བབས། །རང་ལ་ཐིམ་པས་གསང་གསུམ་གྱི། །བྱིན་རླབས་རྒྱུད་ལ་ཞུགས་པར་མོས། ཨོཾ་ཨཱཿམ་ཧཱ་གུ་རུ་རཏྣ་སིདྡྷི་ཤྲཱི་ཧེ་རུ་ཀ་ཙཀྲ་པཾ་བྷ་ར་བཛྲ་དྷཱ་ར་གུ་ཧྱ་ས་མཱ་ཛཿསརྦ་སིདྡྷི་ཧཱུྃ་སྭཱ་ཧཱ། {{TibChung|ཞེས་པའང་ཅི་ནུས་བཟླ། ཚེ་སྒྲུབ་དམིགས་ཟླས་བྱ་བར་སྤྲོ་ན། རང་གི་སེམས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་གསལ་བ་དང་། སྤྱི་བོའི་བླ་མའི་ཚེ་བུམ་གྱི་རྩེར་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོ་གསལ་བ་ལ་མོས་གུས་དྲག་པོས།}} ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཤུདྡྷེ་ཧཱུྃ་ཕཊ། {{TibChung|ལན་གསུམ་བརྗོད།}} ཚེ་བུམ་སྟེང་གི་ཧྲཱིཿཡིག་ལས། །འོད་འཕྲོས་སྣོད་བཅུད་དྭངས་མ་བསྡུས། །འཆི་མེད་བདུད་རྩིའི་རྒྱུན་དཀར་པོ། །ནང་གྱིས་བྱོན་ནས་བུམ་པར་ཐིམ། །དེ་ལས་བདུད་རྩི་ཁོལ་ཞིང་ལུད། །རང་གི་སྤྱི་བོའི་གཙུག་ནས་ཞུགས། །ལུས་གང་ཚེ་སྲོག་ཉམས་པ་གསོས། །དྭངས་མ་རང་སེམས་རྡོ་རྗེར་ཐིམ། །འཆི་མེད་དངོས་གྲུབ་ཐོབ་པར་གྱུར། | {{TibChung|ན་མཿསརྦ་ཛྙཱ་རཏྣ་སིདྡྷི་ཡ། ཀུན་མཁྱེན་ཐུབ་པའི་བསྟན་པ་ལ། །རྒྱལ་བ་གཉིས་པའི་ཕྲིན་ལས་ཅན། །ཐམས་ཅད་མཁྱེན་གཟིགས་བུ་སྟོན་རྗེར། །བཏུད་ནས་ཟབ་ལམ་ཉམས་ལེན་དབྱེ། །དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་རྣམ་པར་དག་པས་ངེས་འབྱུང་གི་བློ་དང་། བྱང་ཆུབ་ཀྱི་སེམས་ལ་རྒྱུད་སྦྱོང་བ་སོགས་སྔོན་དུ་སོང་བས་ཉེ་ལམ་ཟབ་མོ་འདིར་འཇུག་སྟེ། དེ་ལའང་དོན་གསུམ། །དང་པོ་སྔོན་འགྲོ་སྐྱབས་སེམས་ནི།}} བདག་སོགས་མཁའ་མཉམ་སེམས་ཅན་རྣམས། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བྱང་ཆུབ་སེམས་གཉིས་བསྐྱེད་པར་བགྱི། །{{TibChung|ཞེས་ལན་གསུམ་སོགས་ཅི་ནུས་བྱ། དངོས་གཞི་ལ། ཚོགས་ཞིང་གསལ་བཏབ་པ་ནི།}} ཨོཾ་མ་ཧཱ་ཤནྱ་ཏཱ༴ {{TibChung|སོགས་ཀྱིས་སྟོང་པར་སྦྱངས།}} སྣོད་བཅུད་ཐམས་ཅད་སྟོང་པར་གྱུར། །སྟོང་པའི་ངང་ལས་དག་པའི་ཞིང་། །ཡིད་འཕྲོག་བཀོད་པ་ཕུན་ཚོགས་དབུས། །རང་ལུས་སྟོང་གསལ་འོད་ཀྱི་སྐུ། །རྡོ་རྗེ་སེམས་དཔར་གསལ་བ་ཡི། །མདུན་མཁར་སེང་ཁྲི་པད་ཟླའི་སྟེང་། །བླ་མ་བུ་སྟོན་ཆོས་ཀྱི་རྗེ། །དཀར་དམར་ཞི་འཛུམ་ཕྱག་མཉམ་བཞག །འཆི་མེད་ཚེ་ཡི་བུམ་པ་བཟང་། །ཁ་རྒྱན་དཔག་བསམ་རྒྱས་པའི་རྩེར། །ཚེ་དཔག་མེད་མགོན་ངོ་བོ་ཧྲཱིཿ། དཀར་གསལ་གཟི་བརྗིད་བཀྲག་མདངས་འཚེར། །གཡས་གཡོན་ཨུཏྤལ་རྒྱས་པའི་སྟེང་། །ཐབས་ཤེས་རྡོ་རྗེ་དྲིལ་བུས་མཚན། །དབུ་ལ་པཎ་ཞྭ་དམར་སེར་དང་། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །ཐུགས་དབུས་འཁོར་ལོ་སྡོམ་པ་ནི། །ཆོས་དབྱིངས་མི་འགྱུར་སྐུ་མདོག་སྔོ། །ཞལ་བཞི་ཕྱག་ནི་བཅུ་གཉིས་པ། །དབུས་སྔོ་གཡོན་ལྗང་རྒྱབ་དམར་ཞིང་། །གཡས་སེར་དང་པོའི་ཕྱག་གཉིས་ཀྱིས། །རྡོ་རྗེ་དྲིལ་འཛིན་ཕག་མོར་འཁྱུད། །འོག་གཉིས་གླང་ལྤགས་བརྒྱངས་ཏེ་འཛིན། །ལྷག་མ་གཡས་ཀྱིས་ཌཱ་རུ་དང་། །དགྲ་སྟྭ་གྲི་གུག་མདུང་རྩེ་གསུམ། །གཡོན་ན་ཁ་ཊྭཱྃ་ཐོད་པ་དང་། །རྡོ་རྗེའི་ཞགས་པ་ཚངས་མགོ་བསྣམས། །ཧེ་རུ་ཀ་ཡི་ཆས་ཀྱིས་བརྒྱན། །པད་ཉི་འཇིགས་དུས་གདན་གྱི་སྟེང་། །གཡས་བརྐྱང་གཡོན་བསྐུམ་གར་སྟབས་འགྱིང་། །དེ་ཡི་ཐུགས་ཀར་འོད་ལྔའི་ཀློང་། །པདྨ་ཉི་ཟླའི་གདན་གྱི་སྟེང་། །རྡོ་རྗེ་འཆང་ཆེན་གསང་བ་འདུས། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །རྩ་ཞལ་ནག་པོ་ཁྲོས་པའི་ཉམས། །གཡས་དཀར་ཞི་ལ་གཡོན་དམར་ཆགས། །ཕྱག་དྲུག་གཡས་ཀྱིས་རྩེ་དགུ་དང་། །འཁོར་ལོ་པདྨ་གཡོན་དྲིལ་བུ། །རིན་ཆེན་རལ་གྲི་འཛིན་པ་ཡི། །དང་པོ་གཉིས་ནི་ཐུགས་ཀར་བསྣོལ། །རང་འདྲའི་རེག་བྱ་རྡོ་རྗེར་འཁྲིལ། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྗེས་ཆགས་མཚན་དཔེའི་གཟི་བརྗིད་འབར། །ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་སྒྲོགས། །སྐྱབས་ཀུན་འདུས་པའི་བདག་ཉིད་ཀྱི། །གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་འོག་མིན་དགའ་ལྡན་ནས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །{{TibChung|ཚོགས་བསགས་པ་ནི་གུར་ནས་འབྱུང་བའི་རྒྱུན་བཤགས་དང་། སྤྲོ་ན་མཎྜལ་འབུལ། དེ་ནས་མོས་གུས་རྩེ་གཅིག་པས་གསོལ་བ་འདེབས་པ་ནི།}} ཇི་ལྟ་ཇི་སྙེད་ཤེས་བྱ་ཐམས་ཅད་མཁྱེན། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་དགོངས། །སྲིད་ཞིའི་དགེ་ལེགས་སྟོན་ནུས་རིན་ཆེན་གྲུབ། །འཇམ་དབྱངས་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཐམས་ཅད་མཁྱེན་པའི་ཆོས་ཀྱི་རྒྱལ་ཐབས་ལ། །དབང་མཛད་ཡོན་ཏན་རིན་ཆེན་རྣམ་བདུན་གྱིས། །རབ་མཛེས་གྲུབ་པའི་འཁོར་ལོས་བསྒྱུར་བ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོངས་རྫོགས་བསྟན་པའི་རྒྱལ་མཚན་མཛེས་པའི་ཏོག །དྲི་མེད་ལུང་རྟོགས་ཆར་ཆེན་རིན་པོ་ཆེ། །རང་དང་གཞན་གྱི་དོན་ཆེན་ལྷུན་གྱིས་གྲུབ། །བུ་སྟོན་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །བསྐལ་བཟང་སྒྲོན་མེ་བདུན་པ་རབ་གསལ་ཞབས། །ཤཱཀྱའི་བསྟན་ལ་བཟང་པོ་སྤྱོད་པའི་ཚུལ། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་མཁའ་ལྟར་ཟབ། །ས་བཅུའི་དབང་ཕྱུག་རྒྱལ་བའི་མྱུ་གུར་འདུད། །སྨྲ་བའི་སེང་གེའི་མཁྱེན་རབ་སྙིང་ལ་ཞུགས། །ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །སྲས་བཅས་རྒྱལ་བའི་ཕྲིན་ལས་འཛིན་མཛད་པ། །འཇམ་དབྱངས་བླ་མའི་ཞབས་ལ་གསོལ་བ་འདེབས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་གསང་བ་འདུས། །ལོངས་སྐུ་དཔལ་ཆེན་འཁོར་ལོ་སྡོམ་པ་དང་། །སྤྲུལ་སྐུ་ཐུབ་དབང་གཉིས་པ་རིན་ཆེན་གྲུབ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མཁྱེན་ནོ་མཁྱེན་ནོ་ཆོས་རྗེ་ལོ་ཙཱ་མཁྱེན། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ནས་ཀྱང་། །གཟུངས་སྤོབས་བློ་གྲོས་སྒོ་བརྒྱ་འབྱེད་པ་དང་། །མཁྱེན་གཉིས་ཡེ་ཤེས་སྣང་བ་སྩལ་དུ་གསོལ། །{{TibChung|ཞེས་པ་ཡོངས་སུ་རྫོགས་པའམ། ཤྭ་ལོ་ཀ་གང་རུང་གཅིག་གྲངས་མང་དུ་གསོགས། ཐུགས་རྒྱུད་བསྐུལ་ཞིང་བྱིན་བསྡུ་བའི་ཕྱིར་བླ་མ་ཡི་དམ་དབྱེར་མེད་པའི་མཚན་སྔགས་ནི།}} སྐུ་དང་སྔགས་ཕྲེང་ཕྱག་མཚན་དང་། །འོད་ཟེར་དཔག་མེད་ཆར་ལྟར་བབས། །རང་ལ་ཐིམ་པས་གསང་གསུམ་གྱི། །བྱིན་རླབས་རྒྱུད་ལ་ཞུགས་པར་མོས། ཨོཾ་ཨཱཿམ་ཧཱ་གུ་རུ་རཏྣ་སིདྡྷི་ཤྲཱི་ཧེ་རུ་ཀ་ཙཀྲ་པཾ་བྷ་ར་བཛྲ་དྷཱ་ར་གུ་ཧྱ་ས་མཱ་ཛཿསརྦ་སིདྡྷི་ཧཱུྃ་སྭཱ་ཧཱ། {{TibChung|ཞེས་པའང་ཅི་ནུས་བཟླ། ཚེ་སྒྲུབ་དམིགས་ཟླས་བྱ་བར་སྤྲོ་ན། རང་གི་སེམས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་གསལ་བ་དང་། སྤྱི་བོའི་བླ་མའི་ཚེ་བུམ་གྱི་རྩེར་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོ་གསལ་བ་ལ་མོས་གུས་དྲག་པོས།}} ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཤུདྡྷེ་ཧཱུྃ་ཕཊ། {{TibChung|ལན་གསུམ་བརྗོད།}} ཚེ་བུམ་སྟེང་གི་ཧྲཱིཿཡིག་ལས། །འོད་འཕྲོས་སྣོད་བཅུད་དྭངས་མ་བསྡུས། །འཆི་མེད་བདུད་རྩིའི་རྒྱུན་དཀར་པོ། །ནང་གྱིས་བྱོན་ནས་བུམ་པར་ཐིམ། །དེ་ལས་བདུད་རྩི་ཁོལ་ཞིང་ལུད། །རང་གི་སྤྱི་བོའི་གཙུག་ནས་ཞུགས། །ལུས་གང་ཚེ་སྲོག་ཉམས་པ་གསོས། །དྭངས་མ་རང་སེམས་རྡོ་རྗེར་ཐིམ། །འཆི་མེད་དངོས་གྲུབ་ཐོབ་པར་གྱུར། །{{TibChung|ཅེས་བརྗོད་ལ།}} ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱྃ་ནྲྀ་ཛཿ {{TibChung|ཞེས་བརྒྱ་སྟོང་ལ་སོགས་པ་བཟླ། སྣ་བུག་གཉིས་ཀ་ནས་རླུང་དེ་ཇེ་ཆེ་དང་། །ཡང་ཇེ་ཆུང་དུ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིས་ཕྱིར་དོན་ནས་འཇའ་བཞིན་ཡལ། ཚུར་རླུང་ཁུག་སྣ་བུག་གཡོན་ནས་བདུན་གཡས་ནས་བདུན་དྲངས་ཏེ། དམིགས་པ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ལྷ་མིའི་དབང་པོ་རྣམས་ཀྱི་ཚེ་བསོད་ཐམས་ཅད་འོད་དཀར་པོའི་རྣམ་པར་འཕྲོས་པ། རང་སེམས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་གསལ་བ་ལ་བསྟིམ་པར་མོས་ལ་རླུང་ཁུག་བདུན་མནན། ཡང་སྙིང་དེ་ཉིད་ཡིད་བཟླས་བྱའོ། །རྗེས་དབང་བླང་བ་ནི།}} དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། །ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །འཕགས་ཚོགས་དགེ་འདུན་གྱི་མངའ་བདག །མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་གཏེར་ཆེན། །ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་མཁྱེན་ནོ། །འོག་མིན་མཁའ་སྤྱོད་ཞིང་དང་། །དགའ་ལྡན་ལྷ་བརྒྱའི་དབུས་ནས། །རྟག་ཏུ་ཐུགས་རྗེས་གཟིགས་ཤིག །ཡོངས་རྫོགས་བསྟན་པའི་མངའ་བདག །བུ་སྟོན་རིན་པོ་ཆེ་མཁྱེན་ནོ། །གསོལ་བ་སྙིང་ནས་འདེབས་ན། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་བརླབ་ཏུ་གསོལ། །{{TibChung|ཞེས་པའི་རྒྱང་འབོད་གསོལ་འདེབས་ཀྱང་བྱ།}} དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དངོས། །མཁྱེན་རབ་དབང་ཕྱུག་འཇམ་དབྱངས་བླ་མ་ལ། །གསོལ་བ་སྙིང་ནས་འདེབས་སོ་ཐུགས་རྗེས་དགོངས། །རྡོ་རྗེའི་ཡེ་ཤེས་འབེབ་པའི་དབང་བསྐུར་སྩོལ། །བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་ནི། །ཡི་གེའི་དབྱིབས་དང་བདུད་རྩིའི་རྒྱུན། །རང་གི་ལུས་ངག་ཡིད་གསུམ་སྒོར། །རིམ་དང་གཅིག་ཅར་ཐིམ་པ་ཡིས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །ལམ་བཞི་བསྒོམ་པའི་སྣོད་རུང་སྒྲུབ། །སྐུ་བཞིའི་ས་བོན་ཐེབས་པར་གྱུར། །{{TibChung|ཅེས་བརྗོད་ལ་དབང་དོན་གྱི་ཡེ་ཤེས་སྐྱོང་།}} བླ་མ་དགྱེས་པས་ཚངས་བུག་{{TibChung|ཚེ་སྒྲུབ་དང་འབྲེལ་ན། རང་སེམས་རྡོ་རྗེའི་ཁོང་གསེང་གི། ལྟེ་བར་པད་དཀར་ཟེའུ་འབྲུའི་སྟེང་། ཞེས་བསྒྱུར། མཆན།}} བརྒྱུད། །སྙིང་དབུས་པད་དཀར་ཟེའུ་འབྲུའི་སྟེང་། །དགྱེས་བཞིན་བཞུགས་པར་རང་སེམས་དང་། །དབྱེར་མེད་བློ་འདས་ངང་དུ་བཞག །{{TibChung|ཅེས་བརྗོད་ལ། གསང་བ་འདུས་པའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ག་འོད་ཟེར་ལྔ་ལྡན་ཤིན་ཏུ་ཕྲ་བ་ལ་རླུང་རིག་བསྲེས་ཏེ་རིག་པ་གསལ་སྟོང་འཛིན་མེད་ཀྱི་ལྟ་བའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག་གོ། ཐུན་ལས་ལྡང་བ་ན།}} སྐྱེ་བ་ཀུན་ཏུ༴ །གང་ཚེ་མགོན་ཁྱོད་བྱང་ཆུབ་བརྙེས་པའི་ཚེ། །འཁོར་གྱི་འདུས་པ་དང་པོར་སྐྱེས་ནས་ཀྱང་། །ཆོས་མིག་རྡུལ་བྲལ་རྫོགས་སངས་རྒྱས་ཉིད་དུ། །ལུང་བསྟན་སྐལ་བཟང་བདག་གིས་ཐོབ་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །གཞོན་ནུ་ནོར་བཟང་ཇི་བཞིན་དུ། །ཡོན་ཏན་རྒྱ་མཚོ་ལྟ་བུ་ཡི། །བླ་མ་མཉེས་པར་བྱེད་པར་ཤོག །{{TibChung|ཅེས་སོགས་ཀྱི་སྨོན་ལམ་དང་། ཐུན་མཚམས་ཐམས་ཅད་དུ་བླ་མའི་ལམ་ཁྱེར་ལ་འབད་པར་བྱའོ། །འདི་དགེས་མ་གྱུར་འགྲོ་བ་ཀུན། །བླ་མ་མཆོག་གིས་རྗེས་བཟུང་ནས། །ས་བཅུ་ལམ་ལྔ་རབ་བགྲོད་དེ། །ཐམས་ཅད་མཁྱེན་གཟིགས་མྱུར་ཐོབ་ཤོག །ཅེས་པའང་རང་ཉིད་དད་ཅིང་མོས་པ་དང་རྨི་ལམ་གྱི་སྣང་བ་ཅུང་ཟད་ལ་བརྟེན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྕགས་འབྲུག་ཐ་སྐར་ཟླ་བའི་ཚེས་བརྒྱད་ལ་ས་བོན་ཙམ་བྲིས་ཏེ། སླར་རྗེ་བཙུན་ས་སྐྱ་པ་ཆེན་པོའི་སྐུ་མཆོད་ཉིད་གསལ་བར་བཀོད་པ་སྔ་རྗེས་ཐམས་ཅད་དུ་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་བཅས་གྲུབ་པར་བགྱིས་པ་སིདྡྷི་རསྟུ། མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:12, 7 December 2021
Wylie title | kun mkhyen bu ston rin po che'i bla ma'i rnal 'byor mchog dngos grub pa | |
---|---|---|
Location | chos kyi blo gros bka' 'bum Volume 4, Text 24, Pages 129-137 (Folios 1a1 to 5a4) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Associated People | བུ་སྟོན་རིན་ཆེན་གྲུབ་ (bu ston rin chen grub) | |
Citation | 'jam dbyangs mkhyen brtse chos kyi blo gros. kun mkhyen bu ston rin po che'i bla ma'i rnal 'byor mchog dngos grub pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 129-137. Bir, H.P.: Khyentse Labrang, 2012. | |
Genre | Guru Yoga Texts - bla ma'i rnal 'byor | |
Colophon |
།ཅེས་པའང་རང་ཉིད་དད་ཅིང་མོས་པ་དང་རྨི་ལམ་གྱི་སྣང་བ་ཅུང་ཟད་ལ་བརྟེན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ལྕགས་འབྲུག་ཐ་སྐར་ཟླ་བའི་ཚེས་བརྒྱད་ལ་ས་བོན་ཙམ་བྲིས་ཏེ། སླར་རྗེ་བཙུན་ས་སྐྱ་པ་ཆེན་པོའི་སྐུ་མཆོད་ཉིད་གསལ་བར་བཀོད་པ་སྔ་རྗེས་ཐམས་ཅད་དུ་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་བཅས་གྲུབ་པར་བགྱིས་པ་སིདྡྷི་རསྟུ། མངྒ་ལཾ།། | |
/ces pa'ang rang nyid dad cing mos pa dang rmi lam gyi snang ba cung zad la brten 'jam dbyangs chos kyi blo gros pas lcags 'brug tha skar zla ba'i tshes brgyad la sa bon tsam bris te/__slar rje btsun sa skya pa chen po'i sku mchod nyid gsal bar bkod pa snga rjes thams cad du rten 'brel mchog tu dge ba dang bcas grub par bgyis pa sid+d+hi rastu/__mang+ga laM// |
1 Texts in this Section (sde tshan or chos tshan)
129-137
|
ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་མཆོག་དངོས་གྲུབ་པ། kun mkhyen bu ston rin po che'i bla ma'i rnal 'byor mchog dngos grub pa
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |