གནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་བྱ་ཚུལ།

From Khyentse Lineage - A Tsadra Foundation Project
PJCW-KABUM-06-CHA-018
Wylie title gnod sbyin tsi'u dmar po'i bsang mchod bya tshul
Location dpal sprul bka' 'bum
Volume 6, Text 18, Pages 91 (Folios 1a1 to 1a6)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Gnod sbyin tsi'u dmar po'i bsang mchod bya tshul. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 6: 91. Kathmandu: Tsadra Foundation and Shechen Publications, 2026.
Genre Smoke Offerings - bsangs mchod - lha bsang
[edit]
༄༅། །གནོད་སྦྱིན་ཙིའུ་དམར་པོའི་བསང་མཆོད་བྱ་ཚུལ། ཙིའུ་དམར་གྱི་བསང་བྱེད་ན། ཧྲཱི་པད་མ་ཙན་ཌ་སོགས། ཀྱེ་ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན་སོགས། དཀྱུས་ལྟར་ལས་དམ་ཚིག་ཉེར་གཏད་ཁྱོད་ལ་བསྟོད། །གཙང་མའི་བསང་མཆོད་འདི་འབུལ་ལོ། །དྷུ་པཻ་པྲ་ཏིཙྪ་ཡེ་སྭཱ་ཧཱ། གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབ། །མེ་ཏོག་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་སྙན་པའི་རོལ་མོ་རྣམས། །བདུད་རྩི་བསང་གི་དུད་སྤྲིན་ལས། །འཛད་མེད་གཏེར་དུ་འཕྲོ་ཞིང་འདུ། །ཆོས་སྐྱོང་ཆེན་པོ་འཁོར་དང་བཅས། །ཐུགས་དམ་དགྱེས་པ་བསྐང་གྱུར་ནས། །ཐུགས་རྗེའི་དབང་གིས་ཉེ་བར་མཛོད། །རཱུ་པ་དྷཱུ་པེ་སོགས། ཀྱེ་སྐྱེས་བུ་སྲོག་གི་བདག་པོ་ནི། །འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས། །ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི། །དྲི་ཞིམ་ཤིང་སྣའི་དུད་སྤྲིན་དང་། །གཙང་མའི་ཕྱེ་མར་བསྲེགས་པ་ལ། །ཏིང་འཛིན་སྔགས་རྒྱས་བྱིན་རླབས་ཏེ། །ནམ་མཁའ་མཛོད་ཀྱི་ཡོ་བྱད་དུ། །གྱུར་ནས་བཞེད་དགུར་འཆར་བའི་སྤྲིན། །ཤ་ཁྲག་དམར་གཏོར་རི་ལྟར་སྤུངས། །སོགས། བུ་སྡུག་ཚ་བོ་བཞིན་དུ་སྐྱོངས། །