རིག་པ་འདི་ནི།

From Khyentse Lineage - A Tsadra Foundation Project
JKW-KABUM-23-'A-001-048
Wylie title rig pa 'di ni JKW-KABUM-23-A-001.pdf
Location mkhyen brtse'i bka' 'bum
Volume 23, sde tshan 1, Text 48, Pages 94-95 (Folios 47b4 to 48a4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rig pa 'di ni. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 23: 94-95. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vajra Songs - rdo rje'i glu
[edit]
ཨོཾ་ཨཱཿཧཱུྃ། རིག་པ་འདི་ནི་ཡིན་པ་མེད་པ་སྟེ། །སྣ་ཚོགས་སྣང་བ་སྒྱུ་མའི་ཟློས་གར་འདྲ། །ཐམས་ཅད་རོ་མཉམ་གཉུག་མར་གཅིག་པའི་ངང་། །བློས་བྱས་བཟང་འདོད་ཐམས་ཅད་སྐྱུར་ལ་ཞོག །ལྟ་བ་འདི་ནི་མོ་གཤམ་སྐྱེས་བུ་སྟེ། །རྡུལ་རྫས་ལས་འདས་ཐ་སྙད་བཏགས་པའི་གཞི། །བསམ་གྱིས་མི་ཁྱབ་ཚིག་གི་ཡུལ་ལས་འདས། །རང་ཤེས་རང་གྲོལ་ཆེན་པོར་སྐྱུར་ལ་ཞོག །སྒོམ་པ་འདི་ནི་ནམ་མཁའ་མདུང་སྐོར་ཏེ། །ཅིར་ཡང་འཆར་ལ་ཅིར་ཡང་བྱེད་དུ་བཏུབ། །བཟང་ངན་མེད་པའི་ད་ལྟའི་ཤེས་པ་ལ། །རེ་དོགས་ཡིད་དཔྱོད་བཟོ་བཅོས་སྐྱུར་ལ་ཞོག །སྤྱོད་པ་འདི་ནི་སྨྱོན་པའི་སྣང་ཚུལ་ཏེ། །གཞན་ངོར་མི་དོགས་རང་ངོར་རེ་བ་མེད། །དོན་ལ་དམིགས་གཏད་འདི་ཡིན་རྡུལ་ཙམ་བྲལ། །གང་ཤར་དེ་གའི་ངང་དུ་སྐྱུར་ལ་ཞོག །འབྲས་བུ་འདི་ནི་སྨིག་རྒྱུའི་ཆུ་བོ་སྟེ། །བཟང་པོ་ཐོབ་མེད་ངན་པ་ཤོར་དུ་མེད། །གདོད་ནས་ཡོད་པའི་རིག་པ་དེ་ཉིད་ལ། །བཅས་བཅོས་མ་བྱེད་རང་སྣང་ཆེན་པོར་སྐྱུར། །ད་ནི་ལྟ་མེད་སྒོམ་མེད་སྤྱོད་པ་མེད། །འབྲས་བུ་གཡང་མེད་ཅི་དགའ་གཉའ་ཡངས་ངང་། །ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཕྱིན། །འདི་ལ་སོམས་ནས་བྱ་བྱེད་མཐའ་དག་སྐྱུར། །མཐར་ཐུག་དོན་གྱི་ལྟ་སྒོམ་སྤྱོད་པའི་དོན། །ཚིགས་སུ་བཅད་པའི་གླུ་འདི་གླུ་ཡི་མཆོག །ཕ྄ཊ་ཕ྄ཊ་སྐྱགས་གཏད་མེད་པའི་ངང་དུ་ཕ྄ཊ། །ཧྲཱིཿཨཱ་ཧཱུྃ་ཕ྄ཊ་གཟུང་འཛིན་དབྱིངས་སུ་གཏོར། ། ༈
[edit]

rig pa 'di ni/__ oM AHhU~M/__rig pa 'di ni yin pa med pa ste/__/sna tshogs snang ba sgyu ma'i zlos gar 'dra/__/thams cad ro mnyam gnyug mar gcig pa'i ngang /__/blos byas bzang 'dod thams cad skyur la zhog__/lta ba 'di ni mo gsham skyes bu ste/__/rdul rdzas las 'das tha snyad btags pa'i gzhi/__/bsam gyis mi khyab tshig gi yul las 'das/__/rang shes rang grol chen por skyur la zhog__/sgom pa 'di ni nam mkha' mdung skor te/__/cir yang 'char la cir yang byed du btub/__/bzang ngan med pa'i da lta'i shes pa la/__/re dogs yid dpyod bzo bcos skyur la zhog__/spyod pa 'di ni smyon pa'i snang tshul te/__/gzhan ngor mi dogs rang ngor re ba med/__/don la dmigs gtad 'di yin rdul tsam bral/__/gang shar de ga'i ngang du skyur la zhog__/'bras bu 'di ni smig rgyu'i chu bo ste/__/bzang po thob med ngan pa shor du med/__/gdod nas yod pa'i rig pa de nyid la/__/bcas bcos ma byed rang snang chen por skyur/__/da ni lta med sgom med spyod pa med/__/'bras bu g.yang med ci dga' gnya' yangs ngang /__/ye shes bla ma'i sa la da lta phyin/__/'di la soms nas bya byed mtha' dag skyur/__/mthar thug don gyi lta sgom spyod pa'i don/__/tshigs su bcad pa'i glu 'di glu yi mchog__/pha?T pha?T skyags gtad med pa'i ngang du pha?T/__/hrIHA hU~M pha?T gzung 'dzin dbyings su gtor/___/__!

Footnotes

Other Information