དྲི་མེད་རྣམ་གཉིས་སཱཙྪ་འདེབས་པ་ལ་ཉེར་མཁོ།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-009
Wylie title dri med rnam gnyis sAts+tsha 'debs pa la nyer mkho JKW-KABUM-21-ZHA-009.pdf
Location mkhyen brtse'i bka' 'bum
Volume 21, sde tshan 9, Pages 387-390 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. dri med rnam gnyis sAts+tsha 'debs pa la nyer mkho. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 387-390. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Funerary Rituals - gnas lung - byang chog  ·  Ritual and Liturgical Texts - cho ga phyag len

1 Texts in this Section (sde tshan or chos tshan)

[edit]
༄༅། །དྲི་མེད་རྣམ་གཉིས་སཱཙྪ་བདེབས་སྐབས། །བདག་བསྐྱེད་སོ་སོ་རྒྱས་པ་བྱ་བའམ། མ་ནུས་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། །རང་སྐད་ཅིག་གིས་ཐུབ་པའི་དབང་པོའི་སྐུར་གྱུར། ཏདྱ་ཐཱ། །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡ་སྭཱ་ཧཱ། །ཅི་ནུས་བཟླས་ནས། འདེབས་ཚུལ་དངོས་ལ་གསུམ། འཇིམ་པ་བརྫི་བ་ནི། དྲི་བཟང་སྦྱར་བའི་ཆུ་ལ། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ་ཉེར་གཅིག་བཟླས་པ་བླུགས་ཏེ། སྤོས་ཆུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་འོད་ཟེར་གྱིས་སྤོས་ཆུ་ཁྱབ་པར་འཁྱིལ་ནས་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་བསམས་ལ་འཇིམ་པ་སྦྲུ། །གཉིས་པ་འཇིམ་པ་བྱིན་རླབས་ནི་འཇིམ་པའི་གོང་བུ་དེའི་སྟེང་དུ་ལག་པ་གཡོན་པ་གན་རྐྱལ་དུ་བྱས་པའི་མཐེའུ་ཆུང་མཐེ་བོས་མནན་ཏེ་སོར་མོ་གསུམ་ནས་རེ་ཙམ་བར་ཕྱེ་བའི་སྟེང་དུ་གཡས་པའང་དེ་བཞིན་དུ་བྱས་པ་ཁ་སྦུབ་པས་རེག་ལ། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་སྟེ། འོག་མིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕོག་ནས། གསོལ་བ་བཏབ་པས་དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས། འཇིམ་པ་ལ་ཕོག་པས་འཇིམ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ནཱ་ཡ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶྃ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ། དཱནྟེ། ཨ་ས་མཱ་རོ་བེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛཿ ནི་ར་ཀུ་ལེ། ནི་ར་ཝ་ཎི། སརྦྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླ། འཇིམ་གོང་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་པས་རིན་པོ་ཆེ་ལྔའི་གོང་བུར་གྱུར། ཅེས་བརྗོད་ཅིང་བསམ་མོ། །གསུམ་པ་སཱཙྪ་བྱ་བ་ལ་དོན་བདུན་ཏེ། འཇིམ་པ་བླང་བ་དང་། འབི་འབི་བྱ་བ་དང་། གཟུངས་གཞུག་པ་དང་། སྣུམ་བྱུགས་པ་དང་། བརྐོས་ཕོར་དུ་འཇུག་པ་དང་། དེ་ཉིད་དུ་བརྡུང་བ་དང་། ཕྱིར་དབྱུང་བའོ། །དང་པོ་ནི། ཨོཾ་བ་སུ་དྷེ་སྭཱ་ཧཱ། ཞེས་པས་འཇིམ་པ་བླང་ངོ་། །གཉིས་པ་ནི། ཨོཾ་བཛྲཽདྦྷ་ཝཱ་ཡ་སྭཱ་ཧཱ། ཞེས་བཟླས་ཞིང་འབི་འབི་བྱ། ཡེ་ཤེས་ལྔའི་འོད་ཟེར་གྱིས་ཕྱོགས་བཅུ་བཀང་སྟེ་འགྲོ་བ་མང་པོའི་དོན་བྱས། སླར་འདུས་ཏེ་འབི་འབི་ལ་ཐིམ་པས་ཡེ་ཤེས་ལྔ་རྒྱས་ཏེ་ཤེལ་གོང་དག་པ་ལྟར་གྱུར། ཅེས་བརྗོད་ཅིང་དོན་བསམ་མོ། །གསུམ་པ་ནི། དྲི་མེད་རྣམ་གཉིས་ཀྱི་གཟུངས་གུར་གུམ་གྱིས་བྱུགས་ཤིང་བསྒྲིལ་བ་ལ་རབ་གནས་བསྡུས་པ་བྱས་པ་སྔར་གྲབས་སུ་བཅུག་པ་ལས། རེ་རེ་འབི་འབིའི་ནང་དུ་གཞུག་ཅིང་། ཨོཾ་བཛྲ་དྷརྨྨ་དྷཱ་ཏུ་གརྦྷེ་ཛྭ་ལ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནང་དུ་ཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ་མོ། །བཞི་པ་ནི། འབི་འབི་དེ་ལ་སྣུམ་བསྐུ་ཞིང་། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། བྱང་ཆུབ་ཀྱི་སེམས་ཀྱིས་བགོས་པར་གྱུར། ཅེས་བསམ་མོ། །ལྔ་པ་ནི་བརྐོས་ཕོར་གྱི་རྒྱར་བཅུག་ཅིང་། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཡེ་ཤེས་ཆེན་པོའི་ངོ་བོར་རོ་གཅིག་ཏུ་གྱུར། ཅེས་བརྗོད་ཅིང་བསམ་མོ། །དྲུག་པ་ནི། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པར་གྱུར་ཅིག །ཅེས་བརྗོད་ལ་བརྡུང་ངོ་། །བདུན་པ་ནི། ཨོཾ་དྷརྨཱ་ར་ཏེ་སྭཱ་ཧཱ། ཞེས་པས་དབྱུང་། བྱུང་མ་ཐག་ཐབས་ཤེས་ཟུང་འབྲེལ་ལས་ཆོས་སྐུ་གྲུབ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨྨ་ཀཱ་ཡ་མ་ཧཱ་སུ་ཁ་ར་ཏ་ས་མ་ཡ་སྟྭྃ། དེ་ལས་གཟུགས་སྐུ་རྣམ་གཉིས་བྱུང་བས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་སམྦྷོ་ག་ཀཱ་ཡ་ས་མ་ཡ་སྟྭྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིརྨཱ་ཎ་ཀཱ་ཡ་ས་མ་ཡ་སྟྭྃ། ཞེས་སྭཙྪ་ལག་ཏུ་ཐོགས་ཏེ་བརྗོད་ཅིང་དོན་བསམ། དེ་ནས་མདུན་དུ་མེ་ཏོག་གི་གདན་ལ་བཞུགས་སུ་གསོལ་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། སྟོང་པའི་ངང་དུ་བརྟན་པར་བཞུགས་པར་གྱུར་ཅིག །ཅེས་བརྗོད། གསུམ་པ་རྗེས་རབ་ཏུ་གནས་པ་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཚོན་རྩི་དཀར་པོ་གསོལ་བར་གྱུར། ཅེས་སྐུ་དཀར་གསོལ་བའི་མོས་པ་བྱས་ལ་ཆོ་ག་དང་འབྲེལ་ཚེ་དཀྱིལ་འཁོར་གྱི་མཐའ་སྐོར་དུ་བསྒྲིག །འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་ལ་བཞུགས་སུ་གསོལ་བར་གྱུར། རྟེན་འབྲེལ་སྙིང་པོ་དང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟེ་ཛྭ་ལ་ཛྭ་ལ་དྷརྨྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པས་རབ་གནས་བྱའོ། །ཆོ་གའི་རིམ་པ་འདིས་སཱཙྪ་གཅིག་བཏབ་པས་ཀྱང་བྱེ་བ་ཇི་སྙེད་བཏབ་པར་འགྱུར་ཞིང་། འཆི་བ་སླུ་བ་དང་སྡིག་པ་སྦྱོང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ནན་ཏན་དུ་ཉམས་སུ་བླང་ངོ་། །རྗེས་སུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བསྔོ་སྨོན་གང་ཤེས་དང་། །གནས་འདིར་ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་བརྗོད་དོ། །མངྒ་ལཾ། དགེའོ།། །།
[edit]

dri med rnam gnyis sAts+tsha 'debs pa la nyer mkho/ @#/_/dri med rnam gnyis sAts+tsha bdebs skabs/__/bdag bskyed so so rgyas pa bya ba'am/__ma nus na/__sangs rgyas chos dang tshogs kyi mchog rnams la/__/byang chub bar du bdag ni skyabs su mchi/__/bdag gis sbyin sogs bgyis pa'i bsod nams kyis/__/'gro la phan phyir sangs rgyas 'grub par shog__/lan gsum/__/rang skad cig gis thub pa'i dbang po'i skur gyur/__tad+ya thA/__/oM mu ne mu ne ma hA mu na ya swA hA/__/ci nus bzlas nas/__'debs tshul dngos la gsum/__'jim pa brdzi ba ni/__dri bzang sbyar ba'i chu la/__oM a mr-i ta hU~M phaT nyer gcig bzlas pa blugs te/__spos chu a las zla ba'i dkyil 'khor de'i 'od zer gyis spos chu khyab par 'khyil nas bdud rtsi'i rang bzhin du gyur/__ces brjod cing bsams la 'jim pa sbru/__/gnyis pa 'jim pa byin rlabs ni 'jim pa'i gong bu de'i steng du lag pa g.yon pa gan rkyal du byas pa'i mthe'u chung mthe bos mnan te sor mo gsum nas re tsam bar phye ba'i steng du g.yas pa'ang de bzhin du byas pa kha sbub pas reg la/__rang lhar gsal ba'i thugs ka nas 'od zer byung ste/__'og min du bcom ldan 'das rnam par snang mdzad 'od kyi rgyal po la phog nas/__gsol ba btab pas de'i thugs ka nas 'od zer byung bas sems can thams cad kyi rgyud sbyangs/__'jim pa la phog pas 'jim pa de bzhin gshegs pa'i ye shes kyi rang bzhin du byin gyis brlabs par gyur/__oM na mo b+ha ga wa te bai ro tsa nA ya pra b+ha rA dzA ya/__ta thA ga tA ya/__ar+ha te/__samyak+sa~M bud+d+hA ya/__tad+ya thA/__oM sUk+Sh+me suk+Sh+me/__sa me sa ma ye/__shAn+te/__dAn+te/__a sa mA ro be/__a na lam+b+he/__ta ram+b+he/__ya sho wa ti/__ma hA te dzaH__ni ra ku le/__ni ra wa Ni/__sar+b+ba bud+d+ha a d+hiSh+ThA na a d+hiSh+Thi te swA hA/__nyi shu rtsa gcig bzla/__'jim gong las 'od 'phros sems can thams cad kyi don byas/__slar 'dus pas rin po che lnga'i gong bur gyur/__ces brjod cing bsam mo/__/gsum pa sAts+tsha bya ba la don bdun te/__'jim pa blang ba dang /__'bi 'bi bya ba dang /__gzungs gzhug pa dang /__snum byugs pa dang /__brkos phor du 'jug pa dang /__de nyid du brdung ba dang /__phyir dbyung ba'o/__/dang po ni/__oM ba su d+he swA hA/__zhes pas 'jim pa blang ngo /__/gnyis pa ni/__oM badz+raud+b+ha wA ya swA hA/__zhes bzlas zhing 'bi 'bi bya/__ye shes lnga'i 'od zer gyis phyogs bcu bkang ste 'gro ba mang po'i don byas/__slar 'dus te 'bi 'bi la thim pas ye shes lnga rgyas te shel gong dag pa ltar gyur/__ces brjod cing don bsam mo/__/gsum pa ni/__dri med rnam gnyis kyi gzungs gur gum gyis byugs shing bsgril ba la rab gnas bsdus pa byas pa sngar grabs su bcug pa las/__re re 'bi 'bi'i nang du gzhug cing /__oM badz+ra d+har+m+ma d+hA tu gar+b+he dz+wa la swA hA/__sangs rgyas thams cad kyi ye shes nang du zhugs par gyur/__ces brjod cing bsam mo/__/bzhi pa ni/__'bi 'bi de la snum bsku zhing /__oM a ra dze bi ra dze swA hA/__byang chub kyi sems kyis bgos par gyur/__ces bsam mo/__/lnga pa ni brkos phor gyi rgyar bcug cing /__oM badz+ra d+hA tu gar+b+he swA hA/__ye shes chen po'i ngo bor ro gcig tu gyur/__ces brjod cing bsam mo/__/drug pa ni/__oM d+harma d+hA tu gar+b+he swA hA/__oM badz+ra mung+ga ra A ko Ta ya A ko Ta ya hU~M phaT swA hA/__rgyu dang 'bras bu'i chos thams cad rdzogs par gyur cig__/ces brjod la brdung ngo /__/bdun pa ni/__oM d+harmA ra te swA hA/__zhes pas dbyung /__byung ma thag thabs shes zung 'brel las chos sku grub par gyur/__oM sarba ta thA ga ta d+har+m+ma kA ya ma hA su kha ra ta sa ma ya s+t+wa~M/__de las gzugs sku rnam gnyis byung bas 'gro don bsam gyis mi khyab pa mdzad par gyur/__oM sarba ta thA ga ta sam+b+ho ga kA ya sa ma ya s+t+wa~M/__oM sarba ta thA ga ta nirmA Na kA ya sa ma ya s+t+wa~M/__zhes swats+tsha lag tu thogs te brjod cing don bsam/__de nas mdun du me tog gi gdan la bzhugs su gsol te/__oM su pra tiSh+Tha badz+rA ya swA hA/__stong pa'i ngang du brtan par bzhugs par gyur cig__/ces brjod/__gsum pa rjes rab tu gnas pa la/__oM a ra dze bi ra dze swA hA/__tshon rtsi dkar po gsol bar gyur/__ces sku dkar gsol ba'i mos pa byas la cho ga dang 'brel tshe dkyil 'khor gyi mtha' skor du bsgrig__/'khor ba ji srid bar sems can gyi don la bzhugs su gsol bar gyur/__rten 'brel snying po dang /__oM sar+b+ba ta thA ga ta ma Ni sha ta dIp+te dz+wa la dz+wa la d+har+m+ma d+hA tu gar+b+he swA hA/__zhes pas rab gnas bya'o/__/cho ga'i rim pa 'dis sAts+tsha gcig btab pas kyang bye ba ji snyed btab par 'gyur zhing /__'chi ba slu ba dang sdig pa sbyong ba'i phan yon bsam gyis mi khyab pa dang ldan pas nan tan du nyams su blang ngo /__/rjes su/__dge ba 'di yis skye bo kun/__/zhes sogs bsngo smon gang shes dang /__/gnas 'dir nyin mo bde legs sogs bkra shis brjod do/__/mang+ga laM/__dge'o//__//

Footnotes

Other Information