བྷུ་ཏྱ་རཱུ་པསྱཀཱ་ཡ་མ་ཎི་ཀསྱཱ་ཏ། ཞེས་པའི་དབུ་ཅན

From Khyentse Lineage - A Tsadra Foundation Project
JKW-KABUM-20-WA-001-099
Wylie title b+hu t+ya rU pas+yakA ya ma Ni kas+yA ta/ zhes pa'i dbu can JKW-KABUM-20-WA-001.pdf
Location mkhyen brtse'i bka' 'bum
Volume 20, sde tshan 1, Text 99, Pages 174-176 (Folios 87b4 to 88b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. b+hu t+ya rU pas+yakA ya ma Ni kas+yA ta zhes pa'i dbu can. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 20: 174-176. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Invocation of Auspiciousness - bkra shis brjod pa  ·  Official Letters - chab shog  ·  Prayers - smon lam
Colophon

།ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པའི་རྒྱན་གྱིས་མཛེས་པར་སྤྲས་པའི་སྭ་སྟིའི་དབྱངས་སྙན་མངོན་པར་བསྒྲགས་ཏེ། མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས་རྟེན་དགེ་ལེགས་ཀྱི་རེ་ཁཱས་བཀང་བའི་ལྷ་རྫས། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། བཅས་རབ་ཚེས་དཀར་པོའི་ལོ་སྣྲོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་དགེ་བ་བྱ་བྲལ་ཆོས་རྗེ་ཤཱཀྱའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། རིག་འཛིན་པདྨའི་བྱིན་རླབས་ཆ་ཙམ་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་མདོ་ཁམས་སྡེ་དགེའི་མངའ་རིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

ces brjod bya dang rjod byed gnyis ka bkra shis pa'i dge mtshan phun sum tshogs pa'i rgyan gyis mdzes par spras pa'i swa sti'i dbyangs snyan mngon par bsgrags te/_mi phyed rtse gcig gus pas gsol ba 'debs rten dge legs kyi re khAs bkang ba'i lha rdzas/_sku gsung thugs rdo rje'i snang brnyan/_bcas rab tshes dkar po'i lo snron zla ba'i dkar phyogs kyi tshes bcu'i dus dge ba bya bral chos rje shAkya'i btsun pa 'jam dbyangs mkhyen brtse'i dbang po'am/_rig 'dzin pad+ma'i byin rlabs cha tsam du thob pa pad+ma 'od gsal mdo sngags gling pa'i sdes mdo khams sde dge'i mnga' ris rdzong gsar bkra shis lha rtse'i chos grwa nas bsam pa dag cing sbyor ba gus pas 'bul lam zhus pa de de bzhin du 'grub par byin gyis brlab tu gsol/_/sarba dA ka l+yA NaM b+ha ba tu

1 Texts in this Section (sde tshan or chos tshan)

[edit]
བྷུཏྱརཱུཔསྱཀཱཡམཎིཀསྱཱཏ། ཙྪནྡཻཀདཤཀཾཏྲིཥྜུསྤྲསྟཱརེཎརུཙིཾཀརསུཤྲེཡནྟུ། ཤུཀླཚཏྲཱགྲདེབསསུཔཱུཛེཛཱིབཀཱདྷྱེཥྱཙིནྟབཤརཱཛེ། །འགྱུར༷་མེ༷ད་ཆོས་དབྱིངས་ཆུ་གཏེར་ལས་སྐྱེས་པའི། །རྨད་དུ་བྱུང་བའི་གཟུགས་སྐུའི་མ་ཎི་ཀ །ལྷར་བཅས་གདུགས་དཀར་རྩེ་མོར་རབ་མཆོད་པ། །ཡི༷ད་བཞི༷ན་དབ༷ང་གི་རྒྱལ༷་པོ་འཚོ་གཞེས་གསོལ། ༡ །ཤེས་བྱ་རྒྱ་མཚོར་འདུས་ཏེ་རེག་པའི་སྤྱན། །གསེར་ཉ་ལྟ་བུར་གསལ་བའི་མཚན་དཔེའི་སྐུ༷། །རིག་འཛིན་ཡོངས་ཀྱི་གཙུག་ན་མངོན་མཐོ་བ། །དབང་བཅུའི་བཅུད་ལེན་མཆོག་ཏུ་གྲུབ་གྱུར་ཅིག ༢ །ངོ་མཚར་བུམ་པ་བཟང་པོའི་དགེ་མཚན་ཅན། །དཔལ་གྱི་མགུར་ལས་ལེགས་གསུ༷ང་སེང་གེའི་རྒྱུད། །རིམ་དགུའི་ཐེག་པའི་དབྱངས་སུ་ཉེར་འབབས་པས། །འགྲོ་ཀུན་མ་རིག་གཉིད་ལས་བསླང་མཛད་གསོལ། ༣ །སྤྲོས་པའི་རྡུལ་དང་མི་མཛའ་འོད་གསལ་ཐུག༷ས། །མཁྱེན་གཉིས་འདབ་བརྒྱ་རྒྱས་པའི་པདྨ་དཀར། །ངེས་པར་ཞིང་ཁམས་འདི་ལས་མི་གཡོ་བའི། །གཟིགས་པས་ལྷག་པར་དགོངས་ཤིག་སྙིང་རྗེའི་གཏེར། ༤ །སྲས་བཅས་རྒྱལ་བའི་རྣམ་པར་ཐར་པ་དང་། །མི་ཕྱེད་ཡོ༷ན་ཏན༷་མཐའ་ཡས་གཡས་འཁྱིལ་དུང་། །སྲིད་ཞིའི་ཁམས་ན་སྙན་པ་ཟླ་མེད་པས། །རྒུད་ཅིང་ཕོངས་པའི་རིམས་ནད་འཇིལ་བར་མཛོད། ༥ །རྣམ་བཞིའི་ཕྲི༷ན་ལས༷་དཔལ་གྱི་བེའུ་ནི། །བཟུང༷་བ་མེད་པར་ཕྱོགས་ཀྱི་མཐར་འགྲོ་བས། །ཡིད་ཅན་ཀུན་གྱི་རེ་བ་སྐོང་མཛད་པས། །འཆི་མེད་གྲུབ་པའི་རྒྱལ་རྔ་རྟག་ཏུ་བརྡུངས། ༦ །མདོར་ན་སྔ་འགྱུར་རྡོ་རྗེའི་ཐེག་པ་ཡི། །བསྟན༷་པའི༷་རྒྱལ༷་མཚ༷ན་སྲིད་ན་སྒྲེང་མཛད་མཆོག །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །བདག་ཀྱང་བྱང་ཆུབ་བར་དུ་རྗེས་སུ་ཟུངས། ༧ །ཕན་བདེའི་ལེགས་མཛད་གསེར་གྱི་འཁོར་ལོ་ཡིས། །བསྐལ་བཟང་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བས། །སྙིགས་མའི་འགྱུར་བ་མཐའ་དག་ཕམ་མཛད་དེ། །རྫོགས་ལྡན་དང་པོའི་དགེ་མཚན་སྣང་གྱུར་ཅིག ༨ །ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པའི་རྒྱན་གྱིས་མཛེས་པར་སྤྲས་པའི་སྭ་སྟིའི་དབྱངས་སྙན་མངོན་པར་བསྒྲགས་ཏེ། མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས་རྟེན་དགེ་ལེགས་ཀྱི་རེ་ཁཱས་བཀང་བའི་ལྷ་རྫས། སྐུ་གསུང་ཐུགས་རྡོ་རྗེའི་སྣང་བརྙན། བཅས་རབ་ཚེས་དཀར་པོའི་ལོ་སྣྲོན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་དགེ་བ་བྱ་བྲལ་ཆོས་རྗེ་ཤཱཀྱའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། རིག་འཛིན་པདྨའི་བྱིན་རླབས་ཆ་ཙམ་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་མདོ་ཁམས་སྡེ་དགེའི་མངའ་རིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ནས་བསམ་པ་དག་ཅིང་སྦྱོར་བ་གུས་པས་འབུལ་ལམ་ཞུས་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈
[edit]

b+hu t+ya rU pas+yakA ya ma Ni kas+yA ta/__zhes pa'i dbu can/ b+hut+yarUpas+yakAyamaNikas+yAta/_ts+tshan+daikadashakaMtriSh+DusprastAreNarutsiMkarasushreyan+tu/_shuklatshatrAgradebasasupUdzedzIbakAd+h+yeSh+yatsin+tabasharAdze/_/'gyuraX meXd chos dbyings chu gter las skyes pa'i/_/rmad du byung ba'i gzugs sku'i ma Ni ka_/lhar bcas gdugs dkar rtse mor rab mchod pa/_/yiXd bzhiXn dbaXng gi rgyalaX po 'tsho gzhes gsol/_1_/shes bya rgya mtshor 'dus te reg pa'i spyan/_/gser nya lta bur gsal ba'i mtshan dpe'i skuX/_/rig 'dzin yongs kyi gtsug na mngon mtho ba/_/dbang bcu'i bcud len mchog tu grub gyur cig_2_/ngo mtshar bum pa bzang po'i dge mtshan can/_/dpal gyi mgur las legs gsuXng seng ge'i rgyud/_/rim dgu'i theg pa'i dbyangs su nyer 'babs pas/_/'gro kun ma rig gnyid las bslang mdzad gsol/_3_/spros pa'i rdul dang mi mdza' 'od gsal thugaXs/_/mkhyen gnyis 'dab brgya rgyas pa'i pad+ma dkar/_/nges par zhing khams 'di las mi g.yo ba'i/_/gzigs pas lhag par dgongs shig snying rje'i gter/_4_/sras bcas rgyal ba'i rnam par thar pa dang /_/mi phyed yoXn tanaX mtha' yas g.yas 'khyil dung /_/srid zhi'i khams na snyan pa zla med pas/_/rgud cing phongs pa'i rims nad 'jil bar mdzod/_5_/rnam bzhi'i phriXn lasaX dpal gyi be'u ni/_/bzungaX ba med par phyogs kyi mthar 'gro bas/_/yid can kun gyi re ba skong mdzad pas/_/'chi med grub pa'i rgyal rnga rtag tu brdungs/_6_/mdor na snga 'gyur rdo rje'i theg pa yi/_/bstanaX pa'iX rgyalaX mtshaXn srid na sgreng mdzad mchog_/bskal brgyar zhabs brtan chos 'khor bskor ba dang /_/bdag kyang byang chub bar du rjes su zungs/_7_/phan bde'i legs mdzad gser gyi 'khor lo yis/_/bskal bzang gling bzhi'i khyon la dbang bsgyur bas/_/snyigs ma'i 'gyur ba mtha' dag pham mdzad de/_/rdzogs ldan dang po'i dge mtshan snang gyur cig_8_/ces brjod bya dang rjod byed gnyis ka bkra shis pa'i dge mtshan phun sum tshogs pa'i rgyan gyis mdzes par spras pa'i swa sti'i dbyangs snyan mngon par bsgrags te/_mi phyed rtse gcig gus pas gsol ba 'debs rten dge legs kyi re khAs bkang ba'i lha rdzas/_sku gsung thugs rdo rje'i snang brnyan/_bcas rab tshes dkar po'i lo snron zla ba'i dkar phyogs kyi tshes bcu'i dus dge ba bya bral chos rje shAkya'i btsun pa 'jam dbyangs mkhyen brtse'i dbang po'am/_rig 'dzin pad+ma'i byin rlabs cha tsam du thob pa pad+ma 'od gsal mdo sngags gling pa'i sdes mdo khams sde dge'i mnga' ris rdzong gsar bkra shis lha rtse'i chos grwa nas bsam pa dag cing sbyor ba gus pas 'bul lam zhus pa de de bzhin du 'grub par byin gyis brlab tu gsol/_/sarba dA ka l+yA NaM b+ha ba tu//__//_!_

Footnotes

Other Information