སྲིན་ཐོར་དང་བད་ཁྲག་གྲེ་འགག་བཅོས་ཐབས།

From Khyentse Lineage - A Tsadra Foundation Project
JKW-KABUM-17-TSA-002-031
Wylie title srin thor dang bad khrag gre 'gag bcos thabs JKW-KABUM-17-TSA-002.pdf
Location mkhyen brtse'i bka' 'bum
Volume 17, sde tshan 2, Text 31, Pages 327-328 (Folios 91a6 to 91b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. srin thor dang bad khrag gre 'gag bcos thabs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 17: 327-328. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Medicine Texts - gso ba rig pa

1 Texts in this Section (sde tshan or chos tshan)

[edit]
ཁྲག་སྲིན་ཆུ་སེར་གྱི་ཐོར་བའི་རིགས་ལ། ཙནྡན་དམར་པོ། ཞུ་མཁན། ཨ་རུ་ར། ཆི་ལ་བ་རི། བ་ཤ་ཀ་བཅས་ཀྱི་ཁུ་བ་ཁཎྜ་ཞོ་ཙམ་དུ་གདུས་པར། ཆུ་སེར་སྨན་གསུམ་གྱི་ཕྱེ་མ་ཁ་ཚར་བཏབ་ནས་སྤོལ་པ་བྱུགས་པས་ཕན། འདི་དང་ཆི་ལ་བ་རིའི་ཁུ་བ་སྦྱར་ནས་ངོ་གདོང་ལ་བྱུགས། ཞག་རེ་བཞག་ནས་བཀྲུས་བས་ངོ་གདོང་སྲིན་ཐོར་འབྲུམ་ཕྲན་སོགས་ལ་བསྔགས། ། ༈ བད་ཁྲག་འཁྲུགས་སོགས་ཀྱིས་གྲེ་བ་འགགས་པར། ཨ་རུ་ར་བུངས་བསྐྱེད་པ་ལ། སོ་ཕག །ཚར་བོང་རྩ་བ་བཅས་གདུས་བའི་ཁུ་གར་ཞོ་ཙམ་ལ། ཤིང་མངར་སྤང་རྒྱན་དཀར་པོ། འུ་སུ། ཙནྡན་དམར་པོ་བཅས་ཀྱི་ཕྱེ་མ་བཏབ་ནས་རིལ་བུར་དྲིལ་བའམ། ཕུར་མ་བྱས་པ་ཁ་ནང་ཡུན་རིང་བཟུང་ནས་ཁུ་བཅད་བསྟེན་པས་ཕན། ། ༈

Footnotes

Other Information