ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་འཆི་མེད་བདུད་རྩིའི་ཆར་འབེབས།

From Khyentse Lineage - A Tsadra Foundation Project
JKW-KABUM-09-TA-002-001
Wylie title tshe dpag med grub rgyal lugs kyi brgyud 'debs 'chi med bdud rtsi'i char 'bebs JKW-KABUM-09-TA-002.pdf
Location mkhyen brtse'i bka' 'bum
Volume 9, sde tshan 2, Text 1, Pages 127-130 (Folios 1a to 2b3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Source Author(s) མ་གཅིག་གྲུབ་པའི་རྒྱལ་མོ་ (ma gcig grub pa'i rgyal mo)
Citation 'jam dbyangs mkhyen brtse'i dbang po. tshe dpag med grub rgyal lugs kyi brgyud 'debs 'chi med bdud rtsi'i char 'bebs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 9: 127-130. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Lineage Supplications - brgyud 'debs
Cycle ཚེ་དཔག་མེད་གྲུབ་རྒྱལ་ལུགས་ (tshe dpag med grub rgyal lugs)
Deity tshe dpag med
Colophon

ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་ཞབས་ཀྱི་བཀའ་དྲིན་ལས། ཆོས་ཚུལ་འདི་ཉིད་ཀྱི་སྐལ་བ་བཟང་པོར་གྱུར་པ་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་མེ་ཏོག་ཀུན་ཏུ་རྒྱས་པའི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་གང་ཤར་གསོལ་བ་བཏབ་པ་སིདྡྷི་རསྟུ།།

ces pa'ang rje btsun rdo rje 'chang blo gsal zhabs kyi bka' drin las/__chos tshul 'di nyid kyi skal ba bzang por gyur pa bya bral ba mkhyen brtse'i dbang pos me tog kun tu rgyas pa'i sman ljongs nyams dga' ba zhig tu gang shar gsol ba btab pa sid+d+hi rastu

1 Texts in this Section (sde tshan or chos tshan)

[edit]
༄༅། །ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་འཆི་མེད་བདུད་རྩིའི་ཆར་འབེབས་ཅེས་བྱ་བ་བཞུགས་སོ།། །། འཆི་མེད་མགོན་༡པོ་གྲུབ་པའི་རྒྱལ་མོའི་༢ཞབས། །རྗེ་བཙུན་ཏི་ཕུ་པ་༣དང་རས་ཆུང་༤པ། །མི་ལ་༥སྒམ་༦པོ་ཕག་གྲུ་༧འཇིག་རྟེན་༨མགོན། །གྲགས་པ་འབྱུང་གནས་༩རྣམས་ལ་གསོལ་བ་འདེབས། །ཡང་དགོན་ཆོས་༡༠རྗེ་སྤྱན་སྔ་རིན་པོ་ཆེ༡༡། །རིན་ཆེན་དཔལ་བཟང་༡༢སྐྱེས་མཆོག་འབའ་ར་བ༡༣། །གྲུབ་ཆེན་རིན་ཆེན་༡༤འཕེལ་དང་འཁྲུལ་ཞིག་༡༥ཆེ། །མཁྱེན་རབ་ཆོས་རྗེ་༡༦རྣམས་ལ༴ ཀུན་སྤངས་ཆེན་པོ་ཚར་ཆེན་༡༨མཁྱེན་བརྩེའི་དབང་༡༩། །བསླབ་གསུམ་རྒྱལ་མཚན་༢༠དབང་ཕྱུག་རབ་བརྟན་༢༡དང་། །བསོད་ནམས་མཆོག་ལྡན་༢༢བསོད་ནམས་མཆོག་གྲུབ་༢༣ཞབས། །རིན་ཆེན་བསྟན་གསལ་༢༤རྣམས་ལ༴ བློ་གྲོས་ཆོས་༢༥འཕེལ་ངག་དབང་ཡེ་ཤེས་དང་༢༦། །ཆོས་གྲགས་རྒྱ་༢༧མཚོ་ངག་དབང་ཆོས་ཀྱི་༢༨མཚན། །ཆོས་དབྱིངས་༢༩རྡོ་རྗེ་བློ་གསལ་བསྟན་སྐྱོང་རྗེ༣༠། །མཁྱེན་བརྩེའི་དབང་༣༡པོ་རྣམས་ལ༴ དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ནས། །དམ་ཆོས་ཚུལ་བཞིན་བསྒྲུབ་པར་བྱིན་གྱིས་རློབས། །ཁྱད་པར་བཅོམ་ལྡན་ཚེ་དཔག་མེད་མགོན་གྱི། །བྱིན་རླབས་བདུད་རྩིས་དབང་བཞིའི་ས་བོན་སྨིན། །སྔོན་འགྲོའི་རིམ་པས་འགལ་རྐྱེན་ཀུན་སྦྱངས་ནས། །མཐུན་རྐྱེན་ཚོགས་གཉིས་འཕེལ་བར་བྱིན་གྱིས་རློབས། །བསྐྱེད་རིམ་ཐབས་ཀྱིས་སྲིད་ཞིའི་དྭངས་བཅུད་འདུས། །རྫོགས་རིམ་ཟབ་མོས་རླུང་སེམས་དབུ་མར་ཐིམ། །བཅུད་ལེན་གྲུབ་པས་རིང་འཚོའི་དགེ་མཚན་འབར། །འཆི་མེད་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་ཞབས་ཀྱི་བཀའ་དྲིན་ལས། ཆོས་ཚུལ་འདི་ཉིད་ཀྱི་སྐལ་བ་བཟང་པོར་གྱུར་པ་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་མེ་ཏོག་ཀུན་ཏུ་རྒྱས་པའི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་གང་ཤར་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈

Footnotes

Other Information