འཇུ་ཚ་ཕན་བདེས་ཞུས་ངོར་སྩལ་བའི་གསོལ་འདེབས་མཐའ་ཡས་ཤེས་བྱ་མ།

From Khyentse Lineage - A Tsadra Foundation Project
JKW-KABUM-02-KHA-002-009
Wylie title 'ju tsha phan bdes zhus ngor stsal ba'i gsol 'debs mtha' yas shes bya ma JKW-KABUM-02-KHA-002.pdf
Location mkhyen brtse'i bka' 'bum
Volume 2, sde tshan 2, Text 9, Pages 311-312 (Folios 15a4 to 15b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. 'ju tsha phan bdes zhus ngor stsal ba'i gsol 'debs mtha' yas shes bya ma. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 2: 311-312. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs
Colophon

།ཅེས་པའང་དགེ་བའི་བཤེས་གཉེན་ཕན་བདེ་བཟང་པོས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐུལ་བའི་ངོར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་གང་ཤར་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ces pa'ang dge ba'i bshes gnyen phan bde bzang pos bkra shis pa'i lha rdzas dang bcas te bskul ba'i ngor/_bya bral ba 'jam dbyangs mkhyen brtse'i dbang po rang nyid kyis gang shar smras pa dge zhing bkra shis par gyur cig

1 Texts in this Section (sde tshan or chos tshan)

[edit]
མཐའ་ཡས་ཤེས་བྱ་ཀུན་གཟིགས་འཇ༷མ་པའི་དབྱ༷ངས། །མཚུངས་མེད་མཁྱེ༷ན་བརྩེ༷འི་གཏེར་ཆེན་རྒྱལ་བའི་སྲས། །མཁས་ཤིང་གྲུབ་པའི་དབ༷ང་པོ༷་རྡོ་རྗེ་འཛིན། །གཙུ༷ག་ལ༷ག་སྨྲ་བའི་ཉི་མར་གསོལ་བ་འདེབས། །ཚུལ་གནས་གསན་བསམ་སྒོམ་པའི་མཐར་སོན་ཅིང་། །རླབས་ཆེན་འཆད་རྩོད་རྩོམ་པའི་ཕྲིན་ལས་དང་། །ངེས་འབྱུང་བྱང་སེམས་སྨིན་གྲོལ་རྣལ་འབྱོར་གྱིས། །རང་གཞན་དོན་གཉིས་མཛད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་འཚོ་གཞེས་ཤིང་། །ཕན་བདེའི་དགེ་མཚན་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་དགེ་བའི་བཤེས་གཉེན་ཕན་བདེ་བཟང་པོས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་བསྐུལ་བའི་ངོར། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་གང་ཤར་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། ༈

Footnotes

Other Information