ཁྲི་ཆེན་སངས་རྒྱས་ཀུན་དགའི་ཞབས་བརྟན་མི་འགྱུར་འཆི་མེད་ཅེས་པ།

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-004-002
Wylie title khri chen sangs rgyas kun dga'i zhabs brtan mi 'gyur 'chi med ces pa JKW-KABUM-01-KA-004.pdf
Location mkhyen brtse'i bka' 'bum
Volume 1, sde tshan 4, Text 2, Pages 478-479 (Folios 1b4 to 2a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People (smin gling khri chen 'gyur med sangs rgyas kun dga')
Citation 'jam dbyangs mkhyen brtse'i dbang po. khri chen sangs rgyas kun dga'i zhabs brtan mi 'gyur 'chi med ces pa. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 478-479. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཞེས་པའང་འཇམ་དབྱངས་འོད་ཟེར་དྲི་མེད་ཀྱིས་བསྐུལ་བའི་རྐྱེན་དང་། རང་ཉིད་ཀྱིས་ཀྱང་མངོན་པར་དད་པས་ཀུན་ནས་བསླངས་ཏེ། རིག་འཛིན་གྱི་བཙུན་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག

zhes pa'ang 'jam dbyangs 'od zer dri med kyis bskul ba'i rkyen dang /__rang nyid kyis kyang mngon par dad pas kun nas bslangs te/__rig 'dzin gyi btsun pa mkhyen brtse'i dbang pos gsol ba btab pa dge legs su gyur cig

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་རུ་བྷྱཿ མི་འགྱུར༷་འཆི་མེད༷་པདྨ་སཾ་བྷཱ་ཝས། །རྗེས་བཟུང་སང༷ས་རྒྱས༷་ཀུན་དངོས་རིགས་བརྒྱའི་བདག །བསྟན་འགྲོར་ཕན་བདེའི་དགའ་སྟོན་མཆོག་སྩོལ་བའི། །རྒྱལ་སྲས་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །ཀ་དག་འགྱུར༷་མེད༷་གཉུག་མའི་གནས་ལུགས་རྟོགས། །ལྷུན་གྲུབ་མངོན་སུམ་རིག་གདངས་ཚད་ལ་ཕེབས། །ཕྲིན་ལས་ཆོས་ཀྱི་སྣང་བས་འཇིག་རྟེན་གསུམ། །གསལ་མཛད་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དེ་ལྟར་དཔལ་ལྡན་བླ་མའི་རྣམ་པར་ཐར། །སྙིང་ནས་དྲན་པའི་གདུང་བས་གསོལ་འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དབྱངས་འོད་ཟེར་དྲི་མེད་ཀྱིས་བསྐུལ་བའི་རྐྱེན་དང་། རང་ཉིད་ཀྱིས་ཀྱང་མངོན་པར་དད་པས་ཀུན་ནས་བསླངས་ཏེ། རིག་འཛིན་གྱི་བཙུན་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །

Footnotes

Other Information