རྗེ་ཉིད་ཀྱི་བླ་མ་རྣམས་ལ་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་མཛེས།

From Khyentse Lineage - A Tsadra Foundation Project
Wylie title rje nyid kyi bla ma rnams la gsol 'debs byin rlabs bdud rtsi'i sprin mdzes JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 135, Pages 383-386 (Folios 163a3 to 164b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rje nyid kyi bla ma rnams la gsol 'debs byin rlabs bdud rtsi'i sprin mdzes. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 383-386. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Supplications - gsol 'debs
Colophon

།ཅེས་པའང་རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་ཞིང་མཁས་ཤིང་གྲུབ་པ་བརྙེས་པའི་ཡོངས་འཛིན་དམ་པ་དུ་མའི་བྲན་དུ་གྱུར་པ་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱི་ཁ་ཏོན་དུ་གསོལ་བ་བཏབ་པ་སིདྡྷི་རསྟུ།།

ces pa'ang ris med pa'i bstan pa la dag pa'i snang ba gcig tu dkar zhing mkhas shing grub pa brnyes pa'i yongs 'dzin dam pa du ma'i bran du gyur pa shAkya'i dge slong bya bral ba mkhyen brtse'i dbang po rang nyid kyi kha ton du gsol ba btab pa sid+d+hi rastu

1 Texts in this Section (sde tshan or chos tshan)

[edit]
བཀའ་དྲིན་ཆེ་བའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་བདུད་རྩིའི་སྤྲིན་མཛེས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ བྱམ༷ས་པ༷འི་ཐུགས་རྗེས་སྲས་བཅས་རྒྱལ་བ་ཀུན། །ལྷར་བཅས་དག༷འ་བའི་བསྟ༷ན་འཛི༷ན་མཆོག་གི་སྐུར། །ཡོངས་ཤར་རིགས་དང་དཀྱིལ་འཁོར་རྒྱ་མཚོ་ཡི། །ཁྱབ་བདག་རྡོ་རྗེ་སེམས་དཔའ་གསོལ་བ་འདེབས། །རྣལ༷་འབྱོར༷་དབང་ཕྱུག་རྗེ་བཙུན་ས་སྐྱ་པའི། །སྙན་བརྒྱུད་ཚད་མ་བཞི་ལྡན་བདུད་རྩིའི་རྒྱུན། །སྐལ་བཟང་ཡིད་ཀྱི་འཛིན་མར་འབེབས་མཁས་པའི། །རྣམ་འདྲེན་འཇ༷མ་དཔ༷ལ་བཟ༷ང་པོ༷ར་གསོལ་བ་འདེབས། །ངག༷་དབ༷ང་ལྷ་ཡི་རིགས་ཀྱི་ཐིག་ལེ་ལས། །ཀུན༷་དག༷འི་མཚན་དཔེའི་ལང་ཚོ་དར་བབས་པས། །སྲིད་ཞིའི་དགེ་ལེགས་རིན༷་ཆེན༷་འབྱུང་བའི་གནས། །འཛམ་གླིང་བསྟན་འགྲོའི་མགོན་དེར་གསོལ༴ ངག་གི་དབང༷་ཕྱུག་རྡོ༷་རྗོ༷་རྣོན་པོ་ཡི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་གྱིས། །རིན༷་ཆེན༷་དམ་པའི་ཆོས་ཀྱི་མཛོད་བཟུང་བ། །སྙིགས་དུས་བསྟན་པའི་ཉི་མར་གསོལ༴ སྐྱབས་གནས་རིན་ཆེན་གསུམ་གྱི་ངོ་བོར་ཉིད། །བློ༷་གས༷ལ་གདུལ༷་བྱ་རྒྱ་མཚོའི་མགོན་གཅིག་པུ། །ཡོངས་རྫོགས་བཤད་སྒྲུབ་བསྟན་པ་སྐྱོང་བའི་དཔལ། ཁྱབ་བདག་རྡོ་རྗེ་འཛིན་པར་གསོལ༴ དཀོན༷་མཆོ༷ག་གསུམ་དངོས་མཁྱེན་བརྩེ་ནུས་པའི་གཏེར། །ལུང་རྟོགས་བསྟན༷་པ༷་རབ༷་འབྱམས༷་སྣང་བའི་མཛོད། །སྲས་བཅས་རྒྱལ་ཀུན་ཕྲིན་ལས་རྒྱས༷་མཛད་པའི། །དཔལ་ལྡན་རྣམ་འདྲེན་བཟང་པོར་གསོལ་བ༴ མཚུངས༷་མེད༷་ངག་གི་དབང༷་ཕྱུག༷་ལེགས༷་གྲུབ༷་པས། །སྙན་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་མཁས་པ། །འཇ༷མ་པའི་དབྱང༷ས་དངོས་སྨྲ༷་བའི༷་སེང་གེ་ཆེར། །ཐུབ་བསྟན་གསལ་བའི་ཉི༷་མར༷་གསོལ༴ རིགས་ཀུན་ཁྱབ༷་བད༷ག་ཕྱག་ན་པདྨོ་ཉིད། །ཐེག༷་མཆོག༷་ཆོས་ཀྱི་དགའ་སྟོན་སྩོལ་བའི་ཕྱིར། །སུམ་ལྡན་རྡོ༷་རྗེ༷་འཛིན་པའི་སྐུར་བཞེངས་པ། །རྣམ་འདྲེན་རྒྱལ་བའི་དབང་པོར་གསོལ་བ་འདེབས། །འགྱུར་མེད་སྐུ་བཞིའི་ངོ་བོར་བྱང་ཆུབ་མཐུས། །སྲིད་ན་རྗེས་སུ་བརྩེ་བའི་སྙིང་རྗེའི་སྟོབས༷། །ཕྱོགས་ལས་རྣམ་རྒྱལ༷་མ་ཧཱ་པཎྜི་ཏར། །ཡོངས་ཤར་འཇམ་མགོན་བླ་མར་གསོལ་བ༴ འཇིག་རྟེན་གསུམ་གྱི་མགོན་པོ་ཀ༷རྨ༷་ཀའི། །བསྟན་འཛིན་བྱེ་བའི་ཁྱུ་མཆོག་ངག༷་གི་དབང༷་། །མཁས་ཤིང་གྲུབ་བརྙེས་ཡོན༷་ཏན༷་རྒྱ་མཚོའི་གཏེར། །བློ༷་གྲོས༷་ཕ་མཐའ༷་ཡས༷་ལ་གསོལ་བ༴ རྒྱལ༷་སྲས༷་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གཞན༷་ཕན༷་བྱང་ཆུབ་སེམས་སུ་ངེས་པའི་ཚུལ། །ཇི་བཞིན་རྟོགས་ནས་མཐའ་ཡས་འགྲོ་བ་ལ། །སྟོན་མཛད་དྲིན་ཆེན་བླ་མར་གསོལ་བ༴ མི་འགྱུར༷་འཆི་མེད༷་པདྨ་སཾ་བྷཱ་ཝས། །རྗེས་བཟུང་སངས༷་རྒྱས༷་ཀུན༷་དངོས་རིགས་བརྒྱའི་བདག །བསྟན་འགྲོའི་ཕན་བདེའི་དགའ༷་སྟོན་མཆོག་སྩོལ་བའི། །རྒྱལ་སྲས་རྡོ་རྗེ་འཛིན་པར་གསོལ་བ༴ ཀ་དག་འགྱུར༷་མེད༷་གཉུག་མའི་གནས་ལུགས་རྟོགས། །ལྷུན་གྲུབ་མངོན་སུམ་རིག་གདངས་ཚད་ལ་ཕེབས། །ཕྲི༷ན་ལ༷ས་ཆོས༷་ཀྱི་སྣང་བས་འཇིག་རྟེན་གསུམ། །གསལ་མཛད་བསྟན་པའི་སྒྲོ༷ན་མེར་གསོལ་བ་འདེབས། །གཞན་ཡང་བཀའ་དྲིན་ཆེན་པོས་རྗེས་བཟུང་བའི། །རིས་མེད་མཁས་གྲུབ་རྒྱ་མཚོའི་ཚོགས་རྣམས་ལ། །སྙིང་ནས་གུས་པས་གསོལ་བ་བཏབ་པའི་མཐུས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་གྱུར་ཅིག །བདག་ཀྱང་བྱང་ཆུབ་བར་དུ་མགོན་རྣམས་ཀྱིས། །རྗེས་བཟུང་དད་དང་ངེས་འབྱུང་བྱང་སེམས་དང་། །གསང་ཆེན་སྨིན་གྲོལ་ལམ་གྱི་ཐབས་མཁས་ལ། །བརྟེན་ནས་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་གཅིག་ཏུ་དཀར་ཞིང་མཁས་ཤིང་གྲུབ་པ་བརྙེས་པའི་ཡོངས་འཛིན་དམ་པ་དུ་མའི་བྲན་དུ་གྱུར་པ་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱི་ཁ་ཏོན་དུ་གསོལ་བ་བཏབ་པ་སིདྡྷི་རསྟུ།། །། ༈
[edit]

rje nyid kyi bla ma rnams la gsol 'debs byin rlabs bdud rtsi'i sprin mdzes/__ bka' drin che ba'i bla ma dam pa rnams la gsol ba 'debs pa byin rlabs bdud rtsi'i sprin mdzes zhes bya ba bzhugs so/__/na mo gu ru b+h+yaH__byamaXs paX'i thugs rjes sras bcas rgyal ba kun/__/lhar bcas dgaX' ba'i bstaXn 'dziXn mchog gi skur/__/yongs shar rigs dang dkyil 'khor rgya mtsho yi/__/khyab bdag rdo rje sems dpa' gsol ba 'debs/__/rnalaX 'byoraX dbang phyug rje btsun sa skya pa'i/__/snyan brgyud tshad ma bzhi ldan bdud rtsi'i rgyun/__/skal bzang yid kyi 'dzin mar 'bebs mkhas pa'i/__/rnam 'dren 'jaXm dpaXl bzaXng poXr gsol ba 'debs/__/ngagaX dbaXng lha yi rigs kyi thig le las/__/kunaX dgaX'i mtshan dpe'i lang tsho dar babs pas/__/srid zhi'i dge legs rinaX chenaX 'byung ba'i gnas/__/'dzam gling bstan 'gro'i mgon der gsol=__ngag gi dbangaX phyug rdoX rjoX rnon po yi/__/ye shes sgyu 'phrul drwa ba'i rnam rol gyis/__/rinaX chenaX dam pa'i chos kyi mdzod bzung ba/__/snyigs dus bstan pa'i nyi mar gsol=__skyabs gnas rin chen gsum gyi ngo bor nyid/__/bloX gsaXl gdulaX bya rgya mtsho'i mgon gcig pu/__/yongs rdzogs bshad sgrub bstan pa skyong ba'i dpal/__khyab bdag rdo rje 'dzin par gsol=__dkonaX mchoXg gsum dngos mkhyen brtse nus pa'i gter/__/lung rtogs bstanaX paX rabaX 'byamasaX snang ba'i mdzod/__/sras bcas rgyal kun phrin las rgyasaX mdzad pa'i/__/dpal ldan rnam 'dren bzang por gsol ba=__mtshungasaX medaX ngag gi dbangaX phyugaX legasaX grubaX pas/__/snyan brgyud bstan pa'i rgyal mtshan 'dzin mkhas pa/__/'jaXm pa'i dbyangaXs dngos smraX ba'iX seng ge cher/__/thub bstan gsal ba'i nyiX maraX gsol=__rigs kun khyabaX bdaXg phyag na pad+mo nyid/__/thegaX mchogaX chos kyi dga' ston stsol ba'i phyir/__/sum ldan rdoX rjeX 'dzin pa'i skur bzhengs pa/___/rnam 'dren rgyal ba'i dbang por gsol ba 'debs/__/'gyur med sku bzhi'i ngo bor byang chub mthus/__/srid na rjes su brtse ba'i snying rje'i stobasaX/__/phyogs las rnam rgyalaX ma hA paN+Di tar/__/yongs shar 'jam mgon bla mar gsol ba=__'jig rten gsum gyi mgon po kaXrmaX ka'i/__/bstan 'dzin bye ba'i khyu mchog ngagaX gi dbangaX /__/mkhas shing grub brnyes yonaX tanaX rgya mtsho'i gter/__/bloX grosaX pha mtha'aX yasaX la gsol ba=__rgyalaX srasaX kun gyi bgrod pa gcig pa'i lam/__/gzhanaX phanaX byang chub sems su nges pa'i tshul/__/ji bzhin rtogs nas mtha' yas 'gro ba la/__/ston mdzad drin chen bla mar gsol ba=__mi 'gyuraX 'chi medaX pad+ma saM b+hA was/__/rjes bzung sangasaX rgyasaX kunaX dngos rigs brgya'i bdag__/bstan 'gro'i phan bde'i dga'aX ston mchog stsol ba'i/__/rgyal sras rdo rje 'dzin par gsol ba=__ka dag 'gyuraX medaX gnyug ma'i gnas lugs rtogs/__/lhun grub mngon sum rig gdangs tshad la phebs/__/phriXn laXs chosaX kyi snang bas 'jig rten gsum/__/gsal mdzad bstan pa'i sgroXn mer gsol ba 'debs/__/gzhan yang bka' drin chen pos rjes bzung ba'i/__/ris med mkhas grub rgya mtsho'i tshogs rnams la/__/snying nas gus pas gsol ba btab pa'i mthus/__/bskal brgyar zhabs brtan chos 'khor bskor gyur cig__/bdag kyang byang chub bar du mgon rnams kyis/__/rjes bzung dad dang nges 'byung byang sems dang /__/gsang chen smin grol lam gyi thabs mkhas la/__/brten nas zung 'jug go 'phang myur thob shog__/ces pa'ang ris med pa'i bstan pa la dag pa'i snang ba gcig tu dkar zhing mkhas shing grub pa brnyes pa'i yongs 'dzin dam pa du ma'i bran du gyur pa shAkya'i dge slong bya bral ba mkhyen brtse'i dbang po rang nyid kyi kha ton du gsol ba btab pa sid+d+hi rastu//___//_!

Footnotes

Other Information