ཡང་དེའི་ཞབས་བརྟན་འཇམ་པའི་རྡོ་རྗེ།

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-002-129
Wylie title yang de'i zhabs brtan 'jam pa'i rdo rje JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 129, Pages 373-374 (Folios 158a1 to 158b3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People ཞབས་དྲུང་རིན་ཆེན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ (zhabs drung rin chen 'jam dbyangs nam mkha' rgyal mtshan)
Citation 'jam dbyangs mkhyen brtse'i dbang po. yang de'i zhabs brtan 'jam pa'i rdo rje. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 373-374. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་མི་ཕྱེད་དད་པས་དུས་རྟག་ཏུ་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། འཆི་མེད་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་རྡོ་རྗེའི་རང་གཟུགས། བཅས་སྐྱབས་འོག་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀྲ་ཤིས་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་བསམ་པ་དག་ཅིང་སྦྱོར་བ་གུས་པས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།།

ces mi phyed dad pas dus rtag tu gsol ba 'debs mtshon bkra shis pa'i lha gos rab dkar/__'chi med yid bzhin 'khor lo'i sku gsung thugs rdo rje'i rang gzugs/__bcas skyabs 'og pa 'jam dbyangs mkhyen brtse'i dbang pos bkra shis zla ba'i dkar phyogs kyi rgyal ba dang po la bsam pa dag cing sbyor ba gus pas phul ba de de bzhin du 'grub par byin gyis brlab tu gsol

1 Texts in this Section (sde tshan or chos tshan)

[edit]
ཤྲཱི་སྭསྟི་བི་ཛ་ཡནྟུ། འཇ༷མ་པའི་རྡོ་རྗེའི་མཐའ་བྲལ་ཡེ་ཤེས་སྐུ༷། །འཇམ༷་མགོན་གཉིས་པའི་ངོ་མཚར་ལ་ཆགས་པ། །འཇ༷མ་པའི་དཔལ་སོགས་སྲས་བཅས་རྒྱལ་བའི་དངོས། །འཇ༷མ་དཔལ་གཞོན་ནུའི་ངོ་བོར་ཞབས་བརྟན་གསོལ། ༡ །དབྱང༷ས་ཀྱི་ཡན་ལག་རྒྱ་མཚོའི་སྒེག་འཆང་གསུང༷་། །དབྱང༷ས་མཆོག་གྲུབ་པ་རྣམས་དང་མི་ཕྱེད་པས། །དབྱང༷ས་སྙན་ལེགས་བཤད་བྱེ་བའི་རོལ་མོ་ཅན། །དབྱངས༷་ཅན་དགྱེས་པའི་བདག་ཉིད་ཞབས་བརྟན་གསོལ། ༢ །ནམ༷་མཁའ༷་ལྟ་བུར་རབ་ཏུ་ཞི་བའི་ཐུགས། །ནམ༷་མཁ༷འི་མཐའ་ཀླས་མཁྱེན་བརྩེའི་གཞན་དབང་ཅན། །ནམ༷་མཁ༷འ་དང་མཉམ་འགྲོ་འདིར་རྗེས་དགོངས་ནས། །ནམ༷་མཁ༷འ་ཇི་སྲིད་བར་དུ་ཞབས་བརྟན་གསོལ། ༣ །རྒྱལ་བ་སྲས་བཅས་དགྱེས་པའི་ཡོན་ཏན་གྱི། །རྒྱལ་ཐབས་རང་དབང་ཉིད་དུ་མངའ་མཛད་པས། །རྒྱལ་བསྟན་ཉིན་ལས་ཉིན་མོར་གསལ་བའི་སླད། །རྒྱལ༷་བའི་མྱུ་གུའི་མཆོག་ཏུ་ཞབས་བརྟན་གསོལ། ༤ །མཚན༷་དང་སྐུ་ཡི་རྣམ་འཕྲུལ་ཕྲིན༷་ལས༷་མཐའ། །མཚན༷་མའི་སྤྱོད་ཡུལ་དག་ལས་རིང་འདས་པའི། །མཚན༷་ཉིད་རྟག་ཅིང་ཁྱབ་དང་ལྷུན་གྲུབ་པའི། །མཚ༷ན་བཟང་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ། ༥ །མདོར་ན་མཁས་པའི་ཚོགས་ཀྱིས་རབ་སྔགས་ཤིང་། །གྲུབ་བརྙེས་བྱེ་བའི་ཕྱག་གིས་མངོན་བཏུད་བཞིན། །གསང་གསུམ་རྡོ་རྗེའི་ཁམས་སུ་འཚོ་གཞེས་ནས། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག ༦ །བཀྲ༷་ཤིས༷་གང་ཞིག་སྲིད་དང་ཞི་བ་ན། །བཀྲ༷་ཤིས༷་དགེ་མཚན་ཇི་སྙེད་འཆིས་པ་དེས། །བཀྲ༷་ཤིས༷་སྣང་བ་དམ་པའི་དཔལ་བཟུང་ནས། །བཀྲ༷་ཤིས༷་པདྨོ་རྟག་ཏུ་རྒྱས་གྱུར་ཅིག །ཅེས་མི་ཕྱེད་དད་པས་དུས་རྟག་ཏུ་གསོལ་བ་འདེབས་མཚོན་བཀྲ་ཤིས་པའི་ལྷ་གོས་རབ་དཀར། འཆི་མེད་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་རྡོ་རྗེའི་རང་གཟུགས། བཅས་སྐྱབས་འོག་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀྲ་ཤིས་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་བསམ་པ་དག་ཅིང་སྦྱོར་བ་གུས་པས་ཕུལ་བ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །། ༈
[edit]

yang de'i zhabs brtan 'jam pa'i rdo rje/__ shrI swasti bi dza yan+tu/__'jaXm pa'i rdo rje'i mtha' bral ye shes skuX/__/'jamaX mgon gnyis pa'i ngo mtshar la chags pa/__/'jaXm pa'i dpal sogs sras bcas rgyal ba'i dngos/___/'jaXm dpal gzhon nu'i ngo bor zhabs brtan gsol/__1__/dbyangaXs kyi yan lag rgya mtsho'i sgeg 'chang gsungaX /__/dbyangaXs mchog grub pa rnams dang mi phyed pas/__/dbyangaXs snyan legs bshad bye ba'i rol mo can/__/dbyangasaX can dgyes pa'i bdag nyid zhabs brtan gsol/__2__/namaX mkha'aX lta bur rab tu zhi ba'i thugs/__/namaX mkhaX'i mtha' klas mkhyen brtse'i gzhan dbang can/__/namaX mkhaX' dang mnyam 'gro 'dir rjes dgongs nas/__/namaX mkhaX' ji srid bar du zhabs brtan gsol/__3__/rgyal ba sras bcas dgyes pa'i yon tan gyi/__/rgyal thabs rang dbang nyid du mnga' mdzad pas/__/rgyal bstan nyin las nyin mor gsal ba'i slad/__/rgyalaX ba'i myu gu'i mchog tu zhabs brtan gsol/__4__/mtshanaX dang sku yi rnam 'phrul phrinaX lasaX mtha'/__/mtshanaX ma'i spyod yul dag las ring 'das pa'i/__/mtshanaX nyid rtag cing khyab dang lhun grub pa'i/__/mtshaXn bzang bskal pa rgya mtshor zhabs brtan gsol/__5__/mdor na mkhas pa'i tshogs kyis rab sngags shing /__/grub brnyes bye ba'i phyag gis mngon btud bzhin/__/gsang gsum rdo rje'i khams su 'tsho gzhes nas/__/'jig rten dge legs chen pos khyab par shog__6__/bkraX shisaX gang zhig srid dang zhi ba na/__/bkraX shisaX dge mtshan ji snyed 'chis pa des/__/bkraX shisaX snang ba dam pa'i dpal bzung nas/__/bkraX shisaX pad+mo rtag tu rgyas gyur cig__/ces mi phyed dad pas dus rtag tu gsol ba 'debs mtshon bkra shis pa'i lha gos rab dkar/__'chi med yid bzhin 'khor lo'i sku gsung thugs rdo rje'i rang gzugs/__bcas skyabs 'og pa 'jam dbyangs mkhyen brtse'i dbang pos bkra shis zla ba'i dkar phyogs kyi rgyal ba dang po la bsam pa dag cing sbyor ba gus pas phul ba de de bzhin du 'grub par byin gyis brlab tu gsol//__//_!

Footnotes

Other Information