ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་རྒྱུད་མང་།

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-002-087
Wylie title nges don bstan pa rab rgyas dpal bzang po'i zhabs brtan gsol 'debs 'chi med grub pa'i rgyud mang JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 87, Pages 312-314 (Folios 127b1 to 128b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ (karma nges don bstan pa rab rgyas)
Citation 'jam dbyangs mkhyen brtse'i dbang po. nges don bstan pa rab rgyas dpal bzang po'i zhabs brtan gsol 'debs 'chi med grub pa'i rgyud mang. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 312-314. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Prayers for Long Life - zhabs brtan gsol 'debs - brtan bzhugs
Colophon

།ཅེས་འཕགས་མཆོག་ཕྱག་ན་པདྨོ་དང་དབྱེར་མ་མཆིས་པའི་རྗེ་བཙུན་འཁོར་ལོའི་དབང་ཕྱུག་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞབས་པད་རིན་པོ་ཆེ་བསྐལ་བརྒྱར་འཚོ་ཞིང་གཞེས་པའི་སླད་དུ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདིའང་། རྟོགས་ལྡན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་གྱིས་རྒྱང་རིང་པོ་ནས་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་གུས་པས་ཀུན་ནས་བསླངས་ཏེ། མགོན་པོ་གང་གི་ལེགས་གསུང་གི་བདུད་རྩིས་སྐལ་པ་བཟང་པོར་གྱུར་པའི་ཤཱཀྱའི་བཙུན་པ་བྱ་བྲལ་བ་སྤོང་བ་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱཀ་ལྱཱ་ཎཾ་བྷ་བ་ཏུ།།

ces 'phags mchog phyag na pad+mo dang dbyer ma mchis pa'i rje btsun 'khor lo'i dbang phyug nges don bstan pa rab rgyas dpal bzang po'i zhabs pad rin po che bskal brgyar 'tsho zhing gzhes pa'i slad du gsol ba 'debs pa'i tshigs su bcad pa 'di'ang /__rtogs ldan bla ma dam pa dkon mchog rgyal mtshan gyis rgyang ring po nas bskul ba dang /__rang nyid kyis kyang mi phyed gus pas kun nas bslangs te/__mgon po gang gi legs gsung gi bdud rtsis skal pa bzang por gyur pa'i shAkya'i btsun pa bya bral ba spong ba pa'i gzugs brnyan 'jam dbyangs mkhyen brtse'i dbang pos rtse gcig tu gsol ba btab pa de de bzhin du 'grub par bla ma rgyal ba sras dang bcas pas byin gyis brlab tu gsol/__/sarba dAka l+yA NaM b+ha ba tu//

1 Texts in this Section (sde tshan or chos tshan)

[edit]
འཁོར་ལོའི་དབང་ཕྱུག་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ་བི་ཛ་ཡནྟུ། གཟོད་ནས་འཆི༷་མེད༷་བདེ་བའི་ཡེ་ཤེས་དང་། །རྣ༷མ་ཀུན་མཆོག་ལྡན་སྟོང་ཉིད་ཟུང་འཇུག་པའི། །ཁ་སྦྱོར་གཉུག་མའི་མཚན་དཔེའི་དཔལ་འབར་བ། །ཀུ༷ན་ཏུ༷་འཆང༷་བའི་ངོ་བོར་ཞབས་བརྟན་གསོལ། ༡ །མཁའ་ཁྱབ་རྣམ་པར་དག་པའི་འོད་གསལ་གྱི། །རང་གདངས་སྐུ་དང་ཡེ་ཤེས་དབྱེར་མེད་པ། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་གཞི། །རི༷གས་མཆོག་རྣམ་ལྔ༷འི་ངོ་བོར་ཞབས་བརྟན་གསོལ། ༢ །སྲིད་པ་ཀུན་ཏུ་སྦྱོར་བ་ལས་འདས་ཀྱང་། །རིགས་ཅན་གསུམ་གྱི་གདུལ་བྱ་དྲང་བའི་སླད། །མཚུངས་མེད་མཆོ༷ག་གི༷་སྤྲུལ༷་སྐུའི་ཉིན་མོར་བྱེད། །སྒྱུ་འཕྲུལ་སྲས་པོའི་ངོ་བོར་ཞབས་བརྟན་གསོལ། ༣ །རྡུལ་བྲལ་སོ་སོར་རྟོག་པའི་རང་བཞིན་ནི། །མི་འགྱུར་རྟག་པའི་ཚེ༷་དང་ཡེ་ཤེས་པ། །འོད་ཟེར་དཔ༷ག་མེད༷་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ངོ་བོར་ཞབས༴ ༤ མཚན་གྱི་ཆ་ཤས་གང་དུ་སྣང་ཙམ་གྱིས། །དུས་མིན་འཆི་དང་སྒྲིབ་གཉིས་ཀུན་བསལ་ནས། །བྱང་ཆུབ་མཆོག་གི་ལང་ཚོ་རྒྱས་མཛད་པ། །རྣ༷མ་པར༷་རྒྱལ༷་མ༷འི་ངོ་བོར་ཞབས༴ ༥ ཐུགས་རྗེ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལས། །ཕུན་ཚོགས་ཕན་བདེ་ནོར་བུའི་ཆར་ཆེན་པོས། །སྲིད་དང་ཞི་བའི་གདུང་བ་ཀུན་འཕྲོག་པ། །ཡིད༷་བཞི༷ན་འཁོ༷ར་ལོ༷འི་ངོ་བོར་ཞབས་བརྟན༴ ༦ མཐོང་དང་སྒོམ་པའི་དྲི་མ་ཀུན་སྤངས་པས། །ཤེས་དང་ཤེས་བྱའི་དེ་ཉིད་མངོན་སུམ་གཟིགས། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡབ་གཅིག་པུ། །འཇ༷མ་དཔ༷ལ་གཞོན་ནུའི་ངོ་བོར༴ ༧ སྲིད་པ་གསུམ་ན་སྙིང་རྗེའི་སྤྱན༷་རས༷་ཀྱིས། །ཕན་དགོངས་གཟི༷གས་པ་དུས་ལས་མི་ཡོལ་བས། །འགྲོ་ཀུན་བྱང་གྲོལ་དཀྲི་བའི་ཕྲིན་ལས་ཅན། །ཕྱ༷ག་ན༷་པ༷དྨོ༷འི་ངོ་བོར༴ ༨ ནང་གི་ལམ་ནས་སྔགས་ཀྱི་མཐུ་གྲུབ་པའི། །གཟི་བརྗིད་བཟོད་པར་དཀའ་བའི་ཡེ་ཤེས་མེས། །ཡིད་སྲུབས་དཔུང་བཅས་ཕྱོགས་ལས་རྣམ་རྒྱལ་བ། །གས༷ང་བའི་བད༷ག་པོའི་ངོ་བོར༴ ༩ སེམས་ཉིད་ལྷ་སྐུར་རྣམ་པར་སྨིན་པ་ནི། །ཚེ་དབང་ཕྱག་རྒྱའི་རིག་འཛིན་ལ་སྦྱར་བས། །ལྷུན་གྲུབ་སྲས་བཅས་རྒྱལ་བའི་གདུང་འཚོབ་པ། །མཚོ༷་སྐྱེས༷་བླ༷་མ༷འི་ངོ་བོར༴ ༡༠ མདོར་ན་འཇིག་རྟེན་མགོན་པོ་ཀ༷རྨ༷་པའི། །ངེས༷་དོ༷ན་བ༷སྟན་པ༷་ར༷བ་ཏུ་རྒྱས༷་མཛད་ཕྱིར། །རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་གཅིག་བསྡུས་པ། །སྐྱ༷བས་གན༷ས་ཀུན༷་འདུ༷ས་ངོ་བོར་ཞབས་བརྟན་གསོལ། ༡༡ །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང་། །ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱིས། །བསྟན་འགྲོའི་ཕན༷་བདེ་འཕེལ་བར་བྱིན་གྱིས་རློབས། ༡༢ །བདག་ཅག་རྣམས་ཀྱང་དེང་ནས་བྱང་ཆུབ་བར། །འཁོར་ལོའི་མགོན་པོས་འབྲལ་མེད་རྗེས་བཟུང་སྟེ། །རང་གཞན་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། །སྲིད་ཞིའི་དགེ༷་ལེ༷གས་རྒྱས་པའི་བཀྲ་ཤིས་སྩོལ། ༡༣ །ཅེས་འཕགས་མཆོག་ཕྱག་ན་པདྨོ་དང་དབྱེར་མ་མཆིས་པའི་རྗེ་བཙུན་འཁོར་ལོའི་དབང་ཕྱུག་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞབས་པད་རིན་པོ་ཆེ་བསྐལ་བརྒྱར་འཚོ་ཞིང་གཞེས་པའི་སླད་དུ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདིའང་། རྟོགས་ལྡན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་གྱིས་རྒྱང་རིང་པོ་ནས་བསྐུལ་བ་དང་། རང་ཉིད་ཀྱིས་ཀྱང་མི་ཕྱེད་གུས་པས་ཀུན་ནས་བསླངས་ཏེ། མགོན་པོ་གང་གི་ལེགས་གསུང་གི་བདུད་རྩིས་སྐལ་པ་བཟང་པོར་གྱུར་པའི་ཤཱཀྱའི་བཙུན་པ་བྱ་བྲལ་བ་སྤོང་བ་པའི་གཟུགས་བརྙན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སརྦ་དཱཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈
[edit]

nges don bstan pa rab rgyas dpal bzang po'i zhabs brtan gsol 'debs 'chi med grub pa'i rgyud mang /_ 'khor lo'i dbang phyug nges don bstan pa rab rgyas dpal bzang po'i zhabs brtan gsol 'debs 'chi med grub pa'i rgyud mang zhes bya ba bzhugs so/__/oM swasti sid+d+haM bi dza yan+tu/__gzod nas 'chiX medaX bde ba'i ye shes dang /__/rnaXm kun mchog ldan stong nyid zung 'jug pa'i/__/kha sbyor gnyug ma'i mtshan dpe'i dpal 'bar ba/__/kuXn tuX 'changaX ba'i ngo bor zhabs brtan gsol/__1__/mkha' khyab rnam par dag pa'i 'od gsal gyi/__/rang gdangs sku dang ye shes dbyer med pa/__/dkyil 'khor rgya mtsho spro dang bsdu ba'i gzhi/__/riXgs mchog rnam lngaX'i ngo bor zhabs brtan gsol/__2_/srid pa kun tu sbyor ba las 'das kyang /__/rigs can gsum gyi gdul bya drang ba'i slad/__/mtshungs med mchoXg giX sprulaX sku'i nyin mor byed/__/sgyu 'phrul sras po'i ngo bor zhabs brtan gsol/__3__/rdul bral so sor rtog pa'i rang bzhin ni/__/mi 'gyur rtag pa'i tsheX dang ye shes pa/__/'od zer dpaXg medaX shin tu rnam nges pa/__/gzi brjid rgyal po'i ngo bor zhabs=__4__mtshan gyi cha shas gang du snang tsam gyis/__/dus min 'chi dang sgrib gnyis kun bsal nas/__/byang chub mchog gi lang tsho rgyas mdzad pa/__/rnaXm paraX rgyalaX maX'i ngo bor zhabs=__5__thugs rje rdzogs ldan sprin gyi bla bre las/__/phun tshogs phan bde nor bu'i char chen pos/__/srid dang zhi ba'i gdung ba kun 'phrog pa/__/yidaX bzhiXn 'khoXr loX'i ngo bor zhabs brtan=__6__mthong dang sgom pa'i dri ma kun spangs pas/__/shes dang shes bya'i de nyid mngon sum gzigs/__/rab 'byams sras bcas rgyal ba'i yab gcig pu/__/'jaXm dpaXl gzhon nu'i ngo bor=_7__srid pa gsum na snying rje'i spyanaX rasaX kyis/__/phan dgongs gziXgs pa dus las mi yol bas/__/'gro kun byang grol dkri ba'i phrin las can/__/phyaXg naX paXd+moX'i ngo bor=__8__nang gi lam nas sngags kyi mthu grub pa'i/__/gzi brjid bzod par dka' ba'i ye shes mes/__/yid srubs dpung bcas phyogs las rnam rgyal ba/__/gsaXng ba'i bdaXg po'i ngo bor=__9__sems nyid lha skur rnam par smin pa ni/__/tshe dbang phyag rgya'i rig 'dzin la sbyar bas/__/lhun grub sras bcas rgyal ba'i gdung 'tshob pa/__/mtshoX skyesaX blaX maX'i ngo bor=__10__mdor na 'jig rten mgon po kaXrmaX pa'i/__/ngesaX doXn baXstan paX raXb tu rgyasaX mdzad phyir/__/rnam 'dren yongs kyi ye shes gcig bsdus pa/__/skyaXbs gnaXs kunaX 'duXs ngo bor zhabs brtan gsol/__11__/de ltar mi phyed gus pas gsol btab mthus/__/rje btsun bla ma bskal brgyar zhabs brtan cing /__/lhun grub rgyun mi 'chad pa'i phrin las kyis/__/bstan 'gro'i phanaX bde 'phel bar byin gyis rlobs/__12__/bdag cag rnams kyang deng nas byang chub bar/__/'khor lo'i mgon pos 'bral med rjes bzung ste/__/rang gzhan don kun chos bzhin 'grub pa dang /__/srid zhi'i dgeX leXgs rgyas pa'i bkra shis stsol/__13__/ces 'phags mchog phyag na pad+mo dang dbyer ma mchis pa'i rje btsun 'khor lo'i dbang phyug nges don bstan pa rab rgyas dpal bzang po'i zhabs pad rin po che bskal brgyar 'tsho zhing gzhes pa'i slad du gsol ba 'debs pa'i tshigs su bcad pa 'di'ang /__rtogs ldan bla ma dam pa dkon mchog rgyal mtshan gyis rgyang ring po nas bskul ba dang /__rang nyid kyis kyang mi phyed gus pas kun nas bslangs te/__mgon po gang gi legs gsung gi bdud rtsis skal pa bzang por gyur pa'i shAkya'i btsun pa bya bral ba spong ba pa'i gzugs brnyan 'jam dbyangs mkhyen brtse'i dbang pos rtse gcig tu gsol ba btab pa de de bzhin du 'grub par bla ma rgyal ba srasadang bcas pas byin gyis brlab tu gsol/__/sarba dAka l+yA NaM b+ha ba tu//___//__!

Footnotes

Other Information