JKW-KABUM-01-KA-002-025

From Khyentse Lineage - A Tsadra Foundation Project

སྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ་ཨུཏྤལ་གཞོན་ནུའི་དོ་ཤལ།
Wylie title sprul pa'i sku mtshan brgyad la bstod pa ut+pal gzhon nu'i do shal JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 25, Pages 131-133 (Folios 37a6 to 38a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. sprul pa'i sku mtshan brgyad la bstod pa ut+pal gzhon nu'i do shal. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 131-133. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Verses of Praise - bstod pa
Deity gu ru mtshan brgyad
Colophon

སརྦ་སིདྡྷནྟུ།།

sarba sid+d+han+tu

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྤྲུལ་པའི་སྐུ་མཚན་བརྒྱད་ལ་བསྟོད་པ་ཨུཏྤལ་གཞོན་ནུའི་དོ་ཤལ་ཅེས་བྱ་བ། འོད་སྣང་མཐའ་ཡས་མཚན་དཔེའི་ཉིན་མོར་བྱེད། །སིནྡྷཱུའི་པདྨའི་འཁྲི་ཤིང་ལ་ཆགས་པས། །ཟུང་འཇུག་འཆི་མེད་གྲུབ་པའི་ལང་ཚོ་ཅན། །མཚོ༷་སྐྱེས༷་རྡོ༷་རྗེ༷འི་ཞབས་རྡུལ་སྤྱི་བོས་མཆོད། ༡ །གཟུང་འཛིན་ཡུལ་དང་མཛའ་བའི་ཆོས་ཉིད་ཀྱིས། །ལོག་རྟོག་མེ་ལྕེའི་དོ་ཤལ་གཡོ་བ་ཡང་། །སྙིང་རྗེའི་ཆུ་གཏེར་འཕྱུར་བས་སྨ་ཕབ་པས། །པ༷དྨ༷་ས༷ཾ་བྷ༷ར་གྲགས་པའི་བ་དན་མཛེས། ༢ །རྒྱལ་ཀུན་མཁྱེན་རབ་ཉི་མ་གཞོན་ནུའི་བཅུད། །ཁྱོད་ཐུགས་གུར་གུམ་གསར་པས་བཏུང་བ་ལས། །བློ༷་ལྡན༷་ལང་ཚོའི་འཇོ་སྒེག་གཡོ་བ་ཡིས། །མཆོག༷་ཏུ་སྲེད༷་པར་དགའ་བའི་བཅུད་ལེན་སྦྱིན། ༣ །པ༷དྨ༷འི་དོ་ཤལ་བཟུང་བའི་རོལ་མཚོ་ཆེར། །མཚན་དཔེའི་ངོ་མཚར་གསར་པའི་འཛུམ་ཟེར་གྱིས། །ཨོ་རྒྱན་ས་སྤྱོད་རྒྱལ༷་པོའི༷་བ་གམ་རྩེར། །གཅིག་ཏུ་མཛེས་པའི་སྤྲིང་ཡིག་སྤྲོ་མིན་ནམ། ༤ །བསླབ་པ་གསུམ་གྱི་ཐེམ་སྐས་ལ་བགྲོད་ཕྱིར། །ཤཱ༷ཀྱ༷འི་རིགས་འཁྲུངས་མཆོག་གི་མཚུངས་ཟླ་རུ། །བོས་པའི་མོད་ནས་ཡིད་སྲུབས་གཉིས་འཐུང་སྡེར། །རྣམ་པར་རྒྱལ་བའི་སེང༷་གེའི༷་ཁྲི་ལ་འཛེགས། ༥ །ཀུན་འབྱུང་མུན་པ་སྟུག་པོར་འཁྱམས་པའི་འགྲོ། །གཡུལ་གྱི་དཔུང་པས་བཞར་བར་མི་ནུས་ཀྱང་། །མཁྱེན་བརྩེའི་ཉི༷་མ༷་གཞོན་ནུའི་འོད༷་ཟེར༷་གྱིས། །ཡོངས་སུ་བཅོམ་པའི་ངང་ཚུལ་འདི་ཅི་ཞིག ༦ །བདག་མེད་སྙིང་རྗེའི་རྩེ་བརྒྱ་གདེངས་པ་དང་། །ཆབ་གཅིག་དྲག་ཤུལ་སེང༷་གེ༷འི་སྒྲ༷་སྒྲོགས༷་པས། །འཇིག་ཚོགས་ལྟ་བའི་རི་བོ་དྲུང་འབྱིན་པའི། །བྱེད་པོ་གང་དེའི་ཕྲིན་ལས་ཕུལ་བྱུང་གཏམ། ༧ །ལོག་རྟོག་ཆང་གིས་མྱོས་པའི་གཉིས་འཐུང་སྡེ། །མཐུ་སྟོབས་ལྕགས་ཀྱུའི་དབང་གིས་བགྱིད་ནས་སླར། །བཀའ་རྟགས་ཕྱག་རྒྱའི་དྲྭ་བར་བཅུག་མཛད་པའི། །བརྟུལ་ཞུགས་གྲུབ་པ་རྡོ༷་རྗེ༷་གྲོ༷་ལོད༷་རྩལ། ༨ །གང་ཡང་རྒྱལ་རྣམས་ཆོས་སྐུའི་དབྱིངས་ཉིད་དུ། །སྤངས་རྟོགས་མཉམ་ཡང་ཁ་བའི་རྡུལ་བརྩེགས་ཁྲོད། །འཕྱན་པའི་འགྲོ་ལ་ལྷག་པར་ཕྲིན་ལས་མཐུ། །རྨད་བྱུང་པ༷དྨ༷་ཀ༷་ར༷་ལས་གཞན་སུ། ༩ །དེ་ན་མཆོག་ཏུ་གུས་པའི་དབང་གྱུར་ཡིད། །ཆུ་སྐྱེས་ལ་ཐོད་བཞད་པའི་གདེངས་ཀ་རུ། །ཞབས་སེན་རྟག་ཏུ་རྩེན་ཕྱིར་བསྔགས་བརྗོད་ཀྱི། །ཨུཏྤལ་གསར་པའི་དོ་ཤལ་འདི་ཡང་ཕྱེས། ༡༠ །སརྦ་སིདྡྷནྟུ།། །། ༈
[edit]

sprul pa'i sku mtshan brgyad la bstod pa ut+pal gzhon nu'i do shal/__ sprul pa'i sku mtshan brgyad la bstod pa ut+pal gzhon nu'i do shal ces bya ba/__'od snang mtha' yas mtshan dpe'i nyin mor byed/__/sin+d+hU'i pad+ma'i 'khri shing la chags pas/__/zung 'jug 'chi med grub pa'i lang tsho can/__/mtshoX skyesaX rdoX rjeX'i zhabs rdul spyi bos mchod/__1_/gzung 'dzin yul dang mdza' ba'i chos nyid kyis/__/log rtog me lce'i do shal g.yo ba yang /__/snying rje'i chu gter 'phyur bas sma phab pas/__/paXd+maX saXM b+haXr grags pa'i ba dan mdzes/__2__/rgyal kun mkhyen rab nyi ma gzhon nu'i bcud/__/khyod thugs gur gum gsar pas btung ba las/__/bloX ldanaX lang tsho'i 'jo sgeg g.yo ba yis/__/mchogaX tu sredaX par dga' ba'i bcud len sbyin/__3_/paXd+maX'i do shal bzung ba'i rol mtsho cher/__/mtshan dpe'i ngo mtshar gsar pa'i 'dzum zer gyis/__/o rgyan sa spyod rgyalaX po'iX ba gam rtser/__/gcig tu mdzes pa'i spring yig spro min nam/__4_/bslab pa gsum gyi them skas la bgrod phyir/_/shAXkyaX'i rigs 'khrungs mchog gi mtshungs zla ru/__/bos pa'i mod nas yid srubs gnyis 'thung sder/__/rnam par rgyal ba'i sengaX ge'iX khri la 'dzegs/__5__/kun 'byung mun pa stug por 'khyams pa'i 'gro/__/g.yul gyi dpung pas bzhar bar mi nus kyang /__/mkhyen brtse'i nyiX maX gzhon nu'i 'odaX zeraX gyis/__/yongs su bcom pa'i ngang tshul 'di ci zhig__6__/bdag med snying rje'i rtse brgya gdengs pa dang /__/chab gcig drag shul sengaX geX'i sgraX sgrogasaX pas/__/'jig tshogs lta ba'i ri bo drung 'byin pa'i/__/byed po gang de'i phrin las phul byung gtam/__7__/log rtog chang gis myos pa'i gnyis 'thung sde/__/mthu stobs lcags kyu'i dbang gis bgyid nas slar/__/bka' rtags phyag rgya'i drwa bar bcug mdzad pa'i/__/brtul zhugs grub pa rdoX rjeX groX lodaX rtsal/__8__/gang yang rgyal rnams chos sku'i dbyings nyid du/__/spangs rtogs mnyam yang kha ba'i rdul brtsegs khrod/__/'phyan pa'i 'gro la lhag par phrin las mthu/__/rmad byung paXd+maX kaX raX las gzhan su/__9__/de na mchog tu gus pa'i dbang gyur yid/__/chu skyes la thod bzhad pa'i gdengs ka ru/__/zhabs sen rtag tu rtsen phyir bsngags brjod kyi/__/ut+pal gsar pa'i do shal 'di yang phyes/__10__/sarba sid+d+han+tu//___//__!_

Footnotes

Other Information