བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལ་བསྟོད་པ་དབང་མཛད་དཔལ་མོ་དགྱེས་པའི་མཆོད་སྤྲིན།

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-002-017
Wylie title bcom ldan 'das ma ku ru kul+le la bstod pa dbang mdzad dpal mo dgyes pa'i mchod sprin JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 17, Pages 113-115 (Folios 28a5 to 29a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. bcom ldan 'das ma ku ru kul+le la bstod pa dbang mdzad dpal mo dgyes pa'i mchod sprin. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 113-115. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Verses of Praise - bstod pa
Deity ku ru kul+le
Colophon

ཅེས་རྗེ་བཙུན་མ་ཀུ་རུ་ཀུལླེ་དཔལ་མོ་སྙིང་གི་གསེར་ཐག་ཅན་དུ་གྲགས་པ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ཤློ་ཀ་དང་པོ་ཡིག་རྙིང་ལས་བྱུང་བ་ལ་འཕྲོ་མཐུད་དེ་རིག་པ་འཛིན་པ་མཉྫུ་གྷོ་ཥས་བྲིས་པ་དགེ།

ces rje btsun ma ku ru kul+le dpal mo snying gi gser thag can du grags pa la bstod cing gsol ba 'debs pa'i tshigs su bcad pa sh+lo ka dang po yig rnying las byung ba la 'phro mthud de rig pa 'dzin pa many+dzu g+ho Shas bris pa dge

1 Texts in this Section (sde tshan or chos tshan)

[edit]
བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ལ་བསྟོད་པ་དབང་མཛད་དཔལ་མོ་དགྱེས་པའི་མཆོད་སྤྲིན་ཅེས་བྱ་བ། ན་མོ་ཀུ་རུ་ཀུལླེ་པཱ་དཱ་བྷྱཱཾ། པདྨ་ལས་བྱུང་བཅུ་དྲུག་ལོན་ཚུལ་འཆང་། །གཡས་བརྐྱང་གཡོན་བསྐུམ་ཨུཏྤལ་སྐྱབས་སྦྱིན་མཛད། །ཐུགས་རྗེའི་འོད་ཀྱིས་ཁམས་གསུམ་དབང་དུ་སྡུད། །ཕྲིན་ལས་ལྷུན་གྲུབ་སྒྲོལ་མའི་ཞབས་ལ་འདུད། །དེ་ཉིད་འགྲོ་ལ་བརྩེ་བས་རྗེས་ཆགས་ཀྱི། །ཡེ་ཤེས་སྣང་བ་རྒྱས་པའི་རོལ་མོ་ནི། །གང་འདུལ་ཅིར་ཡང་འཆར་བའི་ཟློས་གར་གྱིས། །འགྲོ་ཀུན་ཡིད་ཀྱི་བརྟན་པ་འཕྲོག་ལ་འདུད། །རབ་དམར་བྱེ་རུའི་རྡུལ་བརྩེགས་ལྷུན་པོ་ལ། །ཉི་གཞོན་འོད་ཀྱིས་འཁྱུད་པའི་མཚར་སྡུག་དཔལ། །མཚན་དཔེའི་ཉམས་འགྱུར་བྱེ་བའི་རོལ་སྒེག་ཅན། །བཅུ་དྲུག་དགའ་བའི་ལང་ཚོ་རྒྱས་ལ་འདུད། །ཆོས་སྐུའི་ཞལ་གཅིག་ཚད་མེད་བཞི་ཡི་ཕྱག །བདེ་ཆེན་གཟི་འབར་ཁྲོ་ཆགས་སྒེག་པའི་ཉམས། །རྣམ་ཐར་གསུམ་ལྡན་སྤྱན་གསུམ་གཡོན་དུ་གཟིགས། །བདེན་གཉིས་ཞབས་ཟུང་གར་གྱིས་འགྱིང་ལ་འདུད། །རྩ་བའི་ཕྱག་གཉིས་མ་རིག་འབིགས་བྱེད་པའི། །པདྨའི་མདའ་གཞུ་སྙན་གྱི་ཐད་ཀར་འགེངས། །ལྷག་མ་ལྕགས་ཀྱུ་ཨུཏྤལ་བསྣམས་པ་ཡིས། །སྲིད་ཞིའི་དགེ་མཚན་ཐོགས་མེད་འགུགས་ལ་འདུད། །ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་དང་། །རུས་པའི་རྒྱན་སྤྲས་ཡོན་ཏན་ཡོངས་སུ་རྫོགས། །པད་ཟླའི་སྟེང་དུ་འོད་དམར་བྱེ་བའི་དབུས། །མཁའ་འགྲོའི་ཚོགས་ཀྱིས་བསྟེན་པ་ཁྱོད་ལ་འདུད། །དེ་ལྟར་བདག་བློ་རྩེ་གཅིག་དད་པ་ཡིས། །བསྟོད་དབྱངས་སྙན་པའི་རྒྱུད་མང་བསྒྲེང་བ་ལ། །ཡེ་ཤེས་གཟིགས་པའི་བདུད་རྩིས་དགེ་བྱས་མཐུས། །ཕན་བདེའི་པདྨོ་རྟག་ཏུ་རྒྱས་མཛད་གསོལ། །རྒྱུད་སྦྱང་དམ་ཚིག་དག་པའི་སྒྲུབ་པ་པོས། །དམིགས་པའི་རྟེན་གྱི་སྦྱར་བ་སྔོན་འགྲོ་བས། །མྱུར་མ་དཔའ་མོའི་ལྷ་སྔགས་ཡེ་ཤེས་ཀྱི། །བསྙེན་པའི་རྣལ་འབྱོར་འགྲུབ་པར་བྱིན་གྱིས་རློབས། །འཁོར་འདས་དབང་བསྒྱུར་རྗེ་བཙུན་རིགས་བྱེད་མའི། །སྒྲུབ་པ་ཟབ་མོས་ལེགས་བྲིས་བཏུད་པ་ཡིས། །རྡོ་རྗེའི་ནུས་པའི་ལང་ཚོ་ཆེས་འབར་བས། །བརྟན་གཡོ་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས། །མི་དང་མི་མིན་འབྱོར་པ་ངང་གིས་འདུ། །དྲག་ཤུལ་སྦྱོར་བས་གདུག་པའི་རྒྱུན་ལུགས་བཅད། །ལོངས་སྤྱོད་རྫས་ཀྱིས་འདོད་རྒུའི་ཆར་ཆེན་འབེབས། །རབ་འབྱམས་ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་དབང་མཛད་དཔལ་མོའི་ཡེ་ཤེས་ཀྱིས། །བདག་གི་སྒོ་གསུམ་བྱིན་གྱིས་བརླབས་པ་ལས། །མཆོག་དང་ཐུན་མོང་དངོས་གྲུབ་རབ་འབྱམས་ཀྱིས། །རང་གཞན་དོན་གཉིས་ཡིད་བཞིན་འགྲུབ་པར་ཤོག །ཅེས་རྗེ་བཙུན་མ་ཀུ་རུ་ཀུལླེ་དཔལ་མོ་སྙིང་གི་གསེར་ཐག་ཅན་དུ་གྲགས་པ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ཤློ་ཀ་དང་པོ་ཡིག་རྙིང་ལས་བྱུང་བ་ལ་འཕྲོ་མཐུད་དེ་རིག་པ་འཛིན་པ་མཉྫུ་གྷོ་ཥས་བྲིས་པ་དགེ། །། ༈
[edit]

bcom ldan 'das ma ku ru kul+le la bstod pa dbang mdzad dpal mo dgyes pa'i mchod sprin/__ bcom ldan 'das ma ku ru kul+le la bstod pa dbang mdzad dpal mo dgyes pa'i mchod sprin ces bya ba/__na mo ku ru kul+le pA dA b+h+yAM/__pad+ma las byung bcu drug lon tshul 'chang /__/g.yas brkyang g.yon bskum ut+pal skyabs sbyin mdzad/__/thugs rje'i 'od kyis khams gsum dbang du sdud/__/phrin las lhun grub sgrol ma'i zhabs la 'dud/__/de nyid 'gro la brtse bas rjes chags kyi/__/ye shes snang ba rgyas pa'i rol mo ni/__/gang 'dul cir yang 'char ba'i zlos gar gyis/__/'gro kun yid kyi brtan pa 'phrog la 'dud/__/rab dmar bye ru'i rdul brtsegs lhun po la/__/nyi gzhon 'od kyis 'khyud pa'i mtshar sdug dpal/__/mtshan dpe'i nyams 'gyur bye ba'i rol sgeg can/__/bcu drug dga' ba'i lang tsho rgyas la 'dud/__/chos sku'i zhal gcig tshad med bzhi yi phyag__/bde chen gzi 'bar khro chags sgeg pa'i nyams/__/rnam thar gsum ldan spyan gsum g.yon du gzigs/__/bden gnyis zhabs zung gar gyis 'gying la 'dud/__/rtsa ba'i phyag gnyis ma rig 'bigs byed pa'i/__/pad+ma'i mda' gzhu snyan gyi thad kar 'gengs/__/lhag ma lcags kyu ut+pal bsnams pa yis/__/srid zhi'i dge mtshan thogs med 'gugs la 'dud/__/thod skam dbu rgyan rlon pa'i do shal dang /__/rus pa'i rgyan spras yon tan yongs su rdzogs/__/pad zla'i steng du 'od dmar bye ba'i dbus/__/mkha' 'gro'i tshogs kyis bsten pa khyod la 'dud/__/de ltar bdag blo rtse gcig dad pa yis/__/bstod dbyangs snyan pa'i rgyud mang bsgreng ba la/__/ye shes gzigs pa'i bdud rtsis dge byas mthus/__/phan bde'i pad+mo rtag tu rgyas mdzad gsol/__/rgyud sbyang dam tshig dag pa'i sgrub pa pos/__/dmigs pa'i rten gyi sbyar ba sngon 'gro bas/__/myur ma dpa' mo'i lha sngags ye shes kyi/__/bsnyen pa'i rnal 'byor 'grub par byin gyis rlobs/__/'khor 'das dbang bsgyur rje btsun rigs byed ma'i/__/sgrub pa zab mos legs bris btud pa yis/__/rdo rje'i nus pa'i lang tsho ches 'bar bas/__/brtan g.yo zil gyis gnon par byin gyis rlobs/__/mi dang mi min 'byor pa ngang gis 'du/__/drag shul sbyor bas gdug pa'i rgyun lugs bcad/__/longs spyod rdzas kyis 'dod rgu'i char chen 'bebs/__/rab 'byams phrin las 'grub par byin gyis rlobs/__/mdor na dbang mdzad dpal mo'i ye shes kyis/__/bdag gi sgo gsum byin gyis brlabs pa las/__/mchog dang thun mong dngos grub rab 'byams kyis/__/rang gzhan don gnyis yid bzhin 'grub par shog__/ces rje btsun ma ku ru kul+le dpal mo snying gi gser thag can du grags pa la bstod cing gsol ba 'debs pa'i tshigs su bcad pa sh+lo ka dang po yig rnying las byung ba la 'phro mthud de rig pa 'dzin pa many+dzu g+ho Shas bris pa dge/__//_!

Footnotes

Other Information