ཡང་དག་རྒྱུན་ཁྱེར།

From Khyentse Lineage - A Tsadra Foundation Project
JKW-KABAB-19-DZA-018
Wylie title yang dag rgyun khyer JKW-KABAB-19-DZA-018.pdf
Location mkhyen brtse'i bka' babs
Volume 19, Text 18, Pages 307-308 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People ཧཱུྃ་ཀཱ་ར་ (Hūṃkāra)
Citation 'jam dbyangs mkhyen brtse chos kyi blo gros. yang dag rgyun khyer. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 19: 307-308. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Daily Practice - rgyun khyer
Cycle དཔལ་ཆེན་ཡང་དག་ཟབ་ཏིག་ (dpal chen yang dag zab tig)
Deity yang dag he ru ka
Karchag page JKW-KABAB-Volume-19-DZA-Karchag
Colophon

།ཅེས་པའང་བསོད་ནམས་རྒྱལ་མཚན་གྱི་ཐུགས་བཞེད་ལྟར། ཆོས་ཀྱི་བློ་གྲོས་པས་ལྷོ་བྲག་མཁར་ཆུར་བྲིས་པའོ།།

ces pa'ang bsod nams rgyal mtshan gyi thugs bzhed ltar/__chos kyi blo gros pas lho brag mkhar chur bris pa'o

[edit]
༄༅། ཡང་དག་རྒྱུན་ཁྱེར་བཞུགས། སྐྱབས་སེམས་སྤྱི་ལྟར་རྗེས། ཨཱཿ སྟོང་པ་ཉིད་དང་སྙིང་རྗེ་ཆེ། །ཟུང་འཇུག་རིག་རྩལ་ཧཱུྃ་མཐིང་ནག །དེ་ཉིད་ཡོངས་གྱུར་སྐད་ཅིག་གི །པད་ཉི་དྲེགས་པའི་གདན་སྟེང་དུ། །དཔལ་ཆེན་བཛྲ་ཧེ་རུ་ཀཿ །མཐིང་ནག་ནམ་མཁའ་དྭངས་པའི་མདོག །མཐིང་དཀར་དམར་བའི་ཞལ་གསུམ་པ། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱྃ་གཡས། །དྲིལ་བུ་བྷནྡྷ་རྒྱུ་ཞགས་གཡོན། །དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡུམ་ཆེན་ཀྲོ་དྷི་ཤྭ་རི་མ། །མཐིང་སྐྱ་རྡོ་རྗེ་ཐོད་ཁྲག་བསྣམས། །གར་དགུའི་ཉམས་ལྡན་འབར་བའི་སྐུ། །ཡེ་ཤེས་མེ་དཔུང་ཀློང་ན་བརྗིད། །གཽ་རི་ལ་སོགས་ཁྲོ་མོ་བརྒྱད། །གཡས་གཡོན་ཞལ་དང་ཕྱག་རྫོགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན། །ཡེ་ཤེས་དབང་བསྐུར་དབུ་རྒྱན་རྫོགས། །དམ་ཡེ་གཉིས་མེད་ཆེན་པོར་གསལ། །ཐུགས་ཀར་དཔལ་གྱི་བེའུའི་དབྱིངས། །ཧཱུྃ་མཐིང་རུ་ལུ་འབྲུ་བརྒྱད་འཕྲོ། །མར་མེ་ལྟ་བུ་གསལ་ཞིང་འབར། །སྣང་གྲགས་གཉིས་མེད་དཔལ་ཆེན་པོའི། །ཡེ་ཤེས་འཁོར་ལོར་སད་པར་བསམ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བཟླ། །སྐབས་སུ་རྡོ་རྗེའི་བཟླས་པ་དང༌། །རླུང་སྔགས་རིག་པ་དབྱེར་མེད་དང༌། །ཡང་དག་དགོས་པའི་ངང་བསྐྱང་ངོ༌། ཐུན་མཐར། སྣང་ཆ་ལྷ་ཡི་འཁོར་ལོ་རྣམས། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །སླར་ཡང་དཔལ་ཆེན་ཧེ་རུ་ཀའི། །གསང་བ་གསུམ་གྱི་རོལ་པ་ཤར། བཛྲ་ཀ་ཝ་ཙི་རཀཱ་ཧཾ། དགེ་བསྔོ་སྨོན་ལམ་བྱས་ནས་སྤྱོད་ལམ་ལ་འཇུག་གོ །ཅེས་པའང་བསོད་ནམས་རྒྱལ་མཚན་གྱི་ཐུགས་བཞེད་ལྟར། ཆོས་ཀྱི་བློ་གྲོས་པས་ལྷོ་བྲག་མཁར་ཆུར་བྲིས་པའོ།། །།

Footnotes

Other Information