དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་འགྲོལ་བྱང༌།

From Khyentse Lineage - A Tsadra Foundation Project
JKW-KABAB-15-BA-012
Wylie title dur khrod brgyad kyi byin 'bebs 'grol byang JKW-KABAB-15-BA-012.pdf
Location mkhyen brtse'i bka' babs
Volume 15, Text 12, Pages 375-379 (Folios 1a1 to 3a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (Gu ru chos kyi dbang phyug)
Associated People ཐང་སྟོང་རྒྱལ་པོ་ (thang stong rgyal po)
Citation Gu ru chos kyi dbang phyug. dur khrod brgyad kyi byin 'bebs 'grol byang. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 15: 375-379. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Descent of Blessings - byin 'bebs
Cycle ཁྲག་འཐུང་བདེ་གཤེགས་འདུས་པ་ (khrag 'thung bde gshegs 'dus pa)
Parent Cycle གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (grub thob chen po'i thugs tig)
Deity bka' brgyad
Karchag page JKW-KABAB-Volume-15-BA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-MA-018
Colophon

གུ་རུ་ཆོས་དབང་གི་གཏེར་ཁའོ༔

gu ru chos dbang gi gter kha'o:

[edit]
༄༅ཿ དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་བགྲོལ་བྱང་བཞུགས་སོ༔ ༔༄༅༔ ས་མ་དྷི༔ མ་ཧཱ་ཤྲཱི་ཧེ་རུ་ཀ་ལ་ན་མོ༔ སྒྲུབ་པ་ཆེན་པོའི་བྱིན་དབབ་པའི་སྐབས་སུ་དུར་ཁྲོད་བརྒྱད་ཀྱི་རིག་འཛིན་ལྷ་དང་མཁའ་འགྲོས་ཀྱང་བྱིན་དབབ་པར་བྱ་སྟེ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ རུ་དྲའི་སྙིང་དང་སྟོབས་བཟང་རོ༔ ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ༔ ཉ་ཤིང་གོན་པའི་ཞིང་སྐྱོང་ནི༔ གནམ་འཕྲཽ་དཀར་པོ་གླང་མགོ་ཅན༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཕྱོགས་སྐྱོང་བརྒྱ་བྱིན་སྐུ་མདོག་སེར༔ ཀླང་ཆེན་སྟེང་ན་རྡོ་རྗེ་བསྣམས༔ མཚོ་ནང་མཐའ་ཡས་ཀླུ་དབང་དཀར༔ སྦྲུལ་མགོ་གདེངས་ཤིང་ཐལ་མོ་སྦྱར༔ ཤར་སྤྲིན་དཀར་ལ་ཤིང་སྡོང་སེར༔ མཆོད་རྟེན་མདང་ལྡན་བདེ་བྱེད་བརྩེགས༔ ཤེའུ་རི་བྷན་དམར་བྱིས་དབྱུག་མཐིང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མཁས་ཤིང་སྙིང་སྟོབས་ཆེ༔ ཧཱུྃ་ཀཱ་ར་ཡིས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་མགོ་དང་འཆི་བདག་རོ༔ ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས༔ ཤིང་ཆེན་བཀྲ་ཤའི་ཙུ་དྷ་སྔོ༔ ཞིང་སྐྱོང་འཚོ་བྱེད་མ་ཧེ་གདོང་༔ ཕྱོགས་སྐྱོང་གཤིན་རྗེ་སྔོ་ནག་བརྗིད༔ ཐོད་དབྱུག་ཐོགས་ནས་མ་ཧེ་ཞོན༔ ཀླུ་ཆེན་འཇོག་པོ་གསེར་མཚོ་འཛིན༔ སྤྲིན་ཆེན་རྣམ་སྡུད་སྔོ་སྐྱ་འཁྱིལ༔ མཆོད་རྟེན་ཏ་ལ་རིན་ཆེན་བརྩེགས༔ ཙོའུ་རི་མདའ་གཞུ་འགེངས་མ་སེར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རང་བྱུང་རྫུ་འཕྲུལ་ལྡན༔ འཇམ་དཔལ་གཤེས་གཉེན་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ནང་ཁྲོལ་སྟོབས་བཟང་རོ༔ ནུབ་ཕྱོགས་དུར་ཁྲོད་ལང་ག་བརྩེགས༔ ཤིང་ཆེན་ཨ་ཏ་ཨ་ལི་ཀ༔ ཞིང་སྐྱོང་རོལ་ཆེན་ཆུ་སྲིན་གདོང་༔ ཕྱོགས་སྐྱོང་ཆུ་ལྷ་དམར་སྐྱ་སྦྲུལ༔ ཆུང་མ་དང་བཅས་ཆུ་སྲིན་ཞོན༔ ཀླུ་རྒྱལ་དུང་སྐྱོང་མཚོ་དམར་སྐྱ༔ སྤྲིན་སྒྲོགས་འཐིགས་པ་དམར་ནག་འཁྲུག༔ མཆོད་རྟེན་བདེ་རྒྱས་ཁམས་གསུམ་སྒྲོལ༔ པྲ་མོ་ཆུ་སྲིན་རྒྱལ་མཚན་དམར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོས་འཆད་འབྱོར་པ་ལྡན༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་མཚན་མ་ཁྱབ་འཇུག་ར༔ བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས༔ ཨ་སུ་སྟ་ན་མཛེས་པའི་ཤིང་༔ ཞིང་སྐྱོང་དུད་ཁ་རྟ་མགོ་ལྗང་༔ ཕྱོགས་སྐྱོང་གནོད་སྦྱིན་དབྱུག་ཐོ་བསྣམས༔ ཆུང་མར་བཅས་ཏེ་རྟ་དམར་ཞོན༔ ཀླུ་རྒྱལ་སྟོབས་རྒྱུ་མཚོ་ཆེན་ལྗང་༔ རྨུག་བྱེད་མྱོས་སྤྲིན་ལྗང་གུར་འཐིབས༔ མཆོད་རྟེན་དོན་ཡོད་ཕྲིན་ལས་གཏེར༔ བེ་ཏ་མཐིང་ག་རྡོ་རྗེ་ཕྱར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མྱང་འདས་མཐུ་རྩལ་ཆེ༔ པྲ་ཆེན་ཧསྟིའི་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནྭི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ལག་གཡས་དགའ་དབང་རོ༔ ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར༔ ཤིང་ཆེན་ནག་སྐྱ་ཀྲོ་ཏ་བཟང་༔ ཞིང་སྐྱོང་འདུངས་པ་ར་གདོང་སེར༔ ཕྱོགས་སྐྱོང་མེ་ལྷ་ཞུགས་བུམ་ཅན༔ ཆུང་མ་དང་བཅས་ར་ལ་ཞོན༔ ཀླུ་རྒྱལ་པད་ཆེན་མཚོ་ཆེན་སྔོ༔ གདུག་བྱེད་སྤྲིན་ཆེན་དམར་སེར་འཁྱིལ༔ མཆོད་རྟེན་གོའུ་ཏི་ཤནྟི༔ པུསྐ་དམར་སེར་བྱིས་རྒྱུ་འདྲེན༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རོལ་རྩེད་ཟས་བཅུད་ཆེ༔ བི་མ་མི་ཏྲས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་ལག་གཡོན་ཚོགས་བདག་རོ༔ ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ༔ ཤིང་ཆེན་བཞི་ཁྲི་རྫོགས་ལྡན་འོད༔ ཞིང་སྐྱོང་སྤྲུལ་པ་མི་གདོང་སྔོ༔ ཕྱོགས་སྐྱོང་སྲིན་པོ་གྲི་ཐོགས་སྨུག༔ ཆུང་མར་བཅས་ཏེ་རོ་ལ་ཞོན༔ ཀླུ་ཆེན་ཧུ་ལུ་མཚོར་བཅས་སྨུག༔ སྤྲིན་ཆེན་ལྷན་སྐྱེས་སེར་ཁྲར་འཁྱིལ༔ མཆོད་རྟེན་རྨད་གྲངས་ཀ་ནི་ཀ༔ ཀསྨ་དུང་དམར་དཀྲུགས་འཐུང་ལྗང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་བདུད་འདུལ་བྱིན་རླབས་གནས༔ དྷ་ན་སཾ་སྐྲིས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་རྐང་གཡོན་འབྲིང་གི་རོ༔ ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ༔ ཤིང་ཆེན་ཏརྫ་ནག་པོ་སྟེ༔ ཞིང་སྐྱོང་ལྟོ་འཕྱེ་ཤ་བ་མགོ༔ ཕྱོགས་སྐྱོང་རླུང་ལྷ་བ་དན་ཅན༔ དུད་པ་ཆུང་བཅས་ཤ་བ་ཞོན༔ ཀླུ་ཆེན་རིགས་ལྡན་མཚོར་བཅས་ལྡང་༔ སྤྲིན་པ་རབ་ཆད་ཆར་འབེབས་སེར༔ མཆོད་རྟེན་བདེ་ལྡན་མ་ཧཱ་འབས༔ སྨེ་ཤ་ནག་མོ་ཙིཏྟ་ཟ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཁབ་བཞེས་བཙུན་མོར་ལྡན༔ རོམྦུ་གུ་ཧྱས་བྱིན་ཕོབ་ཅིག༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱ༔ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ལྷ་ཆེན་རྐང་གཡས་སྨིན་དྲུག་རོ༔ བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས༔ ཤིང་ཆེན་ཧ་ལ་འོད་དམར་འཁྱིལ༔ ཞིང་སྐྱོང་དྲེགས་པ་ལྕེ་སྤྱང་གདོང་༔ དབང་ལྡན་ལྗང་སྐྱ་རྩེ་གསུམ་ཅན༔ ཆུང་མར་བཅས་ཏེ་ལྕེ་སྤྱང་ཞོན༔ ཀླུ་ཆེན་བ་སུ་མཚོར་བཅས་དཀར༔ སྤྲིན་ཆེན་ཉ་ཅན་ནག་པོ་འཁྲུག༔ མཆོད་རྟེན་ཀླུ་གནས་ཤིང་ཀུན་སྟེ༔ ཙནྡྷ་སེར་སྐྱ་མཆོག་ལུས་འཕྲལ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟན་པ་ཆོ་འཕྲུལ་བཟོ་ལ་མཁས༔ ཤཱནྟིཾ་གརྦྷས་བྱིན་ཕོབ་ཅིག༔ གུ་རུ་དེ་བ་དྷ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨཱཿ ཧཱུྃ༔ བྱིན་ཆེན་ངོ་མཚར་ཁྱད་པར་གནས༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་བདག༔ ཞིང་སྐྱོང་མ་མོ་ཀུན་གྱི་རྗེ༔ རིག་འཛིན་གྲུབ་ཐོབ་རྒྱན་གྱི་བཙུག༔ ཀླུ་སོགས་སྡེ་བརྒྱད་ཀུན་གྱི་གཉེན༔ མཆོད་རྟེན་ཤིང་ཆེན་ཀུན་ཏུ་བཞུགས༔ ཨོ་རྒྱན་པདྨས་བྱིན་ཕོབ་ཅིག༔ མ་མོ་མཁའ་འགྲོ་གཤེགས་སུ་གསོལ༔ གནས་འདིར་བྱིན་ཕོབ་བདག་དབང་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ཧྲཱིཾ་ཧྲཱིཾ་ཨ་ཨཱ༔ ཞེས་གདུང་བ་དྲག་པོས་གསོལ་བ་གདབ་ཅིང་༔ དལ་བསྐོར་ཞིང་བྱིན་དབབ་བོ༔ བྱིན་འབེབས་བཀོལ་བྱང་ཨྠི༔ ས་མ་ཡ༔ དུར་ཁྲོད་དེ་དག་གི་བཀོད་པ་ནི་གཤིན་རྗེ་གསལ་ཤིང་གི་རྒྱུད་ལས་བཏུས་ཤིང་༔ སྒྲུབ་ཆེན་རིག་འཛིན་བརྒྱད་པོ་དེ་དག་གི་ནི༔ དུར་ཁྲོད་བརྒྱད་དུ་བྱོན་ནས་བཀའ་བརྒྱད་བྱེ་བྲག་ཏུ་སྒྲུབ་པས་དངོས་གྲུབ་སོ་སོར་རྙེད་ཅིང་༔ དུར་ཁྲོད་དེ་དག་གི་ཕྱོགས་སྐྱོང་ཞིང་སྐྱོང་དང་གྲུབ་ཐོབ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་རིག་འཛིན་རྣམས་གྲོགས་སུ་ཞལ་བཞེས༔ རྗེས་འཇུག་སྐྱོང་བར་གཡར་དམ་བཅས་ཕྱིར༔ དཀྱིལ་འཁོར་དུ་བཀོད་པ་དང་༔ བྱིན་ཆེན་དབབ་པར་ཤེས་སོ༔ ཨོ་རྒྱན་གྱི་ནི་དུར་ཁྲོད་ཀུན་ཏུ་ཁྱད་པར་བྱོན་ཅིང་དངོས་གྲུབ་ཐམས་ཅད་བརྙེས་པའི་ཕྱིར༔ བྱིན་དབབ་དུ་གསལ་དུ་ཤེས་སོ༔ རྣལ་འབྱོར་པ་རྣམས་དལ་ལ་བསྐོར་ཞིང་སྤྱི་བླུག་གི་ཞྭ་དང་༔ ཞིང་ལྤགས་གཡབ་ཅིང་མཆོད་སྟབས་བྱ༔ ཕྱིན་ཕོབ་ཅིག་ཅེས་པའི་སྐབས་སུ་རྔ་སོགས་སྒྲ་ཐམས་ཅད་བསྒྲགས་པར་བྱའོ༔ གུ་རུ་ཆོས་དབང་གི་གཏེར་ཁའོ༔

Footnotes

Other Information